མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྦྲང་ཆར་བྱ་དགའ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༡༡ ཉིན་མཚོ་སྔོན་གནའ་མཁར་ཟི་ལིང་དུ་སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་མཛད་སྒོ་ཚོགས་ཡོད་ཅིང་། སྐབས་དེར་འབྲེལ་ཡོད་སྡེ་ཁག་མགོ་ཁྲིད་དང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མི་རིགས་དགེ་ཐོན་སློབ་ཆེན་བཅས་ཀྱི་སྐུ་ཚབ་བཅས་མི་བརྒྱ་ཙམ་ཚོགས་ཞུགས་གནང་ཡོད་འདུག ཐེངས་འདིའི་བྱ་འགུལ་དེའི་སྟེང་ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་གྱི་སྦྲེང་ཆར་དུས་དེབ་སྟེང་གི་སྒྲུང་གཏམ་དང་སྙན་ངག ལྷུག་རྩོམ། དཔྱད་བརྗོད་བཅས་ལ་དྲ་ཐོག་དང་ཡིག་ཐོག་གཉིས་བརྒྱུད་སྔོན་འགྲོའི་འོས་ཤོག་འཕངས་ཤིང་། ཟླ་ ༡༠ ཚེས་ ༡༠ ནས་དཔྱད་འདེམ་ཚོགས་ཆུང་ཟུར་དུ་བཙུགས་ཏེ། རྩོམ་ལ་ལྟ་བ་ལས་མི་ལ་མི་ལྟ་བའི་རྩ་དོན་ཐོག བསམ་བློའི་རང་བཞིན་དང་སྒྱུ་རྩལ་གྱི་རང་བཞིན། ཀློག་སྤྲོའི་རང་བཞིན་སུམ་སྦྲེལ་གྱིས་དཔྱད་བསྡུར་བྱས་མཐར། རྩོམ་པ་པོ་ལྷ་བྱམས་རྒྱལ་ལགས་ཀྱི་སྒྲུང་གཏམ་ ༼ གྲིབ་གཟུགས་ཁྲོད་ཀྱི་མི་ཚེ ༽ དང་། འཇུ་སྐལ་བཟང་གི་ལྷུག་རྩོམ་༼ སྦྲ་ནག་གི་གྱེས་འབོད ༽ བདེ་སྐྱིད་སྒྲོལ་མིའི་སྙན་ངག་༼ གཡང་ཚང་གི་བུ་མོ ༽ བཅས་ལ་སྦྲང་ཆར་རྩོམ་རིག་བྱ་དགའ་དང་། ཨ་བུའི་རྩོམ་རིག་དཔྱད་བརྗོད་༼ ཕྱིར་འཁོར་བ། གནའ་གྲོང་བཀླགས་པའི་མྱོང་ཚོར ༽ ལ་སྦྲང་ཆར་རྩོམ་རིག་དཔྱད་བརྗོད་ཀྱི་བྱ་དགའ། མཛེས་སེའི་ལྷུག་རྩོམ་ ༼ ང་ལ་ཨ་ཕ་འབོད་མི་དགོས ༽ དང་། ཧུ་ར་འཇའ་པེའི་སྒྲུང་གཏམ་༼ T སྡེ་བ ༽ གཉིས་ལ་སྦྲང་ཆར་གྱི་སྨྱུག་གསར་བྱ་དགའ་བཅས་ཐོབ་ཡོད་འདུག ཐེངས་འདིའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ་མཁན་རེ་ལ་རྒྱ་སྒོར་ ༥༠༠༠ དང་། སྨྱུག་གསར་བྱ་དགའ་ཐོབ་མཁན་རེར་རྒྱ་སྒོར་ ༣༠༠༠ རེ་བསྩལ་ཡོད་འདུག་ལ། བརྩམས་ཆོས་དེ་དག་གི་རྩོམ་སྒྲིག་པ་དག་ལའང་ཕུལ་བྱུང་རྩོམ་སྒྲིག་པའི་བྱ་དགའ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༥ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༢༡ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 12

  1. གནམ་ལྕགས། says:
    ལོ་ 17 སྔོན།

    ཨ་རོགས་ལྷག་པ་ཕུན་ཚོགས།བོད་ཡིག་འབྲི་སར་དབྱིན་མིང་འབྲི་བ་དེ་ཤེས་ཡོན་ཅན་གྱིས་རང་ཉིད་ལ་མཐོང་ཆུང་བྱས་པ་མ་ཡིན་ནམ།

    Reply
  2. lhokha phuntsok says:
    ལོ་ 17 སྔོན།

    ཤེས་ཡོན་ཅན་ལ་མཐོང་ཆེན་བྱས་ན་མི་རིགས་དེ་ནམ་ཡང་ནུབ་པར་དཀའ་བའི་སྔོན་རྟགས་ཞིག་ཡིན་པས། ངས་སྦྲང་ཆར་རྩོམ་སྒྲིག་ཁང་ལ་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན།

    Reply
  3. lhokha phuntsok says:
    ལོ་ 17 སྔོན།

    ཤེས་ཡོན་ཅན་ལ་མཐོང་ཆེན་བྱས་ན་མི་རིགས་དེ་ནམ་ཡང་ནུབ་པར་དཀའ་བའི་སྔོན་རྟགས་ཞིག་ཡིན་པས། ངས་སྦྲང་ཆར་རྩོམ་སྒྲིག་ཁང་རྗེས་སུ་ཡིད་རང་ཞུ་རྒྱུ་ཡིན།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་ནང་དུ་ག་དུས་ཡིན་ཡང་། འཚར་ལོངས་བྱུང་བཞིན་ཡོད་ལ། བྱུང་ཟིན་པ་དག་ལ་བདག་པོ་བྱེད་མཁན་ཡང་ཡོད་པ་མ་ཟད། གདེང་འཇོག་བྱེད་མཁན་ཡང་ཡོད། འོན་ཀྱང་། བོད་ཕྱི་ན་བོད་ཡིག་སྟེང་ནས་སྙན་ངག་འབྲི་མཁན་ཡང་སྐད་གྲགས་ཅན་རེ་ཟུང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་གི་ཞབས་འདེགས་སྒྲུབ་མཁན་ཡང་མི་ཉུང་བ་ཞིག་ཡོད་ཀྱང་། དེ་ལ་ངོ་གསོ་དང་བདག་པོ་བྱེད་མཁན་མེད་པ་དེ་ནི་བོད་ཡིག་ཤེས་མཁན་དག་གི་ཁོངས་ཆོད་པ་ཞིག་མ་ཤེས་པའི་ལན་པ་རེད་དམ། ཡང་ན་ཀློག་མཁན་ཉུང་བས་རེད་དམ་ལགས། སྤུན་ཟླ་ཚོ། རང་དབང་མེད་ས་ནས་རང་གི་སྐད་ཡིག་ལ་ཞབས་འདེགས་སྒྲུབ་བཞིན་པའི་བློ་སྟོབས་དང་ཤེས་རབ། མདུན་བསྐྱོད་ཀྱི་གོམ་སྒྲ་དེ་དག་འུ་ཅག་བྱེས་སུ་ཡོད་མཁན་དག་གིས་རྣ་བར་ལྷུང་ཐེངས་རེར། ལག་པ་བྲང་ཁར་བཞག་ནས་བསམ་གཞིགས་རེ་བྱེད་དགོས་ཀྱི་ཡོད་དམ་ཅི་ལགས།

    Reply
  5. གཉོམ་ཆུང་། says:
    ལོ་ 17 སྔོན།

    དངོས་གནས་ཡག་པོ་འདུག

    Reply
  6. འབྲོག་ཁྱི། says:
    ལོ་ 17 སྔོན།

    ངོ་མ་ངས་ནི་གཞིས་བཞུགས་བོད་པའི་རྩོམ་པ་པོ་འདི་ཚོ་ལ་ཡིད་སྨོན་ཤོར་གྱིན་འདུག།

    Reply
  7. ཁ་བ་ནག་པོ། says:
    ལོ་ 17 སྔོན།

    མི་བདག་ནི་སྐྱེ་བ་རྗེས་མ་རུ། །
    རྩོམ་མང་པོ་རྒྱུན་དུ་མི་འབྲི་ཡང་། །
    རྩོམ་གཅིག་རེ་བྲིས་ནས་བྱ་དགའ་རེ། །
    ལེན་ཐུབ་པའི་མགོ་ལོག་རྩོམ་པ་པོ། །
    འཇུ་སྐལ་བཟང་ལྟ་བུར་སྐྱེ་བར་ཤོག །

    Reply
  8. ཐིག་གསར་རྫ་ཕྲུག says:
    ལོ་ 17 སྔོན།

    གྲོགས་ལྷ་ཆབ་སྤྱིན་པ་ལགས། བཀའ་དྲིན་ཆེ།

    Reply
  9. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ཐིག་གསར་རྫ་ཕྲུག་ལགས།འཇུ་སྐལ་བཟང་ནི་གཡས་གཡོན་གང་ནས་བལྟས་ཀྱང་དཀྱིལ་མ་དེ་རེད།

    གཞན་གཡས་ནས་བརྩིས་པའི་དང་བོ་ནི་རྡོ་སྦུས་ཆོས་སྐྱོང་ངམ་ཨ་བུ་ཟེར་བ་དེ་རེད།ཁོང་གིས་ད་ལྟ་《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་གི་ཡོད་ལ།ཁོའི་བརྩམས་ཆོས་ནི་《རང་གྲོལ་ཞིབ་འཇུག་》ཅེས་པ་དེ་རེད།
    གཉིས་པ་ནི་བུད་མེད་སྙན་ངག་པ་བདེ་སྐྱིད་སྒྲོལ་མ་ཟེར་བ་དེ་ཡིན་ལ།ཁོང་གི་ཚབ་མཚོན་བརྩམས་ཆོས་ནི《ང་དང་འབའ་འབའ་ལུ་གུ》ཞེས་པའི་སྙན་ངག་དེ་རེད།དེའི་རྗེས་ནས་སྙན་ངག་གི་དེབ་ཅིག་དཔར་བསྐྲུན་བྱས་ཟིན་པ་ཞིག་གོ་མྱོང་ཡང་།མཇལ་རྒྱུ་མ་བྱུང་།
    གསུམ་པ་དེ་སྐད་གྲགས་ཅན་གྱི་རྩོམ་པ་པོ་འཇུ་སྐལ་བཟང་ངམ་ཏིག་ཏ་རེད།ཁོང་གི་ཚབ་མཚོན་བརྩམས་ཆོས་ནི་《སྙན་ངག་གི་རྣམ་བཤད》དང་《གངས་འདབས་ཀྱི་སེམས་པ》གཉིས་ཡིན་ལ།ད་དུང་《འཚོ་གནས་སྙིང་བོ་མེད་པར་སྨྲ་བ》ཞེས་པའི་བསྒྱུར་རྩོམ་དང་ད་ལོར་ཡང་བསྐྱར་དེབ་ཅིག་བཏོན་ཡོད་པར་ཐོས་ཀྱང་མཇལ་རྒྱུ་མ་བྱུང་།
    བཞི་བ་དེ་ལྷ་བྱམས་རྒྱལ་རེད།ཁོང་གི་ཚབ་མཚོན་བརྩམས་ཆོས་ནི་《གྲིབ་གཟུགས་ཁྲོད་ཀྱི་མི་ཚེ》ཞེས་པ་ད་ཐེངས་བྱ་དགའ་ཐོབ་པ་འདི་དང་།གཞན་བརྩམས་སྒྲུང་གི་སྒང་ནས་དེང་རབས་གཞོན་སྐྱེས་ཀྱི་ཁྲོད་ན་འབུར་དུ་ཐོན་པ་ཞིག་ཡིན།
    ལྔ་བ་དེ་ཧུ་ར་འཇའ་པེ་ཡིན་ལ།ཁོང་གི་ཚབ་མཚོན་བརྩམས་ཆོས་ནི་《ལོ་མ་དམར་བོ》སོགས་མང་བོ་ཡོད་ལ།ད་ལོར་ཁོང་གི་སྒྲུང་རིང་ཞིག་དཔར་དུ་བསྐྲུན་ཡོད་པ་གོ་ཐོས་བྱུང་བ་ལས་མཇལ་རྒྱུ་མ་བྱུང་།
    གཞན་མཛེས་སེ་གཟིགས་གསོལ་བཞེས་པར་ལེན་དུ་ཡོང་མ་ཐུབ་པ་འདྲ།
    བདག་གིས་ཤེས་པ་ནི་དེ་ཙམ་མོ།

    Reply
  10. འདན་ཕྲུག་བློ་བཟང་ says:
    ལོ་ 17 སྔོན།

    དང་ཐོག་ངས་བྱ་དགའ་ཐོབ་པའི་སྨྱུག་ཐོག་པ་ཡོངས་ལ་དགའ་བསུ་འཚམས་འདྲི་དང་བསྟོད་བསྔགས་སླད་མེད་བྱེད་བཞིན་ཡོད།
    ད་དུང་མུ་མཐུད་དེ་བྱ་དགའ་དང་བྱེད་རྗེས་བཞག་ཡོང་བའི་རེ་དང་འབོད་བསྐུར་ཤུགས་ཆེ་ཡོད།

    Reply
  11. ཐིག་གསར་རྫ་ཕྲུག says:
    ལོ་ 17 སྔོན།

    གྲོགས་ལྷ་ཆབ་སྤྱིན་པ་ལགས། ང་རང་སློབ་འབྲིང་ནས་འཇི་སྐལ་བཟང་གི་རྩོམ་ཆོས་ཀློག་པར་དགའ་ལ། ཁོང་གི་རྩོམ་ཡིག་འབྲི་རྩལ་ལ་ཆེས་ཡིད་མོས་བསྐྱེད་མཁན་ཞིག་ཡིན། ཡིད་སྐྱོ་བ་ཞིག་ལ་ངས་ད་བར་ཁོང་གི་འདྲ་པར་ཙམ་ཡང་མཐོང་མྱོང་མེད། ཁྱེད་ཀྱིས་གོང་གི་པར་རིས་ནང་ལ་ཁོང་སུ་ཡིན་མིན་ཐད་ང་ལ་མཛུལ་སྟོན་ཞིག་བྱེད་ན་འགྲིག་གམ།

    Reply
  12. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ད་རེའི་བདམས་སྟངས་ནོར་མི་འདུགསྔོན་མ་བཞིན་ས་གནས་སོ་སོ་ལ་ས་མིག་ཅིག་ངེས་པར་སྤྲོད་དགོས་པའི་ཨུ་ཚུགས་དེ་མི་འདུགཡིན་ནའང་རིགས་ལྡན་རྒྱ་མཚོའི་《གཟི་མིག་གསུམ་པ》ལ་མ་ཐོབ་པ་ཅུང་ཕངས་པོ་རེད་འདུག་ཀྱང་།ད་ཐེངས་ཀྱི་དཔྱད་འདེམས་པས་བློ་གཟུ་བོ་བྱས་འདུག་པའི་ཚོར་བ་བྱུང་།ལྷག་པར་དུ་འཇུ་སྐལ་བཟང་ལ་ཡང་བསྐྱར་ཐོབ་པ་ལ་ལྷག་ཏུ་དགའ་བསུ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese