མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་རྩོད་འདི་མཚམས་འཇོག་རྒྱུ་མི་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོས་རང་ས་རང་ཡུལ་གྱི་ཆེད་དུ་ངོ་རྒོལ་དང་འཐབ་རྩོད་མ་བྱས་པ་ཡིན་ན་བོད་མི་རིགས་ཀྱིས་མི་རབས་ནས་མི་རབས་སུ་སྡུག་བསྔལ་འདི་རྒྱུན་སྐྱོང་དགོས་རྒྱུ་རེད་ཅེས་ཆབ་སྲིད་བཙོན་པ་ཕུན་ཚོགས་ཚེ་རྣམ་ལགས་ཀྱིས་བརྗོད་བྱུང།

ཉེ་ཆར་ནས་བཟུང་བོད་མདོ་དབུས་ཁམས་གསུམ་གྱི་ཞི་རྒོལ་བ་གང་མང་ཞིག་རྒྱ་ནག་གི་བཙན་གནོན་འོག་འདུག་ཐབས་བྲལ་ཏེ་བཙན་བྱོལ་ཏུ་འབྱོར་གྱིན་ཡོད་པ་བཞིན། ཕྱི་ཚེས་ ༡༥ ཉིན་འདི་གའི་གསར་འགོད་པ་ངྷ་ས་དབུས་སྣེ་ལེན་ཁང་དུ་ཕྱིན་སྐབས་ཉེ་ཆར་བོད་ནས་གསར་དུ་འབྱོར་ཞིང་ལྷ་ས་སྟག་རྩེ་རྫོང་ནས་ཡིན་པའི་གྲྭ་ཕུན་ཚོགས་ཚེ་རྣམ་ལགས་སུ་ཐུག་ཅིང་། ཁོང་ལ་དགའ་ལྡན་དགོན་པའི་སྔར་ལོའི་ཞི་རྒོལ་གྱི་བྱུང་རིམ་དང་འབྲེལ་བའི་གནས་ཚུལ་ཁག་ཅིག་བཅར་འདྲི་བྱས་པར། ཁོང་གིས། སྔར་ལོ་རྒྱ་ནག་ནང་དུ་ཨོ་ལིམ་པིག་རྩེད་འགྲན་འཚོགས་གཏན་འཁེལ་ཡོད་སྟབས། ལྷ་སར་གནས་སྡོད་བོད་མི་ཚོས་དེ་དང་སྟབས་བསྟུན་ཏེ་ངོ་རྒོལ་བྱ་རྒྱུའི་གནས་ཚུལ་ཞིག་གོ་སོང་ལ། སེ་ར་དགོན་པའི་དགེ་འདུན་པ་ ༡༤ ཡིས་ཞི་བའི་སྐད་འབོད་བྱས་ཏེ་བཙོན་འཇུག་བྱས་པ་དང་། བོད་ཆོལ་གསུམ་གྱི་ས་ཁུལ་མང་པོའི་ནང་དུའང་ཞི་བའི་ངོ་རྒོལ་བྱེད་ཀྱིན་པའི་གནས་ཚུལ་སོགས་གོ་རྗེས། ཕྱི་ཟླ་ ༣ པའི་ཚེས་ ༡༢ ཉིན་ང་ཚོ་དགའ་ལྡན་དགོན་པའི་གྲྭ་པ་ ༩༠ ལྷག་གི་དགོན་པའི་མངགས་གཏོང་ཁང་གི་ཕྱོགས་སུ་སོང་སྟེ་སྐད་འབོད་དང་རེ་སྐུལ་ཞུས་པ་ཡིན་ལ། རེ་སྐུལ་ཞུས་དོན་གཙོ་བོ་ནི། ༢༠༠༦ ལོར་དགའ་ལྡན་དགོན་པའི་འདུ་ཁང་ནང་ཡོད་པའི་དོལ་རྒྱལ་གྱི་སྐུ་གཏོར་བའི་ཉེས་མིང་འོག་བཙོན་འཇུག་བྱས་པའི་དགེ་འདུན་པ་གློད་གྲོལ་ཡོང་ཐབས་གཙོས་པའི་དགོན་པའི་ནམ་རྒྱུན་གྱི་ཆོས་ལུགས་བྱེད་སྒོ་ཁག་ལ་བཀག་སྡོམ་དང། དགོན་པའི་ནང་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་པ། ཆོས་དད་རང་མོས་ལ་བརྩི་འཇོག་མི་བྱེད་པར་དགོན་པའི་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་དང་ལས་འགུལ་འདྲ་མིན་སྤེལ་བ་སོགས་མཚམས་འཇོག་བྱ་དགོས་ཞེས་འབོད་སྐུལ་བྱས་པ་ཡིན་ལ། ཕྱི་ཚེས་ ༡༤ ཉིན་ཡང་བསྐྱར་དགོན་པ་ནས་ལྷ་སའི་གླིང་བར་དུ་སྐད་འབོད་བྱ་རྒྱུའི་གྲ་སྒྲིག་བྱས་པར། དགོན་པའི་མགོ་ཁྲིད་དང་གནད་ཡོད་མི་སྣ་དག་གིས་བཀག་འགོག་བྱས་ཤིང་། སྐབས་དེར་ལྷ་ས་ནས་དམག་མི་ ༨༠༠༠ ལྷག་འབྱོར་ཏེ་ང་ཚོ་ཕྱིར་དགོན་པར་བཙན་གྱིས་ལོག་ཏུ་བཅུག་སོང་ལ། དེ་ནས་བཟུང་ཕྱི་ཟླ་ ༤ བའི་ཚེས་ ༡༧ ཉིན་བར་དུ་དམག་མིས་དགོན་པའི་ཕྱོགས་ཡོངས་བསྐོར་ཏེ་དགེ་འདུན་པ་ཚོའི་འགྲོ་འོང་ལ་བཀག་སྡོམ་ནན་མོ་བྱས་པར་མ་ཟད། ཚེས་ ༡༧ ཉིན་གྱི་དགོང་མོར་ང་དང་གྲྭ་པ་ ༡༢  འཛིན་བཟུང་བྱས་པ་རེད་ཅེས་བརྗོད་བྱུང་།  
    ཁོང་གིས་མུ་མཐུད་དུ་བཙོན་འཇུག་སྐབས་ཀྱི་དཀའ་ངལ་གྱི་བརྒྱུད་རིམ་དང་བཙན་བྱོལ་ཏུ་ཡོང་དོན་ཐད་བརྗོད་དོན། འཛིན་བཟུང་བྱས་རྗེས་ང་ཚོ་ཐད་ཀར་མལ་གྲོ་གུང་དཀར་རྫོང་གི་བཙོན་ཁང་དུ་ཉིན་གཉིས་དང་ཞག་གཅིག་རིང་གཅར་རྡུང་དང་བཀག་ཉར་བྱས་རྗེས་ལྷ་སའི་རྒུ་རྩ་བཙོན་ཁང་དུ་གནས་སྤར་ཏེ་ཟླ་ ༣ རིང་བཀག་ཉར་བྱས་སོང་ལ། སྐབས་དེ་དག་ཏུ་ཁོ་ཚོས་ཆུ་ཚོད་རེས་མོས་ཀྱིས་འདྲི་གཅོད་དང་གཅར་རྡུང་བྱས་པར་མ་ཟད། ནམ་རྒྱུན་དམག་སྦྱོང་འདྲ་མིན་སྤྲད་དེ་ཉིན་སྲིབ་བར་ནས་ཆུ་ཚོད་གསུམ་བཞིའི་རིང་དྲང་བོར་ལངས་སུ་བཅུག་པ་སོགས་མནར་གཅོད་དང་དཀའ་ངལ་མང་པོ་སྤྲད་སོང། རྗེས་སུ་སྟག་རྩེ་རྫོང་གི་ཉེ་འགྲམ་གྱི་ཚལ་གུང་ཐང་བཙོན་ཁང་དུ་ཁྲིད་དེ་ཕྱི་ཟླ་ ༡༡ པའི་ཚེས་ ༡༤ ཉིན་བར་དུ་བཙོན་འཇུག་བྱས་རྗེས་ཉིན་དེའི་དགོང་མོར་ལྷ་ས་ནས་གསུམ་གཅིག་བཞིའི་དོན་རྐྱེན་གྱི་གནས་ཚུལ་ཐག་གཅོད་ཚོགས་ཆུང་གི་མི་ཡིན་ཞེས་པའི་དམག་མི་ ༦ སླེབས་ཏེ། ང་ཚོའི་གྲྭ་བ་ ༡༣ ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་གྱི་ཉེས་མིང་འོག་མི་རེར་ལོ་ ༡  རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་དཔང་ཡིག་སྤྲད་རྗེས་སྟོད་ལུང་བདེ་ཆེན་བཙོན་ཁང་དུ་བསྐྱལ་ཏེ་བཙོན་འཇུག་བྱས་པ་རེད། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡༧ ཉིན་ང་རང་ནང་མིར་རྩིས་སྤྲོད་བྱས་ཏེ་ཕ་མ་གཉིས་ལ་ང་དེང་ཕྱིན་ངོ་རྒོལ་གྱི་ལས་འགུལ་དང་ཕྱི་ཡུལ་ཏུ་འགྲོ་མི་ཆོག་པའི་ཁས་ལེན་བྱས་བཅུག་རྗེས་གློད་པ་རེད། རྗེས་སུ་ང་ཚོ་བཙོན་དུ་ཚུད་པའི་གྲྭ་བ་ ༡༠ ཕྱིར་དགོན་པར་འཛུལ་བར་དགོན་པའི་མངགས་གཏོང་ཁང་གིས་ཐེངས་མང་པོར་ང་ཚོ་ཕྱིར་ཕུད་བཏང་སྟེ་དགོན་པར་འཛུལ་མི་ཆོག་པར་བཟོས་པ་དང་། ནམ་ཞར་རྒྱུན་དུ་ཁོང་ཚོའི་ལྟ་རྟོག་དང་དམ་དྲག་གི་འོག་ཏུ་འདུག་དགོས་པ་དང་། རང་ཉིད་གྲྭ་བ་བྱ་རྒྱུ་དང་སློབ་སྦྱོང་བྱེད་པའི་རང་དབང་ཡང་མེད་སྟབས། ངས་ལམ་ཁ་འདི་མི་འདེམས་ཐབས་མེད་དུ་གྱུར་ཞེས་བརྗོད་བྱུང་། 
    མཐའ་མར་ཁོང་གིས་དགའ་ལྡན་དགོན་པའི་ད་ལྟའི་གནས་སྟངས་དང་འབྲེལ་རེ་སྐུལ་ཞུས་དོོན། ༡༩༩༦ ལོའི་ཡར་སྔོན་དུ་དགའ་ལྡན་དགོན་པར་གུ་ཡངས་པོ་ཡོད་ཀྱང་། ལོ་དེ་ནས་བཟུང་རྒྱ་གཞུང་གིས་རིམ་གྱིས་རྒྱལ་བ་རིན་པོ་ཆེའི་སྐུ་པར་བཤམ་མི་ཆོག་པ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་མགོ་བཙུགས་པར་མ་ཟད། ༢༠༠༣ ལོའི་བར་དགོན་པར་གྲྭ་པ་གསར་བ་གཅིག་ཀྱང་བསྡུ་ལེན་བྱས་མེད་ལ། ལོ་དེར་བསྡུ་རུབ་བྱས་སྐབས་གྲྭ་བ་བྱ་འདོད་ཡོད་རིགས་ལ་རྫོོང་དང་ཞང་། གྲོང་ཚོ་རིམ་པའི་ཉེན་རྟོག་ལས་ཁུངས་ཀྱི་ངོ་སྤྲོད་དང་ཐམ་ཀ་དགོས་པའི་ཆ་རྐྱེན་བཏོན་པ་དང་༧རྒྱལ་བ་རིན་པོ་ཆེ་དང་ཁ་བྲལ་རིང་ལུགས་པར་ངོ་རྒོལ་བྱ་དགོས་པའི་སྐོར་གྱི་ཡིག་རྒྱུགས་ཀྱི་ལམ་ནས་གྲྭ་བ་བཟོ་དགོས་པ་རེད། དེ་ལྟར་མ་བྱས་ཚེ་དགོན་པར་ཚུད་ཀྱི་ཡོད་པ་མ་རེད། དེ་བཞིན་འཇང་དབྱངས་དགུན་ཆོས་ལ་མཚོན་ནའང་ཁོང་ཚོས་དམ་དྲག་ཤུགས་ཆེར་བྱས་པའི་དབང་གིས་གྲྭ་བ་འགྲོ་མཁན་མེད་པར་ཆགས་ཤིང་། རྗེས་སུ་ཁོང་ཚོས་བཙན་གྱིས་མངགས་གཏོང་བྱ་དགོས་པའི་ཚད་དུ་གྱུར་བ་རེད། གལ་སྲིད་འདི་ལྟར་རྒྱུན་རིང་པོ་ཕྱིན་ཚེ་སེ་འབྲས་དགེ་གསུམ་གཙོས་པའི་དགོན་སྡེ་ཁག་ཀྱང་ཕོ་བྲང་པོ་ཏ་ལ་ནང་བཞིན་དམག་མིའི་སྒར་ཁང་ལྟ་བུ་ཞིག་ཏུ་འགྱུར་ཉེན་ཡོད་པས། བོད་མི་ཡོངས་ཀྱིས་འདི་དག་ལ་བདག་པོ་བྱ་བར་རྡོག་རྩ་གཅིག་སྒྲིལ་གྱིས་འཐབ་རྩོད་བྱ་དགོས་ཀྱིན་འདུག་ལ། དེ་བཞིན། ང་རང་ལ་མཚོན་ནའང་སྡུག་བསྔལ་མང་བོ་ཞིག་མྱངས་ཏེ་རང་དབང་ལུང་པར་སླེབས་པ་རེད། ཡིན་ན་འང། ངས་ད་ལྟའི་དུས་འདིར་ཡང་ང་དང་མཉམ་དུ་བསྡད་པའི་བཙོན་པ་ཚོའི་དཀའ་ངལ་དྲན་འོང་གི་འདུག་ལ། དེ་དག་དྲན་ཚེ་སྙིང་ན་བ་ཞིག་རེད། མུ་མཐུད་ནས་བཙོན་ཁང་ནང་དུ་ལུས་པའི་བོད་མི་དེ་དག་ལ་མི་ཞེས་པའི་མིང་ཙམ་ལས་དབང་ཆ་ཅི་ཡང་མེད་པར། ཞོགས་པར་གདོང་འཁྲུ་བ་ཡན་ནས་གཞན་གྱི་བཙན་དབང་འོག་ཡོད་པ་རེད། སེམས་ཅན་དུད་འགྲོ་ཡིན་ཡང་རྩྭ་ཟ་བ་དང་ཆུ་འཐུང་བར་རང་དབང་ཡོད་ནའང་། བཙོན་པ་ཚོར་དེ་འདྲའི་རང་དབང་ཞིག་ཀྱང་ཡོད་པ་མ་རེད། དེ་བས། ང་ཚོ་རང་དབང་ལུང་བར་ཡོད་པའི་བོད་མི་ཚོས་ངེས་པར་དུ་རང་ས་རང་ཡུལ་གྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་དང་འཐབ་རྩོད་བྱ་དགོས་ཀྱིན་འདུག གལ་སྲིད། འཐབ་རྩོད་མ་བྱས་པ་ཡིན་ན་བོད་མི་རིགས་ཀྱིས་མི་རབས་ནས་མི་རབས་སུ་སྡུག་བསྔལ་འདི་རྒྱུན་སྐྱོང་དགོས་པའི་གནས་སུ་འགྱུར་ངེས་རེད་ཅེས་རེ་སྐུལ་ཡང་གནང་བྱུང།   

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༨ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༩ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༩ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༠ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 1

  1. འབྲོང་རྒོད་དར་མ། says:
    ལོ་ 16 སྔོན།

    ཁྱེད་ཐར་པ་ངས་འཚམས་འདྲི་ཞུསཛ ངས་ཁྱེད་ལ་གཏམ་བཟང་བསྒྲགས་རྒྱུར་ཁྱི་རྒན་ཕ་ཕོད་ཤི་ཚར་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese