མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སང་ཉིན་ནི་ཇི་ལྟར་སྲུང་གཙི་གནང་དགོས་སམ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་དུས་དྲན་སྲུང་གཙི་ཁོ་ན་མ་ཡིན་པར་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གང་འདྲ་ཡིན་མིན་དྲན་གསོ་དང་། ཁོང་གི་ལམ་སྟོན་འོག་ལ་ཤར་སྐྱོད་བྱ་རྒྱུའི་འདུན་པ་དང་ཆོད་སེམས་བརྟན་པོ་ཞིག་བཅང་དགོས་ཟེར།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནི་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་ཏེ་མི་ལོ་ ༢༠ འཁོར་བའི་དུས་དྲན་གྱི་ཉིན་མོ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་འཁེལ་ཡོད་སྟབས། བཞུགས་སྒར་ངྷ་རམ་ས་ལ་གཙོས་པའི་ས་གནས་གང་སར་ཡོད་པའི་ཚོགས་པ་ཁག་གིས་ཉེ་ཆར་ནས་དུས་དྲན་འདིར་གྲ་སྒྲིག་གང་ལེགས་བྱེད་ཀྱིན་ཡོད་འདུག་ལ།  སྔར་ལོ་བོད་ནས་བྲོས་བྱོལ་ཏུ་འབྱོར་བའི་ཆབ་སྲིད་བཙོན་པ་དཀར་མཛེས་ཁུལ་གྱི་སྔོ་རིད་ཚེ་རིང་རྡོ་རྗེ་དང་མ་འདུས་མགོན་པོ་གཉིས་གཙོས་པའི་ཆབ་སྲིད་བཙོན་པ་ཁག་ཅིག་གིས་སྒེར་ངོས་ནས་འགྲོ་གྲོན་བཏང་སྟེ་བོད་ཆོལ་གསུམ་གྱི་གཞས་སྣ་དང་ཞབས་བྲོ། སྔར་ལོའི་ཞི་རྒོལ་དང་འབྲེལ་བའི་གཏམ་བརྗོད་སོགས་ཟླ་གཅིག་ལྷག་གི་རིང་སྦྱོང་བརྡར་དང་གྲ་སྒྲིག་གང་ལེགས་བྱས་ཏེ་༼བོད་མིའི་སྐྱིད་སྡུག་མཉམ་མྱོང་༽ཅེས་པའི་རིག་རྩལ་འཁྲབ་སྟོན་ཞིག་ཞི་བདེའི་གཟེངས་རྟགས་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་སྟབས་བསྟུན་གྱིས་བོད་གཞུང་ཟློས་གར་དུ་རིན་མེད་དུ་གཟིགས་འབུལ་བྱ་འཆར་ཡོད་པ་རེད།

ཚོགས་པ་དང་མི་སྒེར་གང་རུང་གིས་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་སྐབས་འདིར་གྲ་སྒྲིག་གང་ལེགས་བྱེད་ཀྱིན་ཡོད་སྟབས། བཙན་བྱོལ་བོད་གཞུང་གི་ངོས་ནས་ཉིན་དེར་དམིགས་བསལ་གྱིས་གྲ་སྒྲིག་དང་འཆར་གཞི་གང་འདྲ་ཡོད་མེད་འདི་གའི་གསར་འགོད་པས་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ང་ཚོས་ལོ་ལྟར་དུས་དྲན་སྲུང་གཙི་བྱེད་ཀྱིན་ཡོད་པ་ལྟར་འདི་ལོ་ཡང་འཆར་ཅན་གྱི་མཛད་སྒོ་འཚོགས་ཀྱིན་ཡོད་པ་རེད། དེའི་སྟེང་བཀའ་ཤག་གི་གཏམ་བཤད་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏམ་བཤད་སོགས་ཡོད་པ་རེད་ལ། དེ་བཞིན་གཞུང་ཞབས་ལས་ཁུངས་ཀྱི་མ་ལག་ཁག་ཏུ་མི་ལོ་ ༢༥ རིང་ཞབས་ཞུ་གནང་ཡོད་པའི་གཞུང་ཞབས་ལས་བྱེད་ཚོར་གཟེངས་རྟགས་འབུལ་བ་དང་། མི་སྒེར་དང་ཚོགས་པ་ཁག་གིས་བོད་དོན་དང་འབྲེལ་བའི་གནས་ཚུལ་སྤྱི་དང་ལྷག་པར་བོད་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་བཙན་བྱོལ་གཞུང་གི་ལྟ་གྲུབ་དང་དགོངས་གཞིར་མ་འགལ་བར་གསར་གཏོད་བྱས་པའི་རིགས་དབུ་འབྱེད་གནང་རྒྱུ་སོགས་འཆར་ཅན་གྱི་མཛད་སྒོ་ལས་མཛད་རིམ་འཕར་མ་དེ་འདྲ་ད་ལྟའི་ཆར་བཀའ་དྲུང་ཡིག་ཚང་ལ་འབྱོར་མ་བྱུང་། ཡིན་ནའང་། ཉིན་འདི་ནི་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་པའི་དགའ་སྟོན་གྱི་ཉིན་མོ་ཁོ་ན་མ་ཡིན་པར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་དང་འཁེལ་བའི་དུས་དྲན་ཞིག་ཆགས་ཡོད་སྟབས་ང་ཚོའི་ངོས་ནས་ཀྱང་འཆར་ཅན་གྱི་མཛད་སྒོ་འཚོགས་རྒྱུ་ཡིན་ཅེས་དང་། ཡང་ཁོང་གིས། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དེ་ང་རང་ཚོ་བོད་མི་རིགས་ཀྱི་ལོ་རྒྱུས་ནང་ཐོག་མ་ཆགས་ཡོད་པ་དང་། ཕྱོགས་གཅིག་ནས་རྒྱལ་བ་རིན་པོ་ཆེས་ལོ་ནས་ལོར་བསྟུད་དེ་འཚེ་མེད་ཞི་བའི་ཐོག་ལ་སྐུ་ལས་སྐྱོན་བཞིན་པ་དེ་འཛམ་གླིང་རྒྱ་ཆེའི་མང་ཚོགས་ཀྱིས་ངོ་ཤེས་པ་ཆགས་ཡོད་པའི་རྣམ་པ་ཞིག་ཆགས་ཡོད་པར་བརྟེན། ང་ཚོའི་ངོས་ནས་ཀྱང་དེ་དང་འབྲེལ་བའི་དུས་དྲན་སྲུང་གཙི་བྱ་རྒྱུ་དེ་གལ་ཆེན་པོ་རེད། ང་ཚོས་དུས་དྲན་སྲུང་གཙི་ཁོ་ན་མ་ཡིན་པར་ང་ཚོའི་མང་ཚོགས་ཀྱི་ངོས་ནས་ཀྱང་༧གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་གང་འདྲ་ཡིན་མིན་དམིགས་བསལ་དྲན་གསོ་དང་། ཁོང་གི་ལམ་སྟོན་གནང་བའི་འོག་ལ་ཤར་སྐྱོད་བྱ་རྒྱུའི་འདུན་པ་དང་ཆོད་སེམས་བརྟན་པོ་ཞིག་བཅང་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་བྱུང།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༡ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 12

  1. ཐར་གོང་བ། says:
    ལོ་ 16 སྔོན།

    ངོ་མ་ཁ་བྱང་དེ་དང་འབྲེལ་བའི་དྲན་བསྐུལ་ཞིག་བྱས་ན། འཛམ་གླིང་ཞི་བདེ་དེ་དོན་གྱི་ཞི་བདེ་ཞིག་སྲུང་གཙི་བྱ་ཆེད་དུ། རྣམ་ཀུན་དམར་ཟས་སམ་ཤ་ཁྲག་རོལ་མཁན་ཞིག་ལ་མཚོན་ནའང་། དུས་ཆེན་འདི་མིང་དོན་མཚུངས་པ་ཞིག་ཏུ་སྲུང་བར་དེ་རིང་ནས་ཡིད་ཀྱི་དམ་བཅར། དུས་རྒྱུན་དང་མ་འདྲ་བར་དཀར་སྐྱོང་དང་། དགེ་སྦྱོར་གྱི་ལས་ཕྲན་བུ་ཡིན་ཡང་བསྒྲུབ་པར་སྨོན་པ་ཙམ་རེ་ཚུན་ཆད་གནང་བར་འབོད་བསྐུལ་ཡང་ཡང་ཞུ།

    Reply
  2. lhokha phuntsok says:
    ལོ་ 16 སྔོན།

    ནམ་ཡང་ང་ཚོས་བཀྲིན་རྗེས་དྲན་བྱེད་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་པ་མ་ཟད་བཀའ་སློབ་ལག་ལེན་དུ་བསྟར་རྒྱུ་ནི་དེ་བས་ཀྱང་གལ་ཆེ།

    Reply
  3. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    གོང་གི་ངའི་མཆན་ནང་གི་འཁྲབ་ཞུང་གི་མིང་ནོར་འདུག་པས་ (སྐྱིད་སྡུག་མཉམ་མྱོང་) ལ་བཅོས་རོགས་ཞུ།

    ལུང་རིགས་ལགས། ངས་བསམ་ཚུལ་ལྟར་བྱས་ན་འཆར་ལོའི་ཟླ་བདུན་པའི་ནང་བོད་མིའི་རྩ་དོན་ཐད་གཏམ་བཟང་ཞིག་ཐོས་རྒྱུ་རེད།

    Reply
  4. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    འཛམ་གླིང་ཞི་བདེའི་ཉིན་མོ་ཟེར་བ་ཞིག་ཡོད་པ་རེད་དམ། སང་ཉིན་ནི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་རེད།

    Reply
  5. ནད་པ says:
    ལོ་ 16 སྔོན།

    སང་ཉིན་ནི་༸ གོང་ས་མཆོག་ལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཆེན་མོ་ཐོབ་ནས་མི་ལོ་ཧྲིལ་པོ་༢༠ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཡིན་སྟབས་ངས་དེ་རིང་ནས་༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་བཟང་ཞིང་སྐུ་ཚེ་ཞབས་པད་ཡུན་རིང་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དོན་ཐ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་འདེབས་རྒྱུ་ཡིན།

    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ། །ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན། །ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ། །གསོལ་བ་འདེབས་སོ་བཞེད་དོན་ལྷུནའགྲུབ་ཤོག །
    མདེལ་གུ་མཁྱེན་བརྩེའི་གསོལ་འདེབས་ལྟར་༸ གོང་ས་མཆོག་གི་གསུང་།

    ཕྱག་ན་པདྨོའི་བྱིན་རླབས་བདུད་རྩིའི་རྒྱུན། །བདག་སོགས་སྙིང་གི་ཟུངས་སུ་རྟག་སྨིན་ཅིང་། །བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་བསྙེན་ནས། །ཀུན་བཟང་མཆོད་མཆོག་རྒྱ་མཚོར་མཐར་སོན་ཤོག །
    བོད་རིགས་ཡོངས་ཀྱིས་༸ རྒྱལ་བའི་བཀའ་བཞིན་བསྒྲུབ་དགོས་གདམས་པ།

    རབས་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར། །སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི། །འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན། །བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་གྱུར་ཅིག །
    རྒྱལ་བའི་ཡོངས་འཛིན་རྣམ་གཉིས་ཀྱི་གསུང་།

    Reply
  6. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ཕྱི་ཟླ་༡༢ ཚེས་༢ ཉིན་ཁམས་སོག་རྫོང་གི་བཙུན་མ་ཆོས་སྒྲོན་རང་ལོ་༤༨ དང་། བསྟན་འཛིན་དར་རྒྱས་རང་ལོ་༢༡ ནོར་བུ་བཟང་པོ་རང་ལོ་༡༧ ཡིན་པ་བཅས་ལྷ་སའི་ཇོ་ཁང་སྒོ་འགྲམ་ནས་འཛིན་བཟུང་བྱས་འདུག ཁོང་རྣམས་ལྷ་སའི་ཇོ་ཁང་སྒོ་འགྲམ་དུ་ཕྱག་འཚལ་མཁན་སྤུན་མཆེད་རྣམས་ལ་ཁ་ལག་ སྐྱེལ་བར་འགྲོ་སྐབས་གློ་བུར་དུ་འཛིན་བཟུང་བྱས་ཡོད་འདུག ཉིན་ཤས་རིང་ཁོང་རྣམས་གར་སོང་མེད་པར་གྱུར་ནས་སྤུན་མཆེད་རྣམས་ཀྱིས་ས་ཕྱོགས་ གང་སར་བཙལ་སྐབས་ལྷ་སའི་སྤྱི་བདེ་མི་སྣས་ནག་ཆུ་ས་ཁུལ་བཙོན་ཁང་ཞིག་ལ་ཡོད་རེད་ ཅེས་ལན་ཙམ་སྤྲད་ཡོད་འདུག

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སང་ཉིན་སྔ་དྲོའི་དུས་ཚོད་བརྒྱད་པ་དགུ་བ་ཙམ་ནས།
    ད་མཐོ་དཔོན་ཚོས་མགོ་ནས་མར་ལ་འཁོར་ནས་གཏམ་བཤད།
    དམའ་མོ་ང་འདྲ་ཚོས་ཞོལ་ཁ་ཡར་ལ་འཁོར་ནས་གསུང་ཉན།
    བར་བར་ནས་བྱིས་པ་སྣབས་ལུག་ཚོས་ཁ་ལ་ཟས་སྣ་འདྲ་མིན་ཟ་བཞིན།
    བཏུང་བ་སྣ་ཚོགས་ཚོགས་འཐུང་།
    རྒན་རྒོན་ཚོས་མིག་ནས་མཆུ་མ་འདོན་ཞིང་། ཁ་ཙོ་མོ་རོ་རོ་ཁ་ནས་མ་ཎི་འདོན་བཞིན། སེམས་སྐྱིད། ཡིད་དགའ།

    ད་བོད་གཞུང་ཟློས་གར་ཁང་གི་གསར་བུ་གསར་མོ་ཚོས་གཙོས་བོད་གཞུང་གི་གཞུང་ཞབས་ཚོས་ཀྱང་རང་རང་གང་ནུས་ཀྱིས། སྐྱིད་པའི་གླུ་ལེན་བཞིན། དགའ་བའི་བྲི་འཁྲབ་བཞིན། གཙུག་ལག་ཁང་ཟེར་ནོ་ཚ་ཚ་འུར་འུར་ཞིག་གི་གཏོང་ནི་མ་རེད་ན་ཡུམ་འདོན།

    ཡ་ཉིན་གུང་ཙམ་རང་རང་གི་གཞིས་ཁྱིམ་དྲོ་རྒྱུ་མེད་ཀྱང་དྲོ་ཁུལ་བྱེད་བཞིན། ཡོད་ནི་ཚོས་ཟས་སྣ་འཐུང་སྣ་མང་པོ་བསྒྲིགས་ཏེ།
    ལ་ཤོས་ཚོས་གླུ་ལེན་གར་རྩེ་རེ་བྱས། མང་མང་ཚོས་ཆང་འདྲ་འཐུང་། སྐད་ཆ་འདྲ་མིན་བཤད་བཞིན། རབ་ཏུ་བཟི་བར་བྱས། ལ་ལ་རེས་རང་གིས་ཟས་ཟས་ཐམས་ཅད་ཕྱིར་ལ་སྐྱུགས།
    ཨོ་ཡ་ཡ་ཡ། ད་འདི་མོ་འདི་མང་ནི་རེད་དྲ། བཤད་ཁོམ་མེད་ཀི མི་བདེན་འདོད་ན་སང་ཉིན་མིག་གིས་རིག་རྒྱུ་རེད།

    Reply
  8. ངྷ་སའི་ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ད་ཐེངས་ཀྱི་གླེང་རྙོག་འདི་ངེས་པར་དུ་གསལ་བོ་གནང་དགོས་པ་ཞིག་རེད། ལུང་རིག་རྒྱལ་གྱིས་ད་ཐེངས་ཀྱི་མཆན་བུ་སྐོར་ཞིག་ནག་བསུམ་བཏང་བློ་ཕམ་ཡོད། ང་རང་ཉིན་འགའི་སྔོན་ལྷོ་ཕྱོགས་ནས་རྡི་ལི་བརྒྱུད་རྡ་སར་ཡོང་བ་ཡིན། འདིའི་བར་ནས་ངོ་ཤེས་པ་མང་བོ་ཞིག་ལ་ཐུག་སོང་ལ། སྐད་ཆ་གཅིག་པ་གཅིག་རྐྱང་བཤད་ཀྱིན་འདུག དེང་སང་བོད་པའི་སྤྱི་ཚོགས་ནང་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འབྲེལ་ནས་ལྷ་མོ་སྐྱབས་དང་ཀུན་ཐར་དོན་འགྲུབ་གཉིས་ཀྱིས་ནག་ཚོང་རྒྱག་གིན་ཡོད་པའི་གླེང་གཞི་གསར་བ་ཞིག་ཚུགས་ཡོད་པ་ངོ་མ་རེད། རྩོམ་པ་པོ་མཐུན་ཚོགས་ཀྱིས་ཨ་མདོ་ཁྲི་ཀ་ནས་ཡིན་པའི་གནམ་ལྷ་ཟེར་བ་ཞིག་ལྐོག་ཚོང་ལྟ་བུར་ཕོ་ལེན་གྱི་ཚོགས་འདིར་བཏང་ཡོད་པ་དང་། ཁོང་ད་ལྟ་ཕྱིར་མ་ཡོང་བར་ཧྥ་རན་སིར་བསྡད་ཡོད་པ་རེད་ཟེར། ཡང་ཀུན་ཐར་དོན་འགྲུབ་ཀྱིས་ལོ་འགའི་སྔོན་ཨང་ལན་དུ་སྙན་ངག་འདུ་ཚོགས་ཤིག་འཚོགས་བོད་ཀྱི་རྩོམ་པ་པོའི་ཚོགས་མིའི་འགྲོན་ཤོག་མི་གཞན་དུ་བཙོང་ཡོད་པའི་སྐད་ཆ་འདུག བོད་རྩོམ་པ་པོའི་མཐུན་ཚོགས་འདི་འཛུགས་མཁན་བླ་བྲང་སྐལ་བཟང་། ལྷ་མོ་སྐྱབས་སོགས་མི་སྐོར་ཞིག་ལྐོག་འབྲེལ་གྱིས་རྒྱང་འཕུད་བཏང་སྟེ། ཁུངས་ལུང་ཡོད་མེད་ཀྱི་སྐད་ཆ་མང་བོ་ལབ་ནས་ད་ལྟ་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ལག་ནས་འཕྲོག་ཐུབ་པ་བྱུང་ཡོད་པ་རེད། ད་ཁོང་ཚོའི་བྱ་སྤྱད་ལ་བལྟས་ན་བླ་བྲང་སྐལ་བཟང་ལས་སྡུག་ཏུ་སོང་ཡོད་པ་ཞིག་མཐོང་སོང་། ལྷ་མོ་སྐྱབས་དང་ཀུན་ཐར་དོན་འགྲུབ་སོགས་ཀྱི་སྐབས་ཕྱི་རྒྱལ་དུ་བཏང་བ། ཐུབ་བསྟན། ཟླ་བ་ཚེ་རིང་། བསམ་གཏན། བཀའ་ཐུབ་རྒྱལ་གྱི་ཆུང་མ་སོགས་རེད། ཁོང་ཚོ་ཐོག་དང་པོར་རྩོམ་པ་པོའི་མཐུན་ཚོགས་ནང་དུ་ཧིན་སྒོར་འབུམ་གཅིག་འཇོག་རྒྱུ་བྱས་ཡོད་ཀྱང་། ཁ་ཤས་ལག་ནས་སྒོར་འབུམ་གཅིག་རེ་ཡང་ལེན་ཐུབ་མེད་ཚོད་འདུག འདི་ཚོར་སྐད་ཆ་འདྲི་དགོས་པ་ཞིག་རེད། རྩོམ་པ་པོ་མཐུན་ཚོགས་བོད་སྤྱི་དང་ཚོགས་མི་ཚོར་ཐོབ་ཐང་ཡོད་པའི་ཚོགས་པ་ཞིག་ཡིན་ན། ངེས་པར་དུ་འདིར་ཞིབ་འཇུག་ཡག་པོ་གནང་དགོས་པ་ཞིག་རེད། ཡང་ལྷ་མོ་སྐྱབས་དང་ཀུན་ཐར་དོན་འགྲུབ་གཉིས་ཀྱི་སྒེར་གཉེར་ལྟ་བུ་ཡིན་ན། གནས་ཚུལ་གཞན་རེད། དེ་མིན་བོད་མི་རིགས་ལ་བརྙས་བཅོས་མ་གཏོང་བཞིན་བཟོ་འདྲ་བོ་ཞིག་མཐོང་སོང་བས། མཚམས་འཇོག་དང་གསལ་བཤད་ཡག་པོ་བྱས་ན་ཡག་པོ་རེད་འདོད། ཚེ་རིང་བཀྲ་ཤིས་ཀྱི་མཆན་བུ་ལེབ་བཤུས་བྱས།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ད་ལོའི་ཕྱི་ཟླ་ ༡༡ པའི་ཚེས་ ༡༠ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༡༩༢ ཀྱིས་ལོ་རེའི་ཕྱི་ཟླ་ ༧ པའི་ཚེས་ ༡༨ ཉིན་ནི་རྒྱལ་སྤྱིའི་ནེལ་སོན་མན་ཌ་ལའི་ཉིན་མོར་གཏན་འཁེལ་བྱས་འདུག བདུན་པའི་ཚེས་་༡༨ ནི་ཁོང་གི་འཁྲུངས་སྐར་ཉིན་མོ་རེད།

    བདུན་པའི་ཚེས་ ༦ ནི་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་རེད།

    བདུན་ནི་གྲངས་ཀ་ཡ་མཚན་ཞིག་ཡིན་པ་སྔོན་ཆད་ཅིག་ལ་ངས་དུས་བབ་གསར་ཤོག་སྟེང་བྲིས་ཡོད།

    བདུན་པ་ལ་བསོད་དེའི་གྲངས་ཀ་ཡང་ཟེར་གི་རེད།

    ད་ང་ལ་བསམ་བློ་གཞན་ཞིག་འཁོར་གི་འདུག དེ་ག་རེ་ཡིན་མིན་ཚོད་དཔག་རེ་གནང་རོགས།

    Reply
  10. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    སང་ཉིན་ནས་ཉིན་གསུམ་གྱི་རིང་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ནས་༸གོང་ས་མཆོག་ལ་ནོར་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་སྲུང་རྩི་ཞུ་རྒྱུ་མཁྱེན་གསལ་ལྟར་ན། དྲ་གྲོགས་ཚོས་སྐྱ་རེངས་ཟིན་བྲིས་སྟེང་༸གོང་ས་མཆོག་ལ་འཚམས་འདྲིའི་བསྟོད་ཚིག་སོགས་རེ་གཉིས་ལས་མ་བྱུང་ཡང་གནང་རོགས།

    སྐུར་ཡུལ་
    kyareng@gmail.com

    ཟིན་བྲིས་ཀྱི་དྲ་ཚིག་ཁ་བྱང་
    http://kyareng.blogspot.com/

    Reply
  11. མཚོ་ཚང་བཀྲིས། says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ། སང་ཉིན་ཕྱི་དྲོ་ཚོུད་དྲུག་པ་ཙམ་ལ་བོད་གཞུང་ཟློས་གར་དུ་བོད་ནས་གསར་དུ་ཕེབས་པའི་ཆབ་སྲིད་བཙོན་ཟུར་གཉིས་ཀྱིས་དང་བླངས་ཀྱི་སྒོ་ནས་ (གདུང་སེམས་མཉམ་སྐྱེ་ )ཞེས་པའི་ལ་རྒྱའི་ཟློས་གར་ཞིག་འཁྲབ་སྟོན་གནང་རྒྱུ་རེད་འདུག་པས་བོད་མི་གང་མང་མང་ཕེབས་ཐུབ་པའི་རེ་བ་ཞུ། ཐུགས་རྗེ་ཆེ།

    Reply
  12. གངས་རི་སྐྱབས། says:
    ལོ་ 16 སྔོན།

    གསོལ་འདེབས།
    ང་ཡི་བླ་མ་བླ་མའི་མཆོག་ཡིན།།
    སྙིང་རྗེའི་ལྟ་གྲུབ་ད་ལྟའི་བརྒྱན་ཡིན།།
    རུས་མེད་བརྩེ་བ་ཅན་གྱི་མགོན་ཡིན།།
    ཤི་ན་གསོན་ན་རེ་ས་ཁྱོད་ཡིན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese