མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔར་ལོའི་ཞི་རྒོལ་སྐབས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་རྔ་བ་སྒོ་མང་དགོན་པའི་གྲྭ་ཆོས་སྐྱོང་ལགས་གློད་གྲོལ་ཐོབ་པར་གྲྭ་མང་ཚོས་རྟེན་འབྲེོལ་ཞུས་ཡོད་སྟབས། རྣམ་འགྱུར་ཡག་པོ་མི་འདུག་ཟེར་ནས་གྲྭ་བཀྲ་ཚེ་ལགས་ཀྱི་གློད་གྲོལ་དུས་ཚོད་ཕྱིར་འགྱངས་བྱས་སོང་ཟེར།

 

ཁ་སང་བོད་ནས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ལོ་སྔོན་མའི་ཕྱི་ཟླ་གསུམ་པའི་ནང་རྔ་བ་ཁུལ་གྱི་ཞི་རྒོལ་རྗེས་སུ་རྒྱ་གཞུང་གི་ཉེན་རྟོག་པས་ཞི་རྒོལ་སྣེ་ཁྲིད་མཁན་སུ་ཡིན་བརྩད་གཅོད་བྱས་ཡོད་པ་དང་། སྐབས་དེའི་རྙོག་ཟིང་གི་སྣེ་ཁྲིད་མཁན་དག་གིས་རང་འགུལ་ཐོག་ངོས་ལེན་མ་བྱས་པ་ཡིན་ན། ས་གནས་མི་མང་ཚང་མར་ཉེས་ཆད་ལྕི་མོ་གཅོད་རྒྱུ་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད་འདུག སྐབས་དེར་རྔ་བ་སྒོ་མང་དགོན་པའི་དགེ་འདུན་པ་ཆོས་སྐྱོང་ལགས་དང་བཀྲ་ཚེ་ལགས་རྣམ་གཉིས་ཀྱིས་དང་བླངས་སྒོས་ཞི་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་ངོས་ལེན་གནང་སྟེ། ཉེས་པ་གང་ཡོད་མི་མང་གི་ཚབ་ཏུ་ཁོང་གཉིས་འཁུར་རྒྱུ་ཡིན་པའི་ཁས་ལེན་གནང་ཡོད་སྟབས། རྒྱ་གཞུང་གིས་ཁོང་གཉིས་འཛིན་བཟུང་གིས་ལོ་གཅིག་དང་ཟླ་བ་དགུ་ཙམ་ལ་བཙོན་འཇུག་བཀག་ཉར་བྱས་མཐར། ཟླ་འདིའི་ཕྱི་ཚེས་ ༤ ཉིན་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་ཡོད་འདུག

 

གྲྭ་ཆོས་སྐྱོང་ལགས་ཕྱིར་ཕ་ཡུལ་དགོན་ནང་ལ་འབྱོར་མ་ཐག ས་གནས་མང་ཚོགས་དང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གྲྭ་ཆོས་སྐྱོང་བཙོན་གྲོལ་ཐོབ་པར་རྟེན་འབྲེལ་ཞུས་ཏེ། ཁ་བཏགས་འཐེན་པ་དང་གསོལ་སྟོན་བཤམས་སོགས་བྱས་ཡོད་འདུག་ལ། ཁོང་གིས་བཙོན་རོགས་བཀྲ་ཚེ་ཡང་ཉིན་ ༥ ལས་འགྱངས་པར་གློད་གྲོལ་གཏོང་རྒྱུ་ཡིན་པའི་གནས་ཚུལ་ཡུལ་མི་ཚོར་བརྗོད་ཡོད་འདུག རྟེན་འབྲེལ་ཞུ་པའི་བྱེད་སྒོ་དེ་དག་མཚན་མོ་བསྒྲུབས་ཡོད་ནའང་ཉེན་རྟོག་པས་ཤེས་རྟོགས་བྱུང་སྟེ། དེ་ནི་མང་ཚོགས་ཀྱི་རྣམ་འགྱུར་མི་ལེགས་པའི་སྐྱོན་ཆ་ཆེན་པོ་ཡིན་ཚུལ་གྱི་ཁ་རྡུང་དང་། གྲྭ་ཆོས་སྐྱོང་ལགས་ཀྱི་བཙོན་རོགས་ཚེ་བཀྲ་གློད་གྲོལ་གྱི་དུས་ཚོད་ཀྱང་ཕྱིར་འགྱངས་བཏང་ཡོད་འདུག དགེ་འདུན་པ་ཆོས་སྐྱོང་ལགས་ཀྱི་ཕ་ཡུལ་ནི། ཟི་ཁྲོན་རྔ་བ་ཁུལ་རྔ་སྟོད་སྒང་པ་སྡེ་བ་ཡིན་ཞིང༌། དེ་སྔ་རྔ་བ་སྒོ་མང་དགོན་པའི་ནང་དུ་སློབ་གཉེར་བྱེད་བཞིན་ཡོད་འདུག

 

མཆན། 11

  1. སྐྱ་རིད། says:
    ལོ་ 13 སྔོན།

    བོད་མིས་སྐྱིད་སྡུག་མཉམ་མྱོང་དངོས་གནས་བྱེད་ཀྱི་འདུག
    དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག
    ཐུགས་རྗེ་ཆེ།

    Reply
  2. བདེ་བ་ཅན། says:
    ལོ་ 13 སྔོན།

    གཞིས་ཞུགས་བོད་མིའི་སྙིང་སྟོབས་ནི་ཞུམ་པ་མེད། རྒྱལ་ཞེན་ཅན་ཚོར་དད་གུས་ཀྱི་བསུ་བ་ཞུ། ཆིག་བསྒྲིལ་གྱི་རྣམ་པ་ནི་དུས་གཏན་དུ་གནས། ལྷད་མེད་པའི་གདུང་སེམས་ཀྱི་རྒྱལ་ཞེན་ལ་བསུ།
    ཞུམ་མེད་ཀྱི་སྙིང་སྟོབས་ལས་ཆིག་བསྒྲིལ་བསུ།
    ཉམས་མེད་ཀྱི་ནུས་པ་འདི་གསོན་པར་བཟུང་།
    འདི་ནི་ཡོངས་ཀྱི་ཕུགས་འདུན་འདི་ཡིན།

    Reply
  3. སྒོ་བུ་གྲགས་པ། says:
    ལོ་ 13 སྔོན།

    ཡག་པོ་དྱུང་འདུག རྒྱལ་བར་ཤོག

    Reply
  4. མི་ཉག་སྐལ་བཟང་། says:
    ལོ་ 13 སྔོན།

    དེ་རིང་གློད་ཡོད་ཀྱང་སང་ཉིན་སླར་ཡང་འཇུ་སྲིད་པ་རེད། འདི་ནི་རྒྱ་དམར་ཀླ་ཀློའི་དཔུང་ཚོགས་ཀྱི་ཁྲིམས་རེད།

    Reply
  5. ཀླུ། says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ་སོ

    Reply
  6. འབྲོག་རུ་ཆོས་གྲགས། says:
    ལོ་ 13 སྔོན།

    གསར་འགོད་པ་ཀླུ་ལགས། གློད་གྲོལ་དུས་ཚོད་ཕྱིར་འགྱངས་བྱས་པར་དོགས་པའི་བཙོན་མ་དེའི་མཚན་ལ་བཀྲ་ཚེ་ཟེར་ཞིང་། མཚན་གཞན་ལ་འཇིགས་མེད་ཀྱང་འབོད་ཀྱིན་ཡོད་ཟེར།

    Reply
  7. yak says:
    ལོ་ 13 སྔོན།

    བབབབབ

    Reply
  8. ཀླུ། says:
    ལོ་ 13 སྔོན།

    གློད་གྲོལ་དུས་ཚོད་ཕྱིར་འགྱངས་བྱས་བ་རྒྱལ་གཅེས་དཔའ་བོ་བཀྲ་ཚེ་རེད་ཡང་ན་ཚེ་བཀྲ་ལགས།

    Reply
  9. གངས་ཅན། says:
    ལོ་ 13 སྔོན།

    གློད་གྲོལ་ཐོབ་པར་རྟེན་འབྲེལ་ཞུ་

    Reply
  10. བསྟན་འཛིན་ཚེ་དཔག says:
    ལོ་ 13 སྔོན།

    གྲྭ་མང་ནས་གྲྭ་ཆོས་སྐྱོང་ལགས་གློད་གྲོལ་ལ་དགའ་གུས་ཀྱི་ཕེབས་བསུའི་རྣམ་པ་འདིས་ནི། ང་ཚོ་དུས་ནམ་ཡང་འདི་ལྟར་རྡོ་རྩ་གཅིག་ལ་འགྲིལ་པོ་དགོས་པར་དྲན་སྐུལ་ཞིག་ཀྱང་གནང་ཡོད་པ་རེད། ཁོང་གློད་གྲོལ་ཐོབ་པར་རྟེན་འབྲེལ་ཞུ། ད་ལྟ་བཙོན་ཁང་ན་བཞུགས་ཡོད་པའི་རང་རིགས་དཔའ་བོ་དཔའ་མོ་ཚང་མའང་འདི་ལྟར་གློད་གྲོལ་ཐོབ་པར་སྨོན་ནོ།།

    Reply
  11. བསེ་རུ། says:
    ལོ་ 13 སྔོན།

    ཆོས་སྐྱོང་ལགས་གློད་དཀྲོལ་བཏང་བ་ནི་དགའ་འོས་པ་ཞིག་རེད། འོན་ཀྱང་། སྐབས་དེ་ནས་བཟུང་ཁོང་དང་ཁོང་གི་གཉེན་ཉེ་འབྲེལ་ཚང་མ་དོགས་ཡོད་མི་སྣར་བརྩིས་ཏེ། འགྲོ་འདུག་གང་ཞིག་བྱས་ཀྱང་རྒྱ་གཞུང་གི་ལྟ་རྟོག་འོག་གནས་དགོས་པ་ནི་དེ་བས་ཡིད་སྐྱོ་དགོས་ཞིག་རེད། འདི་ནི་ཁོང་དང་ཁོང་འདྲ་བའི་བཙོན་པའི་རིགས་ཚང་མར་ཡོང་གིན་ཡོད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist