མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་བཤས་རྭར་བསྒྱུར་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེས་གསར་འཛུགས་གནང་བའི་སློབ་གྲྭ་གཉིས་བྱ་གསོ་རྭ་བ་དང་བཤས་རྭར་བསྒྱུར་ཡོད་འདུག

དེ་རིང་ཞོགས་པར་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་ཚིག་སྟེང་གནས་ཚུལ་སྤེལ་བ་ལྟར་ན།  སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་གིས་བོད་ཁམས་ཁུལ་གྱི་ཕ་མ་མེད་པའི་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་གྱི་བུ་ཕྲུག་རྣམས་ཀྱི་སློབ་སྦྱོང་གི་མཐུན་རྐྱེན་དང་དཀའ་ངལ་ལ་དམིགས་ཏེ། ༡༩༩༤ ལོ་ནས་བཟུང་ཁོང་སྒེར་ངོས་ནས་འགྲོ་གྲོན་དང་ཐེངས་དུ་མར་གོང་རིམ་ལ་སྙན་སེང་ཞུས་རྗེས་རྫོང་དང་བར་ཐག་སྤྱི་ལེ་ ༤ ལྷག་ཡོད་པའི་སར་དགེ་འདུན་པ་གཙོར་བྱས་པའི་ཞི་བདེའི་བུ་གསོ་ཁང་ཞེས་པའི་སློབ་ཆུང་ཞིག་དང་། དེའི་ཡན་ལག་དགེ་བཤེས་ལུང་འགག་ཞི་བདེའི་སློབ་ཆུང་ཞེས་པའི་སློབ་ཆུང་གཉིས་ ༡༩༩༨ ལོར་དངོས་སུ་གསར་འཛུགས་བྱས་ཡོད་པ་དང་།  དེའི་ནང་ཁམས་ལི་ཐང་དང་འབར་ཁམས་གཙོས་པའི་ཁམས་ཀྱི་ས་ཁུལ་མང་པོ་ནས་སློབ་མ་བསྡུ་རུབ་ཀྱིས་ ༡༩༩༩ ལོར་རང་ལོ་ ༡༢ ནས་ ༢༠ བར་གྱི་སློབ་མ་ ༡༣༠ ལྷག་བསྡུ་རུབ་བྱས་ཡོད་པ་དང་། བོད་ཀྱི་དགེ་རྒན་  ༤ དང་རྒྱའི་དགེ་རྒན་ ༢།  མ་བྱན་ ༦ བཅས་བསྡོམས་མི་གྲངས་ ༡༤༢ ལྷག་ཡོད་འདུག

སློབ་གྲྭ་དེ་གཉིས་ནང་འཛིན་རིམ་བཞི་རུ་བགོས་ཏེ་བོད་ཡིག་དང་རྩིས་རིག རྒྱ་ཡིག བོད་ཡིག་གི་ཡིག་གཟུགས་སོགས་རྒྱ་ནག་རྒྱལ་ཡོངས་གཅིག་གྱུར་གྱི་སློབ་དེབ་བེད་སྤྱོད་བྱས་ཡོད་འདུག་ལ།  ཟླ་རེར་སློབ་མ་རེའི་སློབ་སྦྱོང་གི་ཡོ་བྱད་དང་ཟ་མ། གོན་པ། འདུག་གནས་སོགས་ཀྱི་འགྲོ་གྲོན་མ་དངུལ་རྒྱ་སྒོར་ ༡༣༨༠༠ ལྷག་རིན་པོ་ཆེ་སྒེར་ངོས་ནས་བཏང་ཡོད་པ་རེད། དེ་ལྟར་ཡང་། ཁོང་ཉིད་བཙོན་འཇུག་བྱས་རྗེས་ཏེ། ༢༠༠༠ ལོར་རྒྱ་ནག་གིས་བཙན་གྱིས་སློབ་མ་ ༣༠༠ ལྷག་རང་སར་འགྲོ་རུ་བཅུག་ཏེ་སློབ་གྲྭ་སྒོ་བརྒྱབ་ཏུ་བཅུག་ཡོད་པ་མ་ཟད།  ༢༠༠༨ ལོའི་ཟླ་ ༦ པ་ནས་ད་ལྟའི་བར་འབྲེལ་ཡོད་མི་སྣས་ཤེས་རྟོགས་བྱུང་གསལ་ལྟར་ན། རྒྱ་རིགས་མང་པོ་ས་དེར་སླེབས་ཏེ་རིན་པོ་ཆེ་མཆོག་གི་སློབ་གྲྭ་དེ་གཉིས་ཀྱི་མལ་ཁང་དང་སློབ་ཁང་ཡོངས་བྱ་གསོ་རྭ་བ་དང་བཤས་རྭར་བསྒྱུར་ཡོད་ཚུལ་བརྗོད་འདུག་ལ། ཉེ་ཁོར་གྱི་དྭངས་གཙང་གི་ཆུ་བོ་ཁྲག་མདོག་སུ་བསྒྱུར་བ་དང་། ཉེ་འཁོར་ཏུ་དྲི་མ་ངན་པས་ཡོངས་སུ་ཁྱབ་ཡོད་པ་མ་ཟད། དམག་མིའི་དམ་དྲག་གིས་གནས་དེར་ས་གནས་མི་མང་ལ་ལྟ་རྟོག་བྱེད་པའི་དབང་ཆ་ཅི་ཡང་མེད་ཚུལ་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

ཆུ་ཚོད་ ༥ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 6

  1. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    ཞིང་མཆོག་ཐུགས་དམ་གནད་བསྐུལ།

    སྔོན་བསྟན་པ་སྔ་དར་དུས་སུ། །
    མགོན་ཨོ་རྒྱན་ཆེན་པོས་ཞལ་ནས། །
    བོད་རྒྱལ་བློན་རྗེ་འབངས་ཡོངས་ལ། །
    དུས་གཏན་དུ་སྐྱོང་ཞེས་གསུངས་པས། །

    དེང་སྙིགས་མ་ལྔ་བདོའི་གཤམ་འདིར། །
    རྒྱ་དམར་པོས་བོད་ཁམས་འཇོམས་ཤིང་། །
    གདོན་དམ་སྲིའི་བསྟན་པ་རྒྱས་པས། །
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག།

    བོད་བསྟན་སྲིད་ཡོངས་ཀྱི་སྤྱི་དགྲ། །
    ལྷ་ཕྱག་ན་པདྨོའི་སྐུ་དགྲ། །
    དཔལ་ཞྭ་སེར་བསྟན་པའི་སྒོས་དགྲ། །
    བདུད་རྒྱལ་འགོངས་སྡེ་བཅས་ཆོམས་ཤིག

    Reply
  2. དུག་ཚེར། says:
    ལོ་ 17 སྔོན།

    ཁོང་ཚོ་ནི་ངེས་དོན་གྱི་རྒྱལ་བཅས་བོད་ཀྱི་དཔའ་བོ་ཞིག་ཡིན་པས་ང་ཚོས་ཀྱིས་ཅང་ནས་ཁོང་རྣམ་པ་ཡང་ཡང་དྲན་ན་འོས།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་པ་ན་བའི་གཏམ་རྒྱུད་འདི་དག་གོ་ཐེངས་རེར། སེམས་ཁོང་གི་ན་ཟུག་ལྕི་རུ་འགྲོ་བ་མ་ཟད། རྒྱ་ནག་པོའི་གཞུང་འདིས་བོད་འདི་རྩ་མེད་དུ་གཏོང་རྒྱུ་དེ་ལ་མི་སུ་ལ་ཡང་ཡ་ང་མེད་པ་སྟོན་གྱི་འདུག

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ངས་གློ་བུར་དུ་འདི་འདྲ་ཞིག་དྲན་བྱུང་།

    པཎ་ཆེན་ལགས་་་་་་་་
    རིན་པོ་ཆེ་་་་་་་་་
    ངོ་མཚར་བའི་རྨི་ལམ་སུ་ལ་ཞུ།
    སྙིང་ཁོང་གི་གླུ་དབྱངས་སུ་ལ་ལེན།
    མིག་ཆུའི་ཐིགས་པ་རེ་རེ།
    བསམ་ཞིང་་་་ངས་བསམ་ཞིང་་་
    སེམས་ལ་ལྷུང་་་
    པཎ་ཆེན་ལགས་་་་་
    རིན་པོ་ཆེ་་་་་་་་་

    Reply
  5. ནད་པ says:
    ལོ་ 17 སྔོན།

    མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སོགས་བོད་ནང་ཡོད་པའི་སྐྱེས་ཆེན་དམ་པ་ཚོའི་མཛད་རྗེས་དང་ལྷག་བསམ་ལ་ཧ་ལས་་དགོས་པ་ཞིག་རེད།

    ཐབས་སྡུག་པའི་གནས་ཚུལ་འདི་དག་བྱུང་བ་ནི་ང་ཚོ་བོད་རིགས་ཡོངས་ལ་གྱོང་གུན་ཚབས་ཆེ་ཕོག་པ་ཞིག་ཡིན་ལ་ཕྱོགས་གཞན་ནས་དཔྱད་ན་ང་ཚོའི་བླ་ཆེན་དང་མི་ཆེན་མང་ཆེ་བས་འཇིག་རྟེན་ཆབ་སྲིད་ཀྱི་ཐབས་ལམ་ཐད་ལ་ཤེས་རིག་དང་ཉམས་མྱོང་གི་མ་འདང་བའི་ཆ་ཞིག་ཀྱང་མཚོན་ཡོད།

    Reply
  6. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ད་ངོ་མ་རིག་གནས་གསར་བརྗེ་དེ་དྲན་བསྐུལ་བྱས་སོང་།
    དེ་དུས་ལྷ་ཁང་ཚང་མ་གཤས་ར་བྱས་པ་རེད་ཟེར་གྱིན་འདུག་ག་
    ད་དེ་ཚོས་སང་ཉིན་ག་རེ་བྱེད་ཀྱིན་ཡོད་ན་
    དཀོན་མཆོག་མཁྱེན་་་་་་་་་་་་
    བོད་ནང་གི་བོད་མི་ཚོ་
    ད་གང་དྲགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese