མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཡུལ་སྐད་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༩ ཉིན་གྱི་དགོང་མོ་རྒྱ་ནག་པེ་ཅིན་གྱི་ཀྲུང་དབྱིང་མི་རིགས་སློབ་གྲྭ་ཆེན་མོའི་རིག་གནས་ཐོག་ཁང་དུ་བོད་རིག་པ་ཞིབ་འཇུག་ཁང་གི་གོ་སྒྲིག་འོག ༼ སྐབས་གཉིས་པའི་ཡུལ་སྐད་གཏམ་བཤད་འགྲན་བསྡུར ༽ ཟེར་བ་ཞིག་ཚོགས་ཡོད་པ་དང་། མཛད་སྒོ་དེར་བོད་རིག་པ་ཞིབ་འཇུག་ཁང་གི་འགན་འཛིན་ཚེ་རིང་ཐར་དང་དྲུང་ཆེ་ཏུའུ་ལིན། དྲུང་གཞོན་ལུའུ་དབྱི་ཞཱི། དེ་བཞིན་ཀྲུང་དབྱིང་མི་རིགས་སློབ་ཆེན་གྱི་དགེ་སློབ་ལས་བྱེད་བཅས་ཞུགས་ཡོད་འདུག་ལ། དེ་མིན་པེ་ཅིན་གྲོང་ཁྱེར་གྱི་སྐད་ཡིག་རིག་གནས་དང་འབྲེལ་བ་ཡོད་པའི་སྡེ་ཚན་ཁག་གི་བོད་པའི་སྐུ་ཚབ་ཀྱང་ཕེབས་ཡོད་འདུག

 

ཐེངས་འདིའི་ཡུལ་སྐད་འགྲན་བསྡུར་ནང་ཞུགས་མཁན་མདོ་དབུས་ཁམས་གསུམ་གྱི་སློབ་མ་ ༡༢ ཡོད་པ་དང་། དཔུང་དཔྱོད་པ་དག་གིས་འགྲན་ཞུགས་སློབ་མ་རྣམས་ཀྱི་ལུས་ཀྱི་ཀུན་སྤྱོད་རྣམ་འགྱུར་དང་། ངག་གི་སྨྲ་ལྕེ་དག་ཆ། ཡིད་ཀྱི་གདེང་སྤོབས་བྱང་ཚད་བཅས་ལ་གཞིགས་ཏེ་སྐར་གྲངས་སྤྲད་ཡོད་འདུག སྐབས་དེར་བོད་རིག་པ་ཞིག་འཇུག་ཁང་གི་འགན་འཛིན་ཚེ་རིང་ཐར་ལགས་ཀྱིས་འབྱུང་འགྱུར་ཡང་། འདི་དང་འདི་ལྟ་བུའི་ཕ་སྐད་བོད་སྐད་གཙང་མའི་བྱེད་སྒོ་སྤེལ་རྒྱུའི་གལ་ཆེའི་རང་བཞིན་དང་། རྒྱའི་གྲོང་ཁྱེར་ཁག་གི་བོད་རིགས་སློབ་མ་ཚོས་རྒྱུན་ལྡན་འཚོི་བའི་ཁྲོད་དུ་བོད་སྐད་གཙང་མ་བཤད་རྒྱུར་འབད་བརྩོན་གནང་དགོས་པ་དང་། ཡི་གེ་འབྲི་ཀློག་སྐབས་སུའང་དག་ཆར་དོ་སྣང་སྤྲོད་དགོས་པའི་བསླབ་བྱ་ལམ་སྟོན་གནང་ཡོད་འདུག

 

ཐེངས་འདིའི་ ༼ སྐབས་གཉིས་པའི་ཡུལ་སྐད་གཏམ་བཤད་འགྲན་བསྡུར ༽ ཞེས་པའི་ནང་དོན་གཙོ་བོ་ནི། རིག་སློབ་པ་དག་གིས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་གསུམ་ཀར་སློབ་སྦྱོང་གང་ལེགས་བྱས་པ་བརྒྱུད་དེ། དེའི་ཁྲོད་ནས་ཀུན་གྱིས་གོ་སླ་ཞིང་། ཚིག་གི་སྨྲ་དག་པ། དོན་གྱི་སྤུས་ཚད་ལེགས་པའི་ཡུལ་སྐད་བྱེ་བྲག་པ་ཞིག་བདམས་ཏེ། རིམ་གྱིས་བོད་པའི་སྤྱི་སྐད་འགྲུབ་ཐུབ་པར་དམིགས་པ་ཞིག་ཡིན་འདུག འགྲན་བསྡུར་གྱི་གོ་རིམ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་དང་། མཁས་དབང་མཁྱེན་རབ་འོད་གསལ་མཆོག་རྣམ་གཉིས་ཀྱི་ཞལ་གདམས་ཚན་པ་རེ་བདམས་ཏེ། ཨ་མདོ་པའི་སློབ་མ་ཞིག་ཡིན་ན། ལྷ་སའི་སྐད་དང་ཡང་ན་ཁམས་སྐད་དག་གཙང་ཞིག་དང་། ལྷ་ས་བའི་སློབ་མ་ཞིག་ཡིན་ན། ཁམས་སྐད་དང་ཡང་ན་ཨ་མདོའི་སྐད་དག་གཙང་ཞིག དེ་བཞིན། ཁམས་པ་བའི་སློབ་མ་ཞིག་ཡིན་ན། ཨ་མདོའི་སྐད་དང་ཡང་ན་དབུས་སྐད་དག་གཙང་ཞིག་གི་ཐོག་ནས་སྐད་གསང་མཐོ་ལ་སྨྲ་ལྕེ་དག་པའི་སྒོ་ནས་ཀློག་འདོན་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༠༡།༡༠།༢༠༢༣ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།
Mobile App

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering received a warm welcome at the Sao Paulo Legislative Assembly
Mobile App

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
Mobile App

རྩམ་པ་རང་གིས་བཟས་ནས་ལག་པ་གཞན་ལ་ཕྱིས།

༢༠༢༣/༡༠/༠༢
Mobile App

རྒྱ་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བོད་ཕྲུག་ས་ཡ་གཅིག་བཅུགས་ཟིན་པ།

༢༠༢༣/༡༠/༠༢
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

༢༠༢༣/༠༩/༣༠
Front Slider

འབུམ་རམས་པ་རྡོ་རྗེ་སྐྱབས་ལགས་སུ་བཅར་འདྲི།

༢༠༢༣/༠༩/༣༠

མཆན། 14

  1. ཨ་ལ་ལ says:
    ལོ་ 14 སྔོན།

    བཀྲ་ཤིས་དོན་གྲུབ་ལགས། ཡུམ་སྐད་མ་རེད་ཡུལ་སྐད་རེད། ཡུམ་སྐད་ཟེར་ན་བོད་སྐད་ལ་གོ་བ་དང་ཡུལ་སྐད་ཟེར་ན་ཡུལ་ལུང་སོ་སོའི་སྐད་ལ་གོ། དེ་གཉིས་ལ་སྤྱི་བྱེ་བྲག་གི་ཁྱད་པར་ཡོད་རེད།

    Reply
  2. ཨ་ལ་ལ says:
    ལོ་ 14 སྔོན།

    ཡོང་མི་སྲིད་ལ་བཅོས་རོགས།

    Reply
  3. ཨ་ལ་ལ says:
    ལོ་ 14 སྔོན།

    གོང་གི་བྱ་བཞག་འདི་འདྲ་གཉེར་བ་ལ་བསྟོད་བསྔགས་ཞུ་དགོས་པ་ཤ་སྟག་རེད། འོན་ཀྱང་བསམ་གཞིགས་བྱེད་དགོས་པ་ཞིག་ལ་དོན་ངོ་མའི་ལན་ལེན་ཐོག་ལ་ལྷ་ས་ནས་ས་སྐྱེས་རྡོ་སྐྱེས་ཡིན་པའི་དབུས་པ་གཙང་མ་ཞིག་གིས་ཐབས་ལམ་ཅི་འདྲ་ཞིག་སྤྱད་ཀྱང་ཁམས་དང་ཨ་མདོའི་ཡུལ་སྐད་སྒྲ་དག་གསལ་གསུམ་ཐོན་པའི་སྨྲ་བརྗོད་ཅིག་ཡོད་མི་སྲིད། དེ་བཞིན་དུ་ཁམས་དང་ཨ་མདོའི་ས་སྐྱེས་རྡོ་སྐྱེས་ཞིག་གིས་ཀྱང་འབད་པ་ཅི་ཙམ་བྱས་རུང་ལྷ་ས་བའི་དབུས་སྐད་ལྟ་བུ་ཞིག་བཤད་མི་ཐུབ་པ་ཁ་ཚོན་བཅད་ནས་བཤད་ཐུབ། ༼ཨ་མདོ་ཞིག་ལ་གཞི་བཞག་༽དེའི་ཐད་དུ་འདི་ལྟར་གང་ཟག་ག་གེ་མོས་བཤད་ཐུབ་ཀྱི་འདུག་ཅེས་བརྗོད་ན་དེ་ཡང་ཞིབ་ཏུ་བརྟགས་ཏེ་དབུས་པ་ཞིག་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད།

    Reply
  4. འབྲོག་ཁྱི། says:
    ལོ་ 14 སྔོན།

    སྙིང་རྗེ་དབང་ཕྱུག་གངས་མྱུག་ལགས་ངའི་ཡིག་ནོར་དེ་ཀོ་དག་བཅོས་གནང་བར་ཐུགས་རྗེ་ཆེའོ།

    Reply
  5. ཐུབ་པ། says:
    ལོ་ 14 སྔོན།

    ལས་འགུལ་དེ་འདྲའི་རིགས་དེ་དུས་སྐབས་འདིར་གནད་དུ་ཁེལ་བའི་བྱ་བ་ཞིག་རེད།
    བཙན་བྱོལ་ནང་དུ་འང་ལས་འགུལ་དེ་འདྲ་སྤེལ་ཐུབ་པ་བྱེད་དགོས་ངེས་རེད།

    Reply
  6. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    བོད་ཀྱི་སྐད་དང་ཡི་གེ་ལ་དོ་སྣང་བྱེད་བཞིན་པ་འདི་དགའ་འོས་པ་ཞིག་རེད་མོད། དེང་སང་ཡུལ་སྐད་ལས་སྤྱི་སྐད་གལ་ཆེ་བས་ཆོལ་ཁ་སོ་སོའམ་ལུང་ཁུག་རེ་ནས་ཚིག་མཛོད་རེ་རྩོམ་བཞིན་པ་དེའི་ཆོལ་གསུམ་གཅིག་གྱུར་གྱི་བརྡ་སྤྲོད་ལ་འབགས་བཞིན་འདུག དཔེར་ལྷ་སའི་ཁ་སྐད་དང་ཉེ་ལམ་གྲུབ་ཚར་བའི་ཨ་མདོའི་ཁ་སྐད་ཚིག་མཛོད་ལྟ་བུ་ནད་འབུ་དེ་དག་ལ་གཟབ་ན་རན།

    Reply
  7. བཀྲ་ཤིས་དོན་གྲུབ། says:
    ལོ་ 14 སྔོན།

    ཡུལ་སྐད་རེད་དམ་ཡུམ་སྐད་རེད་།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    དེང་སང་ཚང་མས་བོད་ཀྱི་སྐད་ཡིག་ལ་འབད་བརྩོན་བྱེད་སྟངས་ལ་ལྟས་ན་སེམས་པ་སྐྱིད་དགོས་པ་ཞིག་དང་ཕྱོགས་གཞན་ཞིག་ནས་ལྟས་ན་སེམས་འཁྲུལ་ལང་དགོས་པ་ཞིག་རེད་དོ།
    སེམས་འཁྲུལ་ལང་དགོས་པ་ནི་བོད་ཀྱི་སྐད་ཡིག་ནང་དུ་དུས་རབས་གསར་པའི་རིག་གནས་དང་རང་ཉིད་ཀྱིས་འཚོ་བ་སྐྱེལ་ཐུབ་པའི་ལག་ཤེས་རིག་གནས་མེད་པ་ནི་ང་རང་ཚོས་མཐོང་ཆོས་སུ་ཡོད།
    དེ་འདྲ་ཡིན་དུས་བོད་ཡིག་ལ་སློབ་སྦྱང་བྱེད་པའི་བོད་ཕྲུག་རྣམས་ཀྱི་མི་ཚེའི་མདུན་ལམ་དེ་ཧ་ཅང་ཐབས་སྐྱོ་པོ་ཞིག་ཆགས་འགྲོ་བ་ནི་དངོས་ཡོད་གནས་སྟངས་རེད་དོ
    དེའི་འགན་ཁུར་ནི་བོད་ཀྱི་མཁས་དབང་རྣམས་ལ་ཡོད་ཀྱང་བོད་པའི་མཁས་དབང་ཚོ་ནི་དུས་ཉེར་གཅིག་ནང་དུ་ཡང་རྨོངས་གཉིད་ཁུག་ནས་སྡོད་ཡོད་པའི་དེང་སང་བོད་ཀྱི་མཁས་དབང་ཁྱི་འདྲ་པོ་ཁྱེད་ཚོ་བོད་མི་རིགས་ཀྱི་ཆེད་དུ་དོན་མེད་རེད་ཞེས་ཞུ་རྒྱུ་ཡིན་ནོ།།

    Reply
  9. བཀྲ་ཤིས། says:
    ལོ་ 14 སྔོན།

    ལས་དེ་ལ་གུས་པས་ཡི་རངས་བསྔགས་བརྗོད་ཞུ་བཞིན་ཡོད་པ་མ་ཟད།
    ང་ཚོས་རང་དབང་ལུང་པའི་ནང་དུ་འདི་ལྟ་བུའི་འགུལ་འགའ་རེ་སྤེལ་མི་ཐུབ་པ་དེ་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་རེད། ཞེས་དྲི་བ་ཞིག་ཀྱང་རང་བཞིན་གྱིས་འདོན་དགོས་བྱུང་སོང་།

    Reply
  10. བདེ་ཆེན་སྒྲོལ་མ། says:
    ལོ་ 14 སྔོན།

    འདས་བོ་དཔལ་དོན་གྲུབ་རྒྱལ་གྱི་རྗེས་ནས་ཀྲུང་དབྱངས་ཚང་ཤི་སོང་བ་རེད། ནུབ་བྱང་ཚང་གསོན་སོང་བ་རེད། མཚོ་སྔོན་ཚང་དང་ལྷོ་ནུབ་ཚང༌། བོད་ལྗོངས་ཚང་བཅས་པ་བར་དོ་བ་རེད། ད་ཡིན་ན་ཀྲུང་དབྱངས་ཚང་ན་ཡང་བསྐྱར་མེ་སྟག་འདྲ་ཡོད་པ་དགའ་སྤྲོ་ཆེ།

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    འབྲོག་ཁྱི་ལགས་ཀྱིས་གསུངས་པ་བདེན་པ་རེད། ཡིན་ཡང་། ང་ནང་བཞིན་ཡིག་ནོར་འབྲི་མཁན་ཞིག་རེད། དེ་ནི་སེམས་པ་སྐྱོ་བ་ཞིག་ལོས་ཡིན། སེམས་ཤུགས་ནི་སླད་མེད་རེད་འདུག

    བསེ་རུ་ལགས་ཀྱི་ལྷག་བསམ་ལ་ནམ་ཡང་འགྱུར་བ་མེད་པ་དེར་དངོས་ནས་དགའ་བོ་ཡོད་ལ། མུ་མཐུད་དུ་ཤུ་རེ་བྱེད་རོགས་ཞུ།

    གངས་མྱུག་ལགས་ཀྱི་སྐད་ཆ་དེ་ནི་བོད་མི་མི་ཉུང་བ་ཞིག་གི་སེམས་ཁོང་དུ་འཁོར་ནས་མི་ཉུང་བ་ཞིག་གསུངས་ཟིན་པ་རེད་དེ། བཤད་མཁན་ང་ལྟ་བུ་ལས་སྒྲུབ་མཁན་བསེ་རུ་ལྟ་བུ་རེ་གཉིས་ལས་མེད་སོང་བ་དེ་ནི་གྱོང་རྒུད་དུ་ཆགས་ཡོད་པ་རེད།

    Reply
  12. གངས་མྱུག says:
    ལོ་ 14 སྔོན།

    ང་ཚོའི་བཙན་བྱོལ་དུ་ཕན་རླབས་ཆེ་བའི་ལས་འགུལ་འདི་ལྟ་བུ་ཞིག་བརྩམས་མ་མྱོང་བ་དང་མི་རྩོམ་པ་ཅི་ཡིན་ནམ། བློ་མཐུན་འབྲོག་ཁྱི་ལགས། མི་ལ་བཤད་མཁན་ཞིག་གིས་རང་གི་ཡིག་ནོར་ལ་ཅུང་གཟབ་ན་མི་འགྲིག་གམ། འབྲོག་ཁྱི་བཞིན་དུ་ཡིག་ནོར་གང་སར་འཁྱམས་བཅུག་ན་མཇུག་འབྲས་ཀྱང་གཞན་གྱི་རྡོག་འོག་ཏུ་བརྫི་ངེས། ངས་ཤ་ཚ་བ་ཡིན། གོང་གསལ་གྱི་ཡིག་ནོར་དག་བཅོས། བོད་ནང་གིས།གི བྱེད་སྟང་།སྟངས། མིག་དཔེ་བལྟ་ནས།བལྟས། མི་རེ་ངོ་། མི་རེའི། དགོས་ཀྱིས།ཀྱི།

    Reply
  13. བསེ་རུ། says:
    ལོ་ 14 སྔོན།

    “ཡི་གེ་འབྲི་ཀློག་སྐབས་སུའང་དག་ཆར་དོ་སྣང་སྤྲོད་དགོས་པའི་བསླབ་བྱ་ལམ་སྟོན་གནང་ཡོད་འདུག་”ཞེས་པའི་ལམ་སྟོན་བསླབ་བྱ་འདིས་བོད་ནང་དུ་ཡང་ཡིག་ནོར་གྱི་དཀའ་ངལ་དེ་ཇེ་ཆེར་འཕྲད་ཀྱིན་ཡོད་པ་རྟོགས་ཐུབ། དེར་བརྟེན།
    བོད་ཕྱི་ནང་གཉིས་ཀའི་ཤེས་ཡོན་ཅན་ཚོས་ཡིག་ནོར་ལ་ཐུགས་གཟབ་མ་གནང་ན། ནམ་ཞིག་ང་ཚོའི་མིག་མདུན་དུ་སྣང་བ་ནི་ཡིག་ནོར་དང་། སེམས་ངོགས་སུ་འཆར་བ་ནི་དོན་ལོག་ནག་ནོག་གི་རི་མོ་འབའ་ཞིག་ཏུ་འགྱུར་སྲིད། །

    Reply
  14. འབྲོག་ཁྱི། says:
    ལོ་ 14 སྔོན།

    ད་ལྟའི་ཆར་བོད་ནང་གིས་བོད་པ་ཚོས་བོད་པའི་བླ་སྲོག་ངོ་མ་དེ་གཅེས་སྤྲས་བྱེད་སྟང་ལ་ང་ཚོ་བཙན་འབྱོར་བ་ཚོས་མིག་དཔེ་བལྟ་ནས་མི་རེ་ངོ་རེས་བོད་ཀྱི་བླ་སྲོག་ངོ་མའམ་ང་ཚོའི་སྐད་ཡིག་ལ་གཅེས་སྤྲས་བྱེད་དགོས་ཀྱིས་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist