མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོན་པ་བཅོམ་ལྡན་འདས་ཀྱང་ཚན་རིག་པ་ཞིག་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་རྒྱ་གར་རྒྱལ་ཡོངས་སྐབས་ང་བརྒྱད་པའི་ལོ་འཁོར་ཚན་རིག་པའི་ཚོགས་ཆེན་སྟེང་ཆིབས་བསྒྱུར་བསྐྱངས་ཏེ་ལུས་ཁམས་ཚན་རིག་དང་རྒྱ་གར་གྱི་གནའ་བོའི་ནང་པའི་ལྟ་གྲུབ་ཅེས་པའི་བརྗོད་གཞིའི་སྟེང་གསུང་བཤད་གནང་ཡོད་པ་རེད།

ཕྱི་ཚེས་ ༡༧ ཉིན་གྱི་ཞོགས་པར་རྒྱ་གར་གནད་ཡོད་མི་སྣ་ཁག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། ༧གོང་ས་མཆོག་བཞུགས་སྒར་ནས་ཆིབས་ཐོན་གྱིས་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཊར་མངའ་སྡེའི་གྲོང་ཁྱེར་ལོག་ནོ་དང་ཨན་ངྷ་ར་མངའ་སྡེའི་ཧེ་ཌེར་བྷ་ཌུ་གྲོང་ཁྱེར། དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀའི་མངའ་སྡེའི་ཤར་ཕྱོགས་ཀྱི་གྷུལ་བྷར་གྷ་སོགས་སུ་ཆིབས་བསྒྱུར་གྱིས་མཛད་འཕྲིན་སྐྱོང་མགོ་བཙུགས་ཡོད་ལ།  ཕྱི་ཚེས་ ༡༧ ཉིན་ནས་ཕྱི་ཚེས་ ༢༠ བར་གྱི་ཉིན་གསུམ་རིང་༧གོང་ས་མཆོག་རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཊར་མངའ་སྡེའི་སན་རྗེ་གྷན་རྡི་གསོ་རིག་ཚན་རིག་གི་གཙུག་ལག་སློབ་གླིང་དུ་སྐོང་འཚོགས་གནང་བཞིན་པའི་རྒྱ་གར་རྒྱལ་ཡོངས་ཀྱི་ཚན་རིག་པའི་ལོ་འཁོར་ཚོགས་ཆེན་སྐབས་ ༥༨ པའི་ཚོགས་ཆེན་སྟེང་ཆིབས་བསྒྱུར་ཞབས་སོར་བཀོད་དེ། ཉིན་དེའི་སྔ་དྲོར་དེར་ཡོད་རྒྱ་གར་རྒྱལ་ཡོངས་ཀྱི་སྨན་རིག་མཁས་པ་དང་ཚན་རིག་པ་བཅས་གནད་ཡོད་མི་སྣ་ ༧༠༠ ལྷག་ལ་ལུས་ཁམས་ཚན་རིག་དང་རྒྱ་གར་གྱི་གནའ་བོའི་ནང་པའི་ལྟ་གྲུབ་ཅེས་པའི་བརྗོད་གཞི་གཙོ་བྱས་ཏེ། ཁོང་ཉིད་ཀྱི་དགོངས་གཞི་དང་ནང་བའི་ཆོས་ཀྱི་མྱོང་ཚུལ་ཐོག་ནས་སློབ་གནང་ཡོད་པ་རེད། ༧གོང་ས་མཆོག་གིས་གསུངས་དོན། ཁོང་ཉིད་ཌར་ཝན་གྱི་ལྟ་བ་དེར་ཐུགས་སྣང་ཆེ་སྟབས་ཁོང་གི་གསུང་རྩོམ་བཀླགས་པ་ཡིན་ལ། དེང་སྐབས་སེམས་ཁམས་རིག་པ་དང་དབང་རྩའི་ཚན་རིག་གི་སྐོར་བོད་ཀྱི་དགོན་སྡེ་ཁག་ཏུའང་ངོ་སྤྲོད་བྱེད་བཞིན་ཡོད་ཅེས་དང་། ཚན་རིག་གིས་ཅི་ཡང་གཏོར་སྐྱོན་བཏང་མེད་མོད། མི་རྣམས་ཀྱིས་ཚན་རིག་བེད་སྤྱོད་ལོག་པར་བཏང་སྟེ་གཏོར་སྐྱོན་གཏོང་གིན་ཡོད་པ་རེད། སངས་རྒྱས་ཤཀྱ་ཐུབ་པ་ཁོང་ཉིད་ཀྱང་ཚན་རིག་པ་ཞིག་ཡིན་ལ། ཁོང་གིས་བདེ་ཐང་གི་མི་ཚེ་ཞིག་སྐྱེལ་ཐབས་སུ་མིའི་སེམས་ལ་སྟངས་འཛིན་བྱ་ཕྱོགས་བསྟན་ཡོད་ཅེས་གསུངས།

ཐེངས་འདིའི་ཚོགས་འདུའི་སྟེང་༧གོང་ས་མཆོག་གདན་ཞུ་གནང་བའི་དམིགས་ཡུལ་གཙོ་བོ་ནི། སྨན་པ་དང་ཚན་རིག་པ་རྣམས་ཀྱིས་མིའི་ལུས་ཁམས་ཀྱི་ཕྱག་ལས་ཐད་ཤེས་རྟོགས་གང་འཚམ་ཡོད་ཀྱང། ཆོས་ཀྱི་ཐོག་ནས་མིའི་སེམས་ཁམས་དང་བསམ་བློའི་འགྱུར་བའི་ཐོག་ནས་ལུས་ཁམས་ལ་བརྟག་དཔྱད་བྱ་ཕྱོགས་གང་འདྲ་ཡིན་མིན་ཤེས་རྟོགས་མེད་སྟབས། ང་ཚོས་ཁོང་ཉིད་གདན་འདྲེན་ཞུས་ཏེ་ཁོང་ཉིད་ཀྱིས་གང་འདྲ་བྱས་ཏེ་མིའི་བསམ་བློར་འགྱུར་བ་གཏོང་གིན་ཡོད་མེད་དང་ཤུགས་རྐྱེན་གང་འདྲ་ཞིག་འཇོག་གིན་ཡོད་མེད་ཤེས་རྟོགས་བྱ་ཆེད་ཡིན་ཅེས་དང་། ཁོང་ཉིད་འཛམ་གླིང་ཞི་བདེའི་དེད་དཔོན་དང་བླ་ན་མེད་པའི་དབུ་ཁྲིད་ཅིག་ཡིན་སྟབས་ང་ཚོས་ཁོང་གིས་མིའི་ཀླད་ཁམས་ཐད་ལ་གཟིགས་ཕྱོགས་གང་འདྲ་ཡོད་མེད་སོགས་ཤེས་རྟོགས་བྱ་ཆེད་ཡིན་ཅེས་ཐེངས་འདིའི་ཚོགས་འདུ་གོ་སྒྲིག་གནང་མཁན་གྱིས་བརྗོད་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་༧གོང་ས་མཆོག་ཧེ་ཌར་བྷ་ཌིར་ཆིབས་བསྒྱུར་བསྐྱངས་ཤིང་། ཕྱི་ཚེས་ ༡༨ ཉིན་དེར་ཡོད་བོད་རིགས་སུད་ཚོང་བ་རྣམས་དང་སློབ་ཕྲུག་རྣམས་ལ་མཇལ་ཁ་གནང་ཡོད་པ་རེད། ཁོང་གི་ཉིན་གསུམ་རིང་གི་ཆིབས་སྒྱུར་སྐབས་༧གོང་ས་མཆོག་གིས་གསུང་ཆོས་ཀྱང་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༨ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༨ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༩ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

མཆན། 5

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དྲ་གྲོགས་ཨ་ལ་ལ་ལགས། ངས་གོང་དུ་བཤད་པ་དེ་སྐད་ཆ་བཤད་སྟངས་ཤིག་གིས་བཤད་ནོར་ཐེབས་པ་ལས་གཞན་མགོན་པོ་གང་གིས་མ་གསུང་སྔོན་ནས་ངས་ཅིག་ཤེས་ཡོད་མདོག་བཤད་པ་རྩ་ནས་མིན། སྔོན་མ་ང་སློབ་གྲྭར་ཡོད་དུས་ངའི་སློབ་གྲོགས་ཚོ་དེ་འདྲ་རྐྱང་རེད་པས། ད་ནི་དྲ་ཐཔག་ནས་འདི་འད་ཁ་གསལ་པོས་བྲིས་ཡོང་ན། སྔོན་མའི་ངའི་སློབ་གྲོགས་ཚོ་དང་འདྲ་བའི་རང་རིགས་དང་གཞན་རིགས་ཚང་མར་ཕན་ཐོག་ཆེན་པོ་ལྡན་ནམ་སྙམ་པ་དང་། བདག་རང་ཡང་མགོན་པོ་གང་དང་མང་བསྟན་རིག་པར་ཡིད་ཆེས་དང་དད་པ་ཆེས་ཆེར་འཕེལ་བཞིན་པ་མ་ཟད། རང་གིས་ནང་བསྟན་ཕྱོགས་ལ་ཅིག་ཤེས་ན་སྙམ་པའི་བློ་དེ་ཡང་ངང་ངམས་ཤིག་གིས་སྐྱེས་ཡོང་གི དེ་མིན་གཞན་༸གོང་ས་མཆོག་གིས་མ་མཁྱེན་པ་ཞིག་ངས་སྔོན་དུ་ཤེས་སོང་དང་རྟོགས་བྱུང་ལྟ་བུ་ཞིག་ཟེར་འདོད་རྩ་ནས་མེད་ལ། དེ་ལྟར་སྲིད་པ་ཡང་མིན་ན་དེ་དོན་དགོངས་འཇགས་དང་བཤད་ནོར་ཐེབས་འདུག་ན་དགོངས་དག་གུ་ཡངས་གནང་རོགས་ཞུ།

    Reply
  2. ཨ་ལ་ལ says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱེད་ནི་བསམ་ཚུལ་འདོན་མཁན་སྔ་ཤོས་ཤིག་ཡིན་པའི་ཅ་ནས་ངས་ཁྱེད་ལ་བསྔགས་བརྗོད་ཅིག་ཞུ་འདོད་བྱུང་བ་དང་ཅབས་ཅིག་འདི་འདྲ་ཞིག་ཀྱང་བཤད་འདོད་འདུག ནང་དོན་རིག་པ་དེ་ཚན་རིག་ཡིན་ཚུལ་སུ་གང་གིས་མ་བཤད་པ་དང་ད་རེབ་༧གོང་ས་མཆོག་གིས་གསུངས་པ་ཀྱེད་ཀྱི་བསམ་ཚུལ་དང་མཐུན་ཚུལ་བཤད་པ་དེ་ནི་ཁྱེད་རང་གི་མཐོང་རྒྱ་ཆུང་བའི་རྟགས་ཤིག་ཡིན། འདིའི་ཐད་དུ་༸གོང་ས་མཆོག་གིས་དུས་བསྟུན་རིམ་བྱུང་ལ་འདི་ལྟར། ནང་དོན་རིག་པ་ལ་དུམ་ཚན་གསུམ་དུ་དབྱེ་དགོས། གཅིག་ནི་ནང་པའི་ཆོས་དང་། གཅིག་ནི་ནང་པའི་ལྟ་གྲུབ གཅིག་ནི་ནང་པའི་ཚན་རིག་རེད་ཅེས་གསུང་གི་དབུགས་དབྱུང་ལན་གྲངས་བརྒྱ་ཕྲག་ཏུ་གནང་ཡོད་པ་དང་།་དེ་བཞིན་དུ་བོད་ཀྱི་མཁས་པ་མང་བོས་གསུངས་ཡོད་པ་ནས་མཚོན་ཙམ་བཤད་ན་ལྡོང་ཤུལ་གྱིས་ཀྱང་དེ་འདྲའི་ཕྱོགས་མཐུན་བཤད་ཡོད་པ་རེད།

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ནད་པ་ལགས་ཀྱི་ད་རེབས་དངོས་ནས་ནང་དོན་གཉིས་ལྡན་གྱི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་གྱི་དེབ་ཞེས་པ་ཞིབ་དུ་མཇལ་ནས་༧གོང་ས་མཆོག་གི་བཀའ་སློབ་སྤྱིའི་སྙིང་བོ་མདོར་བསྡུས་ཤིག་གསུངས་འདུག་པ་དེ་ནི་དངོས་ནས་ཡག་པོ་འདུག་ལགས།

    Reply
  4. ནད་པ says:
    ལོ་ 17 སྔོན།

    ༸ གོང་ས་མཆོག་ནི་སྐུ་ན་ཆུང་ངུའི་དུས་ནས་ནང་ཆོས་དང་ལྷག་དོན་དེང་རབས་ཚན་རིག་གི་ཤེས་བྱར་རང་བཞིན་གྱིས་ཐུགས་སྣང་དང་སྦྱང་བརྩོན་ཆེན་པོ་ཞིག་གནང་འདོད་ཀྱི་ཐུགས་རིག་ཤིན་ཏུ་བཀྲ་བ་ཞིག་རེད་འདུག

    ཁོང་སྐུ་ན་ཤིན་ཏུ་ཕྲ་བ་ཆུང་བྱིས་པའི་དུས་སུ་སྐུ་མདུན་སྐུ་གོང་མའི་དུས་ཀྱི་མོ་ཊ་དང་། རྒྱང་ཤེལ། ཁུ་བྱུག་ཆུ་ཚོད་སོགས་ལ་ལྷན་སྐྱེས་ཀྱིས་བློ་རིག་དངང་མོས་གཟིགས་ཞིབ་དང་ལྷག་པར་ཆུ་ཚོད་མང་པོ་མར་ལྷུ་བཤིགས་ཏེ་བྱེད་ལས་གང་འདྲ་བྱེད་ཀྱི་ཡོད་མེད་སོགས་ལ་ཐུགས་སྣང་ཚད་མེད་ཅིག་གནང་འདུག

    དངང་བའི་མཚན་མོ་ཞིག་ལ་མཁའ་དབྱིངས་སུ་གཟའ་སྐར་གྱི་ཕྲ་ཚོམ་ཕྲོད་དུ་ཟླ་བའི་གོ་ལར་གཟིགས་ཞིབ་ནན་མོ་ཞིག་གནང་མཐར་ཡོངས་འཛིན་གཉིས་ལ་གསུངས་གནང་ནས་ང་ཚོས་ཟླ་བའི་ནང་རི་བོང་གི་རྭ་ཞིག་ཡོད་པར་ངོས་འཛིན་བྱེད་པ་དེར་ངས་བལྟས་ན་དེ་ནི་ཉི་འོད་ཕོག་པའི་གོ་ལའི་གྲིབ་གཟུགས་ཞིག་རེད་ཅེས་ནན་བརྗོད་གནང་ཏེ་ཡོངས་འཛིན་གཉིས་ཀྱིས་ངོ་མཚར་ཅན་གྱིས་ཐུགས་རིག་ལ་དགྱེས་གཉེས་ཆེན་པོ་ཞིག་གནང་འདུག

    ད་དུང་ཁོང་གི་ངས་མོ་ཊ་འདི་ལ་བསམ་བློ་ལན་མང་ཞིག་བཏང་མཐར་ཕྱི་རོལ་ཏུ་མཚན་རིག་གྱི་དར་རྒྱས་ཤིན་ཏུ་ཆེ་བའི་འཇིག་རྟེན་ཞིག་ཡོད་པར་ཡིད་ཆེས་བྱས་ཏེ་ངས་དེའི་ཕྱོགས་སུ་འཚོལ་ཞིབ་བྱེད་དགོས་ཀྱི་དགོངས་ཚུལ་མང་པོ་ཞིག་ཐུགས་ལ་འཁྲུངས་པའི་སྐོར་དང་དེ་ནས་༸ གོང་ས་མཆོག་བཙན་བྱོལ་དུ་ཕེབས་པ་ནས་བཟུང་ཁོང་གི་ཚན་རིག་མཁས་དབང་མང་པོ་ཞིག་དགེ་རྒན་དུ་བསྟེན་ནས་ད་བར་སེམས་དང་ཚེ་སྲོག་ཅེས་པའི་ཚོགས་འདུའི་ཐད་ལ་འཛམ་གླིང་ཚན་རིག་མཁན་མང་པོ་དང་ལྷན་དུ་བགྲོ་གླེང་ཐེངས་ཉི་ཤུ་ལྷག་ཙམ་ཡོད།

    ད་དུང་ཁོང་གིས་ཨཡིནསེ་ཊིན་དང་༸ ཌ་ཝིན་སོགས་ཀྱི་དངོས་ཁམས་རིག་པས་གཙོ་བྱས་པའི་ཚན་རིག་ཤེས་བྱར་ཐུགས་སྣང་ཚད་མེད་གནང་མཐར་ད་ལྟའི་ཆར་འཛམ་གླིང་གི་ཚན་རིག་མཁས་དབང་མང་ཆེ་བ་ཞིག་སེམས་དོན་རིག་པར་ཁ་ཕྱོགས་ནས་ཀླད་རྩ་དང་ཀླད་ཁམས་ཀྱི་སྐོར་སོགས་ལ་ཞིབ་འཇུག་གནང་མགོ་འཚུགས་ཡོད་ལ་ནང་པའི་ཆོས་དེ་ཡང་ཚན་རིག་དང་མཐུན་པར་ལུང་ཙམ་མ་ཡིན་པར་བདེན་པ་དང་། རྒྱུ་མཚན་ལ་དཔྱད་ནས་བདེན་དོན་གང་ཡིན་པ་དེ་ངེས་པར་ཁས་ལེན་བྱེད་དགོས་པ་ཞིག་ཡིན་པའི་བཀའ་སློབ་མང་པོ་གནང་འདུག

    ༸ གོང་མཆོག་གི་བརྩམས་གནང་མཛད་པའི་ཚན་རིག་ཐད་ཀྱི་དཔེ་དེབ་གཅིག་ནི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཞེས་དང་དབྱིན་སྐད་ནང་ ”The Universe In a Single Atom” ཞེས་པའི་དེབ་དེ་ངས་ལན་མང་ཞིགབལྟ་ཀློག་ནན་མོ་བྱས་ཁུལ་ལས་ད་གཟོད་ངས་ཁས་ལེན་པ་ཞིག་ནི་༸ གོང་ས་མཆོག་ནི་ཚན་རིག་མཁན་དང་ལྷག་དོན་དབང་རྩ་རིག་པ་དང་སེམས་ཁམས་རིག་པའི་སློབ་དཔོན་ཆེན་པོ་ཞིག་ཡིན་པ་ངེས་ཤེས་གཏིང་ཟབ་ཅིག་རྙེད་བྱུང་།

    དེར་བརྟེན་ང་ཙམ་མ་ཟད་བོད་རིགས་སྤྱིཡོངས་དང་སྒོས་སུ་ནང་བསྟན་ཆོས་ལུསགས་ཀྱི་ངོས་ནས་བཤད་ན་ཧ་ཅང་གིས་ཡིད་རབ་ཏུ་དངང་བ་འདྲེན་པ་ཞིག་དང་དགའ་སྤོབ་ཆེན་པོ་སྐྱེ་གཞི་ཞིག་ཆགས་ཡོད།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ད་དུང་སྟོན་པའི་རྗེས་འཇུག་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་དང་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ཡང་ཚན་རིག་པ་ཞིག་རེད་ཡ། ང་རང་མཐོ་སློབ་དུ་ཡོད་ཞི་བ་ལྷའི་སྤྱོད་འཇུག་ཆེན་མོ་དེ་མཚན་རིག་གི་གཞུང་ཞིག་རེད་ཅེས་དུས་སློབ་གྲོགས་ཚོས་རྒོལ་གཏམ་ཆར་བ་བཞིན་བབས་མྱོང་ལ། སྟོན་པའི་གསུངས་རྣམས་ཀྱང་ནང་པའི་ཆོས་ལུགས་ཤིག་ལ་ངོས་འཛིན་པ་ལས་གཞན་མཚན་རིག་གི་གཞུང་ལྟ་བུ་ལ་ངོས་འཛིན་མཁན་གཅིག་ཀྱང་མཐོང་མ་མྱོང་། ད་ནི་གོང་ས་མཆོག་གིས་ཞལ་གསལ་བོའི་ངང་ནས་གསུང་འདུག་ན་དགའ་སྤྲོས་བརྟས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese