མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞི་བདེའི་གཟེངས་རྟཌ་ཉིན་གྱི་ལྷ་ས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་ལྷ་སར་གནས་སྡོད་བོད་མི་ཚོར་དུས་དྲན་དང་ཆོས་ལུགས་ཀྱི་བྱེད་སྒོ་གང་ཡིན་ཡང་དམ་དྲག་ནན་མོ་བྱེད་ཀྱིན་ཡོད་འདུག

ཕྱི་ཚེས་ ༡༠ ཉིན་༧གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་པའི་དུས་དྲན་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བཙན་བྱོལ་བོད་མི་ཚོས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་དགའ་བའི་གླུ་དང་སྐྱིད་པའི་བྲོ་འཁྲབ་སྟེ་དུས་དྲན་སྲུང་གཙི་དང་། དགའ་སྟོན་གྱི་རྣམ་པ་མཚོན་ཡོད་ཀྱང་། གཞིས་བཞུགས་བོད་མི་ཚོར་དུས་དྲན་འདི་སྲུང་གཙི་བྱེད་པའི་སྐལ་བ་མེད་པ་མ་ཟད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་གཙི་བྱ་བར་ཡང་རྒྱ་ནག་གིས་དམ་དྲག་ཤུགས་ཆེན་བྱས་ཡོད་འདུག

ཕྱི་ཚེས་ ༡༠  ཉིན་ལྷ་ལྡན་གཙུག་ལག་ཁང་གི་གཡས་གཡོན་ཀུན་ཏུ་ཉེན་རྟོག་པ་དང་དྲག་ཆས་དམག་མིས་ཡོངས་སུ་བསྐོར་ཡོད་པ་མ་ཟད། ཉིན་དེའི་ཞོགས་པའི་ཆུ་ཚོད་ ༨ པ་ནས་དགུང་དྲོའི་ཆུ་ཚོད་ ༥ པའི་བར་དམག་མི་འབོར་ཆེན་བསླེབས་ཏེ་གཙུག་ལག་ཁང་གི་གཡས་གཡོན་དང་མདུན་ཐང་ཡོངས་ཁེངས་པར་བྱས་ཡོད་འདུག་ལ། ཉིན་དེར་འཛིན་བཟུང་གི་གནས་ཚུལ་བྱུང་མེད་ནའང་། དམག་མི་ཚོས་ཡུལ་སྐོར་བ་དང་ས་གནས་མི་མང་གི་ལག་ཏུ་ཡོད་པའི་པར་ཆས་བཙན་འཕྲོག་བྱས་ཏེ། དངོས་ཡོད་ཀྱི་གནས་སྟངས་ཏེ་ཕྱིར་སྒྲོག་བྱེད་པར་དོགས་ཟོན་བྱས་ཡོད་པ་རེད།

དེ་དང་གཅིག་མཚུངས་ཀྱིས་ཕྱི་ཚེས་ ༡༡ ཉིན་སྟེ། བོད་ཟླ་ ༡༠ པའི་ཚེས་ ༢༥ ཉིན་གྱི་དགའ་ལྡན་ལྔ་མཆོད་ཀྱི་དགོང་མོར་ལྷ་སར་གནས་སྡོད་བོད་མི་ཚོས་དུས་མཉམ་དུ་མཆོད་མེ་བསྒྲོན་དེ་དགའ་ལྡན་ལྔ་མཆོད་ཀྱི་དུས་དྲན་ཉིན་མོ་སྲུང་གཙི་བྱས་པར། རྒྱ་དམག་འབོར་ཆེན་གྱིས་ཕྱོགས་བཞི་མཚམས་བརྒྱད་ནས་བསྐོར་ཏེ་དམ་དྲག་ཤུགས་ཆེན་བྱས་ཡོད་པ་རེད། 

མཆན། 15

  1. འབྲོག་ཁྱི། says:
    ལོ་ 13 སྔོན།

    དྲ་རྒྱ་འདིའི་རྒྱུད་ལྷག་བསམ་རྣམ་དག་གི་སྒོ་ནས་དགག་སྒྲུབ་གནང་ན་རང་གཞན་ཚང་མར་ཡར་རྒྱས་འགྲོ་ཡ་ལ་ཕན་པ་ལས་གནོད་ཡོད་པ་ཡོད་མ་རེད། ཀུན་སློང་ངན་པ་ཞིག་གི་འོག་ནས་ཚིག་མཚོན་འཕེན་རེས་བྱས་ན་ཕན་ལས་གནོད་ཆེའོ།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    བློ་བཟང་གི་མ་བཟང་བ་ཚོ།
    སྤྱིར་ནས་་་་་་་་་སྤྱིར་ན་
    གླིང་གནས་་་་་་གླིང་གི་གནས་
    གནས་ཚུལ་ངད་་་་་་་་གནས་ཚུལ་དང་
    མི་རྨོང་བ་་་་་མི་རྨོངས་བ་ རྨོང་ཞེས་པའི་དོན་ནི་འདོམས་སྤུ་ཡི་མིང་རེད།
    དགིས་དོན་་་་་དགེར་དོན་
    བའིཆད་དུ་་་་་བའི་ཆེད་དུ་
    ང་ནས་འདི་ནང་དུ་འཛུལ་
    ང་ནས་འདི་ནང་དུ་འཛུལ་བ་ ཞེས་པ་ལ་གོ་རྒྱུ་ཅི་ཡང་མི་འདུག

    བྱ་ཀ་ར་ལགས། རྗེས་སུ་ཡི་རང་ཡིན་དེ་ཚོ་འཛུབ་གནོན་བྱེད་སྐབས་སུ་ཆད་ལྷག་རེད། གང་ལྟར་དག་བཅོས་དགོས།

    Reply
  3. བློ་བཟང་ says:
    ལོ་ 13 སྔོན།

    དགུ་ཚིགས་སྐྱ་མོ་ལགས་།ངས་བསམ་པ་སྤྱིར་ནས་འཛམ་གླིང་གནས་ཚུལ་ངད་བོད་དོན་གྱི་གནས་ཚུལ་ལ་མི་རྨོང་བ་དང་དགིས་དོན་ངར་གི་བོད་ཡིག་ཡར་རྒྱས་འགྲོ་བའིཆད་དུ་ང་ནས་འདི་ནང་དུ་འཛུལ་བ་ཡིན་།གཞན་ཡོད་མེད་མི་ཤེས།
    ཐུགས་རྗེ་ཆེ་

    Reply
  4. བདེ་བ་ཅན། says:
    ལོ་ 13 སྔོན།

    དུས་བབས་ཚང་གི་འོད་ཟེར་ལགས་ཀྱི་ཟིན་བྲིས་སྟེང་ནས་འདྲ་དཔར་དེ་དག་བསྐྱར་བཤུས་ཀྱིས་དེ་གར་བཀོད་གནང་བར་ཐུགས་རྗེ་ཆེ་ཞུ། འོད་ཟེར་ལགས་ཀྱི་ཟིན་བྲིས་ཐོག་བཀོད་པའི་འདྲ་དཔར་དེ་ནི་ཕྱི་ཟླ་ 12 ཚེས་ 10 ཉིན་ལྷ་སའི་གཙུག་ལག་ཁང་གི་མདུན་ཐང་དུ་སྤྱི་བདེ་ཉེན་རྟོག་པ་དངང་དྲག་ཆས་ཉེན་རྟོག་དམག་མིས་རུ་སྟར་བསྒྲིགས་པ་ལྟ་བུ་ཡོད་པ་དང༌། དུས་ཚོད་དེ་ནི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ 5 པ་ཙམ་དུ་ཡིན་པ་གསལ་འདུག ས་གནས་དེ་ནི་གཙུག་ལག་ཁང་གི་མདུན་ངོས་སུ་ཏག་ཏག་འཁེལ་གྱི་ཡོད་པ་དང་། འདྲ་དཔར་ལེན་མཁན་གྱིས་སྨན་རྩིས་ཁང་གི་ཕྱོགས་ནས་ལེན་གྱི་ཡོད་པ་ཧ་ཅང་གསལ་པོ་འདུག དོན་དངོས་སུ་དེ་ཉིན་གཙུག་ལག་ཁང་གི་མདུན་ཐང་ངམ་བར་བསྐོར་ནང་ངོ་རྒོལ་བྱུང་སྟེ་མི་སྣ་འཛིན་བཟུང་བྱ་གི་མེད་དམ་སྙམ་པ་འདུག ཕྱི་པོ་དེ་ཙམ་ཆགས་མེད་ཀྱང་འོད་ཟེར་ལགས་ཀྱི་ཟིན་བྲིས་ནང་གསལ་བ་ལྟར་ཁྲོམ་བཏེགས་དེ་ཚོའི་སྟེང་ཅ་དངོས་གཅིག་ཀྱང་བཏོན་མེད་པར་ཞོགས་དྲོ་ནས་བཏོན་མ་བཅུག་པའམ་ལམ་སེང་བསྡུ་གསོག་བརྒྱག་བཅུག་མེད་དམ་སྙམ་པ་ཞིག་འདུག གང་ལྟར་ལྷ་སར་དེ་ཉིན་གནས་ཚུལ་ཞིག་ཐོན་ཡོད་པ་ཧ་ཅང་གསལ་པོ་འདུག

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    དུས་བབ་ཚང་ལ་དབྱིན་ཡིག་གི་གསར་ལམ་མམ་དྲ་རྒྱ་ཞིག་ཡོད་མེད་མ་མི་ཤེས། གནས་ཚུལ་དང་ལྷན་དུ་འདྲ་པར་འདི་ཚོ་ཕྱི་རྒྱལ་ཁག་ཏུ་ཡང་ཁྱབ་བསྒྲགས་ཐུབ་པ་གལ་ཆེ།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    གོང་དུ་དྲ་གྲོགས་བློ་བཟང་ཐུབ་བསྟན་ལགས་ཀྱི་བཤད་པ་འདི་བཞིན་དྲ་རྒྱ་དོམ་པ་ཚང་གིས་གསུང་བཞིན་འདུག ཁོང་ཚོར་ཡང་ས་མིག་ཅིག་གམ་ཡང་ན་དམིགས་གསལ་ཅུང་ཙམ་རེ་སྤྲོད་དགོས་ངེས་རེད། དྲ་ཐོག་ཏུ་ཡོང་མཁན་ཚང་མ་དག་ཆ་དང་སྡེབ་སྦྱོར་ལ་ནང་བྱན་ཆུབ་པ་རྐྱང་མིན་པ་ང་ཚོས་ཤེས་གསལ་རེད། དེ་བས་དྲ་གོགས་ཚོས་གསར་རྙིང་དང་ཡང་ན་ཀོས་བྲིས་པའི་དག་ཆ་དང་སྡེབ་སྦྱོར་ལས་ཁོ་ལ་ཚད་ཅིག་གིས་ངང་ནས་བལྟ་དགོས་པར་འདོད།

    Reply
  7. བྱ་ཀ་ར། says:
    ལོ་ 13 སྔོན།

    དགུ་ཚིགས་སྐྱ་མོ་དང་ལྔ་ཚིག་ནོར་བཅོས།
    ཕྲད་དང་རྣ་དབྱེ་—–ཕྲད་དང་རྣམ་དབྱེ་
    བདག་རང་ལ་མཚོན་དེ་—–རྩ་བ་ནས་གོ་རྒྱུ་མི་འདུག་
    སྐད་ཆ་བཤད་ཞིག་མིན།—-སྐད་ཆ་བཤད་པ་ཞིག་མིན་
    དོར་སྣང་—-དོ་སྣང་
    ཡང་རྒྱས་—-ཡར་རྒྱས་

    Reply
  8. རྨེ་རུ། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས་དུས་ནམ་ཞིག་བར་དུ་དམ་དྲག་བྱེད་ཀྱི་ཡོད་དམ།ཡིན་ན་ཡང་གཞིས་བྱེས་བོད་ཡོངས་རྫོགས་ཀྱི་སེམས་ཤུགས་ནི་མེ་སྟག་བཞིན་འབར་གྱིན་འདུག།
    ལྷག་པར་དུ་གཞིས་བཞུགས་སྤུན་ཟླ་ཚོའི་སེམས་ཤུགས་ནི་དགའ་བ་སྐྱེས་དགོས་པ་ཞིག་རེད།

    Reply
  9. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་སྤྱིར་ང་ཚོ་སུ་ཞིག་ཡིན་ན་ཡང་། ཚིགས་དང་དོན་གྱི་ལྡེབ་སྦྱོར་མི་བདེ་བ། གྲོང་སྐད་མང་བ། ཕྲད་དང་རྣ་དབྱེ་ལེགས་པོ་སྦྱར་མ་ཤེས་པ། དག་ཡིག་གི་ཆ་ནས་ནོར་འཁྲུལ་མང་པོ་ཡོད་པ་ནི་བོད་ཕྱི་ནང་གི་སུམ་རྟགས་མཁན་པོ་རྣམས་ཀྱིས་མཁྱེན་བཞིན་པ་རེད། བདག་རང་ལ་མཚོན་དེ་ལྟ་བུའི་སྐྱོན་མེད་བསམ་ནས་མི་ལ་སྐད་ཆ་བཤད་ཞིག་མིན། དེས་ན་གང་ཡིན་ཞེ་ན་ང་ཚོ་བོད་ཡིག་འབྲི་མཁན་ཡོངས་ཀྱིས་འདི་ཕྱོགས་ལ་དོར་སྣང་ཆེར་བསྐྱེད་ཀྱི་སྒོ་ནས་ཡང་རྒྱས་ཞིག་སོང་ན་སྙམ་པའི་ཀུན་སློང་གཙང་མ་ཡིན།
    བློ་བཟང་ཐུབ་བསྟན་ལགས། ཁྱེད་ཀྱིས་དྲ་ཚིག་འདི་བོད་ཡིག་གསར་སྦྱང་བྱེད་ས་རེད་དགོང་གི་ཡོད་འདྲ།

    Reply
  10. བློ་བཟང་ཐུབ་བསྟན། says:
    ལོ་ 13 སྔོན།

    དགུ་ཚིགས་སྐ་མོ་ལགས་།ཁྱེད་ཀྱི་ཐོག་མར་ནས་ཡིག་ནོར་མེད་པ་དང་ལྡེ་སྦྱོརཡོད་པ་ཞིག་ཤེས་གི་ཡོད་ནམ་།ཁྱེད་ཀྱི་འདི་འདྲས་མ་གསུང་རོགས་གནང་གང་ཡིན་ཞེ་
    ན་འདི་ནང་ལ་འཛུལ་ནས་བོད་ཡིག་ཡ་རྒྱས་བཏང་ཁན་ཡོད་པ་རེད།
    ཁྱེད་ཀྱི་སྒོ་རྒྱབགི་འདུག

    Reply
  11. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    དགུ་ཚིགས་སྐྱ་མོ་ལགས། བཀའ་དྲིན་ཆེ་ལགས། བསླབ་སྐུལ་གནང་བ་དེར་གང་ཐུབ་ཅི་ཐུབ་ཅིག་བྱེད་ལགས། ད་ནི་ང་རང་གིས་ཀྱང་གང་ཐུབ་ཅིག་བྱེད་ཀྱི་ཡོད་ཁུལ་ཡིན་ཡང་། ལས་ཀ་འགྲོ་བའི་བར་གསེང་དང་། ནང་གི་བྱིས་པ་ཞིག་གི་ཕ་རྒན་གྱི་འགན་སོགས་ཚང་མ་ལྷན་དུ་འཁུར་ཁུལ་བྱེད་ཀྱི་ཡོད་དུས། དངོས་ནས་སྐུ་ཉིད་ཀྱི་གསུངས་པ་ལྟར་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་པ་ནི་དངོས་ཡོད་རེད་ལགས།

    Reply
  12. དགུ་ཚིགས་སྐྱ་མོ། says:
    ལོ་ 13 སྔོན།

    ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱིས་ཚིགས་བཅད་ལྷུག་གང་ཞིག་བྲིས་ནའང་། ལྡེབ་སྦྱོར་མི་མཐུན་པ་དང་། གྲོང་སྐད་མང་བ། ཡིག་ནོར་ནི་དེ་ལས་ཀྱང་མང་པོ་རེད། མ་འོངས་པར་དྲ་ཐོགས་འདིར་ཟིན་བྲིས་སོགས་གང་ཞིག་འབྲི་བར་འདོད་ན་གོང་གི་གནད་དོན་གསུམ་པོ་ཐུགས་ལ་འཛིན་པར་ཞུ་ཞུ་ཞུ། དེ་མིན་བོད་ཤ་ཁྲག་རུས་གསུམ་གྱི་ཞབས་འདྲེན་ཞིག་རེད་ལགས། དགོང་འགལ་མེད་པར་ཞུ། ཁྱེད་ལ་སེམས་དཀར་གྱི་བསླབ་བྱ་ཡིན།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    རྨ་པ་ནམ་ཡང་གསོ་ཐབས་ཤིག
    ཚེ་སྲོག་རང་ས་ནས་དོན་མེད་དུ་

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    རྨ་ཁ་ནམ་གསོ་ཐབས་ཤིག་བྱོས་ཡོད་པ་མ་རེད་ལགས། ཁོང་ཚོས་སྲིད་ཇུས་ནི་རྨ་ཁ་ཇེ་ཆེར་གཏོང་རྒྱུ་དེ་ཉེག་གཅིག་ལས་གཞན་མེད་པ་ཡིན་དུས། བོད་མི་རིགས་ཀྱི་སྐྱེ་བོ་རྒན་གཞོན་དར་གསུམ་གྱིས་རང་གི་ཚེ་སྲོག་རང་ས་དོན་མེད་དུ་རྒྱའི་སྲིད་གཞུང་གི་འདོད་ངན་འགྲུབ་ཕྱིར་དུ་ཚེ་སྲོག་གཏོང་མི་ཉན།

    Reply
  15. བསེ་རུ། says:
    ལོ་ 13 སྔོན།

    བོད་མི་ཚོས་རྒྱ་གཞུང་ལ་གནོད་པའི་བྱ་བ་ཏིལ་འབྲུ་ཙམ་ཡང་མ་བྱས་ཀྱང་། མི་རབས་ནས་མི་རབས་བར་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་དམག་སོགས་ཀྱིས་འདི་ལྟར་ལག་ཏུ་མེ་མདའ་དང་གློག་རྒྱུག དུག་རྫས་སོགས་རྫས་མཚོན་འདྲ་མིན་ཁུར་ཏེ། འཇིགས་སྐུལ་དང་དམ་དྲག མནར་གཅོད། བཙོན་འཇུག་སོགས་བྱེད་སྐབས། བོད་མིའི་སེམས་ཁམས་ཀྱི་རྨ་ཁ་དེ་རྒྱ་ནག་གཞུང་གིས་ཐབས་བྱུས་ཇི་ལྟར་བཏང་ཡང་ནམ་ཡང་གསོ་མི་ཐུབ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist