མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོད་ཟེར་གྱི་དཔེ་དེབ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ང་རང་གིས་དཔེ་དེབ་འདི་ལྟ་བུ་ཞིག་དཔར་སྐྲུན་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། མི་རབས་རྗེས་མ་དག་གིས་རིག་གནས་གསར་བརྗེ་ཡི་ནག་ཉེས་ཤེས་རྟོགས་ཡོང་ཆེད་དང༌། གསབ་དཀའ་བའི་གོད་ཆག་དེ་དག་མི་རབས་གསར་བ་ཚོས་མི་བརྗེད་པ་བྱ་ཆེད་ཡིན་ཟེར།

 

སྤྱི་ནོར་༧གོང་ས་མཆོག་གིས་ནོ་སྤེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་ཐེངས་ ༢༠ བ་དང་བསྟུན་ཏེ། གངས་ལྗོངས་སྐྱེས་མའི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རྒྱ་ཡིག་ནང་བརྩམས་གནང་མཛད་པའི་༼གསར་བརྗེ༽ཞེས་པ་དེ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་བོད་སྒྱུར་བྱས་ཡོད་པ་དེ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དབུ་འབྱེད་གནང་ཞིང་། བོད་གཞུང་འགྲེམས་སྟོན་ཁང་དུ་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་མཆོག་དང་དཔེ་དེབ་བོད་སྒྱུར་གནང་མཁན་སྒྲོལ་དཀར་ལགས། དཔེ་དེབ་ལ་སྦྱིན་བདག་གནང་མཁན་ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་བཅས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཡོད་ལ། སྐབས་དེར་རྩོམ་པ་པོ་འོད་ཟེར་ལགས་ཀྱང་རྒྱ་ནག་གི་རྒྱལ་ས་པེ་ཅིན་ནས་དྲ་ལམ་ skype  བརྒྱུད་མཉམ་ཞུགས་གནང་ཡོད།

 

སྐབས་དེར་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་དྲ་ལམ་བརྒྱུད་བརྗོད་དོན། ཐོག་མར་ངས་དེ་རིང་འདིར་མཉམ་ཞུགས་གནང་བའི་བོད་མི་ཚང་མར་བཀྲ་ཤིས་བདེ་ལེགས་ཀྱི་མཚམས་འདྲི་དང༌། ང་ལ་འདི་འདྲའི་གོ་སྐབས་ཤིག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ། ནོར་ཝེ་བོད་དོན་ཚོགས་པ་དང་སྒྲོལ་དཀར་ལགས་ལ་དམིགས་བསལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ངའི་དེབ་འདི་རྒྱ་ཡིག་དང་ཉི་ཧོང་ཡི་གེ་ཐོག་སྒྱུར་ཟིན་ལ། མ་འོངས་དབྱིན་ཡིག་ཐོག་ཕབ་སྒྱུར་བྱ་རྒྱུའི་གྲ་སྒྲིག་ཡོད། ཐེངས་འདིར་བོད་ཡིག་ཐོག་བསྒྱུར་བ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་གིན་ཡོད། གང་ཡིན་ཅེ་ན། དེབ་དེ་བོད་ནང་དངོས་སུ་བྱུང་ཟིན་པའི་རིག་གནས་གསར་བརྗེ་སྐབས་ཀྱི་དངོས་བྱུང་གི་ལོ་རྒྱུས་ཞིག་ཡིན་པ་མ་ཟད། རྒྱ་མི་མང་པོ་ཞིག་གིས་བོད་ཀྱི་རིག་གནས་གསར་བརྗེ་དེར་སྣང་ཆུང་བྱས་ཏེ། རིག་གནས་ལ་གཏོར་བཤིག་དེ་ཙམ་བཏང་མེད་པའི་སྐོར་རྗོད་ཀྱིན་ཡོད་པ་དེ་དག་ལ་ར་བདེན་པ་ར་སྤྲོད་བྱས་པ་ཡིན། ཞེས་དང་།

 

 ཁོ་མོས་མུ་མཐུད་དོན། རྒྱ་ཡིག་ནང་རིག་གནས་གསར་བརྗེའི་སྐོར་གྱི་ཡིག་ཆ་མང་པོ་ཞིག་ཡོད་ཀྱང༌། བོད་ཡིག་ནང་ད་བར་ཧ་ཅང་མཐོང་དཀོན་པོ་ཡིན་སྟབས། ང་རང་གིས་ ༢༠༠༠ ལོ་ནས་རིག་གནས་གསར་བརྗེ་སྐབས་ཀྱི་རྒན་རབས་པ་ ༧༠ ལྷག་ལ་བཅར་འདྲི་བྱས་ཏེ་བྲིས་པ་ཡིན། དཔེ་དེབ་འདི་ལྟ་བུ་ཞིག་དཔར་སྐྲུན་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། མི་རབས་རྗེས་མ་དག་གིས་རིག་གནས་གསར་བརྗེ་ཡི་ནག་ཉེས་ཤེས་རྟོགས་ཡོང་ཆེད་དང༌། གསབ་དཀའ་བའི་གོད་ཆག་དེ་དག་མི་རབས་གསར་བ་ཚོས་མི་བརྗེད་པ་བྱ་ཆེད་ཡིན། མ་འོངས་བོད་ཆོལ་ཁ་གསུམ་གྱི་རིག་གནས་གསར་བརྗེའི་སྐོར་གྱི་དེབ་ཞིག་དཔར་སྐྲུན་བྱ་ཐུབ་ན་ཡག་པོ་འདུག ཅེས་བརྗོད་བྱུང།

 

ཡང་། ནོར་ཝེ་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་ནས་གཏམ་བཤད་སྤེལ་དོན། འོད་ཟེར་ལགས་ཀྱི་ཨ་ཕས་རིག་གནས་གསར་བརྗེའི་སྐབས་ཀྱི་པར་རིས་མང་པོ་ཞིག་ཉར་ཚགས་བྱས་ཡོད་སྟབས། པར་རིས་དེ་དག་གཙོ་བྱས་པའི་༼ གསར་བརྗེ ༽ཞེས་པའི་དཔེ་དེབ་འདི་ ༢༠༠༦ ལོར་རྒྱ་ཡིག་གི་ལམ་ནས་ཐེ་ཝན་ནང་པར་འགྲེམ་བྱས་འདུག ངས་རྒྱ་ཡིག་མི་ཤེས་ཀྱང་ཁོ་མོའི་དེབ་ནང་གི་པར་རིས་དེ་དག་མཐོང་རྗེས། མི་རབས་རྗེས་མ་དག་གིས་ལོ་རྒྱུས་ཀྱི་དེབ་ཕྲེང་ཞིག་ལ་ངོས་འཛིན་བྱ་འོས་པ་ཞིག་རེད་སྙམ་བྱུང་། དེ་ནས་རྩོམ་པ་པོ་འོད་ཟེར་ལགས་དང་འབྲེལ་བ་བྱུང་སྐབས། ཁོ་མོས་དེབ་འདི་བོད་སྒྱུར་བྱ་རྒྱུར་མོས་མཐུན་བྱས་ཏེ། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་ཀྱིས་ལོ་ ༢ རིང་ལས་ཞོར་གྱི་དུས་ཚོད་བེད་སྤྱད་དེ། འབད་པ་བྱས་མཐར་ལེགས་འགྲུབ་བྱུང་བ་རཻད། ཅེས་དང༌། སྦྱིར་ང་ཚོས་དེབ་དེ་རིན་མེད་ཐོག་འགྲེམས་སྤེལ་བྱེད་ཀྱིན་ཡོད། ཡིན་ནའང༌། གཙོ་བོ་དམིགས་ས་དེ་སློབ་གྲྭ་དང་དགོན་སྡེ་ཁག དཔེ་མཛོད་ཁག ཉམས་ཞིབ་པ་བཅས་སུ་རིན་མེད་ཐོག་བཀྲམ་རྒྱུ་ཡིན་ལ། ཐེངས་འདིར་དཔེ་དེབ་ ༢༠༠༠ ལས་པར་སྐྲུན་བྱས་མེད་ཀྱང༌། མ་འོངས་པ་དེབ་འདི་དགོས་མཁོ་ཆེ་བ་ཞིག་ཏུ་མཐོང་ཚེ་དཔར་སྐྲུན་ཐེངས་གཉིས་པ་བྱ་ཆོག་གི་རེད། ཅེས་བརྗོད་བྱུང། 

 

སྐབས་དེར་འདི་གའི་གསར་འགོད་པས་དེབ་དེ་བོད་བསྒྱུར་བྱེད་མཁན་སྒྲོལ་དཀར་ལགས་སུ་བཅར་འདྲི་ཞུས་པར་ཁོ་མོས་བརྗོད་དོན། རིག་གནས་གསར་བརྗེ་དེ་ ༡༩༦༦ ལོ་ནས་ ༡༩༧༦ ལོའི་བར་གྱི་མི་ལོ་ ༡༠ རིང་རྒྱ་ནག་རྒྱལ་ཡོངས་ནང་བྱུང་བ་ཞིག་ཡིན་ཡང་། སྐབས་དེར་བོད་མི་རིགས་ལ་མི་རིགས་གཞན་དང་མ་འདྲ་བའི་གོད་ཆག་བྱུང་བའི་དཔང་རྟགས་གསལ་བོ་ཞིག་ཆགས་ཡོད། དེབ་འདིར་བོད་ཀྱི་རྒྱལ་ས་ལྷ་སར་རིག་གནས་གསར་བརྗེའི་སྐབས་དགོན་སྡེ་ལྷ་ཁང་གཏོར་བཤིག་བྱས་པ་ཙམ་དུ་མ་ཟད། བོད་མིའི་ལུས་ཁམས་ལ་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་པར་རིས་དང་བཅས་ཡོད་སྟབས། དེ་སྔོན་གྱི་དཔེ་དེབ་དག་དང་མི་འདྲ་བའི་ཁྱད་ཆོས་ཡོད་ལ། སྟོང་ཆ་ཆེན་པོ་ཞིག་ལ་ཁ་གསབ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ང་རང་ལ་མཚོན་ན། རིག་གནས་གསར་བརྗེའི་སྐབས་ཀྱི་འཚོ་བ་དངོས་སུ་མྱོང་མེད་ཀྱང་། དེབ་འདི་བོད་སྒྱུར་གྱི་གོ་རིམ་ཁྲོད། དེ་ལྟ་བུའི་གོད་ཆག་དང་གཏོར་བཤིག་ལ་སྨྲ་མི་ཤེས་པའི་ཚོར་བ་ཞིག་དང་། འདས་པའི་མི་ལོ་སྟོང་ཕྲག་རིང་གི་སྐུ་གསུང་ཐུགས་རྟེན་དེ་དག་ལ་ཕངས་སེམས་སྐྱེ་འོང་གིན་འདུག བོད་སྒྱུར་སྐབས་མང་ཚིག་མང་པོ་ཞིག་སྐབས་དེའི་གནས་སྟངས་དངོས་སུ་མྱོང་མཁན་ཞིག་གིས་མ་གཏོགས་གོ་མི་ཐུབ་པ་དེ་འདྲ་ཡིན་དུས་དཀའ་ངལ་གང་འཚམ་འཕྲད་སོང༌། ཞེས་བརྗོད་བྱུང༌།

 

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ༢༠༢༥།༥།༡༣  སྲིད་སྐྱོང་མཆོག་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གནད་ཡོད་མི་སྣ་ཁག་ཅིག་དང་ཐུག་འཕྲད་གནང་།

ཆུ་ཚོད་ ༢ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩

མཆན། 42

  1. konchok dhondup says:
    ལོ་ 15 སྔོན།

    དྲྭ་གྲོགས་ཅོ་རི་ཉི་མ་འམ་རྐུན་མ་ཉི་མ་ལགས། ཁྱོད་རང་ཆང་གིས་བཟི་ནའང་རྣམ་དཔྱོད་ནི་ཚད་ལས་འདས་པ་ཞིག་རེད་འདུག གལ་སྲིད་ཁྱོད་རང་ཆང་གིས་མ་བཟི་ན། འཇིག་རྟེན་འདི་ཁྱོད་ལ་འགྲན་ཐུབ་པའི་མི་བུ་ཞིག་ག་ལ་ཡོད། བདག་ནི་ཕྲག་དོག་གི་དུག་ཆུས་བཟི་སྟེ་དུག་ལྕེ་རིང་པོ་ཁྱོད་ཕྱོགས་ལ་ཅུང་
    ཞིག་རྐྱང་པར་ཐལ་སོང་བས་དགོངས་ཚོམ་མེད་པ་མཁྱེན། སླད་མར་རིག་པའི་འགྲོ་སྟངས་ཀྱི་ཐད་སློབ་སྟོན་གང་མང་གནང་རོགས། ཧཧཧཧཧཧཧཧ

    མི་རྣམས་ཕལ་ཆེར་ནུབ་ཕྱོགས་ཡུལ་ལ་འགའ།།
    གཏམ་རྣམས་ཕལ་ཆེར་འདོད་པའི་ཕྱོགས་སུ་གླེང་།།
    བདེན་པའི་ཟླ་བ་ནུབ་པའི་ཡུལ་གྲུ་འདིར།།
    ཅོ་རི་ཉི་མ་སླར་ཡང་ཤར་རིར་འཕགས།།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཧཧཧཧཧཧཧ་ཁྱོད་ཀྱིས་བེ་རིའི་མིང་ལ་རྩོད་པ་རྒྱག་འདོད་བྱེད་པ་དེ་དངོས་གནས་ཡ་མཚན་ཞིག་དང་ཧ་གོ་ཡང་མི་གོ་མདོག་མདོག་བྱས་དེ་ང་ཅོ་རི་ཆང་གིས་བཟི་ལེ་རེད་ཏེ་རྒྱུག་ཁྱི་ཁྱོད་ཕྲག་དོག་གིས་བཟི་ལེ་རེད་དམ།

    རིག་ལམ་མེད་པའི་མི་ཁྱོད་ལ་སྐད་ཆ་བཤད་རྒྱུ་དཀའ་ལས་ཁ་པོ་འདུག་ད་ཧཧཧཧཧ

    Reply
  3. konchok dhondup says:
    ལོ་ 15 སྔོན།

    དྲྭ་གྲོགས་ཉི་མ་ལགས། ཁྱོད་ཀྱིས་གཡག་ཞ་རས་རྩ་ཟ་པ་དང་། སེམས་རང་བཞིན་དུ་མི་གནས་པ་ལྟ་བུ་ག་རེ་བཤད་ཀྱིན་ཡོད། ཁྱོད་རང་གིས་གོང་དུ་ག་རེ་བྲིས་མིན་ཁྱེད་རང་གིས་དྲན་གྱི་མི་འདུག་པས། ཁྱོད་ག་དུས་ཡིན་ནའང་ཨ་རས་གཟུ་པའམ་སྨྱོན་སྨན་ཟ་ནས་བསྡད་བ་ནི་ཡིན་གྱི་མ་རེད། ཁྱོད་ཀྱིས་གོང་དུ་ << ཁྱོད་ཀྱིས་བེ་རི་འགྱུར་མེད་དབང་རྒྱལ་སྤྱི་འཐུས་མ་རེད་ཟེར་དང་ང་ཕྱི་རྒྱལ་རྨོ་རྨོ་ཞིག་གི་ཁྱོ་ག་རེད་ཟེར་བ་དེ་ཚོ་ནི་ཁྱོད་རང་ལ་སྙིང་ནད་ཕོག་རེད་མ་གཏོགས་དོན་དངོས་ཐོག་མཐོང་ཡ་ཡོད་པ་ཞིག་རེད། ཡིན་ཡང་ཁྱོད་ཞ་ར་ཞིག་གིས་ག་ན་མཐོང་ཐུབ་ཁག་མེད།ཧཧཧཧཧཧཧ >> ཅེས་དང་། ཡང་ << དོན་དངོས་དང་མཐུན་པ་ནི་འོད་ཟེར་ཞེས་པའི་རྒྱ་སྤྲང་གི་སྐྱེ་དམན་དེས་བོད་ཡིག་མི་ཤེས་པ་དང་གཅིག ཕ་བཅོས་གྲོལ་དམག་མི་ཡིན་པ་དང་གཉིས། ཁྱོ་ག་རྒྱ་སྤྲང་ཡིན་པ་དང་གསུམ། >> རེད་ཅེས་བྲིས་འདུག་པ་གཉིས་འབྲེལ་བ་ག་རེ་འདུག ཁྱོད་ཀྱིས་སེམས་རང་གནས་སུ་བཞག་ནས་བསམ་བློ་ཡག་པོ་ཞིག་གཏོང་རོགས། གལ་ཏེ་བསམ་བློ་ཡག་པོ་ཞིག་འཁོར་སོང་ན། གཞི་ནས་མུ་མཐུད་དེ་ལན་སྐྱོན་རོགས། ཡང་གཤམ་དུ་ཁྱོད་ཀྱིས་<< ང་ཅོ་རི་བོད་ཡིག་སྐྱོ་དྲག་ནས་ཤེས་མ་སོང་དྲ་གྲོགས་ཚོ་ཤེས་མཁན་འདྲ་ཡོད་ན་འགྲེལ་བཤད་ཤིག་གནང་རོགས་ཞུ། >> བྲིས་འདུག་པ་དེ་དངོས་ནས་བདེན་པ་རང་རེད། ནོར་འཁྲུལ་ངོས་ལེན་བྱས་ན། སྲིད་ཇུས་གུ་ཡང་གཏང་ཆོག་གི་རེད། ཡིན་ཡང་ཤེས་མཁན་གྱི་འགྲེལ་བཤད་རྒྱག་སྐབས། ཁྱོད་ཀྱིས་ཉན་འཇོག་མ་བྱས་པ་རྐྱེན་བརྗོད་དང་འགྲན་སེམས་རྐྱང་མ་གཏོགས་བྱེད་ཡ་མེད་པ་ཀུན་གྱི་མཁྱེན་གསལ་ལྟ་རེད། ཁ་སྙན་པོ་བཤད་ཀྱི་བཞག་ན་དགའ་ཡི་རེད། ཡང་<< བེ་རིའི་མིང་གི་རྩོད་པ་མི་བྱེད >>ཅེས་བྲིས་པ་ཏེ་ཁྱོད་ཡག་དྲག་ནས་རྩོད་པ་མ་རྒྱག་པ་མིན་པ་ཁྱོད་ལ་རྩོད་པའི་གཞི་མེད་པའི་རྒྱུ་མཚན་གྱི་ཡིན་པ་ངས་ཤེས་ཀྱིན་ཡོད། ཡང་ཁྱོད་ཀྱིས་<<འབྲས་སྤུངས་བློ་གསལ་གླིང་གིས་གྲྭ་མང་ལ་བེ་རིའི་མིང་དྲིས་རོགས>> ཤིང་བྲིས་འདུག་པ། ངས་ལྟས་ན་བློ་གསལ་གླིང་གི་གྲྭ་མང་ལ་འདྲི་དགོས་ཡ་མི་འདུག གྲྭ་ཟུར་དེ་འདྲ་ལ་དྲིས་ནའང་ཤེས་ཀྱི་རེད་དྲན་གྱི་འདུག རེད། མ་རེད། ཧཧཧཧཧཧཧཧཧཧ

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཅོག་རི་ཉི་མ་ཁྱོད་ཀྱིས་དབང་ཁྱོད་དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་སོགས་མི་ཤེས་མཁན་ཞིག་མིན་པའི་ཡིད་ཆེས་ཡོད། ངས་རེ་བ་ལ་ཆོས་ཀྱི་རྗེས་འབྲངས་ཀྱི་དོན་ལ་དཔྱད་ཞིབ་ཡག་པོ་གནང་རོགས། ཞེས་ཁྱོད་ཀྱིས་བྲིས་པ་དེ་ནི་ངས་དོན་དག་གོ་མ་སོང།
    ཁྱོད་ཀྱིས་དབང་ཁྱོད་་དབང་རྟུལ་དད་པའི་རྗེས་འབྲངས་དང་།་ཞེས་པ་འདི་དངོས་གནས་ང་ཅོ་རི་བོད་ཡིག་སྐྱོ་དྲག་ནས་ཤེས་མ་སོང་དྲ་གྲོགས་ཚོ་ཤེས་མཁན་འདྲ་ཡོད་ན་འགྲེལ་བཤད་ཤིག་གནང་རོགས་ཞུ། དངོས་གནས་ཁྱོད་སྙིང་རྗེ་ཚིག་ལ་ལྟ་ས་མེད་དོན་ལ་ལྟ་ས་མེད་དུས་བབ་དྲ་ཐོག་ཡོང་ཕོད་ངོ་ཚ་མེད་རང་རེད་ཧཧཧཧཧ

    Reply
  5. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འབྲས་སྤུངས་བློ་གསལ་གླིང་གིས་གྲྭ་མང་ལ་བེ་རིའི་མིང་དྲིས་རོགས

    Reply
  6. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨེ་ཤ་ཀླན་ལགས།
    དོན་དངོས་དང་མཐུན་པ་ནི་འོད་ཟེར་ཞེས་པའི་རྒྱ་སྤྲང་གི་སྐྱེ་དམན་དེས་བོད་ཡིག་མི་ཤེས་པ་དང་གཅིག
    ཕ་བཅོས་གྲོལ་དམག་མི་ཡིན་པ་དང་གཉིས།
    ཁྱོ་ག་རྒྱ་སྤྲང་ཡིན་པ་དང་གསུམ།

    དེ་ཚོ་དོན་དངོས་དང་མཐུན་མ་སོང་ངམ།
    བེ་རིའི་མིང་གི་རྩོད་པ་མི་བྱེད

    Reply
  7. konchok dhondup says:
    ལོ་ 15 སྔོན།

    དྲྭ་གྲོགས་ཉི་མ་ལགས། སྐུ་ཁམས་བཟང་། ཐོག་མ་ངས་རེ་སྐུལ་ཞུ་ཡ་ཞིག་ལ། གོང་དུ་ངས་ཁྱོད་ལ་འགག་ལན་བྱས་པ་དེ་ཚོ། ང་ཚོས་དཔུང་སྒྲིག་བྱས་པ་ཞིག་མིན་པ་དོན་དངོས་དང་མཐུན་པའི་གནས་ལུགས་གསལ་བཤད་བྱས་པ་ཞིག་ཡིན་པ་ཤེས་པ་བྱེད་རོགས།
    སླར་ཡང་དེ་རིང་ཅོག་རི་ཉི་མ་ཁྱོད་ལ་གསལ་བཤད་ཞུ་རྒྱུར། གོང་དུ་ཁྱོད་ཀྱིས་<< བེ་རི་འགྱུར་མེད་དབང་རྒྱལ་སྤྱི་འཐུས་མ་རེད་ཟེར་དང་། ང་ཕྱི་རྒྱལ་ རྨོ་རྨོ་ཞིག་གི་ཁྱོ་ག་རེད་ཟེར་བ་དེ་ཚོ་ནི་ཁྱོད་རང་ལ་སྙིང་ནད་ཕོག་རེད་མ་ གཏོགས་དོན་དངོས་ཐོག་མཐོང་ཡ་ཡོད་པ་ཞིག་རེད། >> ཅེས་བྲིས་འདུག་པ་ཕྱི་མ་དེ་བདེན་ཀྱང་། དགེ་ལུགས་སྤྱི་འཐུས་བེ་རི་འགྱུར་མེད་དབང་རྒྱལ་ཟེར་བ་ཞིག་དོན་དངོས་ཐོག་མཐོང་ཡ་ག་པ་འདུག དེ་ཁྱོད་དངོས་སྟོབས་རིག་པའི་རྗེས་སུ་འབྲངས་བའི་དབང་རྣོན་ཞིག་ཡིན་པའི་རྟགས་རེད་པས། དེ་ཁྱོད་ལ་མིག་ཡོད་པ་དང་དམ་པ་ངོ་ཤེས་པའི་རྟགས་རེད་པས། བོད་མི་དམངས་སྐབས་ ༡༤ པའི་དགེ་ལུགས་སྤྱི་འཐུས་གཉིས་ཡོད་པ་ནི། སེར་བྱེས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱལ་ལགས་དང་། འབྲས་བློ་གླིང་དགེ་བཤེས་བེ་རི་འཇིགས་དབང་རྒྱལ་ལགས་རྣམ་གཉིས་རེད། ད་བར་སྤྱི་འཐུས་ལྷན་ཚོགས་སོགས་བོད་མི་ཡོད་དོ་ཅོག་ནས་དགེ་ལུགས་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ་ཞེས་བྲིས་པ་དེར། ནོར་བ་དང་། ཁྱོད་ཀྱིས་འགྱུར་མེད་དབང་རྒྱལ་ཞེས་བྲིས་འདུག་པ་དེ་དོན་དངོས་དང་མཐུན་པ་རེད་དམ། ཅོག་རི་ཉི་མ་ཁྱོད་ཀྱིས་དབང་ཁྱོད་དབང་རྟུལ་དད་པའི་རྗེས་འབྲངས་དང་། དབང་རྣོན་ཆོས་ཀྱི་རྗེས་འབྲངས་སོགས་མི་ཤེས་མཁན་ཞིག་མིན་པའི་ཡིད་ཆེས་ཡོད། ངས་རེ་བ་ལ་ཆོས་ཀྱི་རྗེས་འབྲངས་ཀྱི་དོན་ལ་དཔྱད་ཞིབ་ཡག་པོ་གནང་རོགས།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཤ་ཀླན་ཁྱོད་སྙིང་རྗེ་ཕྲག་དོག་གིས་སྨྱོ་པ་ཆགས་འདུག

    Reply
  9. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ད་དུང་དྲ་ཐོག་པ་ཉམ་ཆུང་ལགས་ཁྱེད་ལ་ཚིག་གསུམ་ལས་འབྲི་ཡ་མེད་ཡང་རྒྱ་ནག་གི་རྒྱུག་ཁྱིའི་ཕྱོགས་སུ་ལང་ནས་བྲིས་པ་དེར་དངོས་གནས་རྙིང་རྗེ་ཁྱེད་ཉམ་ཆུང་རང་རེད་ཤག

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོ་རྒྱུག་ཁྱི་ཞ་ར་ཁྱོད་ཀྱིས་ད་ཤེས་སོང་ངམ། རོ་ཁྱོད་འདྲ་པོ་སྙིང་རྗེ།
    ང་ཅོ་རིས་མ་ཤེས་ན་མདོག་དང་མ་རིག་ན་རིག་མདོག་བྱེད་པའི་བུ་ཞིག་མིན་དངོས་སྟོབས་རིག་པའི་རྗེས་སུ་འབྲངས་བའི་མི་བུ་དབང་རྣོན་ཞིག་ཡིན་མ་གཏོགས་མིག་ཡོད་ཀྱང་དམ་པ་ངོ་མི་ཤེས་པའི་རྒྱུག་ཁྱི་ཁྱོད་ལྟ་བུ་ཞིག་མིན་ད་ཧཧཧཧཧཧ

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོ་ཞ་ར་འདི་ཡག་པོ་ཀློག་ནས་དེ་ནས་སྐད་ཆ་འདྲ་བཤད་རྒྱུ་ཡོད་ན་ཤོག

    ༡༽ ཁ་ཕྱོགས་མེད་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༡ གི་ཆུ་ཚོད་ ༤ སྐར་མ་ ༣༨
    ཁ་ནས་བླ་མ་དྲན་པའི་བསྟོད་དབྱངས་གྱེར།།
    ཁོག་ནས་བླ་མའི་དགོངས་པ་ཤེས་བཞིན་དཀྲིགས།།
    ཉིན་མོའི་ལྷ་དང་མཚན་མོའི་འདྲེ་ཁྱོད་ཀྱི།།
    དགེ་ལུགས་སྤྱི་འཐུས་མིང་སྟེ་བོར་ན་འཚམ།།

    ༢༽ རི་བོང་བློ་ལྡན་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༡ གི་ཆུ་ཚོད་ ༥ སྐར་མ་ ༥༠
    སྤྱི་འཐུས་ (ཕ་རོ་ཟ་མཁན་དེ་ཚོ) ཟེར་བའི་མིང་འདི་གོ་ཡོང་དུས་སྙིང་ན་གི་འདུག་གོ།

    ༣༽ chime in italy ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༡ གི་ཆུ་ཚོད་ ༨ སྐར་མ་ ༥༦
    this peom is very nice. thank you very much.

    ༤༽ ཁ་ཕྱོགས་མེད་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༡ གི་ཆུ་ཚོད་ ༩ སྐར་མ་ ༤༩
    དཀྲུག

    ༥༽ འཇང་གཡུ་ལྷ་ཐོག་འགྱུར་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༡ གི་ཆུ་ཚོད་ ༡༦ སྐར་མ་ ༤༠
    ཆ་ལུགས་ཆོས་པའི་ཟོལ་གྱིས་བླ་མ་བསྟོད།། ཁོག་ལ་རྒྱ་མིའི་གདོན་འདྲེ་དངོས་སུ་ཞུགས།། ནང་ཁུལ་དཀྲུག་པའི་སྤྱི་མཐུས་དེ་འདྲ་བ།། དགེ་ལུགས་སྐུ་ཚབ་ཟེར་བའི་མིང་འདི་དོར།།

    ༦༽ འཇང་གཡུ་ལྷ་ཐོགས་འགྱུར་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༢ གི་ཆུ་ཚོད་ ༠ སྐར་མ་ ༡༨
    རྒྱབ་སེར་སྤྱང་ཁུ་འདྲ་བའི་སྤྱི་མཐུས་དེ་ཚོ་མཐོང་འོང་དུས་་་་་་ ཨ་ཧ་་་ཧ་་་་

    ༧༽ བསམ་ཤེས་ནས།
    སྤྱི་ལོ་ ༢༠༠༩ ཟླ་ ༡༢ ཚེས་ ༡༢ གི་ཆུ་ཚོད་ ༡༧ སྐར་མ་ ༠༧
    གྲོགས་ཟུར་བ་བེ་རི་ལ་སྤྲིངས་པ།

    བེ་རིག་ལགས། སྔོན་མ་ཁྱེད་རང་ལ་གུས་ཞབས་ཡོད།
    ཆོས་ལུགས་རིས་མེད་དང་ཆོལ་ཁའི་རིས་མེད་སྐྱེས་ཆེན་ཁྱེད་བསམས་མྱོང་།
    ཁ་སང་སྤྱི་འཐུས་ནང་ཁམས་པའི་ལ་རྒྱ་ཁ་ལ་འཁྱེར་ནས།
    དོན་ལ་བོད་ཀྱི་གོང་བུ་གཏོར་དུས།
    དུག་ནད་ཕོག་པའི་དགྲ་གཡོག་ཁྱོད་བསམས་བྱུང་།
    འཁོན་ནད་ཤོར་བའི་ལོང་བ་ཁྱོད་བསམས་བྱུང་།

    སྔོན་མ་ངེད་གཉིས་མན་ཇུ་ཀྲི་ལར་ཐུག་དུས།
    གཟུ་བོར་གནས་པའི་དཔའ་བོ་ཁྱེད་བསམས་མྱོང་།
    རྣམ་དཔྱོད་ལེགས་པའི་དཔེ་ཆ་བ་ཁྱེད་བསམས་མྱོང་།

    ད་ལྟ་ཆབ་སྲིད་ཀྱི་དུག་གིས་གཟི་ནས།
    རང་གི་སྤུན་ཟླ་གསོད་མཁན་ལག་དམར་ཁྱོད་མཐོང་དུས།
    རང་གི་བླ་མའི་དགོངས་དཀྲུག་ལྟས་སྐྱེས་ཁྱོད་བསམ་བཞིན་འདུག

    རྒྱལ་བ་རིན་པོ་ཆེ་སྙིང་ལ་ན་ཚ་ག་ཚོད་བཏང་མེད་དམ། ཁ་སྔོན་ཁྱེད་ཀྱིས་ཆོལ་ཁའི་དམག་འཁྲུག་སློང་དུས།

    རྒྱལ་བ་རིན་པོ་ཆེ་སེམས་ལ་གཟུག་ག་ཚོད་བརྒྱབ་མེད་དམ། ཁྱོད་ལྟ་བུའི་བྱམས་བརྩེས་སྐྱོང་བའི་བོད་ཕྲུག་ཞིག་གིས་བོད་ཀྱི་གོང་བུ་སྟོར་དུས།

    རྒྱ་ནག་གི་ཀྲུ་རུན་ཆུན་ག་ཚོད་དགའ་མེད་དམ། ཁྱེད་ཀྱིས་རྒྱལ་བ་རིན་པོ་ཆེའི་དབུ་ལ་རྒྱོབ་དུས།
    མནར་གཅོད་འོག་ལ་ཡོད་པའི་བོད་པའི་སྤུན་ཟླ་རྣམས་ག་ཚོད་ཕམ་ཡོད་དམ་ཁྱེད་ཀྱིས་གྲི་རང་གི་སྤུན་ལ་རྒྱོབ་དུས།

    བེ་རི་ལགས། འདྲེ་རི་ལགས། འཇག་རི་ལགས། སཀཡ་ར་ཨི་ལ་་་་་་

    Reply
  12. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    konchok dhondupལགས་རིག་གནས་གསར་བརྗེ་སྐགས་སུ་རྒྱ་ནག་གི་རྒྱུག་ཁྱི་ཁྱོད་ཚོས་དཔང་སྒྲིག་བྱས་ནས་བོད་ཀྱི་བླ་སྤྲུལ་དང་ས་བདག་རྣམས་ལ་འཐབ་རྩོད་དང་དགོན་པ་རྩ་གཏོར་བྱས་པའི་དུས་ཞིག་ཤར་ཡོད་ཀྱང་དེང་སང་ཁྱོད་ཚོ་མི་ངན་དཔང་སྒྲིག་བྱས་ནས་ཧམ་པ་བྱས་་ས་ཡོད་ནི་མརེད།
    ཁྱོད་ཀྱིས་བེ་རི་འགྱུར་མེད་དབང་རྒྱལ་སྤྱི་འཐུས་མ་རེད་ཟེར་དང་ང་ཕྱི་རྒྱལ་རྨོ་རྨོ་ཞིག་གི་ཁྱོ་ག་རེད་ཟེར་བ་དེ་ཚོ་ནི་ཁྱོད་རང་ལ་སྙིང་ནད་ཕོག་རེད་མ་གཏོགས་དོན་དངོས་ཐོག་མཐོང་ཡ་ཡོད་པ་ཞིག་རེད།
    ཡིན་ཡང་ཁྱོད་ཞ་ར་ཞིག་གིས་ག་ན་མཐོང་ཐུབ་ཁག་མེད།ཧཧཧཧཧཧཧཧཧ

    Reply
  13. གཉོམ་ཆུང་། says:
    ལོ་ 15 སྔོན།

    དངོས་གནས་དྲང་གནས་ཡག་པོ་འདུག

    Reply
  14. konchok dhondup says:
    ལོ་ 15 སྔོན།

    དྲྭ་གྲོགས་ཉི་མ་ལགས། ཁྱོད་ཀྱིས་ཁ་རྒྱས་པ་མ་བཤད། རྒྱ་སྤྲང་ཞིག་གི་མནའ་མས་བྲིས་པའི་རྒྱ་ཡིག་རྩོམ་ཞིག་ལ་ཧ་སང་མདོག་བྱེད་རྒྱུ་མེད་ན། འོ་ན་ཕྱི་རྒྱ་བ་རྨོ་རྨོ་མགོ་སེར་ཞིག་གི་ཁྱོ་གས་བྲིས་པའི་ཟིན་བྲིས་ཁ་ཤས་དང་། བསམ་ཚུལ་འགའ་ཤས་ལ་དེ་ལས་ཧང་སང་འདོག་ག་རེ་བྱེད་རྒྱུ་འདུག གོང་དུ་ཁྱོད་ཀྱིས་དགེ་ལུགས་སྤྱི་འཐུས་བེ་རི་འགྱུར་མེད་དབང་རྒྱལ་ལ་དྲྭ་གྲོགས་འགས། ཁྱེད་འདྲེ་རེད་ཞེས་བྲིས་འདུག་ཟེར་བ་ཁྱོད་ཀྱིས་ག་ནས་མཐོང་བྱུང་། སྤྱི་འཐུས་བེ་རི་འགྱུར་མེད་དབང་རྒྱལ་ཟེར་བ་ག་པ་ཡོད་རེད།
    འཇིག་རྟེན་གྱི་ཁ་དཔེར། མི་མཐོང་དགུ་མཐོང་ཞ་རས་མཐོང་། མི་མཁྱེན་དགུ་མཁྱེན་ཨ་ནེ་མཁྱེན། ཟེར་བ་དེར་བདེན་དོན་ཞིག་ཡིན་པ་ངས་དེ་རིང་ཤེས་སོང་། བོད་མི་དམངས་སྤྱི་འཐུས་བེ་རི་འགྱུར་མེད་དབང་རྒྱལ་ཟེར་བ་ཁྱོད་གཅིག་པོས་འདེམས་སྐོས་བྱས་པ་ཞིག་ཡིན་རྒྱུ་རེད་མ་གཏོགས། ངེད་ཅག་བོད་མི་གཙང་མ་རྣམས་ཀྱིས་འོས་བླུགས་རྒྱུ་བྱུང་མ་སོང་།

    Reply
  15. konchok dhondup says:
    ལོ་ 15 སྔོན།

    དྲྭ་གྲོགས་རྣམ་པ་ཚོས། འོད་ཟེར་ལགས་ཀྱི་ Skype ཁ་བྱང་ཤེས་ཀྱི་ཡོད་དམ། གལ་ཏེ་ཤེས་མཁན་ཡོད་ཚེ་འདིར་འཁོད་རོགས། གང་ལ་ཟེར་ན་ངས་ཁོང་ལ་དྲྭ་དེའི་བརྒྱུད་བསྔགས་བརྗོད་དང་བཀྲིན་ཆེ་ཞེས་ཞུ་དགོས་ཀྱི་ཡོད། དྲྭ་གྲོགས་ཅོ་རི་ཉི་མ་ལགས་ཀྱི་སྣང་བ་མ་འགྲོ་ནའང་བྱེད་ཡ་གང་ཡང་ཡོད་མ་རེད། ཁྱོད་ཀྱིས་ཟིན་བྲིས་གང་ལ་ལྟས་ཀྱང་ཁྱོད་གྲྭ་ཟུར་རམ་གྲྭ་པ་མ་འཁྱོལ་པ་ཞིག་ཡིན་པ་ཐག་གི་ཆོད། དགོངས་དག

    Reply
  16. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོ་ཨ་ལ་ལ་ལགས།
    དབྱིན་ཇིའི་རྨོ་རྨོ་ཡི་སྤྱོད་པ་ཡོད་མཁན་ཞིག་འགོ་ལོག་དམར་ཆུའི་ནང་དུ་ལྕེབ་ཐལ་ཟེར། དགྲ་སྟོད་གཉེན་སྨད་མཐོང་དུས་གཟུགས་པོ་རླུང་གིས་འདར་འདར་འདར་རྒྱུ་མེད་པའི་མི་བུ་ཁྱེད་བྱང་ཆུབ་སེམས་དཔའ་སྙིང་ནད་ཅན་ཞིག་ཡིན་པར་འདྲ།

    Reply
  17. ཨ་ལ་ལ says:
    ལོ་ 15 སྔོན།

    ཁོ་རེ་ཅོ་རི་ཁྱོད་དབྱིན་ཇིའི་རྨོ་རྨོའི་སྤྱོད་པ་འགོས་ཡག་རེད་འདུག་ག གཟུགས་པོ་ཐམས་ཅད་རླུང་གིས་ཁེངས་ཏེ་མིག་གིས་ཅུང་ཞིག་མཐོང་བ་དང་རྣ་བས་ཅུང་ཟད་ཐོས་མ་ཐག་འདར་འདར་འདར་དུས་ནམ་ཡང་ལྷ་བབ་པ་ལྟ་བུ་ཞིག་འདུག་པ་རང་མ་འགྲིག་པ་ཡིན་ནམ་གཞན་མ་འགྲིག་པ་རེད། ཁྱེད་ལ་ཅ་ལག་གཅོག་རྒྱུའི་དཔལ་འབྱོར་ཡོད་མེད་མི་ཤེས་ཏེ། ད་ཅ་ལག་གཅོག་པའི་དུས་ལ་བབ་འདུག་ག གང་མཚམས་ཞིག་ནས་དེ་ཡིས་ཀྱང་འདོད་པ་མ་ཁེངས་པར་རང་ཉིད་ལྕེབ་དགོས་རྒྱུའི་དུས་ཤིག་མགྱོགས་པོར་ཤར་ས་རེད་འདུག་ག སྙིང་རྗེ་རང་སེམས་མནན་མ་ཐུབ་ན་དཀའ་ལས་དངོས་ནས་འདུག་ག

    Reply
  18. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རིག་གནས་གསར་བརྗེ་སྐབས་སུ་རྒྱ་མིའི་རྒྱུག་ཁྱི་ཡིན་པའི་སྤྲང་ཕྲུག་ཚོ་ཁ་ཁ་མ་སྡོད་ན་ང་ཅོ་རི་ས་བདག་པའི་བུ་ཞིག་གིས་རིག་གནས་གསར་བརྗེ་སྐགས་ཀྱི་མནར་གཅོད་དང་སྡུག་ངལ་མྱོང་བ་རྣམས་གཅིག་ནས་གཅིག་རེ་རེ་བཞིན་གསལ་འགྲེལ་བཤད་ན་བོད་མི་རིགས་ནང་ཁུལ་འགལ་ཟླ་ཡོང་དོགས་ཀྱི་ངས་བཤད་མི་དགོས་བསམ་ཀྱང་མི་ཕོད། དེའི་རྒྱུ་མཚན་ཤེས་པ་གྱིས།
    ང་ཅོ་རིས་རིག་གནས་གསར་བརྗེ་ཧ་མ་གོ་ནས་ལུས་པ་དང་འབྲི་མ་ཤེས་ནས་ལུས་པ་མ་རེད་ད།

    Reply
  19. གཉན་མདང་ཕོ་ཉ། says:
    ལོ་ 15 སྔོན།

    འོད་ཟེ་ལགས།
    བོད་མི་རིགས་ཀྱི་དོན་དུ་
    དགྲ་ཁར་ལངས་པའི་བུ་མོ་

    ཁྱེད་ནི་ཁྱེད་རང་གི་བཤད་པ་ལྟར་རང་རེད།
    ཁྱེད་རང་གི་ནུས་ཤུགས་ཡོད་ཚད་ཀྱིས་བཙན་འོག་གི་བོད་མི་རིགས་འདིའི་དཔང་པོ་ལངས་པ་དེ་རེད
    འུག་པ་ཐན་སྐད་རྒྱག་ཀྱིན་
    སྲིན་བྱས་ཧ་རྒོད་བྱས་ཀྱང་
    ཁྱེད་ནི་མི་རིགས་ཤིག་གི་
    མགྲིན་པ་དང་
    དུས་རབས་གཅིག་གི་དཔའ་བོ་ངོ་མ་སྟེ་
    མགོ་ནག་མིའི་བཀའ་དྲིན་ཞུ་དགོས་ས་

    ཁྱོད་སྔར་བཞིན་འབར་ནས
    ཁྱོད་ནམ་ཡང་གྲགས་པར་གྱུར་ཅིག་གུ།

    Reply
  20. འབྲོག་ཁྱི། says:
    ལོ་ 15 སྔོན།

    ཉི་མ་ལགས།
    ཁྱོད་ཀྱི་ང་ལ་གཏམ་དཔེ་ཞིག་དྲངས་འདུག་པ་དེ་ནི་དོན་དམ་དུ་ཁྱོད་ལ་ལྟག་ཆོད་འབའ་ཞིག་ཏུ་སོང་འདུག། མ་གཞི་ནས་ངའི་ལེགས་བཤད་རིན་ཆེན་དག་ཁྱོད་ཀྱི་བོང་རྣ་ལ་བླུག་ན་ཆུས་ཟོས་སུ་འགྲོ་བ་མ་ཟད་ངལ་བ་འབྲས་མེད་རེད་འདུག་པས་འདི་ནས་མཚམས་འཇོག་གི་ཡིན། ད་བདེ་མོ་བཞུགས།

    Reply
  21. ཨ་རུ་ར། says:
    ལོ་ 15 སྔོན།

    དེབ་དེ་རིན་མེད་ཐོག་སྤེལ་འཆར་ཡོད་ཚེ་དྲ་ཐོག་ཏུ་འདོན་སྤེལ་བྱེད་ཐུབ་ན་བོད་ཕྱི་ནང་གཉིས་སུ་ཡོད་པའི་བོད་མི་དང་བོད་ཡིག་ཤེས་མཁན་དག་གི་བལྟ་ཀློག་བྱེད་བདེ་བ་ཡོང་གི་རེད། དེ་འདྲའི་དགོངས་གཞི་ཡོད་དམ།

    Reply
  22. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འབྲོག་པའི་ཁྱི་ལགས་ཁ་བ་རི་པའི་གཏམ་དཔེར།
    ཅི་བཤད་མ་ལྟ་ཅི་ལས་ལྟོས། བཤད་པ་མི་བདེན་སྤྱོད་པ་ལྟོས། ཞེས་པའི་གཏམ་དཔེ་རྣམས་ཀྱི་དོན་གོ་ཐུབ་པ་གྱིས།

    Reply
  23. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འབྲོག་པའི་ཁྱི་ལགས་ཁྱེད་ནི་རྐུ་མ་དང་ཇག་པ་ངོ་མི་ཤེས་པའི་ཁྱི་འཁྱམ་ཞིག་ཡིན་པ་འདྲ། ཁྱེད་ཁྱི་ནི་ཁྱི་རང་རེད་དགྲ་གཉེན་ངོ་མི་པའི་སྤྲང་ཁྱི་ཁྱེད་ཝ་ཝ་མ་ཟེར་ལྭོ།

    Reply
  24. འབྲོག་ཁྱི། says:
    ལོ་ 15 སྔོན།

    ཁོ་ཅོ་རི་ཉི་མའི་མདོག་ཆག་དེ་གཅིག་གཟིགས་དང་ལེགས་ཉེས་ཀྱི་བློ་མིག་མ་ལྡན་པ་རང་རེད་ཁོ་ནི་ལོ་མང་རིང་གཞུང་ལུགས་ལ་སྦྱོང་པ་བྱེད་མཁན་ཞིག་ཡིན་ཚོད་འདུག་ཡིན་ན་ཡང་གཞུང་གི་ནང་ལ་ ༼ གང་ཟག་ལ་མ་བསྟོན་ཆོས་ལ་བསྟོན་ཚིག་ལ་མ་བསྟོན་དོན་ལ་བསྟོན་ ༽ ཅེས་པའི་གདམས་ངག་ཞིག་ཡོད་ཚོད་འདུག་སྟེ་དེ་ཙམ་ཞིག་ཁོས་ཐོས་མེད་པ་འདྲ།ངས་ནི་ཁོ་ཤ་ཚ་ཡི་འདུག། ཨ་ཨ་སྙིང་རྗེ །

    Reply
  25. ཐུབ་པ། says:
    ལོ་ 15 སྔོན།

    དེ ་རིང་ངས་འདི་ནས་བོད་པའི་བུད་མེད་གཉིས་ཀྱི་སེམས་ཤུགས་དང་ལྷག་བསམ་མཐོང་བས་སྨྲྲྲ་མི་ཤེས་པའི་དགའ་ཚོར་དང་སྤོ་པ་ཆེན་པོ་སྐྱེས་སོང་། སླད་ནས་ཡོང་རྒུན་འཁྱོངས་ཡོང་བའི་རེ་བ་དང་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད།

    Reply
  26. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བསྟོད་མི་རུང་བ་དེ་དགུང་དུ་བསྟོད། དགྲ་དམར་པོའི་སྐྱེ་དམན་དགུང་དུ་བསྟོད།
    སྨོད་མི་རུང་བ་དེ་འོག་ཏུ་སྨོད། རྗེ་དགེ་འདུན་ཆོས་འཕེལ་འོག་ཏུ་སྨོད།

    འདི་ཡག་རྟགས་མ་རེད་སྡུག་རྟགས་རེད། བོད་མི་རིགས་རིགས་རྒྱུད་སྟོང་རྟགས་རེད།
    འདི་དཔའ་རྟགས་མ་རེད་སྡར་རྟགས་རེད། དགྲ་དམར་པོ་འོག་ཏུ་འགྲོ་རྟགས་རེད།

    Reply
  27. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཡ་ཡ་དེང་སང་སེམས་ཕབ་དགོས་པ་ཞིག་ལ་བོད་མི་རིགས་ལ་ལྷག་བསམ་དུང་ལྟར་དཀར་བའི་མཁས་དབང་དགེ་འདུན་ཆོས་འཕེལ་ལ་དགག་པ་རྒྱག་ཁུལ་དང་དམའ་འབོད་བྱེད། རྒྱ་སྤྲང་ཞིག་གི་མནའ་མས་བྲིས་པའི་རྒྱ་ཡིག་རྩོམ་ཞིག་ལ་ཧ་སང་མདོག་ཡོན་ཏན་ཡོད་མདོག་བྱས་པ་འདིར་གཞི་ན་བོད་མི་རིགས་འདིར་ཡང་བསྐྱར་བལྟས་ངན་ཞིག་ཤར་བཞིན་འདུག།
    མ་ཟད་སྤྱི་འཐུས་བེ་རི་འགྱུར་མེད་དབང་རྒྱལ་ལ་དྲ་གྲོགས་འགའ་རེ་ཁྱེད་འདྲེ་རེད་ཞེས་ཁ་བརྡའི་དྲ་ཁང་ནང་དུ་དམའ་འབོད་བྱས་བཞིན་འདུག་གོ།
    མཁས་དབང་དགེ་ཆོས་དང་བེ་རི་འགྱུར་མེད་གཉིས་རྒྱ་སྤྲང་ཞིག་སྐྱེ་དམན་མེད་ལས་སྡུག་པ་དང་ཨེ་སྙམ།

    Reply
  28. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོ། མདའ་ཚན་ཚེ་རིང་ཞེས་། ངས་བལྟས་ན་ཁྱེད་ཡང་རིག་གནས་གསར་བརྗེ་སྐབས་སུ་རྒྱ་མི་རྒྱུག་ཁྱི་ཡིན་པའི་མི་ཚང་ཞིག་གི་བུ་ཞིག་ཡིན་པ་འདྲ། མ་རེད་དམ།

    Reply
  29. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    ཨ་རོ། མདའ་ཚན་ཚེ་རིང་ཞེས་པ། ཡིག་རིགས་སྣ་བཞི་དང་སྐད་རིགས་སྣ་དྲུག་ཤེས་ཙམ་ཡིན་ལགས།

    Reply
  30. མདའ་ཚན་ཚེ་རིང་། says:
    ལོ་ 15 སྔོན།

    ཁོ་རེ། ཅོ་རི་ཞེས་པ། ངའི་བལྟས་ན་ཁྱེད་ཀྱིས་རྒྱ་ཡིག་ཡིག་རྡོག་གཅིག་ཀྱང་ཤེས་ཀྱི་མེད་པ་འདྲ། མ་རེད་དམ།

    Reply
  31. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དེས་སང་བཙན་བྱོལ་སྤྱི་ཚོགས་ནང་དུ་དགྲ་བོ་དམར་པོའི་མཉམ་དུ་ཆང་ས་རྒྱག་མཁན་དང་དགྲ་བོའི་སྐད་ཡིག་ནང་དུ་རྩོམ་འདྲ་བྲིས་བ་རྣམས་ཐང་ཆེན་པོ་བྱེད་བཞིན་པ་འདི་མཐོང་དུས་ངས་སེམས་ལ་སླ་ཡང་དྲན་ཡོང་བ་ཞིག་ལ་སྔོན་མ་རྡ་ས་ལ་གསར་འབྱོར་བ་རྣམས་ཀྱིས་རྒྱ་སྐད་རྒྱག་པ་དང་རྒྱ་མི་གཞས་ཉན་བཏང་བྱེད་ན་དེར་ཡོད་བོད་མི་རྣམས་ཀྱིས་ཁོང་ཁྲོ་དང་མི་དེ་རྒྱ་མི་སོ་བ་རེད་ཞེས་མིག་ལོག་ལྟ་བ་སོགས་མཐོང་མྱོང་ཡོད་དོ།
    མ་ཟད་སྔོན་མ་རྡ་ས་ལ་རྒྱ་མི་ཇ་དམ་དང་རྒྱ་མི་ཀམ་པ་ལིས་སོགས་མེ་བསྲེགས་གཏོང་ནས་རྒྱ་མི་མ་ཟད་རྒྱ་མི་ཅ་ལག་རྣམས་ཀྱང་དགྲ་རུ་འདོད་པའི་བོད་མི་རྣམས་དེང་སང་ཚོང་མ་ཤི་སོང་ངམ།ཧཧཧཧཧཧཧཧཧཧཧཧ
    སྐྱུར་མི་རུང་བ་དེ་རྒྱབ་ལ་བསྐྱུར། བློན་ཚ་ཞང་མདན་མ་རྒྱབ་ལ་སྐྱུར།
    ལེན་མི་རུང་བ་དེ་པང་ལེན།་དགྲ་ཤན་པ་དམར་པོ་པང་དུ་ལེན།
    ང་ཅོ་རིས་དགྲ་བོ་པང་དུ་ལེན་པའི་མི་ལ་དུས་ནམ་ཡང་དགའ་གུས་བྱེད་མི་ཐུབ་བོད་པ་ཚང་སྐྱག་པ་ཟཟཟཟཟཟཟཟ

    Reply
  32. རྒྱང་རིང་ནས། says:
    ལོ་ 15 སྔོན།

    ངས་ཁྱོད་རང་གི་མཚན་ལ་མི་རིགས་གི་སྒྲོན་མེ་ཞིག་འབོད་གིན་ཡིན དངོས་གནས་བོད་ཀྱི་དཔལ་མོ་ཞིག་རེད་འདུག

    Reply
  33. བཀྲ་ཤིས། says:
    ལོ་ 15 སྔོན།

    ལྷ་ཆབ་ལགས ཁྱེད་རང་གིས་དེ་སྔོན་དེབ་འདི་རྒྱ་ཡིག་ཐོག་ཀླགས་པ་ཡིན་དེ།
    ད་ལྟ་དེ་དང་འདྲ་ཡི་མི་འདུག་གསུང་གི་འདུག མི་འདྲ་ས་དེ་གང་ཡིན་མིན་སྐོར་དེ་མང་ཉུང་ཚིག་ལ་འདུས་པ་ཅིག་གསུང་གནང་ན་འགྲིག་གམ།

    Reply
  34. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    དེབ་འདི་དགྱ་ཡིག་གི་སྟེང་ནས་བཀླགས་ཟིན་མོད།ད་ལྟ་བོད་ཡིག་གི་སྒང་ནས་ཀློག་གིན་པའི་སྒང་ཡིན།དངོས་གནས་དེབ་ཟེར་བ་རེད།ཡིན་ནའང་བསྒྱུར་མཁན་གྱིས་ཁ་སྐད་དམ་ཡུལ་སྐད་ཁ་ཤས་ཤིག་གིས་ཅུང་བལྟ་མི་བདེ་བ་ཞིག་བཟོས་འདུགདགྱ་ཡིག་གི་སྒང་ནས་ཀློག་པ་དང་གཏན་ནས་འདྲ་ཡི་མི་འདུག

    Reply
  35. གཉན་མདང་ཕོ་ཉ། says:
    ལོ་ 15 སྔོན།

    དེབ་འདི་ནི་བོད་མི་རིགས་ཀྱི་རིག་གནས་གསར་བརྗེའི་དཔང་རྟགས་ཀྱི་རྡོ་ཞིག་རེད་ལ།
    འདི་ནི་བོད་མི་རིགས་འདི་ལ་མཚོན་ན་ཡོད་ན་དེས་ཆོག་ངེས་པའི་ལོ་རྒྱུས་ཀྱི་བདེན་དཔང་དག་མ་ཞིག་ཀྱང་ཡིན།
    དེར་བརྟེན་བཙན་བྱོལ་ཁྲོད་ནས་དེབ་ལྟར་བཏོན་ཐུབ་མཁན་མེད་རུང་
    འོད་ཟེར་ལགས་ཀྱིས་བཏོན་གནང་བའི་དེབ་འདི་ལ་བདག་པོ་ཡག་པོ་རྒྱབ་ནས་བེད་སྤྱོད་གཏོང་ཐུབ་པ་ཞིག་དགོས་རྒྱུ་དེ་འོད་ཟེར་ལགས་ཀྱི་དམིགས་ཡུལ་ལ་རམ་འདེགས་བྱས་དང་བོད་མི་རིགས་ཀྱི་ལས་དོན་སྙིང་བཅངས་བྱས་པའི་དན་རྟགས་ཀྱང་ཡིན་ངེས།
    དེ་བཞིན་ང་ཚོས་སྒོ་གང་ས་ནས་ཕྱོགས་གང་འཐད་གྲགས་ཅན་གྱི་རྕོམ་པ་པོ།
    འོད་ཟེར་ལགས
    བདག་པོ་དང་
    ཉར་ཚགས་
    ཡག་པོ་བྱེད་ཐུབ་དགོས་ཡོད།

    Reply
  36. mheru says:
    ལོ་ 15 སྔོན།

    ༅སྒྲོལ་དཀར་ལགས་ཀྱིས་དེབ་འདི་འདྲ་ཞིག་བོད་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དེབ་འདི་མཛད་འཕྲིན་རྒྱས་པོ་ཡོང་པའི་སྨོན་འདུན་ཞུ།

    Reply
  37. འབྲོག་ཁྱི། says:
    ལོ་ 15 སྔོན།

    དྲ་གྲོགས་རིག་པའི་རལ་གྲི་ལགས། ངས་ནི་འདི་ཙམ་གྱིས་རྒྱ་ནང་ལ་སྨྲ་བརྗོད་རང་དབང་ཡོད་པ་བསྒྲུབ་ཐུབ་ཀྱིས་རེད་དྲན་གྱིས་མི་འདུག། གང་ཡིན་ཟེར་ན་ད་ལྟའི་ཆར་རྩོམ་པ་པོ་འོད་ཟེར་ལགས་ཀྱི་རང་དབང་ཐད་གནས་སྟང་སྐྱོ་བོ་གང་འདྲ་ཞིག་གི་འོག་ཏུ་གནས་ཡོད་མེད་ང་ཚོ་ཚང་མས་ཤེས་ཚོད་ཡིན། མ་གཞི་ནས་ཁ་སང་རླུང་འཕྲིན་ནང་ནས་ཨ་ཅེ་འོད་ཟེར་ལགས་ཀྱིས་གཏམ་བཤད་དེ་དག་གི་ནང་ལ་རྒྱ་ནག་གི་ཁྲིམས་དང་མི་མཐུན་པའི་སྐད་ཆ་ག་རེ་བཤད་སོང་དེ་ཁྱེད་ཀྱིས་ངོ་སྤྲོད་ཅིག་གནང་ན་ག་འདྲ་འདུག།

    Reply
  38. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ནས་རག་གི་འདུག འབྲེལ་བ་བྱོས་དང་།

    Reply
  39. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    བོད་ཀྱི་བུད་མེད་རྣམ་གཉིས་ཀྱི་སྙིང་སྟོབ་དང་ཤེས་ཡོན་ལ་མི་རབས་རྗེས་མས་ཀྱང་བཀའ་དྲིན་རྗེས་སུ་དྲན་ངེས་རེད། ཧ་ལས་པ་ཞིག་ནི། དུས་ཚོད་འདི་འདྲ་ལ་རྒྱ་ནང་ནས་བོད་ཀྱི་བུད་མེད་གཅིག་ལ་སྨྲ་བརྗོད་རང་དབང་ཡོད་པའི་འཚོར་བ་ཞིག་སྐྱེ་བཞིན་འདུག འདི་ལ་འགྲེལ་བཤད་བཀྱོན་མཁན་ཞིག་ཡོད་དམ།

    Reply
  40. བྱམས་པ་ཆོས་དགའ། says:
    ལོ་ 15 སྔོན།

    ཁོ་བོས་དཔེ་དེབ་རྩོམ་པ་པོ་འོད་ཟེར་ལགས་དང་། བསྒྱུར་བ་པོ་སྒྲོན་དཀར་ལགས་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གུས་པར་ཡང་འདིར་དེབ་ཅིག་རགས་སོང་བས་རྗེས་ཆ་ཚང་བཀླག་རྒྱུ་ཡིན། ཐུགས་རྗེ་ཆེ།

    Reply
  41. རྩེ་སྐར། says:
    ལོ་ 15 སྔོན།

    དེབ་དེ་ངེས་པར་དུ་ཀློག་གི་ཡིན། དེབ་དེ་རྩོམ་པ་པོ་དང་བསྒྱུར་མཁན་གཉིས་ཆར་ཐུགས་རྗེ་ཆེ་ཞུས་པ་ཡིན།

    Reply
  42. ཁ་བ་དཀར་པོ། says:
    ལོ་ 15 སྔོན།

    དེབ་དེ་ཅིག་བསྐུར་མི་ཐུབ་བམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese