མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདག་སྒྲ་ཡ་ཆའི་སྐོར་ཅུང་ཙམ་ཞུ། ཀརྨ་དགེ་ལེགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཀརྨ་དགེ་ལེགས།

                          དང་པོ། བདག་སྒྲ་ཡ་ཆའི་སྐོར་ཞུ་དགོས་པའི་རྒྱུ་མཚན་ནི།
   སྤྱིར་རང་རེའི་བོད་འདི་ན་སོ་སོའི་རང་ལུགས་འདི་ཞེས་ཨུ་ཚུགས་མཁན་མང་བ་དང་། དྲང་མོས་དཔྱད་པ་བྱེད་མཁན་ཉུང་བའི་ཕྱིར། ཐ་ན་བདག་སྒྲ་ལའང་ས་ཕྱོགས་རེ་ན་རང་ལུགས་མི་འདྲ་བ་རེ་དང་། སྦྱོར་ཚུལ་མི་འདྲ་བ་རེ་འདུག    དཔེར་ན། ནང་པ་བ། ནང་བ་པ། ནང་བ་བ། ཞེས་པ་ལྟ་བུའོ། ད་ལྟ་རྩོམ་འབྲི་མཁན་དང་རྩོམ་སྒྲིག་མཁན་གཉིས་བར་རང་ལུགས་མི་འདྲ་བ་རེ་བྱུང་བས་ཕན་ཚུན་རྙོག་འཛིང་གི་དྲ་བར་ཚུདའདུག   ལྷག་པར་ལེགས་བཤད་ལྗོན་དབང་དུ། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་ཡོད་པ་ལ།དེ་འགྲེལ་མཁན་རྣམས་ཀྱིས་དོན་ལོག་པར་བཀྲལ་ནས། ང་ཚོའི་ཁ་དཔེར། བླུན་པོས་འཆུགས་ན་མཐོ་གང་། །མཁས་པས་འཆུགས་ན་འདོམ་གང་། །ཟེར་ཡང་། འདིར་མཁས་བརྒྱས་འཆུགས་ནས་འདོམ་རྒྱ་རུ་གྱུར་ཡོད།  སྤྱིར་ལེགས་བཤད་ལྗོན་དབང་ཞེས་པའི་སུམ་བཅུ་བའི་སྡོམ་ཚིག་དེ་དར་ཁྱབ་ཆེ་ཤོས་ཡིན་ཕྱིར་ལོག་འགྲེལ་དེ་ཡང་དར་ཁྱབ་ཆེ་ཤོས་སུ་གྱུརཡོད། དེ་བཞིན་ཨུ་ཚུགས་ཀྱི་དཔེར་བརྗོད་རེ་བཀོད་ནས་བོད་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཆེ་ཆུང་ཀུན་ལའང་འགྲེལ་ལོག་འདིས་མགོ་སྐོར་གཏོང་བཞིན་དང་། བོད་ཀྱི་སྐད་ཡིག་ལའང་འདིས་སླད་སྲེ་བཞིན་ཡོད། ཚུལ་འདི་ལ་བསམས་ནས་དྲང་མོའི་སྒོ་ནས་དཔྱད་པ་དང་བཅས་དོན་ལེགས་པར་བཀྲལ་ནས་ཞུ་རྒྱུ་གལ་ཆེ་ཕྱིར་རོ། །
                               དོན་ཆེན་ཟབ་མོའི་ལྟ་གྲུབ་འདིར་མེད་ཀྱང་། །
                                   དོན་ཆུང་གཞན་གྱི་གསུང་སྒྲོས་རྐུས་པ་མིན། །
                                   བོད་ལ་ད་དུང་བོད་སྐད་དགོས་གྱུར་ན། །
                                  གལ་ཆེན་དོན་ཆེན་ཡིན་མིན་ལྟོས་དང་ཤེས། །
        གཉིས་པ།  གཞན་གྱི་བདག་སྒྲ་ཡ་ཆ་འགྲེལ་ལུགས། ལེགས་བཤད་ལྗོན་དབང་དུ།   ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན།།
བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བ་ཕལ་ཆེར་འདྲ། །ཞེས་པའི་བདག་སྒྲ་ཡ་ཆ་གཉིས་ཀྱི་དོན་གཞན་གྱིས་ཇི་ལྟར་བཀྲལ་པར་ཞུ་བ་ལ། ཚྭ་སྤྲུལ་དང་། རྡོ་རྗེ་རྒྱལ་བོ། དུང་དཀར་བློ་བཟང་ཕྲིན་ལས་སོགས་མང་བོ་ཞིག་གིས་ཚེག་བར་བརྩིས་ནས། ཚེག་བར་གསུམ་ཅན། ཚེག་བར་ལྔ་ཅན་རྣམས་ལབདག་སྒྲ་ཡར་གྱུར་བ་དང་། ཚེག་བར་གཉིས་ཅན།  ཚེག་བར་བཞི་ཅན།  ཚེག་བར་དྲུག་ཅན་རྣམས་ལ་བདག་སྒྲ་ཆར་གྱུར་པ་ཞེས་འབོད།  དཔེར་ན། ཚྭ་སྤྲུལ་གྱིས། གཟུགས་གཞི་ཐང་པོ་དང་། མི་གྱོང་བོ།  ཉག་རོང་བ་དང་། རོང་པ། ང་མཐའི་བདག་སྒྲ་ཡར་གྱུར་བོ་དང་། ཆ་ལ་པོ། ཡང་ཡ་ལ་བ་དང་། ཆ་ལ་པ་སྦྱར་བ། ཉེ་པོ་དགའ་པོ་དང་། ཕན་པོ་མདའ་པ་དང་། རྒྱ་མདའ་བ། འ་མཐའི་བདག་སྒྲ་ཡར་གྱུར་བ་ཕྱེད་ཝ་དང་། ཆ་ལ་པོ། ཡང་ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པ་སྦྱར་བ། རྒྱན་ཆ་མཆོར་པོ་དང་། མི་འཕེར་བོ། མིག་ཞར་བ་དང་། གུར་པ། ར་མཐའི་བདག་སྒྲ་ཡར་གྱུར་བོ་དང་། ཆ་ལ་པོ། ཡང་། ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པོ་སྦྱར་བ། མི་དལ་བོ་དང་། སེམས་རྩ་འཁོལ་པོ། བློ་གསལ་བ་དང་། ཚལ་པ། ལ་མཐའི་བདག་སྒྲ་ཡ་ལ་བོ་དང་། ཆ་ལ་པོ། ཡང་། ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པ་སྦྱར་བ། ཁ་བདེ་བོ་དང་། ལག་པ་བདེ་པོ། སེ་ར་བ་དང་། ཉ་པ། མཐའ་མེད་ཀྱི་བདག་སྒྲ་ཡ་ལ་བོ་དང་། །ཆ་ལ་པོ། ཡང་ཡ་ལ་བ་ཕྱེད་ཝ་དང་། ཆ་ལ་པ་སྦྱར་བ་བཅས་ཡིན།  ཞེས་སོགས་འཁོད་པ་ལ་གཟིགས་པར་འཚལ།
      གསུམ་པ། གཞན་སྐྱོན་གསལ་བར་ཞུ་བ་ལ།སྐབས་འདིར་གཞན་གྱི་འགྲེལ་ལུགས་ལ་སྐྱོན་ཡོད་མེད་ནི་བོད་སྐད་དང་མཐུན་མི་མཐུན།བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་མཐུན་མི་མཐུན་གྱི་སྒོ་ནས་འཇོག་དགོས་ཕྱིར། འདིར་བོད་སྐད་དང་མཐུན་ཐབས་མེད་པའི་དཔེར་བརྗོད་འགའ་བཀོད་པ་ལ། གཟིགས་དང་། རྗེ་རིན་པོ་ཆེའི་མཚན་གཅིག་པོར་མཚོན་ན།
                                         ཙོང་ཁ་བ།    ཡ་ཅན།   ཚེག་བར་༣ཅན།
                                     རྗེ་ཙོང་ཁ་པ།    ཆ་ཅན།   ཚེག་བར་༤་ཅན།
                 རྗེ་བཙུན་ཙོང་ཁ་བ།    ཡ་ཅན།   ཚེག་བར་༥་ཅན།
                       ཤར་རྗེ་བཙུན་ཙོང་ཁ་པ།    ཆ་ཅན།   ཚེག་བར་༦་ཅན།
                                                                                                                                                                                                                                                                                                                                                                                                                                                     རྗེ་བཙུན་ཆེན་པོ་ཙོང་ཁ་བ།    ཡ་ཅན།   ཚེག་བར་༧་ཅན།
                             ཤར་རྗེ་བཙུན་ཆེན་པོ་ཙོང་ཁ་པ།    ཆ་ཅན།   ཚེག་བར་༨་ཅན།
དེ་བཞིན། གཞན་ཡང་དཔེར་བརྗོད་རེ་འགོད་པ་ལ།
                                         བཟོ་པ་བ།   ཡ་ཅན།  ཚེག་བར་༣་ཅན།
                             ཤིང་བཟོ་བ་པ།   ཆ་ཅན།  ཚེག་བར་༤་ཅན།
                               ཤིང་གྲུ་བཟོ་པ་བ།   ཡ་ཅན།  ཚེག་བར་༥་ཅན།
                          གྲུ་ཆུང་ཆུང་བཟོ་བ་པ།   ཆ་ཅན།  ཚེག་བར་༦་ཅན།
         གྱེན་འཕུར་གནམ་གྲུ་བཟོ་པ་བ།   ཡ་ཅན།  ཚེག་བར་༧་ཅན།  ཞེས་དང་།                     
                                           ཟ་པ།  ཆ་ཅན།  ཚེག་བར་༢་ཅན།
                                            ཟ་པ་བ།  ཡ་ཅན།  ཚེག་བར་༣་ཅན།
                                         ཤ་ཟ་བ་པ།  ཆ་ཅན།  ཚེག་བར་༤་ཅན།
                                   ལུག་ཤ་ཟ་པ་བ།  ཡ་ཅན།  ཚེག་བར་༥་ཅན།
                                ཤ་ཚོན་པོ་ཟ་བ་པ།  ཆ་ཅན།  ཚེག་བར་༦་ཅན།
                          གླང་བོ་ཆེའི་ཤ་ཟ་པ་བ།  ཡ་ཅན།  ཚེག་བར་༧་ཅན།
                        གླང་བོ་ཆེ་ཡི་ཤ་ཟ་བ་པ།  ཆ་ཅན།  ཚེག་བར་༨་ཅན།
དཔེར་བརྗོད་འདི་དག་ལ་གཟིགས་དང་བོད་སྐད་དང་མི་མཐུན་པ་བློ་གཟུ་བོར་གནས་པ་དག་གིས་ཤེས་སླའོ། །
     བོད་ཡིག་བྱེད་པོ་ཐོན་མི་མན་ཆད་ནས།   །དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡན་ཆད་བར། །                 
  ཚེག་བར་བརྩིས་ནས་ཐོབ་ཐང་སྦྱོར་ཚུལ་ཞིག   །བོད་ཀྱི་བརྡ་སྤྲོད་གཞུང་ལ་གྲགས་མ་མྱོང་། །
   དབྱངས་ཅན་གྲུབ་པའི་རྡོ་རྗེ་མན་ཆད་ནས།   །ང་རང་ཀརྨ་དགེ་ལེགས་ཡན་ཆད་བར། །
 བདག་སྒྲ་ཡ་ཆ་ཚུལ་བཞིན་འགྲེལ་མཁན་ཞིག   །རང་ཅག་གངས་ཅན་བོད་ལ་བྱུང་མ་མྱོང་། །
         བཞི་བ། བདག་སྒྲ་ཡ་ཆའི་དོན་ཅི་ཡིན་གསལ་བར་ཞུ་བ་ལ།ད་ནི་སྐབས་འདིའི་བརྗོད་བྱ་དངོས། རང་ལུགས་ལྟར་བདག་སྒྲ་ཡ་ཆ་གཉིས་ཀྱི་གོ་དོན་ཅི་ཡིན་ཚིག་དོན་གཉིས་
དང་།  རྒྱུ་མཚན་དང་བཅས་གསུམ་ལས།  དང་པོ་རྗོད་བྱེད་ཀྱི་ཚིག་རང་ལ་གཟིགས་དང་། བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་
བདག་སྒྲ་ཁོ་རང་ཡ་ཆ་གཉིས་སུ་དབྱེ་ཡོད་མ་གཏོགས་འདིར་ཚེག་བར་ཞིག་རྩ་བ་ནས་གསུངས་མི་འདུག  བདག་སྒྲ་ཡའི་དོན་ནི་བདག་སྒྲ་གཅིག་ལས་མེད་པའམ།  བདག་སྒྲ་ཁེར་རྐྱང་གི་དོན་རེད།  པ་པོ་བ་བོ་བཞི་ལས་གཅིག་སྦྱར་ཡོད་པའི་དོན་རེད། བདག་སྒྲ་ཆ་ཞེས་པའི་དོན་ནི།  བདག་སྒྲ་གཉིས་ཡོད་པའམ།  བདག་སྒྲ་འཕར་མའི་དོན་རེད།  པ་པོ་བ་བོ་བཞི་ལས་གཉིས་ཡོད་
པའི་དོན་རེད།  དེ་ཚེག་བར་ནོར་བ་ཡ་མཚན་ཆེ།  གལ་ཏེ་ལེགས་བཤད་ལྗོན་དབང་དུ།  ཚེག་བར་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུང་ཡོད་ན་ད་གཟོད་ཚེག་ཁྱིམ་བརྩི་དགོས་མོད། ལྟོས་དང་།  ཁོང་གི་རྩ་བར་ཚེག་བར་ཞིག་རྩ་བ་ནས་གསུང་མི་འདུག  ཁྱེད་ཅག་གིས་འགྲེལ་བར་ཨུ་ཚུགས་ཀྱིས་ཚེག་བར་བརྩི་དགོས་དོན་ཅི་ལ་ཐུག གལ་ཏེ་ཚེག་བར་བརྩིས་
ནས་བོད་སྐད་དང་མཐུན་ཐུབ་པ་ཞིག་འོང་ན་དེ་ལྟར་འདོད་ཀྱང་རུང་མོད། ཁྱེད་ཅག་གི་ཚེག་བར་རྩི་བའི་ལུགས་དེ་བོད་སྐད་དང་མཐུན་མི་ཐུབ་ལ། ལྷག་པར་བོད་ཀྱི་བརྡ་སྤྲོད་པའི་གཞུང་དང་རྩ་བ་ནས་མཐུན་ཐབས་མེད།
      གཉིས་པ་བརྗོད་བྱའི་དོན་ལ་གཟིགས་དང་། ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་པའི་དོན་ནི། རྗེས་འཇུག་གི་ཡི་གེ   ང་། འ། ར། ལ། རྗེས་འཇུག་མེད་པའི་མཐའ་མེད་དང་བཅས་ཀྱི་
རྗེས་སུ་བདག་སྒྲ་ཁོ་རང་གཅིག་ལས་མེད་པས་ན་བདག་སྒྲ་ཡར་གྱུར་བ་ཡིན་པས་བ་དང་བོ་གང་རུང་སྦྱར་དགོས་སྟེ།  དཔེར་ན།   ནང་བ།  མཐའ་བ།  མགར་བ།  རྒྱལ་བ།  བཟོ་བ།  ལྟ་བུ་དང་། དེ་དག་གི་མཐར་ཡང་གཅིག་སྦྱར་ན་བདག་སྒྲ་ཆར་བ་ཡིན་ཕྱིར་པ་དང་པོ་གང་རུང་སྦྱར་དགོས་སྟེ།  དཔེར་ན།  ནང་བ་པ།  མཐའ་བ་པ།  མགར་བ་པ།  རྒྱལ་བ་པ།  བཟོ་བ་པ།  ལྟ་བུ་ཡིན།  
      གསུམ་པ་བདག་སྒྲ་ཡ་ཆ་གཉིས་སུ་དབྱེ་དགོས་པའི་རྒྱུ་མཚན་ནི། སྤྱིར་ང་འ་ར་ལ་མཐའ་མེད་ཀྱི་རྗེས་སུ་བ་བོ་ཐོབ་པ་ནི་ཡོངས་གྲགས་ཡིན།   སུམ་བཅུའི་སྡོམ་ཚིག་གསུང་མཁན་ཚོའི་ཞལ་གཅིག་མཐུན་ཡིན། ཡིན་ནའང་། པྲཏིས་བདག་སྒྲའི་དཔེར་བརྗོད་གཅིག་ཏུ། ཀ་བ་པ།  ཟེར་བ་ཞིག་དང་། གསེར་ཏོག་གིས།  ནང་བ་པ།  ཟེར་བ་ཞིག་བཞག་ཡོད་པའི་ཀ་བ་དང་། ནང་བ་གཉིས་ཀྱི་བ་ཡིག་ནི་མཐའ་མེད་རང་ཡིན།   དེ་མཐའ་མེད་ཡིན་ཕྱིར་མཐའ་མེད་ལྟར།  ཀ་བ་བ། ནང་བ་བ།  ཞེས་སྦྱར་ན་བརྗོད་མི་ལེགས་པ་དང་། དེ་དང་རིགས་འདྲ་བ་ནི། དཔེར་ན།  རོང་བ་བ། འཐེང་བ་བ། མཐའ་བ་བ།   མགར་བ་བ།  རྒྱལ་བ་བ།  འགོ་བ་བ།  ཞེས་པ་ལྟ་བུ་ལ་ལྟོས་དང་།    བ་ཡིག་གཉིས་མཉམ་དུ་ཡོད་ན་བརྗོད་མི་བདེ་བ་མངོན་གསལ་རེད།  གཞན་ཡང་སི་ཏུའི་སུམ་རྟགས་ནང་།  གསུང་བ་པོ།  འགྲེལ་བ་པོ། ཟ་བ་པོ་སོགས་མང་པོ་ཞིག་གསུང་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བདག་སྒྲ་ཡ་ཆ་གཉིས་སུ་བཀར་ནས། བདག་སྒྲ་རྗེས་མ་དེ་པ་པོ་གང་རུང་སྦྱར་ན་བརྗོད་བདེ་
ཕྱིར།   ཆ་ལ་པ་ཉིད་སྦྱོར་བ་ལེགས། །ཞེས་གསུངས་པ་ལ་རྒྱུ་མཚན་ཡང་དག་དང་ལྡན་པར་འདུག་གོ།
                       བདག་གིས་བདག་སྒྲ་ཡ་ཆའི་དོན་བཀྲལ་ནས། །
                             བོད་མི་བོད་ཡིག་ཤེས་མཁན་རྣམས་ལ་འབུལ། །
                             ཡ་མཚན་ཡ་ཆ་རྩི་ལུགས་དེ་དོར་ནས། །
                             དག་ཡིག་དག་མ་སློབས་ཤིག་གྲོགས་པོ་ཚོ། །
          འདིར་གྲོགས་ཁ་ཅིག་ལས་གཏམ་སྣ་ཚོགས་ཐོས་པའི་རྐྱེན་དང་། བོད་སྤྱིའི་རིག་གཞུང་ལའང་
ཅུང་ཙམ་རེ་ཡང་ཨེ་ཕན་བསམས་ནས། སྔར་བཤད་པ་ནང་བཞིན་སླར་ཡང་ཨར་གནས་ཀརྨ་དགེ་ལེགས་སུ་
འབོད་པས་བྲིས་པའོ། །  ། །

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 2

  1. ཁྲ་གླག་སྤྱང་གསུམ། says:
    ལོ་ 17 སྔོན།

    ང་འ་ར་ལ་མཐའ་མེད་ཅན་གྱི་མིང་གི་མཐའ་ལ་བདག་སྒྲ་སྦྱར་བའི་སྐབས། ནིང་དེ་ཡར་གྱུར་འདུག་ན་བ་དང་། གལ་ཏེ་ཆ་རེད་འདུག་ན་པ་ཉིད་སྦྱོར་བ་ལེགས་སོ། །

    ང་འ་ར་ལ་མཐའ་མེད་ལ་བདག་སྒྲ། ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །

    Reply
  2. དབུས་ཕྲུག་ཚེ་རིང་། says:
    ལོ་ 17 སྔོན།

    དོགས་སློང་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་སྐུ་ཉིད་ཀྱི་དགོངས་ཚུལ་ལ། མགར་བ་བ། རྒྱལ་བ་བ། ཞེས་སོགས་བ་ཡིག་གཉིས་མཉམ་གཅིག་ཏུ་བྱས་ན་བརྗོད་མ་ིབདེ་གསུངས་པ་བཞིན་ལགས་ནའང་། བདག་སྒྲ་དེ་ལྟར་ངོས་འཛིན་བྱས་ནའང་གོང་གི་སྐྱོན་བཞིན་བརྗོད་མི་བདེ་བ་ཧ་ཅང་མང་། དཔེར་ན། རྟ་པ་པ། ལྷ་པ་པ། འབྲོག་པ་པ། དགོན་པ་པ། རས་པ་པ། རོང་པ་པ། མཁས་པ་པ། སྤྱོད་པ་པ། འཛིན་པ་པ། ཀློ་པ་པ། སོགས་ལ་པ་ལས་བ་ཉིད་བརྗོད་པ་བདེ་བ་ཡིན། གཉིས་ནས་བདག་སྒྶ་ཕྲད་གཞན་དབང་ཅན་དུ་འདོད་པ་འདི་དུས་ཕྱིས་ཕྱིས་སུ་བྱུང་བ་ཡིན་པ་མ་ཟད། སུམ་ཅུ་པའི་རྩ་བའི་དགོངས་དོན་དང་མི་མཐུན་ནོ།། སུམ་ཅུའི་རྩ་བར་ཕྲད་རང་དབང་ཅན་དང་གཞན་དབང་ཅན་ལོགས་སུ་གསུངས་པ་མ་ཟད། ཕྲད་རྣམ་དབྱེ་གཉིས་ཀྱང་གོ་རིམ་ལྟར་གསུངས་ཡོད་པས་སོ།། དོགས་པ་མི་ཉུང་། ཐག་གཅོད་མི་སྔ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese