མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་དང་ངྷ་སའི་སྐུ་ཚབ་བར་གྱི་ཚིག་རྩོད།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་གསར་ལམ་ཁག་ཅིག་ཏུ། ཐེངས་སྔོན་མའི་བོད་རྒྱའི་འབྲེལ་མོལ་རིམ་པའི་སྐབས་སུ་བཤད་པའི་སྐད་ཆ་ཁག་ཅིག་ངོས་ལེན་བྱེད་ཀྱིན་མེད་པའི་གནས་ཚུལ་དེར། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་དུས་ཐོག་ལ་ལན་འདེབས་གནང་ཡོད།

 

ཟླ་འདིའི་ཚེས་ ༨ ཉིན་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་གསར་ལམ་ཁག་ཅིག་ཏུ་སྔར་བོད་རྒྱའི་འབྲེལ་མོལ་རིམ་པའི་སྐབས་སུ་ཕན་ཚུན་ལ་བཤད་པའི་སྐད་ཆ་དག་ལ་བསྐྱར་དུ་བསྙོན་ཏེ། ཏཱ་ལའི་བླ་མའི་འཐུས་ཚབ་དག་དང་གྲོས་མོལ་སྐབས་སྐད་ཆ་ཅི་བྱུང་ཁ་གསལ་བོ་ཡིན། འོན་ཀྱང་། ལོ་སྔ་ཕྱིར་ཏཱ་ལའི་བླ་མ་དང་ཁོང་གི་འཐུས་ཚབ་གཉིས་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ། ང་ཚོའི་གྲོས་མོལ་སྐབས་གནད་དོན་ཆ་ཚང་སྙན་སྒྲོན་ཞུས་མཐར། པེ་ཅིན་གྱི་ཀྲུའུ་ཝེ་ཆོན་དང་ཏུའུ་ཆིན་ལེན་སོགས་ཀྱི་ཕྱོགས་ནས་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་མེད་པ་ངོས་ལེན་བྱས་ཡོད་ཟེར་བ་དེ་བདེན་པ་མ་རེད། གལ་སྲིད་མགོ་ཤ་དྭངས་མོ་ཞིག་ཡིན་ན། ཏཱ་ལའི་བླ་མའི་ཕྱོགས་ནས་སྔར་ཕྱིར་བཏོན་པའི་ཆ་རྐྱེན་དེ་དག “ རྣམ་པ་བསྒྱུར་བའི་རང་བཙན ” རེད་མི་ཟེར་མཁན་མེད་ལ། ལྷག་པར་དུ་ཀྲུང་དབྱང་དབུས་གཞུང་གི་ཕྱོགས་ནས་ཏཱ་ལའི་བླ་མས་རང་བཙན་གྱི་ལྟ་བ་དོར་མེད་པ་གསལ་བོར་རྟོགས་ཡོད། ཅེས་བརྗོད་ཡོད་པ་དེར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་གིས། ཟླ་འདིའི་ཚེས་ ༡༠ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་བརྒྱུད་ལན་འདེབས་གནང་ཡོད།

 

དམིགས་བསལ་སྐུ་ཚབ་མཆོག་གིས་ང་ཚོས་རྒྱ་ནག་གི་མགོ་ཁྲིད་ཚོ་དང་མཉམ་དུ་བོད་རྒྱའི་འབྲེལ་མོལ་ཐེངས་རྗེས་མའི་ཐད་ལས་རིམ་སྒྲུབ་ཀྱིན་ཡོད་པའི་སྐབས་འདིར་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་དེ་དག་འོས་འཚམ་མིན་སྐོར་བརྗོད་དོན། ད་ལྟ་ང་ཚོས་རྒྱ་ནག་གི་མགོ་ཁྲིད་རིམ་པ་དང་སྐབས་རྗེས་མའི་འབྲེལ་མོལ་སྐོར་ལ་གོ་བསྡུར་བྱེད་ཀྱིན་པའི་སྒང་ཡིན་པར་བརྟེན། བཅར་འདྲི་འདི་འདྲ་སྤེལ་བསྒྲགས་བྱེད་པའི་དུས་ཚོད་དང༌། དེའི་ནང་དོན་བཅས་མགོ་རྙོག་གི་རང་བཞིན་དུ་གྱུར་ཞིང༌། ངའི་ཤེས་ཚོད་ལྟར་ན། རྒྱ་ནག་གི་མགོ་ཁྲིད་རིམ་པས་ཀྱང་ང་ཚོ་དང་འདྲ་བར་འཕྲོས་མོལ་རྒྱུན་མཐུད་བྱ་འདུན་འཆང་གིན་ཡོད་ཅིང༌། ནམ་ཕུགས་དེ་དག་བོད་དོན་ཐད་གཉིས་མོས་གྲོས་བསྡུར་གྱི་ལམ་ནས་ཐག་གཅོད་ཅིག་ཡོང་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ང་ཚོས་རེ་བ་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༠༦ ཟླ་ ༢ པར་འབྲེལ་མོལ་ཐེངས་ལྔ་པ་བསྐྱངས་སྐབས། རྒྱ་ནག་གཞུང་ཕྱོགས་ནས་ྋགོང་ས་མཆོག་གི་བཞེངས་ཕྱོགས་ཏེ། བོད་རང་བཙན་རྩོད་ལེན་མི་གནང་བར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་གནས་རྒྱུའི་དགོངས་གཞི་འཆང་གིན་ཡོད་པ་དེར་བསྔགས་བརྗོད་གསལ་པོ་ཞུས་ཡོད། ཅེས་དང་།

 

རྒྱ་རི་མཆོག་གིས་སྔར་གྱི་འབྲེལ་མོལ་རིམ་པའི་སྐབས་བྱུང་བའི་སྐད་ཆ་དག་ལ་ངོས་འཛིན་གནང་དོན། སྐབས་དེར་ཚོགས་འདུའི་ནང་བཀའ་མོལ་ཅི་བྱུང་བོད་ཡིག་ཐོག་སྒྲ་ཕབ་ཞུས་པར་གཞིགས་ན། རྒྱ་ནག་གཞུང་ཕྱོགས་ནས་ྋགོང་ས་མཆོག་གི་བཞེངས་ཕྱོགས་ལ “ གཏམ་བཟང་པོ་གནས་ཚུལ་བཟང་པོའམ། དགའ་བསུ་ཞུ་འོས་པའི་གནས་ཚུལ ” ཞེས་བརྗོད་འདུག བཀའ་མོལ་ཞིབ་ཕྲ་འདིར་ལུང་འདྲེན་བྱས་པ་ཡིན་ན།  “ ཏཱ་ལའི་བླ་མས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་གཞི་རྩར་བཟུང་བའི་ཐོག་ནས་དཀའ་རྙོག་སེལ་འདོད་ཡོད་ཅེས་གསུངས་ཏེ། རྣམ་འགྱུར་ཞིག་སྟོན་གྱི་ཡོད་པ་དེ་ནི་དགའ་བསུ་ཞུ་འོས་པའི་གནས་ཚུལ་ཞིག་ཡིན། ” ཞེས་བརྗོད་འདུག ང་ཚོས་འདི་དག་ནི་ད་ཕན་རྒྱ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་མཉམ་དུ་འབྲེལ་མོལ་བྱས་པའི་བརྒྱུད་རིམ་ཁྲོད་ཡར་རྒྱས་ཆུང་ཆུང་ཞིག་ཡིན་ནའང་དེ་དག་གལ་ཆེན་པོ་ཡིན་པའི་ལྟ་ཚུལ་བཟུང་ཡོད། དེ་དུས་ང་ཚོར་ྋགོང་ས་མཆོག་གི་བཞེངས་ཕྱོགས་གཉིས་མོས་ཀྱི་ཐག་གཅོད་ཅིག་ཡོང་བར་འབད་བརྩོན་གནང་བ་དེར་རྒྱ་ནག་གཞུང་ཕྱོགས་ལ་ཐུགས་སྣང་ཡོང་གིན་འདུག་སྙམ་པའི་ཚོར་སྣང་ཐེངས་དང་པོ་བྱུང༌། འདི་ནི་ང་ཚོས་འབྲེལ་མོལ་གྱི་ལས་རིམ་ཁྲོད་བཟང་པོའི་ཆ་ཤས་རྣམས་གསལ་སྟོན་བྱས་དང་བྱེད་བཞིན་ཡོད་པའི་ནང་རྒྱ་ནག་གཞུང་ཕྱོགས་ནས་ཕྱི་ལོ་ ༢༠༠༢ ལོར་འབྲེལ་བ་སླར་གསོ་བྱུང་བ་ནས་ད་བར་ལོ་ ༥ སོང་བའི་རིང་བཟང་པོའི་རྣམ་འགྱུར་བསྟན་པའི་ནང་གི་གཅིག་ཡིན་ཞིང༌། སྐབས་དེར་ང་ཚོ་བཞུགས་སྒར་དུ་ཕྱིར་འཁོར་མ་ཐག དེ་དག་ྋགོང་ས་མཆོག་ལ་སྙན་སེང་ཞུས་པ་ཡིན། ཞེས་བཀོད་འདུག

 

ལན་འདེབས་ནང་མུ་མཐུད་བསྟན་དོན། ཕྱི་ལོ་ ༢༠༠༨ ཟླ་ ༡༡ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་ང་ཚོས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ ཞུ་བ་དེ་ཕུལ་བ་དང་། དེའི་ནང་བོད་མིིའི་གཞི་རྩའི་དགོས་མཁོ་ཁག་གསལ་སྟོན་བྱས་ཡོད་ལ། དེ་དག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ཡོད་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་བསྐང་ཐུབ་པ་ཞིག་ཡིན། རྒྱ་ནག་གིས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ནང་བཀོད་པའི་དོན་ཚན་ཁག་ལ་བལྟ་ཙམ་ཡང་མ་བྱས་པར་མཐའ་གཅིག་ཏུ་དགག་པ་བརྒྱབས་ཡོད་སྟབས། མུ་མཐུད་འབྲེལ་བ་བྱ་རྒྱུའི་དམིགས་ཡུལ་མེད་པར་གྱུར། འོན་ཀྱང་། ྋགོང་ས་མཆོག་གིས་འབྲེལ་མོལ་གྱི་ལས་རིམ་ཐད་དམ་བཅའ་བརྟན་བཟུང་གནང་ཡོད་ལ། ང་ཚོར་ཡང་རྒྱ་ནག་གི་དབུ་ཁྲིད་ཚོ་དང་ཡང་བསྐྱར་འབྲེལ་བ་བྱ་རྒྱུར་གོམ་པ་སྤོ་དགོས་པའི་བཀའ་སློབ་གནང་ཡོད། ད་བར་འབྲེལ་མོལ་གྱི་བརྒྱུད་རིམ་ལ་ལེགས་ཆ་ཅི་ཙམ་མངོན་རྒྱུ་ཡོད་པ་དེ་དག་ང་ཚོས་ཕྱོགས་ཀྱི་འབད་བརྩོན་ཁོ་ན་ལས་བྱུང་བ་ཡིན། ང་ཚོས་འབད་བརྩོན་ལ་བརྟེན་ཏེ་ཕྱི་ལོ་ ༢༠༠༢ ནས་བཟུང་འབྲེལ་མོལ་སླར་གསོ་དང་འབྲེལ་ཏེ། ད་ཕན་གྲོས་བསྡུར་སྔ་རྗེས་ཀྱི་ལས་རིམ་མགོ་འཛུགས་ཐུབ་པ་བྱུང་ཡོད། ཅེས་དང་།

 

རྒྱ་རི་མཆོག་གིས་འབྲེལ་མོལ་རིམ་པའི་སྐབས་རྒྱ་ཕྱོགས་ནས་བཏོན་པའི་རེ་བ་ཁག་ལ་དབྱེ་སྲེས་བྱས་དོན། རྒྱ་ནག་ཕྱོགས་ནས་ྋགོང་ས་མཆོག་གི་བཞེངས་ཕྱོགས་ལ་བཟང་པོའི་རྣམ་འགྱུར་བསྟན་པ་ཕྱི་ལོ་ ༢༠༠༦ ཟླ་ ༢ པར་བསྐྱངས་པའི་འབྲེལ་མོལ་ཙམ་མ་ཡིན་པར། ཕྱི་ལོ་ ༢༠༠༨ ཟླ་ ༥ ནང་རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲན་ནས་ནང་མོལ་གྲོས་བསྡུར་བསྐྱངས་སྐབས་ཀྱང་རྒྱ་ནག་ཕྱོགས་ནས་ྋགོང་ས་མཆོག་ལ་དམིགས་ཏེ་༼ མཚམས་འཇོག་གསུམ ༽ ཟེར་བ་ཞིག་བཏོན་པ་རེད། ང་ཚོས་དེ་དག་ལ་ཁས་ལེན་མ་བྱས་སྟབས། ཕྱི་ལོ་ ༢༠༠༧ ཟླ་ ༧ ནང་ཚོགས་པའི་འབྲེལ་མོལ་ཐེངས་བདུན་པའི་སྐབས། ཡང་བསྐྱར་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽ཟེར་བ་བཏོན་པ་རེད། ཁོང་ཚོས་བརྗོད་གསལ་ལྟར་ན་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽དེ་༼ མཚམས་འཇོག་གསུམ ༽གྱི་ཚབ་ཏུ་བཏོན་པ་དེ་དག་ང་ཚོས་ྋགོང་ས་མཆོག་གི་༼ མཚམས་འཇོག་གསུམ ༽གྱི་ནང་གསལ་བྱ་སྤྱོད་ཁག་སྤེལ་གྱིན་མེད། ཅེས་དོན་ཚན་ཞུས་པ་དེར་བརྩི་འཇོག་བྱས་པ་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད། དེར་བརྟེན། རྒྱ་ནག་གི་དབུ་ཁྲིད་ཚོས་༼ མཚམས་འཇོག་གསུམ ༽སྲིད་བྱུས་ནས་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽ཞེས་པར་བསྒྱུར་བ་དེ་ཁོང་ཚོས་ྋགོང་ས་མཆོག་གི་རང་བཙན་རྩོད་ལེན་གྱི་ཕྱག་ལས་མཛད་ཀྱིན་མེད་པ་ཁས་ལེན་གྱི་ཡོད་པའི་རྟགས་རེད། ཅེས་དང་།

 

ཉེ་དུས་པེ་ཅིན་ནས་བསྒྲགས་གཏམ་སྤེལ་བ་ཁག་ལ་གཞིགས་ན། ང་ལ་རྒྱ་ནག་གཞུང་ནང་ཕྱག་ལས་གནང་སྐབས་བོད་ཀྱི་གནད་དོན་ཐད་ལོ་མང་རིང་མཉམ་ཞུགས་གནང་མྱོང་མཁན་རྒྱ་རིགས་སློབ་དཔོན་གྱི་བསླབ་བྱ་བརྒྱབས་པ་དེ་དྲན་གསོས་བྱུང༌། ཁོང་གིས་རྒྱ་མིའི་དབུ་ཁྲིད་རྣམས་ནས་ྋགོང་ས་མཆོག་གི་ཁ་བྲལ་རྩོད་ཀྱིན་མེད་པ་གསལ་རྟོགས་ཡོད་བཞིན་དུ་ཁོང་ལ་ཁ་བྲལ་གྱི་ཉེས་ཞྭ་གཡོག་པ་དེ་ཕུད་རྒྱུའི་ཆབ་སྲིད་ཀྱི་བློ་སྤོབས་ལྡན་པར་ང་ཚོས་རེ་བ་རྒྱག་རྒྱུ་མེད། གལ་ཏེ་རྒྱ་ནག་ཕྱོགས་ནས་ཉེས་ཞྭ་དེ་ཕུད་པའི་དབང་དུ་བཏང་ན་ཡང་ཁོང་ཚོས་ད་ལྟ་བོད་ཐོག་འཛིན་པའི་སྲིད་བྱུས་དང་ྋགོང་ས་མཆོག་བོད་ལ་ཕྱིར་ལོག་ཕེབས་རྒྱུའི་ཐད་བཀག་འགོག་བྱེད་པ་སོགས་ཀྱི་གནས་ཚུལ་དེ་དག་དྲང་བདེན་ཡིན་པའི་ཁུངས་སྐྱེལ་རྒྱ་ནག་མི་མང་ལ་བྱེད་ཐུབ་ཀྱི་མ་རེད་བཅས་གསུངས་ཡོད།

 

མཇུག་མཐར་རྒྱ་ནག་གཞུང་ཕྱོགས་ནས་སྔ་ཕྱིར་འབྲེལ་མོལ་ལ་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་བཀོད་དོན། རྒྱ་ཕྱོགས་ནས་ཡང་ནས་ཡང་དུ་ང་ཚོར་གསར་ལམ་བརྒྱུད་འབྲེལ་མོལ་བྱ་རྒྱུ་མེད་ཚུལ་དང་། ང་ཚོ་ཕན་ཚུན་ཐད་ཀར་གདོང་ཐུག་གིས་བཀའ་མོལ་ཞུ་དགོས་པ་བརྗོད་ཀྱིན་ཡོད། འོན་ཀྱང་། ཀུན་གྱི་མཐོང་ཆོས་སུ་ཡོད་པ་ལྟར། རྒྱ་ཕྱོགས་ནས་གསར་ལམ་ཁག་ཏུ་བཅར་འདྲིའི་རིགས་འདོན་སྤེལ་བྱས་ཏེ། འབྲེལ་མོལ་གྱི་ལས་རིམ་ལ་འགོག་རྐྱེན་བཟོ་གཞི་མང་དུ་གཏོང་གིན་ཡོད། ཕྱི་ལོ་ ༢༠༠༨ འབྲེལ་མོལ་ཐེངས་ ༧ པའི་སྐབས་རྒྱ་ཕྱོགས་ནས་༼ རྒྱབ་སྐྱོར་མི་བྱེད་པ་བཞི ༽ནི་༼ མཚམས་འཇོག་གསུམ ༽དང་བསྡུར་ན་ལེགས་པ་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་དེ་ལྟར་ཡང་འབྲེལ་མོལ་གྲུབ་རྗེས་ང་ཚོ་རྒྱ་གར་དུ་ྋགོང་ས་མཆོག་ལ་སྙན་སེང་ཆེད་མ་འབྱོར་སྔོན་ལ་ཁོང་ཚོས་གསར་ལམ་ཁག་ལ་རང་ཉིད་ཀྱི་ལངས་ཕྱོགས་དང་ཡོངས་སུ་རྒྱབ་འགལ་གྱི་ལན་བརྡ་ཞིག་སྤྲད་འདུག ང་ཚོའི་བསམ་པར་གལ་ཏེ་རྒྱ་ཕྱོགས་ལ་བོད་མིའི་དཀའ་ངལ་རྣམས་སེལ་རྒྱུ་དང༌། དེ་བཞིན་རྒྱ་ནག་གི་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་དང་འབྲེལ་བའི་ཁྲིམས་སྒྲིག་ནང་གསལ་གྱི་ཐོབ་ཐང་རྣམས་བོད་མིར་གཅིག་མཚུངས་སྤྲོད་རྒྱུའི་དོན་དམ་གྱི་བསམ་བློ་ཡོད་ཚེ། དེ་དག་ད་ཡོད་འབྲེལ་མོལ་གྱི་བརྒྱུད་ལམ་དང་གྲོས་མོལ་གྱི་རྒྱ་ཅོག་སྟེང་སྤྲོད་དགོས་པ་ཡིན།

གོང་གི་གསར་འགྱུར་འདི་བོད་གཞུང་དྲ་རྒྱ་ལས་བསྡུ་སྒྲིག་བྱས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 9

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    རྒྱ་རྒན་དེ་དག་ལ་རེ་བ་མ་རྒྱབ་བོད་མི་རང་་ངོས་ནས་རྒྱ་དམར་གྱིས་བོད་དོན་ཐད་སྐད་ཆ་མ་བཤད་རང་བཤད་དུ་བཟོ་དགོས་པ་གལ་ཆེ། དེ་ལྟ་མ་བྱུང་ན་རྒྱ་རྒན་དེ་ཚོས་ང་ཚོའི་སྐུ་ཚབ་རྣམས་ཁོ་པ་ཚོའིོ་རྩད་ཆས་ལྟ་བུ་བྱེད་ཀྱི་འདུག།
    སྤྱིར་ལོ་རྒྱུན་ཐོག་ནས་བཤད་ན་བཙན་གནོན་འོག་ཡོད་པའི་མི་རིགས་རང་ཉིད་ཀྱིས་བཙན་དབང་བྱེད་པོ་དེ་དག་གི་སྐད་ཆ་མ་བཤད་རང་བཤད་དུ་བཟོ་དགོས་
    པ་ལས་ཁོ་པ་ཚོར་བཀའ་ངལ་གང་ཡང་མེད་སྐབས་སྐད་ཆ་བཤད་ན་ཕན་ཐོག་གང་ཡང་མེད་ཟེར། ཕྱི་རྒྱལ་གྱི་མཁས་དབང་ཞིག་གི་གསུང་འདུག་པས་བདེན་པ་མཐོང་།

    Reply
  2. ནད་པ says:
    ལོ་ 16 སྔོན།

    ཁ་སྔོན་ནས་ཀྲུའུ་ཧེ་ཆེན་གྱིས་ངས་སྐད་ཆ་དེ་འདྲ་བཤད་རྒྱུ་མ་བྱུང་ལ་ད་དུང་སྒྲ་ཕབ་ཀྱི་ནང་དུ་སྐབས་དེའི་སྐད་ཆ་ཆ་ཚང་ཞིག་བླུགས་ཡོད་པ་རེད་ཅེས་གསལ་བཤད་གནང་འདུག

    དེར་དམིགས་བསལ་སྐུ་ཚབ་རྒྱ་རིས་གཏམ་བཟང་པོ་ཞེས་པའི་ཐད་སྒྲ་འཇུག་ནང་དང་དབྱིན་སྐད་ནང་དུ་ཡང་ལུང་འདྲེན་ཞིག་གནང་ཏེ་ལན་འདེབས་གསལ་བཏོན་གནང་འདུག

    ངས་དེར་བསམས་ན་སྐབས་དེར་སྐད་ཆ་དེ་འདྲ་ཞིག་བྱུང་ཡོད་པར་ཡིད་ཆེས་བྱེད་ཀྱིན་ཡོད། གང་ལ་ཟེར་ན་སྲིད་བློན་ཝུན་ཅའོ་བའོ་ཡིས་བོད་ནང་གི་ཞི་རྒོལ་དེ་ཧ་ཅང་གི་ཛ་དྲག་གཅིག་ཆགས་ཡོད་སྟབས་༸ གོང་ས་མཆོག་གིས་ངེས་པར་དུ་ཞི་བདེ་ལྷིང་འཇགས་ཡོང་རྒྱུར་བཀའ་སློབ་སྩལ་དགོས་པ་གལ་ཆེ་ཡིན་སྐོར་གྱི་གཏམ་བཤད་སྤེལ་དགོས་བྱུང་ཡོད་པ་རེད།

    དེར་བརྟེན་ཀྲུའི་ཝེ་ཆེན་གྱིས་སྐབས་དེའི་ཛ་དྲག་གི་གནད་དོན་ཞི་འཇམ་ཡོང་ཆབ་ཆེད་སྐད་ཆ་དེ་འདྲ་བཤད་ཡོད་པ་རེད། འོན་ཀྱང་ད་ལྟ་རྒྱ་ནག་དབུས་གཞུང་གིས་བོད་ཀྱི་གནད་དོན་དེ་ཞི་འགྲིག་བྱེད་འདོད་གཏན་ནས་མེད་པ་ཞིག་མ་ཡིན་ཀྱང་ད་ལྟའི་ཆར་གནད་དོན་དེ་ཐབས་ལམ་གང་འདྲ་ཞིག་གིས་ཐོག་ནས་འོས་འཚམས་ཞི་འགྲིག་བྱེད་རྒྱུར་གདེངས་ཚོད་གཏན་ནས་མེད་ཕྱིར་འགྱངས་ཡོང་སླད་སྐད་ཆ་དེ་འདྲ་ཞིག་མ་བཤད་ཀ་མེད་ཐུབ་པ་ཞིག་རེད།

    དུས་ཀྱི་སྔ་ཕྱི་མ་གཏོགས་གང་ལྟར་བོད་ཀྱི་གནད་དོན་དེར་ལག་པ་ཞིག་མ་འཆང་ན་ཐབས་ཤེས་གཞན་མེད་པ་ཞིག་ཆགས་ཡོད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ནང་ལ་སྐོར་དུས་དབའ་བོ་དར་མ་མང་། ཕྱི་ལ་སྐོར་དུས་དབའ་བོ་ལག་ཆད་མང་། ཡིད་སྐྱོ་བ་ནི། རང་གིས་རིགས་ཀྱི་ནང་དུ་ད་དུང་ཡང་རང་ཤ་ཁྱི་ཁར་གཡུགས་མཁན་དེ་ཚོ་ཡིན།

    Reply
  4. མགར་གདོང་བཙན་ says:
    ལོ་ 16 སྔོན།

    ང་ལ་ཡང་གོ་ཐོས་ཞིག་ཡོད། ལོ་ཤས་སྔོན་དུ་བོད་ནང་གི་ལས་བྱེད་བོད་པ་ཞིག་དང་མཉམ་དུ་རྒྱ་བོད་གྲོས་མོལ་སྐོར་སྐད་ཆ་བྱུང་། ཁོང་གིས་འདི་འདྲ་ཞིག་དྲིས་སོང་། ཕྱི་ལོག་བོད་མིའི་ནང་རྒྱ་མའི་ཆབ་སྲིད་དང་རིག་གཞུང་ལ་རྒྱུས་ཡོད་པའི་བོད་པ་ཡོད་མ་རེད་དམ་ཟེར་ནས་ད་ལྟའི་སྐུ་ཚབ་རྣམས་ལ་རྒྱ་མི་དང་གྲོས་མོལ་བྱེད་པའི་ནུས་པ་ཞན་ཚུལ་བཤད་བྱུང་།

    Reply
  5. lobsang says:
    ལོ་ 16 སྔོན།

    སྔོན་མ་རྒྱལ་ལོ་དོན་འགྲུབ་ཀྱིས་ཏིང་ཞོ་ཕིན་གྱིས་བོད་རང་བཙན་མ་ཡིན་པ་གང་ཡང་གཉིས་མོལ་གྱི་ལམ་ནས་སེལ་ཆོག་གི་རེད་ཟེར་བ། རྗེས་སུ་རྒྱ་རི་དང་བཀའ་བློན་ཁྲི་བས་རྒྱ་མིའི་གཞུང་གིས་དེ་འདྲ་ཁས་ལེན་བྱས་མི་འདུག སྐད་ཆ་དེ་འདྲ་བཤད་པ་ཡིག་ཐོག་ན་སྟོན་རྒྱུ་མི་འདུག་ཟེར་ནས། རྒྱ་ལོ་དོན་གྲུབ་ཀྱིས་རྫུན་བཟོ་གི་ཡོད་པ་འདྲ་བོ་བཤད་སོང་དྲན་སོང་། ད་ནི་རྒྱ་རི་སྐད་ཆ་མང་པོ་ཞིག་ཀྱང་བདེན་པ་ཡིན་མིན་མི་ཤེས། རྒྱ་མིས་དེ་འདྲ་བཤད་མི་འདུག་ཀྱང་རྒྱ་རིས་རྫུན་བཤད་འདུག་མདོག་མདོག་བཤད་ཆོག་གི་རེད། དྲང་པོ་བཤད་ན་རྫུན་བཤད་མཁན་དེ་རྒྱ་མི་ཡིན་པ་ཤེས་ནའང་། རྒྱ་རི་བློ་གྲོས་དང་བཀའ་ཁྲི་ནང་བཞིན་མ་ཤེས་མདོག་མདོག་གིས་རྒྱ་མིས་བཤད་མི་འདུག་ཀྱང་གཅིག་བྱས་ན་བོད་མིའི་སྐུ་ཚབ་རྒྱ་རིས་རྫུན་བཤད་འདུག་མདོག་མདོག་གིས་ནང་ཁུལ་ལ་དོགས་པ་དང་མི་སྒེར་ནག་པོ་བཟོ་ཨེ་ཐུབ་ལྟ་ཆོག་གི་རེད། ཁོང་ཚོས་སྔོན་རྒྱ་ལོ་དོན་འགྲུབ་ལ་དེ་འདྲ་བཤད་ནས་ནག་པོ་བཟོ་ཁུལ་བྱས་སོང་དྲན་སོང་། ད་ལས་རྒྱུ་འབྲས་སྨིན་པ་མིན་འགྲོ། རྒྱ་རིས་བཤད་པའི་བཤད་པའི་སྐད་ཆ་་མང་པོ་ཞིག་ཀྱང་རྒྱ་མིས་བཤད་མེད་ཟེར་གྱི་འདུག འ

    Reply
  6. lobsang says:
    ལོ་ 16 སྔོན།

    སྔོན་མ་རྒྱལ་ལོ་དོན་འགྲུབ་ཀྱིས་ཏིང་ཞོ་ཕིན་གྱིས་བོད་རང་བཙན་མ་ཡིན་པ་གང་ཡང་གཉིས་མོལ་གྱི་ལམ་ནས་སེལ་ཆོག་གི་རེད་ཟེར་བ། རྗེས་སུ་རྒྱ་རི་དང་བཀའ་བློན་ཁྲི་བས་རྒྱ་མིའི་གཞུང་གིས་དེ་འདྲ་ཁས་ལེན་བྱས་མི་འདུག སྐད་ཆ་དེ་འདྲ་བཤད་པ་ཡིག་ཐོག་ན་སྟོན་རྒྱུ་མི་འདུག་ཟེར་ནས། རྒྱ་ལོ་དོན་གྲུབ་ཀྱིས་རྫུན་བཟོ་གི་ཡོད་པ་འདྲ་བོ་བཤད་སོང་དྲན་སོང་། ད་ནི་རྒྱ་རི་སྐད་ཆ་མང་པོ་ཞིག་ཀྱང་བདེན་པ་ཡིན་མིན་མི་ཤེས། རྒྱ་མིས་དེ་འདྲ་བཤད་མི་འདུག་ཀྱང་རྒྱ་རིས་རྫུན་བཤད་འདུག་མདོག་མདོག་བཤད་ཆོག་གི་རེད། དྲང་པོ་བཤད་ན་རྫུན་བཤད་མཁན་དེ་རྒྱ་མི་ཡིན་པ་ཤེས་ནའང་། རྒྱ་རི་བློ་གྲོས་དང་བཀའ་ཁྲི་ནང་བཞིན་མ་ཤེས་མདོག་མདོག་གིས་རྒྱ་མིས་བཤད་མི་འདུག་ཀྱང་གཅིག་བྱས་ན་བོད་མིའི་སྐུ་ཚབ་རྒྱ་ལོ་དོན་འགྲུབ་ཀྱིས་རྫུན་བཤད་འདུག་མདོག་མདོག་གིས་ནང་ཁུལ་ལ་དོགས་པ་དང་མི་སྒེར་ནག་པོ་བཟོ་ཨེ་ཐུབ་ལྟ་ཆོག་གི་རེད།

    Reply
  7. ཐིག་གསར་རྫ་ཕྲུག says:
    ལོ་ 16 སྔོན།

    སྤྱི་བཏང་ནས་བོད་རྒྱ་ཞི་མོས་ཀྱི་སྐུ་འཚབ་དེ་ཚོར་སྐད་ཡིག་གི་ཐད་མཐུས་བཤོལ་ཞིག་སོང་མེད་འགྲོ་བསམ་གྱིས་འདུག། ཁ་སྔོན་ང་རང་ལ་བོད་ནས་ཕེབས་པའི་གྲོགས་པོ་ཞིག་ཏུ་ཐུག་འཕྲད་བྱུང་སོང་ལ། ངེད་གཉིས་ཕན་ཚུན་རྒྱ་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་སྐོར་ཐར་ཐོར་རེ་བཤད་ཁུལ་བྱས་པ་ཡིན། ཁོང་ནི་བོད་རྒྱའི་གནས་བབས་ལ་དོ་སྣང་ཆེ་ཞིང་རྣམ་དཔྱོད་ལྡན་པ་ཞིག་རེད་ལ། བཙན་བྱོལ་བོད་ཀྱི་ཆབ་སྲིད་ཀྱི་ཐད་ང་ལས་ལྷག་པ་ཤེས་རྒྱ་ཆེ་ཞིང་་རྒྱུས་མངའ་འདུག་པ་མ་ཟད། བོད་རྒྱ་ཞི་མོས་ཀྱི་སྐུ་འཚབ་ད་བར་ཐེངས་བརྒྱད་ཕེབས་པ་སོགས་ལ་ཐེངས་རེ་རེ་བཞིན་རྒྱུས་མངའ་འདུག་ལ་མཁྱེན་རྒྱའང་འདུག། ངས་ཁོང་ལ་ཁྱེད་ཀྱི་འདི་ལྟར་ག་འདྲ་སེ་ཤེས་སོང་ཞེས་དྲིས་པས། ཁོང་གིས་ང་ལ་ཁོང་གིེས་ནམ་རྒྱུན་ཏུ་ཨེ་ཤེ་ཡ་རླུང་འཕྲིན་ལ་ཉིན་གྱིས་ཡོད་ལ་ཉིན་རེའི་གསར་འགྱུར་གལ་ཆེན་ཚོ་ཟིན་བྲིས་རྒྱག་གི་ཡིན་ཞེས་གསུངས་བས་ང་རང་དངོས་ངོ་རྐྱེངས་པ་བཟོས་སོང་། ངས་ཁོང་ལ་བཙན་བྱོལ་བོད་ཀྱི་སྐུ་འཚབ་མཐུས་མི་ཚོ་བོད་ལ་ཕེབས་དུས་ཁྱེད་ཚོས་གཟུགས་མཐོང་རླུང་འཕྲིན་ནས་མཐོང་ཐུབ་ཀྱིས་འདུག་བས་ཞེས་དྲིས་པར། ཁོང་གིས་མཚམས་མཚམས་མཐོང་གིས་འདུག། ཡིན་ནའང་ཁོང་ཚོས་སྐད་ཆ་ཅི་ཞིག་གྲོས་མོས་བྱས་ཡོད་པ་སོགས་གསལ་བོ་བཤད་ཀྱིས་མི་འདུག་ཅེས་གསུངས་སོང་། ཡང་ངས་ཁོང་ལ་བོད་ལ་བཞུགས་པའི་བོད་མི་ཚོས་སྐུ་འཚབ་ཆོར་རེ་བ་ག་འདྲ་ཞིག་བཅངས་འདུག་ཅེས་དྲིས་པར། ཁོང་གིས་བོད་མི་ཚོས་དང་ཐོག་རེ་བ་ཆེན་པོ་བཅངས་ཡོད་ཚོད་འདུག ཡིན་ནའང་ད་ལྟ་ཧ་ལམ་རེ་བ་མེད་པ་འདྲ་བོ་འདུག གང་ཡིན་ཞེས་ན་སྐུ་འཚབ་དེ་ཚོར་བོད་རྒྱ་ཞི་མོས་བྱེད་པའི་ཆ་རྐྱེན་གཙོ་བོ་སྐད་ཡིག་གི་ཆ་རྐྱེན་དེ་ཉིད་ཚང་གི་མི་འདུག་ལ་ཕན་ཚུན་གོ་བརྡར་གསལ་བོ་འཕྲད་མི་ཐུག་པར་འདྲ། ནམ་རྒྱུན་་ཨེ་ཤེ་ཡ་རླུང་འཕྲིན་ནས་གསུངས་པ་དང་རྒྱ་ནག་གི་དྲིལ་བསྒྲགས་བྱེད་པ་གཉིས་རྩ་བ་ནས་མཐུན་གྱིས་མི་འདུག་ལ། ད་དུང་ཡང་རྒྱ་ནག་གི་༧གོང་ས་མཆོག་གི་རང་བཙན་རྩ་བ་ནས་རྩོད་ཀྱི་མེད་པ་དེ་ཉིད་བཤད་རྟོགས་བྱུང་མེད་པ་དང་ཐེ་ཚོམ་སྒང་ལ་བསྡད་འདུག་ཅེས་གསུངས་སོང་། ངས་བསམ་པར་ཁོང་གིས་གསུངས་པ་དེ་ལའང་རྒྱུ་མཚན་མེད་པ་མ་རེད་བསམ། དྲ་གྲོགས་ཚོས་བལྟས་ན་འདུག་མི་འདུག

    Reply
  8. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཛ་ཛོར་ཅན་གྱི་བོད་རིགས་སྤུན་ཟླ།།

    ཛ་ལང་སྤྱོད་འཆངས་རྒྱ་འདྲེ་དེ་ཚོའི།།

    ཛ་དྲག་གནར་གཅོད་གདུག་རྩུབ་ངན་པའི།།

    ཛ་དྲག་གནས་སྟངས་ཁྲག་དང་སྲེས་སོང་།།

    ཝ་མོའི་གཡོ་ཐབས་སྣ་འགུ་སྤྱད་ནས།།

    ཝ་སྐད་བརྫུན་གཏན་ལུང་སྟོང་ཁེངས་སྟེ།།

    ཝ་ལེར་གསལ་བའི་བདེན་པའི་གནས་ལུགས།།

    ཝ་མོ་དེ་ཚོའི་བརྫུན་གྱིས་བསླུས་སོང་།།

    Reply
  9. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    ཙ་ག་ཙི་གེ་སྤྱོད་ལམ་རྩུབ་ལ།།

    ཚ་བ་འབར་ཞིང་བསྡོད་མི་ཚུགས་པའི།།

    ཛ་ཛོར་འཕྲང་ལ་རྒྱུགས་གྲངས་མང་ཞིང་།།

    ཝ་མོ་འདྲ་རྣམས་དོགས་གཟོམ་མཛོད་ཅིག།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese