མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྣམ་འགྱུར་རྩོད་སྟངས་ཤིག

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཟླ་སྔོན་མར་པེ་ཅིན་ནས་བོད་རྒྱ་གཉིས་ཀྱི་འབྲེལ་མོལ་དེ་བསྐྱར་མཐུད་བྱ་དགོས་སྐོར་མངགས་པ་ལྟར། ད་སྐབས་བསྐྱར་དུ་འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་གཞོན་པ་ཀྲུའུ་ཝེ་ཆོན་དང་། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་རྣམ་གཉིས་ཀྱིས་ཕན་ཚུན་ལ་མཛུབ་མོ་འཛུགས་རེས་ཀྱི་མགོ་བརྩམས་ཡོད།

ད་རེབ་ཀྱི་རྩོད་གཞིར་བལྟས་ན། བོད་རྒྱའི་འབྲེལ་མོལ་གྱི་རིམ་པ་རྗེས་མ་དེ་མགོ་འཛུགས་དགོས་ཚེ་སླར་ཡང་ལོ་ ༧ གྱི་སྔོན་ཏེ། ༢༠༠༢ ལོར་བོད་རྒྱ་གཉིས་ཀྱིས་ཕན་ཚུན་བར་གྱི་དོགས་པ་རྣམ་རྟོག་སེལ་ཐབས་དང་། བར་ལ་ཡིད་ཆེས་བསྐྲུན་རྒྱུའི་གཞི་རིམ་གྱི་འབྲེལ་བ་དེར་ཕྱིན་ཏེ། བསྐྱར་ཏུ་ཕྱག་འཇུ་དང་བཅས་མགོ་འཛུགས་དགོས་པར་འདོད། དེའི་རྒྱུ་མཚན་ནི་ད་རེབ་ཀྱི་རྩོད་གཞི་འདི་ནི་འདས་པའི་ལོ་བདུན་རིང་གི་འབྲེལ་མོལ་གྱི་གྲུབ་འབྲས་ཏེ། ཏཱ་ལའི་བླ་མས་དོན་ངོ་མར་བོད་རང་བཙན་རྩོད་ཀྱིན་ཡོད་མེད་ཐོག་ལ་རྒྱ་ནག་གིས་དོན་ངོ་མར་རྣམ་འགྱུར་ཅི་ཞིག་བསྟན་ཡོད་མེད་དེ་ཡིན། རྒྱ་ནག་གི་ཕྱོགས་ནས་རྣམ་འགྱུར་དེ་ངག་ཐོག་ནས་བཤད་པ་ཙམ་དུ་མ་ཟད། ཤོག་ཐོག་ལ་ཕབ་ཡོད་ནའང་ད་དུང་ངོས་ལེན་མི་བྱེད་པའི་གནས་སུ་གྱུར་ཡོད། རྩོད་པ་འདིའི་དམིགས་ཡུལ་ངོ་མ་ནི་ཕན་ཚུན་བར་ལ་སྔར་ལས་ལྷག་པའི་དོགས་པ་རྣམ་རྟོག་བཟོ་རྒྱུ་དང་། ཡིད་ཆེས་མེད་པ་བཟོ་རྒྱུ་དེ་ཡིན། དམིགས་ཡུལ་འདི་འགྲུབ་སོང་ན་གཞི་ནས་བོད་རྒྱ་འབྲེལ་མོལ་གྱི་རིམ་པ་ཞིག་བསྐྱར་དུ་མགོ་བརྩམ་ཆོག

སྔོན་མ་ཏིན་ཞོ་ཕིན་དང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་རྣམ་གཉིས་ཀྱི་བཀའ་མོལ་དེ་དག་ཡིག་ཐོག་ན་མེད་སྟབས། རང་བཙན་གྱི་ཕན་ནས་གནད་དོན་གང་ཡིན་ཡང་ཐག་གཅོད་བྱ་ཆོག་ཅེས་པའི་སྐད་ཆ་ཞིག་ནམ་ཡང་བཤད་མེད་ལུགས་པེ་ཅིན་གྱི་མགོ་ཁྲིད་ཚོས་བཤད་ཡོད། ད་ནི་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་ཀྱང་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་ཚད་དུ་ལྷུང་གིན་ཡོད་དེ། ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་མེད་པ་དེར་པེ་ཅིན་གྱི་དབུ་ཁྲིད་ཚོས་ངོས་ལེན་བྱས་ཚུལ་དེ་ནི་༧གོང་ས་མཆོག་གི་སྐུ་ཚབ་ཀྱིས་རྫུན་བཤད་པ་ཡིན་ཚུལ་བཤད་ཡོང་གི་ཡོད། ༧གོང་ས་མཆོག་གི་སྐུ་ཚབ་ངོ་མ་རྒྱལ་ལོ་དོན་གྲུབ་དང་རྒྱ་རི་བློ་གྲོས་རྒྱལ་མཚན་གཉིས་ཀ་ཁུངས་ལུང་མེད་པའི་རྫུན་བཤད་མཁན་རེར་བསྒྱུར་ཡོད།

བོད་མི་ཚོར་ཐེངས་གཉིས་པར་ངོ་འཕྲོད་པ་ནི། མ་གཞི་ནས་རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚེར་ཚད་བཙུགས་ཏེ་དུས་ཚོད་འབུད་རྒྱག་གཏོང་བ་དང་། སྐབས་རེར་རྒྱལ་སྤྱིའི་གནོན་ཤུགས་ལ་གཡོལ་ཐབས་སུ་བོད་དོན་ཐོག་ལ་སྐད་ཆ་བཤད་ཀྱིན་ཡོད་པའི་རྣམ་འགྱུར་ཙམ་སྟོན་བཞིན་པ་མ་གཏོགས། བོད་དོན་ཐག་གཅོད་ཀྱི་ཕྱོགས་ལ་འདི་ལས་ལྷག་ཅིག་འགྲོ་ས་མེད་པ་དེ་ཡིན་སྟབས། ད་ནི་རྒྱ་ནག་གིས་འབྲེལ་མོལ་གྱི་ཐོག་ལ་རྣམ་འགྱུར་ཡག་ཉེས་གང་བསྟན་ནའང་གུང་ཁྲན་ཏང་གི་གཞུང་འདིའི་རིང་ལ་ཐག་མི་ཆོད་པ་མངོན་སུམ་ཡིན་པས། ང་ཚོས་མ་མཐར་ཡང་བོད་དོན་འདི་བོད་ཀྱི་མི་རབས་ཕྱི་མ་རྣམས་ལ་རྩོད་རྒྱུ་ཡོད་པ་ཞིག་ཏུ་འཇོག་དགོས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྐབས་བཅོ་བརྒྱད་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་གཉིས་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༡ སྔོན་ལ།
པར་མིའི་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོས་པེ་ཅིན་ལ་བསུན་པོ་བཟོ་དགོས།

ཆུ་ཚོད་ ༣ སྔོན་ལ།
ཉན་ཞིབ་འཚོགས་བཞིན་པའི་རྣམ་པ། དཔལ་ལྡན་རྒྱལ་གྱི་པར།
Mobile App

རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྗེད་མི་ཉན་པའི་ཐད་ཉན་ཞིབ་ཅིག་འཚོགས། 

ཆུ་ཚོད་ ༤ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡

མཆན། 4

  1. མགར་གདོང་བཙན་ says:
    ལོ་ 17 སྔོན།

    སྔར་ཏིང་ཞོ་ཕིང་གིས་གསུང་པའི་སྐད་ཆ་དེ་དག་ཡིག་ཐོག་ལ་མེད་པ་བདེན་པ་ཡིན་གྱི་མ་རེད། ལྷག་པར་ཏིང་གི་སྐད་ཆ་རྣམས་སྐུ་ངོ་རྒྱ་ལོ་དོན་གྲུབ་མཆོག་གི་རྣ་བར་ཐོས་པ་ཙམ་ལས་གཞན་གཟུགས་འཛིན་འཁོག་ཐག་དང་སྒྲ་འཛིན་འཁོར་ཐག་
    གཞུང་འབྲེལ་གྱི་ཡིག་ཐོག་གང་ལ་མེད་པ་ཞིག་སྐུ་ངོ་མཆོག་གིས་བདག་ཉར་གནང་
    ཤེས་གྱི་མ་རེད་ལ་ བཙན་བྱོལ་གཞུང་གི་གྲོས་མོལ་གྱི་གཞི་རྩ་ལ་དེ་བས་འཇོག་ཤེས་
    གྱི་མ་རེད་ གང་ཡིན་ཟེར་ན་སྐུ་ངོ་མཆོག་ནི་ཆབ་སྲིད་མཁས་ཅན་དང་རྒྱ་མིའི་གཤིས་ཁ་ལ་རྒྱུས་མངའ་ཡོད་མཁན་ཞིག་རེད།

    Reply
  2. ཁྲ་གླག་སྤྱང་གསུམ། says:
    ལོ་ 17 སྔོན།

    རྒྱ་རི་བློ་གྲོས་རྒྱལ་མཚན་རིན་པོ་ཆེ་མཆོག་ལ་ཏཱ་ལའི་བླ་མས་བོད་རང་བཙན་རྩོད་ཀྱིན་མེད་པ་དེར་པེ་ཅིན་གྱི་དབུ་ཁྲིད་ཚོས་ངོས་ལེན་བྱས་པའི་བརྙན་འཕྲིན་སྐད་འཁོར་དེ་འདྲ་ཡོད་གསུང་འདུག འོན་ཀྱང་ད་ལྟར་ཕྱི་རབསྒྲགས་བྱེད་མིན་དེ་ཁོང་གཅིག་པུས་ཐག་ཆོད་ཀྱི་མ་རེད་ཅེས་གསུང་འདུག

    Reply
  3. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    ངང་སྒུག་བྱེད་རྒྱུ་ནི་ཐབས་ཀྱི་མཆོག་གོ།།

    Reply
  4. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    གཏམ་བཟང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese