མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཤག་གིས་ང་ཕོད་སྐུ་གཤེཊ་པར་གུས་འདུད་ཞུས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༤ ཉིན་བཙན་བྱོལ་བོད་གཞུང་བཀའ་ཤག་གི་ངོས་ནས་ང་ཕོད་ངག་དབང་འཇིགས་མེད་མཆོག་ཁ་སང་ཕྱི་དྲོ་རྒྱ་ནག་པེ་ཅིན་ནས་སྐུ་གཤེགས་པར་རྗེས་དྲན་གྱི་གུས་ཚིག་ཕུལ་ཡོད།

 

གུས་ཚིག་ནང་བཀོད་དོན། བོད་གཞུང་བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ལ་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དམ་པ་དེ་ཉིད་ཀྱི་སྐུ་ཚེའི་མཛད་སྤྱོད་ལ་རྗེས་དྲན་དང་འབྲེལ་མྱ་ངན་གུས་འདུད་ཞུ་རྒྱུ་ཡིན།

 

དམ་པ་དེ་ཉིད་ནི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེ་མཆོག་གི་སྐུ་དུས་ནས་ཞབས་པད་དུ་བསྐོ་གཞག་གནང་བའི་གཞུང་ཞབས་བགྲེས་སོང་ཞིག་ཡིན་པ་མ་ཟད། དྲང་ཚུགས་དང་རྒྱལ་ཞེན་ཅན་དཀའ་ཚེགས་ཆེ་བའི་གནས་བབ་ཀྱི་འོག་ཏུའང་བདེན་པའི་གནས་ཚུལ་གསལ་སྟོན་གནང་རྒྱུའི་འབད་རྩོལ་གནང་མཁན་ཞིག་ཡིན། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་སྐུ་ཚབ་དང་བལྟ་སྐོར་ཚོགས་ཆུང་སྔ་རྗེས་ལ་མཇལ་འཕྲད་སྐབས་དགའ་ལྡན་ཕོ་བྲང་གཞུང་གིས་རྒྱ་ནག་ལ་དཔྱ་ཁྲལ་འཇལ་བའི་ལོ་རྒྱུས་གཏན་ནས་མེད་སྐོར་མཛུབ་སྟོན་དང༌། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་སྐབས་བོད་རིགས་ས་ཁུལ་ཡོངས་རྫོགས་གཅིག་གྱུར་དགོས་པའི་རེ་འདུན་བཏོན་པར་སྲིད་བློན་ཀྲོའུ་ཨེན་ལེ་ཡིས་ད་ལྟ་དུས་ཚོད་མ་རན་ཡང་རིམ་པས་དགོངས་བཞེས་གནང་འཐུས་ཁས་ལེན་གནང་བའི་དངོས་དོན་བདེན་དཔང་གནང་བ་དང༌། ཕྱི་ལོ་ ༡༩༨༩ ལོར་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ངོས་འཛིན་གསེར་ཁྲི་མངའ་གསོལ་རྒྱ་ནག་དབུས་གཞུང་གིས་ངོས་བཞེས་བཀའ་འཁྲོལ་ལྟར་གནང་བ་ཡིན་ཚུལ་གྱི་འཁྱོག་བཤད་ལ་ཚད་ལྡན་བྱུང་རབས་ཀྱི་རྒྱབ་ལྗོངས་དང་བཅས་ཏེ། དངོས་བདེན་མིན་པའི་གསལ་བཤད་གནང་བ་དང༌། བོད་ནི་གྲངས་ཉུང་མི་རིགས་གཞན་དང་མི་འདྲ་བར་དབུས་གཞུང་དང་མཉམ་དུ་གྲོས་མཐུན་བཞག་པ་ཞིག་ཡིན་པས་དེའི་དམིགས་བསལ་གྱི་གནས་བབ་ངོས་འཛིན་དགོས་པའི་ཞུ་བསྐུལ་གནང་བ། ཕྱི་ལོ་ ༡༩༩༡ ལོར་སླར་ཡང་དབུས་གཞུང་ལ་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་དོན་ཚན་སྤྱི་དང༌། ལྷག་པར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ལ་འགྱུར་བ་མི་གཏོང་བའི་དོན་ཚན་ཁག་ལག་བསྟར་དགོས་པའི་ཞུ་བསྐུལ་གནང་བ། དེ་མཚུངས་པཎ་ཆེན་སྐུ་གོང་མ་མཆོག་དང་མཉམ་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་ཡོང་ཐབས་འབད་རྩོལ་ཤུགས་ཆེ་གནང་བ་སོགས་ཡུལ་དུས་གནས་བབ་ལ་གཞིགས་པའི་མི་རིགས་ཀྱི་ལ་ཞེན་གཅེས་སྲུང་གནང་མཁན་ཞིག་ཡིན། 

རྗེས་བཞུགས་ལྷ་ལྕམ་སྲས་སྲོས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་བཙན་བྱོལ་བོད་གཞུང་བཀའ་ཤག་གིས། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

China expert warn of 'something worse than Covid' after fungus smuggling plot
Mobile App

ཏོག་དབྱིབས་གཉན་རིམས་ལས་ཀྱང་ཉེན་ཚབས་ཆེ་བའི་དཀའ་ངལ་འཕྲད་སྲིད་པའི་ཉེན་བརྡ་བཏང་། 

ཆུ་ཚོད་ ༢༡ སྔོན་ལ།
Mobile App

གོ་སྟོན་བཀྲ་ཤིས་དཔལ་འབར།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦

མཆན། 40

  1. བོད་པ། says:
    ལོ་ 15 སྔོན།

    བོད་མི་རྒྱ་ལ་གྱུར་བའི་ངག་ཕོད་དང་། །
    ཤ་མར་མི་གཙང་གྱུར་པའི་སྐྱག་པ་གཉིས། །
    བཀའ་ཤག་ངོ་རུ་ཁྱད་པར་མེད་པ་འདི། །
    གཞན་གྱིས་མཐོང་ན་ཞེན་ཁ་སྡིངས་ནས་ལོག །
    བཟང་པོའི་མི་ལ་དཔའ་དར་རྟགས་པ་དང་། །
    ངན་པའི་མི་ལ་སྐྱོན་བརྗོད་བྱེད་པ་སོགས།།
    སྲིད་ཀྱི་འགྲོ་སྟངས་ཙམ་ཡང་མི་ཤེས་པའི། །
    བཀའ་ཤག་གླེན་པས་སྐྱག་པ་ཟོ་སྟེ་ཉོལ། །

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ༡༩༧༦ལོའི་ཟླ་༡ཚེས་༡ཉིན་ཞེས་པ་དེ་༡༩༧༦ལོའི་ཟླ་༡ཚེས་༨ཉིན་ཞེས་བཅོས་དགོས།

    Reply
  3. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་བཀུར་བར་འོས་པའི་གཟུར་གནས་མཁྱེན་ལྡན་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ།
    ངེད་བོད་པ་ཚང་གི་ང་ཕོད་འདིའི་མི་ཚེའི་ནང་གི་བྱ་བ་ཚང་མ་ད་ཚར་བ་རེད།
    ང་ཕོད་ཀྱིས་རང་ཉིད་ཀྱི་བྱས་རྗེས་སྐོར་བྲིས་པ་འདི་རེད་ཅེས་ཅིག་བྱས་དུས་མ་འོངས་པར་ཉིན་གཅིག་དེབ་གཟུགས་ཅིག་ཐོན་སྲིད་ཀྱང་ཁོང་འཚོ་བཞུགས་སྐབས་མི་ལ་སྟོན་འོས་པའིརླབས་ཆེན་ལོ་རྒྱུས་ཤིག་མ་བྱུང་བར་རྒྱ་དམར་ལ་སྤྲེལ་ལད་རྐྱང་འཁྲབ་མཁན་གྱི་ཞབས་འདྲེན་རྒྱལ་ཚོང་པ་འདི་ཤི་ཚར་བའི་སྐབས་ཀྱི་དེབ་གཟུགས་དེར་ཕྲན་གྱིས་ངོས་ལེན་བྱེད་ཐུབ་ཐབས་ཡོད་པ་མ་རེད།

    དེ་གཅིག་ཡིན།

    གང་ལྟར་ང་ཕོད་ཀྱི་མི་ཚེའི་ཐོག་མཐའ་བར་གསུམ་དུ་ཁ་སེང་དང་པོ་ང་དགའ་དགོས་ས་གཅིག་བྱུང་བ་འདི་ཁོ་གྲོངས་ཉིན་དེ་སྤྱི་ཟླ་༡༢པའི་ཚེས་༢༣་དང། བོད་ཟླ་༡༡པའི་ཚེས་ ༧ ཉིན་ལ་ཁེལ་ཡོད་པ་དང། ཉིན་དེ་བོད་པ་ཚོས་བཟང་བོ་༡༠འཛོམས་ཡིན་ཤག་བྱེད་བཞིན་པའདི་ཡིན། དེར་བརྟེན་ཕྲན་གྱིས་ཀྱང་ཐོག་མར་དེ་ག་རང་ཡིན་ཤག་བྱས་པ་རེད།
    ཁོང་གི་མི་ཚེའི་ནང་ལ་ཞབས་འདྲེན་ག་ཚོད་ཞུས་ཀྱང་ཁོང་ང་ཚོའི་བཀའ་ཟུར་བགྲེས་སོང་ཀུན་གྱིས་ཡང་ཡང་རེ་བ་རྒྱག་ས་ཞིག་དང། རེ་བ་ཆ་ཚང་འཕྲོ་བརླགས་གཏོང་མཁན་ཞིག་ཆགས་ཡོད་པ་མ་རེད། ཅེས་ང་ཚོ་སུས་ཀྱང་བཤད་མི་ཐུབ། དེའི་ཕྱིར་ཁོང་གྲོངས་ཉིན་དེ་དུས་ཚོད་བཟང་པོ་ཞིག་ལ་ཁེལ་ཐུབ་ན་འདི་ཡང་འོ་སྐོལ་སྒང་བ་བོད་པར་ལམ་འགྲོ་ཞིག་གི་རྟགས་མཚན་ཡིན་ཤས་ཆེ། སྙམ་པས་ཡིན།
    འོན་ཀྱང་སྟབས་མ་ལགས་པ་ཞིག་ཏུ་ང་ལས་སྣང་མ་དག་པས་ཡིན་ནམ། ཡང་ན་ངས་ལོ་ཐོར་ལྟ་མ་ཤེས་པ་ཡིན་ནམ། ཡང་ན་ལོ་ཐོ་མ་དག་པས་ཡིན་ནམ། ཡང་ན་ངས་མཐོང་བ་དངོས་གནས་ཡིན་སོགས་ཁྱེད་གཟུར་གནས་དྲ་གྲོགས་ཚོས་གཟིགས་རོགས་གནང།
    གང་ལྟར་ང་ཕོད་གྲོངས་ཉིན་དེ་ངན་པ་དགུ་འཛོམས་ཉིན་ཡིན་པ་འདྲ་ཞིག་འདུག
    ཅི་ཡིན་ཞེ་ན།

    བོད་གཞུང་སྨན་རྩིས་ཁང་གིས་བཏོན་གནང་བའི་རབ་གནས་ས་གླང་ལོའི་ལོ་ཐོ་བསྡུས་པའི་ནང་གི་སྤྱི་ཚེས་༢༢ཉིན་གྱི་རེའུ་མིག་ནང་ ངན་པ་དགུ་འཛོམས། Nine Bad Omens day ཆུ་ཚོད་༢༡ ནས་ཚེས་ ༧ ཚོུད་ ༢༣ བར། ཞེས་གསལ་འདུག་པ་དེ་ལྟར་ན་ངན་པ་དགུ་འཛོམས་བོད་ཚེས་༦་ཉིན་གྱི་མཚན་མོའི་ཆུ་ཚོད་༩་ནས་མགོ་ཚུགས་ཏེ། བོད་ཚེས་བདུན་ཉིན་གྱི་མཚན་མོའི་ཆུ་ཚོད་༡༡བར་ཁེལ་ཡོད་འདུག་པ་དང།
    ང་ཕོད་བོད་ཚེས་༧་དང། ཕྱི་ཚེས་༢༣ཉིན་གྱི་པེ་ཅིན་གྱི་ཆུ་ཚོད་༤དང། སྐར་མ་༥༠ཐོག་གྲོངས་ཡོད་འདུག་པ་དང། པེ་ཅིན་གྱི་ཆུ་ཚོད་༤དང། སྐར་མ་༥༠དེ་ང་ཚོ་རྒྱ་གར་ས་ཐོག་གི་ཆུ་ཚོད་༢དང། སྐར་མ་༢༠ཙམ་ཡིན་ཕྱིར་སྐབས་དེར་ཁཽང་གྲོངས་པ་ཡིན་པ་ཡོངས་གྲགས་ལ་སོང་ངན་པ་དགུ་འཛོམས་མ་གཏོགས་འགྲོ་ས་ཞིག་འདུག་གམ།

    འདི་ལ་བརྟེན་ང་ནི་སླར་ཡང་སེམས་པ་མ་སྐྱིད་པ་ཞིག་ཆགས་ཡོད།

    འོན་ཀྱང་ཧ་ཅང་ཉེན་ཁ་རང་ཨེ་ཡོད།
    འདི་རྒྱ་དམར་ལ་ཐན་ལྟས་ཞིག་མིན་འགྲོ་སྙམ། གང་གིས་ཡིན་ནམ་ཞེ་ན། རྒྱ་ནག་གི་སྲིད་བློན་ཀྲོའུ་ཨེན་ལའེ་ཡང་སྤྱི་ལོ་༡༩༧༦ལོའི་ཟླ་༡ཚེས་༡ཉིན་ངན་པ་དགུ་འཛོམས་ཉིན་འདས་གྲོངས་སོང་བ་ཡིན་ཕྱིར་ང་ཕོད་དང་འདས་གྲོངས་འགྲོ་ཉིན་གཅིག་པ་ཆགས་འདུག་པ་འདིས་གང་ཞིག་མཚོན་བཞིན་འདུག་གམ།
    ང་ཕོད་འདི་བོད་མིའི་གདོང་ལྤགས་ཅན་གྱི་རྒྱ་དཔོན་ཚོ་དང་ལས་སྨོན་གྱི་འབྲེལ་བ་དམ་ཟབ་ཡོད་པའི་མི་རྒན་ཞིག་ཡིན་པར་མཚོན་གྱི་མི་འདུག་གམ།

    གྲོགས་པོ། གྲོགས་པོ་ལགས། གྲོགས་པོ་ལགས་རེད་ཡཱ།

    Reply
  4. བྱམས་རྒྱལ། says:
    ལོ་ 15 སྔོན།

    རང་གཞུང་ནས་ཧུ་ཇིང་ཐོ་ཤི་ཀྱང་མྱ་ངན་བྱེད་ཀྱི་རེད་། ཏནཏན་བྱེད་ཀྱི་་རེད་། དེ ་གཞུང་གི་ལངས་ཕྱོགས་རེད་། ང་ཚོ་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་སྡོད་དགོས་ཀྱི་རེད་བ་ ང་ཕོད་ཀྱི་སྐོར་དེ་ཁ་སེང་ སྤྱི་ཚེས་༢༦ ཉིན་གྱི་ཨེ་ཤི་ཡའི་རང་དབང་རླུང་འཕྲིན་ཁང་གི་བགྲོ་གླིང་ནང ལྟོས་དང་ ཧོར་གཙང་འཇིགས་མེད་ཀྱིས་ག་རེ་གསུངས་འདུག་།

    Reply
  5. བདེ་བ་ཅན། says:
    ལོ་ 15 སྔོན།

    སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། རྫུན་གཏམ་ལུང་བསྟན་དུ་གྱུར་ནས་རང་ཉིད་ཀྱི་ཁྲ་མ་བདེན་དུ་གྲུབ་ཐབས་བྱེད་པ་ནི་རྩ་བ་ནས་ཡང་དག་པའི་ལྟ་ཚུལ་ཞིག་མ་རེད། ཁྱེད་རང་ནས་ 2009།12།24 ཉིན་གྱི་ཐོག་མའི་མཆན་འགོད་ནང་གཟིགས་དང་།
    ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌
    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུ།
    ང་ཕོད་བདུད་ཀྱི་སྤྲུལ་བར་ལུང་གིས་བསྟན་ཡོད། ཅེས་ངའི་གྲོགས་པོ་ཞིག་གིས་གསུངས་པའི་ལུང་དེ་ད་ལྟ་ངས་རེག་སོང་བས་ལྷན་རྒྱས་ཚོར་སྤྱན་འབུལ་ཞུ་རྒྱུ་ཡིན།
    དེ་ཡང་རྒྱལ་བ་ཀརྨ་མ་པ་སྐུ་འཕྲེང་ལྔ་བ་ཀརྨ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།
    བདུད་སྤུལ་བླུན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག
    ཀོང་ཞེས་པ་དེ་ཀོང་པོའི་ཡུལ་ནས་འབྱུང་བར་ལུང་བསྟན་པ་རེད། ཟེར།༌༌༌༌༌༌༌༌༌༌༌༌༌༌༌ཅེས་གོང་གསལ་དེ་ཁྱེད་རང་ནས་དྲངས་པའི་ལུང་བསྟན་ རེད། ཀོང་པོའི་ཡུལ་ནས་བྱུང་བ་རེད་ཅེས་གསལ་པོ་བྲིས་འདུག དེ་རིང་ཡང་ཀོང་པོའི་ཡུལ་ནས་བྱུང་བ་རེད་ཅེས་ལབ་རྒྱུ་མ་བྱུང་ཞེས་ཟིན་བྲིས་གོང་མ་ཡོད་བཞིན་དུ་གཞན་ལ་མིག་མེད་པ་ལྟ་བུུའི་མཐོང་ཚུལ་རྩ་བ་ནས་འཛིན་རྒྱུ་མེད། ནོར་འཁྲུལ་ཤོར་བ་དེ་ངེས་པར་ཁས་ལེན་བྱེད་དགོས་རེད། སངས་རྒྱས་ཀྱི་བཀའ་ཡིན་ཡང་། བརྟག་ལ་དཔྱད་པར་བྱ་དགོས་པའི་བསླབ་བྱ་གནང་ཡོད། དེ་འདྲ་སོང་ཙང་དེ་བླ་མའི་ལུང་བསྟན་རེད་ཅེས་ཞིབ་འཇུག་མེད་པར་གཞན་ནག་པོ་བཟོ་རྒྱུར་ཆོས་ཀྱི་གྲུབ་ཆེད་བཀོད་རྒྱུ་དེ་གྲྭ་རྫུན་གྱི་བྱེད་སྟངས་རེད། དེ་དག་ངེས་པར་དོར་རོགས་གནང༌། ཁྱེད་རང་ནས་གསུངས་པ་ལྟར་སྤྱི་འཐུས་ལ་མི་དམངས་ནས་འགན་གང་འདྲ་འཁུར་དགོས་རེད་དམ། མི་དམངས་ཀྱི་ཡིད་ཆེས་བློས་འགེལ་གྱི་རེ་བ་བྱ་སྐབས་ཁྱེད་ཚོས་མི་མང་ལ་འགན་མ་འཁུར་བར་འོས་ཐོབ་པའི་སྤོབས་པ་དཔུང་པར་འཁུར་བ་ལས་རེ་བ་དང་ཡིད་ཆེས་བཅོལ་བ་རྦད་དེ་བརྗེད་བཅུག་གི་འདུག ད་ལྟ་ཡིག་ཐོག་ཏུ་གོང་དེར་ཡོད་པ་དེའང་ཁྱེད་ལྟ་བུས་ཁས་ལེན་བྱ་གི་མི་འདུག་པར་གཞན་ཁས་ལེན་བྱ་སྲིད་ཀྱི་རེད་དམ། གསལ་པོ་ཤེས་དགོས་པ་ཞིག་ལ་ཁྱེད་རང་ཆོལ་ཁ་གཅིག་ནས་བླུགས་པའི་སྤྱི་འཐུས་ཤིག་རེད་མ་གཏོགས། བོད་ས་རྒྱ་མིས་བཙན་འཛུལ་བྱས་མིན་ལ་མ་རྩོད་པར་བོད་ས་ནང་ཁུལ་སུ་ལ་གཏོགས་མིན་ཐད་རྩོད་པ་ཡུན་རིང་གནང་མྱོང་བའི་སྤྱི་འཐུས་ཁྱེད་ལ་ལུང་ཚན་གྱི་ཕྱོགས་ཞེན་ཆེན་པོ་འདུག་པས་ངེས་པར་དུ་དེ་ཚོ་ད་ལྟའི་དུས་ཚོད་དགོས་པ་མེད་པར་བརྟེན་ངེས་པར་དུ་དོར་གནང་རོགས། ང་ཕོད་ས་དབང་ཆེན་མོ་དགོངས་པ་རྫོགས་པ་དེར་ཁྱེད་རང་ནས་རྗེས་དྲན་ང་མྱ་ངན་ཞུ་མིན་ལ་མ་ལྟོས་པར་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་བཀའ་ཤག་ནས་མྱ་ངན་ཞུས་ཟིན་འདུག་པས་དེ་ལྷག་དགོས་དོན་མི་འདུག ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཚན་དང་མཛད་རྣམ་ཡན་དྲུད་དེ་དེ་སྔའི་བོད་གཞུང་གི་ས་དབང་ཞིག་གི་ལོ་རྒྱུས་རྦད་དེ་ནག་བསུབ་གཏོང་བསམ་པ་ནི་རྦད་དེ་གཉིད་ལམ་རེད། གཉིད་ལམ་རིང་དྲག་ན་ཁྲག་ཤེད་འཕར་རྒྱུ་ལས་མེད་པས་དེ་ནས་མཆན་འགོད་མཚམས་འཇོག་རྒྱུ་ཡིན་ནོ༎

    Reply
  6. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་བཀུར་འོས་མཁྱེན་ལྡན་གཟུར་གནས་དྲ་གྲོགས་ལྷན་རྒྱས་ལགས།
    ཕྲན་ལ་བྲེལ་ཟིང་ཆེ་སྟབས་མི་ཁོམ་པ་སྣ་དགུས་འཁྱུག་རེ་ཙམ་ལས་བཅར་ཁོམ་མི་འདུག་ན་དགོངས་དག་ཞུ།
    གོང་དུ་ཕྲན་གྱིས་དེ་ཡང་རྒྱལ་བ་ཀརྨ་མ་པ་སྐུ་འཕྲེང་ལྔ་བ་ཀརྨ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།
    བདུད་སྤུལ་བླུན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག
    ཀོང་ཞེས་པ་དེ་ཀོང་པོའི་ཡུལ་ནས་འབྱུང་བར་ལུང་བསྟན་པ་རེད། ཟེར་ཞེས་བཀོད་ཡོད་པ་ལས་ང་ཕོད་སྐྱེས་ཡུལ་ཀོང་པོ་རེད། ཅེས་ཞུས་མེད།

    ༡ དྲ་གྲོགས་རེ་ཟུང་གིས་ང་ཕོད་ཀོང་ཡུལ་དུ་མ་སྐྱེས་པའི་ཕྱིར་ཕྲན་གྱིས་ལུང་རྫུན་བཟོས་པ་རེད། ཅེས་དང། ད་ཡིན་ན་ལུང་ཚིག་དེ་རྫུན་མ་རང་ཆགས་སོང་། ཞེས་དང།

    ༢ གལ་སྲིད་དེ་དག་ལུང་བསྟན་ངོ་མ་ཡིན་ན་ལུང་བསྟན་གསུང་མཁན་ཁོང་ཚོས་མཁྱེན་བཞིན་རྐྱེན་ངན་དེ་ཚོ་ཅིའི་ཕྱིར་སྔོན་དུ་འགོག་ཐབས་མ་གནང་བ་རེད་དམ། ཞེས་དང།
    ༣ ཡང་རེ་ཟུང་གིས་སྤྱིར་ལུང་བསྟན་ཟེར་བ་དེ་རྩ་བ་ནས་ངོས་ལེན་མེད། ཁྱེད་ཀྱིས་འདི་འདྲའི་ལུང་དྲངས་པ་དེ་དག་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གི་འགན་ཁུར་མེད་པའི་གཏམ་གཤད་དང་གཅིག་མཚུངས་ཡིན་ཕྱིར་ཁྱོད་ངོ་ཚ་གིན་མི་འདུག་གམ། ང་ཚོ་ངོ་ཚ་བཞིན་ཡོད་སྐོར་དང།

    ༤ ཡང་རེ་ཟུང་གིས་རང་ཉིད་མདོ་སྨད་པ་ཡིན་ཁུལ་གྱིས་ཁྱོད་ཀྱིས་བླ་རྒན་རེས་བཤད་བསྡད་པ་དེ་ཚོར་ཁུངས་བཅོལ་བ་ཁྱོད་རང་གིས་ལྐུག་རྟགས་བླ་མེད་རེད། ཅེས་སོགས་སོ་སོའི་རང་འདོད་ཀྱི་བསམ་འཆར་རེ་ཟུང་བྱུང་བ་དེ་དག་ལ་ཕྲན་གྱིས་ལྟ་ཐུབ་སོང་བས་ཁྱེད་ཚོས་དགོངས་འཆར་གསལ་བོ་གསུངས་བར་ངས་བཀའ་དྲིན་ཆེ་ཞུ་བ་དང་འབྲེལ་ལན་སྙིང་བསྡུས་ཙམ་རེ་འབུལ་འཐུས།

    ༡ ལན། ལུང་དེ་ཀརྨ་དེ་བཞིན་གཤེགས་པའི་གསུང་ནང་བཞུགས་ཡོད་པ་རེད། རྗེ་ཀརྨ་པ་དེ་བཞིན་གཤེགས་པའི་སྐུ་དུས་སུ་ཁོང་གིས་ལུང་བསྟན་གནང་བ་ཞིག་ཡིན་པ་ལས་ཕྲན་གྱི་རྫུན་བཟོ་བྱས་པ་ཞིག་མིན།

    གོང་དུ་ཕྲན་གྱིས་༼༼དེ་ཡང་རྒྱལ་བ་ཀརྨ་མ་པ་སྐུ་འཕྲེང་ལྔ་བ་ཀརྨ་དེ་བཞིན་གཤེགས་པའི་ལུང་བསྟན་དུ།
    བདུད་སྤུལ་བླུན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་གསུངས་ཡོད་འདུག
    ཀོང་ཞེས་པ་དེ་ཀོང་པོའི་ཡུལ་ནས་འབྱུང་བར་ལུང་བསྟན་པ་རེད། ཟེར།༽༽
    ཞེས་བཤད་པ་ཙམ་ལས་ང་ཕོད་ཀོང་ཡུལ་དུ་སྐྱེས་པ་རེད་ཅེས་བཤད་མེད། གལ་སྲིད་ཡོད་ན་འདི་རེད། ཅེས་སྟོན་རོགས་ཞུ། ང་ཕོད་རང་ཉིད་དང་པོ་ནས་ང་ཕོད་ཁྱིམ་རྒྱུད་དུ་སྐྱེས་པ་མིན་ཡང་ཀོང་ཡུལ་དུ་ང་ཕོད་ཁྱིམ་རྒྱུད་དུ་མག་པར་སོང་བ་ཡིན་པ་ངས་ཤེས་ཀྱིན་ཡོད་ལ་ཀོང་ཡུལ་གྱི་ང་ཕོད་ཁྱིམ་རྒྱུད་ཆེན་པོ་དེར་མག་པར་བསྡད་རྗེས་དེའི་མིང་གནས་རྗེས་འབྲེལ་གྱིས་གཞི་ནས་ས་དབང་ཆེན་མོ་ཆགས་པར་ཤེས་ཀྱིན་ཡོད། ང་ཕོད་ཀྱི་གཞིས་ཀ་ཆ་ཚང་ཀོང་ཡུལ་དུ་ཡོད་པ་ཀུན་ཀྱིས་ལོས་མཁྱེན།
    ཀོང་ཡུལ་གྱི་ང་ཕོད་ཟམ་ཆེན་ཟེར་བ་སོགས་སུས་བརྒྱབས་ཕྲན་གྱིས་ཀྱང་ཤེས་ཀྱིན་ཡོད། དེའི་ཕྱིར་གོང་གི་ལུང་དེས་ང་ཕོད་ལུང་གིས་བསྟན་པ་རེད། ཅེས་དབུས་ཕྱོགས་ཀྱི་གནའ་དེང་གཉིས་ལ་རྒྱུས་མངའ་ཆེ་བའི་རྒན་རིམ་པ་ཤེས་ལྡན་མི་སྣ་གང་མང་གིས་གསུང་གིན་འདུག
    དེའི་ཕྱིར་ད་དུང་ལུང་ཚིག་དེ་རྫུན་མ་ཆགས་སོང་བ་རེད། ཅེས་རང་འདོད་ཀྱི་ཕྱོགས་ལྷུང་ཅན་གྱི་བསམ་ཚུལ་ཉིན་གྲངས་བརྒྱ་ཕྲག་ལ་ཁྱབ་བསྒྲགས་བྱས་ཀྱང་དེ་ཙམ་གྱིས་ཅི་ཡང་ཕན་མ་སོང་བས་དབུས་ཕྱོགས་རྒན་རིམ་པས་གསུངས་པ་ལྟར་སོ་ན་གནས་མིན་ལ་ཕྲན་གྱིས་ཞིབ་སྐབས་བརྒྱ་ཆ་༩༨དེ་ག་རང་ཡིན་ས་རེད། སྙམ་པ་ཞིག་བྱུང་སོང་བས་ཁྱེད་ཀྱིས་ཀྱང་ད་དུང་ཞིབ་འཇུག་གནོངས་ཤིག་ཞུ་རྒྱུ་ཡིན།

    ༢ ལན།

    ལུང་བསྟན་གནང་མཁན་ཚོས་འབྱུང་འགྱུར་ཚབས་ཆེའི་ཉེན་ཁ་སྔོན་འགོགས་ཆེད་ལུང་གིས་བསྟན་གནང་བ་རེད། དཔེར་ན་སློབ་དཔོན་རིན་པོ་ཆེས། རང་གིས་རང་ཉིད་མ་བསླུ་རྗེ་འབངས་རྣམས། །ཞེས་བོད་ནས་ཕྱིར་ཁེབས་ཁར་བོད་རྗེ་འབངས་ལ་འབྱུང་འགྱུར་རྐྱེན་ངན་གོད་ཆགས་རིགས་སྔོན་འགོག་གི་ཐབས་ལམ་ཡག་ཤོས་དེ་བསྟན་པ་ལྟ་བུ་རེད།

    ༣ ལན།

    ལུང་བསྟན་དང་མཁྱེན་པ་སོགས་རྩ་བ་ནས་ཁས་མ་བླངས་ཀྱང་སོ་སོར་རང་དབང་ཆ་ཚང་ཡོད་རེད།
    འོན་ཀྱང་ལུང་བསྟན་ཚང་མ་རྫུན་མ་རང་ཨེ་འགྲུབ་སྙམ།
    དཔེར་ན། སློབ་དཔོན་ཆེན་པོས།

    སྤྱི་གཅེས་དཀོན་མཆོག་མི་རོ་བཞིན་ཏུ་བོར།།
    དགོས་གཅེས་ཕ་མ་གྲི་མདུང་རྩེ་ལ་བསྐྱོན།།
    སྤྱོད་ངན་རང་གིས་བྱས་ནས་དུས་ངན་ཟེར།།
    དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན། །
    ཞེས་དང།

    མི་ལོ་བཅོ་བརྒྱད་བར་དུ་བརྟན་པར་འགྱུར།།

    ཞེས་གསུངས་པ་སོགས་རང་རེས་མཐོང་བཞིན་པ་དེ་དག་ཚང་མ་རྫུན་མ་རེད། ཅེས་ཕྲན་གྱིས་ཞུ་ནུས་མ་སོང་ཡང་ཅིག་བྱས་ན་ཕྲན་རྨོངས་དད་ཆེ་བས་དེ་ཡང་ལྐུག་རྟགས་བསྟན་པ་ཡིན་ཤས་ཆེ།

    དེ་བཞིན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་འགན་ཁུར་མེད་པའི་གཏམ་བཤད་སུ་ཞིག་གིས་གནང་གིན་འདུག་གམ། གལ་སྲིད་དེ་ལྟར་གནང་མཁན་ཤེས་ཀྱིན་ཡོད་ན་ངེས་པར་མི་མང་གིས་འགན་བཞེས་ནས་འཁྱོག་པོ་ཡོ་བསྲེངས་བྱེད་དགོས་ངེས་རེད། གྲོས་ཚོགས་ནི་མང་ཚོགས་ལ་བརྟེན་ནས་བྱུང་བ་རེད་ལ་དེ་གང་ཞིག་བྱེད་མིན་གྱི་དབང་ཚད་ཆ་ཚང་མི་མང་རང་ཉིད་ལ་ཡོད་ཕྱིར་བོད་སྣོད་བཅུད་ཆགས་འཇིག་གི་དུས་ཚོད་ཉག་ཕྲའི་སྐབས་འདིར་རང་རེའི་ཤེས་ལྡན་པ་ཚོས་ལས་འགུལ་གྱི་སྣེ་ཁྲིད་དེ། ངེས་པར་འགན་ལེན་དགོས་ངེས་རེད་ལ་དེ་ལྟར་གནང་རོགས་ཞུ། ཞེས་འབོད་སྐུལ་ཞུ་གིན་ཡོད་ལགས། དེ་མིན་ངོ་ཚ་བསྡད་པས་ཅི་ཕན།

    ༤ ལན།

    མཁས་གྲུབ་གསེར་རིའི་འཕྲེང་བ་ལྟ་བུའི་རྗེ་ཀརྨ་པ་རིམ་བྱོན་སྤྱི་དང། ལྷག་ཏུ་ཀརྨ་དེ་བཞིན་གཤེགས་པ་ལྟ་བུའི་སྐྱེས་ཆེན་ཚོའི་རྡོ་རྗེའི་བཀའི་ལུང་བསྟན་ལ་ཁུངས་གཏུག གནའ་དེང་གཉིས་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཆེ་བའི་ཤེས་ལྡན་རྒན་རིམ་པའི་ཉམས་སུ་མྱོང་སྟོབས་ཀྱི་འཇིག་རྟེན་གྲགས་ཚོད་ཀྱི་ཀུན་རྫོབ་ཀྱི་རྣམ་བཞག་མ་བརླགས་པར་རང་ཉིད་ཀྱི་བསམ་ཚུལ་བཤད་རྒྱུ་བྱུང་བ་འདི་ཕྲན་གྱིས་རང་ཉིད་སྐལ་བ་བཟང་པོ་ཡིན་པར་ངོས་འཛིན་བཞིན་ཡོད་པ་ལས་རང་གི་ལྐུག་རྟགས་སུ་ངོས་འཛིན་ཞུ་དགོས་མ་མཆིས་པས་འབྲེལ་ཡོད་ཚོ་ངོ་ཚ་དགོས་དོན་གང་ཡང་མེད་ལགས། ང་ཕོད་ཀྱིས་བོད་དུ་ཛ་དྲག་ཚབ་ཆེའི་སྐབས་ལྷ་ཀླུ་དང་མཉམ་ལས་མ་གནང་བར་མི་འཇོན་འཇོན་མདོག་བྱས་པ་དེས་གང་ཞིག་མཚོན་ཡོད་དམ།

    ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་དཔལ་ལྡན་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ལེའུ་ལྔ་པ། བཙན་འཛུལ། ཞེས་པའི་སྐབས་ཀྱི་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར།

    ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ།

    ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང་ད་དུང་རང་རེ་རྣམས་ཆེས་བློ་ཕམ་སྐྱེ་གཞི་མདོ་སྤྱི་ལྷ་ཀླུས་སྐབས་རྒྱ་དམག་འགོག་ཆེད་ལས་འཆར་གང་ཞིག་བཀོད་བསྒྲིགས་ཀྱིས་བོད་གཞུང་ལ་སྙན་ཞུ་ཕུལ་མིན་དང། གལ་ཆེའི་དུས་སྐབས་དེར་བོད་གཞུང་བཀའ་ཤག་གིས་གཡས་ཁག་གཡོན་དཀྲིའི་བཀའ་ལན་གང་ཞིག་བསྩལ་འབྱོར་གནང་མིན་དང། དེར་བརྟེན་ཞབས་པད་ལྷ་ཀླུས་གཡུལ་འཁྲུགས་ཀྱི་འཆར་འགོད་ཕྱིར་འཐེན་བྱེད་དགོས་བྱུང་རབས་དང། དེ་རྗེས་ང་ཕོད་མདོ་སྤྱིར་ཕེབས་ནས་གང་ཞིག་བྱས་རབས་སོགས་བོད་ཀྱི་སྲིད་དོན་རྒྱལ་རབས་སྨད་ཆའི་ཤོག་ངོས་༤༣༠ཐམ་པའི་སྒང་ནས་མར་བརྩིས་པའི་ཐིག་ཕྲེང་༡༡པ་ནས་མར་རིམ་བཞིན་ཤོག་ངོས་གཉིས་ཙམ་གཟིགས་དང་དབུས་པ་ཚོས་གོང་གི་ལུང་བསྟན་དེས་ང་ཕོད་བསྟན་པ་རེད། ཅེས་དང། སྐབས་དེའི་དབུས་པའི་དམངས་གཞས་སུ་ཡོངས་གྲགས་ལ། ང་ཕོད་ངར་ནས་ཕྱིན་སོང་།། ཆབ་མདོ་བསྐྱལ་ནས་སླེབས་བྱུང།། ཆབ་མདོའི་གོ་མཛོད་ནང་ལ།། སྐྱག་པའི་དྲི་མ་ཁ་སོང།།
    ཞེས་པ་དེ་ཚོའི་ཚིག་རེ་རེ་བཞིན་དངོས་ཡོད་དོན་དག་གལ་ཆེན་རེ་ཡོད་ཚོད་འདུག་པ་ལས་དེ་དག་རྒྱུ་མཚན་རྩ་ནས་མེད་པ་ཞིག་ཨེ་ཡིན་སྙམ་པ་མི་འདུག་གམ། འོན་ཀྱང་གོང་ཞུས་ལྟར་ཕྲན་རང་ཉིད་ལ་ང་ཕོད་ལྷ་འདྲེ་གང་ཡིན་ཁྱད་པར་གང་ཡང་མེད། ལྷག་ཏུ་བོད་སྤྱི་དོན་ལ་ཕན་ཐོགས་མཁན་ཞིག་ཡིན་ཚེ་བདུད་ཡིན་ཡང་ང་ཚོས་ལྷ་བཞིན་བཀུར་བར་འོས་པར་སྙམ།།དེའི་ཕྱིར་ང་ཕོད་གྲོངས་པར་ཕྲན་གྱིས་མྱ་ངན་ཞུ་ཐུབ་མ་སོང་ལ་ཁོང་གི་མཛད་རྗེས་ལ་རྗེས་དྲན་ཞུས་པ་ནི་གོང་གསལ་ལྟར་ཡིན་ནོ།།

    Reply
  7. བློ་བཟང་ལུང་རྟོགས། says:
    ལོ་ 15 སྔོན།

    བོད་གཞུང་གིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་འོག་ནས་རང་སྐྱོང་གི་གནས་བབ་ཅིག་གི་སྐད་ཆ་བཤད་ཀྱི་ཡོད་དུས་ང་ཕོད་ལགས་སྐུ་གྲོངས་པར་མྱ་ངན་དང་གུས་འདུད་ཞུ་འོས་པ་རེད། འོན་ཀྱང་། ད་ལྟའི་དུས་ཚོད་འདིར་ང་ཚོ་དང་རྒྱ་གཞུང་གཉིས་དགྲ་ཁ་གཏད་རེད། མི་མང་པོ་ཞིག་གིས་རྦད་དེ་བརྗེད་ཚར་ཡོད་པ་རེད། ང་ཕོད་རྒྱལ་གཅེས་པ་ཡིན་ན་བཙན་བྱོལ་བོད་གཞུང་གི་མཐོ་རིམ་མི་སྣ་རྣམ་པ་ཀྱང་ང་ཕོད་བཞུད་མྱོང་བའི་ལམ་ཁར་བསྐྱོད་ན་ག་འདྲ་རེད། དྲི་བ་ཙམ་ཡིན།

    Reply
  8. ཐིག་གསར་རྫ་ཕྲུག says:
    ལོ་ 15 སྔོན།

    你走了
    捧着千万个灵魂,
    留下数不清的遗憾,你走了
    走得那么凄凉,走得那么匆忙。
    你为雪域儿女留下的血汗史记,
    永远都会铭刻在雪域同胞的心里。
    你走了
    带着无数个冤言,
    无声无息地离开了我们,
    我深信,雪域的土地和雪山的灵魂,
    会牢记住你的光荣事迹和英勇气概,
    安息吧!雪域的好男儿。

    Reply
  9. བྱམས་རྒྱལ། says:
    ལོ་ 15 སྔོན།

    བོད་ཤར་ཕྱོགས་སུ་ཤིན་ཏུ་ནས་ཀྱང་ཛ་དྲག་ཅན་གྱི་གནས་སྟངས་འོག་བཀའ་ཤག་གིས་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་ཚུལ་གསུངས་འདུག་ཀྱང། ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་ཧམ་པ་བརྗོད་དེ་ ལྷ་ཀླུ་ཕྱིར་ལོག་བཏང་བ་དེས་སྐབས་དེར་བོད་ཆགས་འཇིག་གི་ ཛ་དྲག་ཅན་གྱི་གནས་སྟངས་དེ་ལ་མཐོང་ཆུང་བྱས་ཏེ་ཁོ་རང་གཅིག་པུས་འཇོན་མདོག་བྱས་འདུག་བ་ བོད་མི་རིགས་ལ་འགན་ག་ཚོད་གཅིག་ཁྱེར་ཡོད མེད་དེ་གསལ་པོ་རེད་འདུག་བ་ ང་ཕོད་དཀར པོ་དཀར་རྐྱང་ཆགས་ས་མ་རེད་ཀོ།

    Reply
  10. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 15 སྔོན།

    A kha Kha ma Nya Zi

    Reply
  11. བློ་གྲོས་རྒྱལ་པོ། says:
    ལོ་ 15 སྔོན།

    གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། སྤྱིར་ན་མདོ་སྨད་མི་དམངས་དང་ཡང་སྒོས་བོད་མི་མང་སྤྱི་འཐུས་ཀྱི་ཞབས་ནས་མ་འདྲེན་ཞིག་ཨང་། བླུན་པོ་ཁ་བཙུམ་ན་དགའ་ཟེར་བའི་གནའ་མི་བོད་ཀྱི་གཏམ་དཔེ་དེ་ཡིད་ལ་ངེས་པར་གྱིས་ཤིག་ཨང་།

    Reply
  12. doshin says:
    ལོ་ 15 སྔོན།

    ཡ་ཡ་་་་ད་མ་ཎི་རེ་འདོན་རོགས་ཤི་བོ་འདུག་གི་ཞིག་་་་ཤུ་་་་་་

    Reply
  13. སྐར་ཁྲི་བཙན། says:
    ལོ་ 15 སྔོན།

    དྲང་བདེན་ཀྱི་སྐད་ཆ་ཡིན་ན་ཨུ་ཚུགས་བྱ་ན་དགེ་བར་འདོད། དེ་མིན་འཁྱོག་བཤད་དང་རང་སྣང་གང་ཤར་གྱི་སྐད་ཆ་ཡིན་ན་ཨུ་ཚུགས་ཀྱིས་རང་གཞན་གཉིས་འཕོངས་ངེས།

    Reply
  14. བདེ་བ་ཅན། says:
    ལོ་ 15 སྔོན།

    སྤྱིའཐུས་མིང་འཁུར་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། ཟིན་བྲིས་ཚང་མ་གོང་དུ་སྔར་བཞིན་གསལ་ཡོད་པས། དང་པོ་ཁྱེད་ནས་ང་ཕོད་བདུད་ཡིན་པའི་གྲུབ་བྱེད་དུ་བླ་མའི་ལུང་ཞིག་དྲངས་པ་དེ་ད་ལྟ་རྦད་དེ་རྫུན་མར་གྱུར་དུས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྫས་རྣམ་ལས་འཆང་སྟེ་ལྷ་ཀླུ་ཕྱིར་ལོག་བྱས་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་ཟེར་བའི་ཚིག་འདིར་བཟོ་ལྟ་ཞིག་བཟོས་ཏེ་རྒྱ་དམག་གློ་བུར་ང་ཕོད་ནས་བོད་དུ་བཏང་བའི་གྲུབ་བྱེད་དུ་གྱུར་ཐབས་བྱེད་པའི་ཡ་ཡུད་ཆེ་བའི་ལྐུག་རྟགས་དེ་འདྲ་མ་ཤོད། རྒྱ་མི་དམར་པོའི་དྲག་པོའི་བཙན་ཤུགས་ཀྱི་འོག་ཏུ་དྲག་གནོན་བྱས་ཏེ་གློ་བུར་བོད་དབུས་ཕྱོགས་སུ་དཔུང་འཇུག་གིས་འཕྲལ་མར་དྲག་གནོན་བྱེད་པར་ོང་བ་དེར་གོ་དགོས་ཀྱི་མ་རེད་དམ། རྒྱ་དམག་གློ་བུར་ང་ཕོད་ནས་བཏང་བ་རེད་ཅེས་མཛད་རྣམ་ནང་གསལ་ཁ་གཏོད་འདུག་གམ། རང་ཉིད་ཀྱི་གོ་ཕྱོགས་ལོག་སྟེ་ང་ཕོད་ནག་བསུབ་གཏོང་ཐབས་བྱས་ཀྱང་གང་ལྟར་༸གོང་ས་ཡིད་བཞིན་ནོར་བུའི་ཞལ་དྲོན་མོ་ཅི་གསུང་གི་ཡོད་མེད་རེ་ཞིག་སྒུག་དང་ཏན་ཏན་ཁྱེད་ལ་ཧ་གོ་དོན་རྟོགས་བྱེད་པའི་ཉིན་མོ་གཅིག་ཤར་ངེས། དེ་མིན་ན་ཁྱེད་ནས་ང་ཕོད་རྦད་དེ་ནག་བསུབ་གཏོང་དགོས་བསམ་པ་ནི་སྟོང་བསམ་རང་རེད། དོན་གྱི་བཙན་བྱོལ་བོད་གཞུངངོས་ནས་ཀྱང་མྱ་ངན་གྱི་གུས་འདུད་ཞུ་གི་མི་འདུག་གམ། འདས་པའི་བཀའ་བློན་ཟུར་པ་ཞིག་ལའང་དེ་ལྟ་བུའི་འཁོན་འཛིན་དང༌། ད་ལྟའི་བཀའ་ཤག་ལས་ཐོག་པ་རྣམས་ལའང་དེ་ལྟ་བུའི་ཟུར་ཟ་བྱ་གི་ཡོད་ན། དོན་ངོ་མ་ཁྱེད་ཚོ་བཀའ་བློན་བྱེད་མཁན་མཐའ་དག་ཁྱེད་ཚོ་ནང་བཞིན་ཡུལ་ལུང་ཆུང་ངུའི་ཕྱོགས་རིས་ཅན་ཤ་སྟག་ཞིག་དགོས་པ་རེད་དམ། དེ་ནི་ཡོང་ཐབས་མེད་པའི་ཉིན་མོའི་གཉིད་ལམ་ལྟ་བུ་རེད།།

    Reply
  15. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་ལགས།

    གང་ལྟར་ས་དབང་ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར། ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ་ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང། གོང་གསལ་མཛད་རྣམ་གྱི་ལུང་ཚིག་དུམ་བུ་འདི་གཅིག་པས་ས་དབང་ང་ཕོད་ཀྱིས་མི་འཇོན་འཇོན་མདོག་གིས་བྱས་རྗེས་ཕྲན་གྱིས་ཤེས་སོང། རྩ་བའི་ལྷ་འདྲེ་གང་ཡིན་ང་ལ་དེ་ཙམ་གྱི་ཁྱད་པར་གང་ཡང་མེད། འོན་གྱང་དྲ་གྲོགས་གཞན་ཚོས་ཁོང་ལ་ཆེ་བསྟོད་དང། རྗེས་དྲན།བསྟོད་བསྔགས་ག་ཚོད་བྱས་ཀྱང་དེར་ང་ལ་མི་དགའ་དགོས་དོན་རྩ་བ་ནས་མེད་པར་མ་ཟད་ཅུས་གཏོགས་མི་བྱེད་ཐག་ཆོད་ཡིན། དེ་ནི་རང་སོ་སོའི་ཐོབ་ཐང་རེད།
    རྒྱ་མིས་ང་ཕོད་ལ་བསྔགས་བསྔགས་གཏང་བཞིན་པའི་སྐབས་འདིར་ཆབ་སྲིད་རྐྱང་པའི་ཐོག་ནས་བསམ་བློ་བཏང་ན་ང་ཚོའི་ཕྱོགས་ནས་ཀྱང་དེ་ལས་ལྷག་གི་བསྔགས་བརྗོད་བྱས་ཀྱང་དེར་དགོས་པ་ཡོད་སྲིད།་

    Reply
  16. གནམ་ལྕགས། says:
    ལོ་ 15 སྔོན།

    གསེར་རྟ་ཚུལ་ཁྲིམས་ཀྱི་ལུང་བསྟན་གྱི་རྫུན་ཕུགས་བརྟོལ་བ།

    ང་ཕོད་ནི་ཀོང་པོ་ནས་སྐྱེས་པ་མ་ཡིན་པར་ལྷོ་ཁའི་ཕྱོགས་ཀྱི་རྒྱ་མ་ཞེས་པར་འཁྲུངས་པ་རེད།དེ་ནི་བདུད་སྤྲུལ་བློན་པོ་ཀོང་ནས་འབྱུང་།།ཞེས་པའི་ཚིག་གྲུབ་དེ་གཞི་མེད་ཀྱི་ལུང་རྫུན་ཡིན་པར་གྲུབ་པ་དང་།གཞན་དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།ཅེས་པའི་སྐབས།ང་ཕོད་འདི་སྔར་བོད་བདེ་བ་གཞུང་གི་སྐབས་སུ་བཀའ་བློན་བཞིའི་ནང་གི་ལོ་ན་ཆུང་ཤོས་དང་འཇོན་ཐང་ཆེ་ཤོས་ཡིན་པ་ལོ་རྒྱུས་ཀྱི་དཔྱད་གཞི་ཚང་མར་གསལ་བ་བཞིན་ཡིན་ན།ཁོང་གིས་དབུས་དཀྲུགས་པ་དང་ད་ལ་བརྟེན་ནས་དབུས་ཀྱི་ཆབ་སྲིད་འཇིག་པ་ཞིག་ཅི་བས་ཡོང་དཀའ་ན།གོང་གི་ལུང་བསྟན་དེ་རྦད་དེ་རྫུན་མ་རེད་འདུག་ཞུ་རྒྱུ་ཡིན།

    སྤྱི་འཐུས་ཚུལ་འོད་མཆོག་གིས་ཀྱང་དགོངས་པ་ཞིག་བཞེས་ན་ལེགས།ཚུལ་མིན་གྱི་སྐད་ཆ་འདི་འདྲ་བཤད་པ་ནི།ང་ཚོའི་མདོ་སྨད་མི་མང་གི་ཞབས་འདྲེན་རེད།ཁྱོད་ཀྱིས་རྒྱལ་ཞེན་ཡོད་མདོག་བསྟན་པ་ནི་ཤིན་ཏུ་ལེགས་ཀྱང་།ཧོལ་རྒྱུག་དེས་རང་རྐུབ་བརྡོལ་འདུག་ཞུ་རྒྱུ་ཡིན།

    ང་ཕོད་འདི་བཟང་རུང་ངན་རུང་རང་རེའི་ལོ་རྒྱུས་སྟེང་གི་མི་གནད་འགག་ཅན་ཞིག་རེད་མོད།ད་དུང་འདིས་ཅི་ཞིག་བྱས་ཡོད་མེད་ང་ཚོས་ཁ་མཚོན་གཅོད་དཀའ་ཡ།

    Reply
  17. བདེ་བ་ཅན། says:
    ལོ་ 15 སྔོན།

    བོད་མི་མང་སྤྱི་འཐུས་ཀྱི་མིང་འཁུར་བའི་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས། ཁྱེད་ཀྱིས་དང་པོ་བླ་མའི་ལུང་བསྟན་ཡིན་ཁུལ་བྱས་ཏེ་ཀློག་པ་པོར་བསླུ་བྲིད་ཀྱིས་ང་ཕོད་བདུད་དུ་འགྱུར་ཐབས་བྱེད་པ་དང༌། ད་ཆ་བདུད་ཡིན་ཡང་ཁྱེད་མི་སྐྲག་པའི་ངར་སྐད་སྒྲོགས་པ་ནི་དགོད་བྲོ་བ་ཞིག་འདུག གང་ལྟར་ཀརྨ་པ་དེ་བཞིན་གཤེགས་པས་ལུང་གནང་ཡོད་ཚེ། སྐབས་དེར་ཁོང་ནས་ལུང་ཞུ་མཁན་ཞིག་གིས་འདོད་པ་ལྟར་ལུང་གནང་ཡོད་ཚོད་འདུག ང་ཕོད་ས་དབང་ཆེན་མོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་འཁྲུངས་ཡུལ་མལ་དྲོ་གུང་དཀར་རྫོང་རྒྱ་མ་ཞེས་པའི་ས་གནས་ཡིན་པ་ལས་ལུང་གནང་བའི་ཀོང་པོའི་ཡུལ་དུ་སྐྱེས་པའི་ང་ཕོད་འདི་རེད་མི་འདུག ཁྱེད་རང་ལ་བོད་མི་མང་གི་སྤྱི་འཐུས་ཀྱི་མཚན་གནས་ཡོད་སྟབས་བཀའ་ལུང་དེར་བཟོ་བཅོས་གྲོས་འཆར་ཞིག་བཏོན་ན་གང་འདྲ་མི་འདུག་གམ། གང་ལྟར་བོད་མི་མང་སྤྱི་འཐུས་ཡིན་སྟབས་ནོར་འཁྲུལ་ཤོར་ཀྱང་དག་སེལབྱེད་དགོས་པ་མ་རེད་ལ། ཐུགས་འགན་ཡང་བཞེས་དགོས་ཀྱི་མེད་སྟབས་ཡོད་ཚད་སྤྱི་འཐུས་ཀྱི་ཚོགས་ར་ནང་བཞིན་ཧམ་པ་ཆེ་ཆུང་དང་ཁ་ལྕེ་བདེ་མིན་གྱི་ཐག་བཅད་ན་ན་འགྲིག་ཨེ་ཡོང་། གང་ལྟར་ཕྱིས་འབྱུང་རང་ཉིད་སངས་རྒྱས་ཀྱི་ན་བཟའ་བཞེས་པའི་དགེ་འདུན་པ་ཞིག་ཡིན་པ་དང་། མི་མང་གི་གོང་དུ་བཀུར་བའི་སྤྱི་འཐུས་ཤིག་ཡིན་སྟབས་བཀའ་མོལ་གནང་རྒྱུར་ངེས་པར་བབ་ལྷིང་བརྟན་གསུམ་གནང་དགོས་པ་ལས་ཧོལ་རྒྱུགས་ཚ་དྲགས་ན་རྒྱུན་ལས་སྤྱི་འཐུས་རྣམ་པ་ནང་བཞིན་རིམ་པས་ཆེ་མཐོང་དེ་དུ་བ་བཞིན་ཡལ་འགྲོ་གི་རེད་དཱ༎

    Reply
  18. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ང་ཕོད་ཀོང་པོ་ནས་སྐྱེས་པ་མ་རེད། ཁྱོད་ཀྱི་ལུང་པསྟན་འདི་ང་ཕོད་ལ་སྦྱར་ཐུབ་ཀྱི་མི་འདུག

    Reply
  19. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཚུལ་ཁྲིམས་འོད་ཟེར་ལགས། ལུང་བསྟན་ཡིན་ནམ་དེ་བཤད་བསྡད་ནས་ཅི་བྱེད། བླ་རྒན་ཚོར་ལུང་ཟེར་བ་བསྟན་རྒྱུ་ཡོད་ན་ད་འདི་ལས་དྲག་ཅིག་མི་སྟོན་པ་ཅི་ཡིན་ནམ།

    Reply
  20. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ཆེས་ཤིན་ཏུ་བཀུར་བར་འོས་པའི་དྲ་གྲོགས་ལྷན་རྒྱས་ལགས། ཁྱེད་ཅག་དྲ་གྲོགས་ཚོས་ས་དབང་ཆེན་མོ་ང་ཕོད་ཀྱི་དགེ་སྐྱོན་གང་མང་ཞིག་བགྲོ་གླེང་གནང་བར་ཕྲན་གྱིས་ཡག་པོ་རེད། དྲན་བཞིན་ཡོད།
    སོ་སོས་གང་ཞིག་གླེང་མིན་ལ་སྨྲ་བརྗོད་རང་དབང་ཡོད་རེད་ལ། རྣམ་དཔྱོད་ཅན་ཚོར་ལེགས་བཤད་མང་ཞིང། བླུན་རྨོངས་ཕྱོགས་ལྷུང་ཅན་ཚོར་ཉེས་བཤད་མང་བ་ནི་ཆོས་ཉིད་རེད།
    དེ་དག་ནི་རང་རང་ལ་རྣམ་དཔྱོད་ཡོད་མེད་ཀྱི་ཆ་ནས་ཡིན་ཕྱིར་བསམ་ཚུལ་གཅིག་མཚུངས་ཡོང་དགོས་དོན་མེད་ལ་དེ་ལྟར་ཡོང་མི་སྲིད། འོན་ཀྱང་དེ་ལྟར་གླེང་བའི་དགོས་པ་གཙོ་བོ་རང་རེའི་རྒྱལ་ཁབ་དང། མི་རིགས་ཀྱི་རྩ་དོན་ཆེད་ཚང་མས་འདས་སོང་ལ་ཕྱི་མིག་དང། མ་འོངས་པར་རྒྱང་ལྟ་བཅས་ཀྱི་ཆེད་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་བཞིན་ཡོད།
    འོན་ཀྱང་མི་སུ་ཞིག་གིས་ང་ཕོད་ས་དབང་ཆེན་མོར་བསྟོད་སྨད་གང་ཞིག་བྱས་ཀྱང་དེར་དགའ་སྡུག་གང་ཡང་ཕྲན་རང་ངོས་ནས་དགོས་དོན་མེད། ང་དང་ལྟ་ཚུལ་མཐུན་སར་ང་དགའ་དགོས་དོན་དང། ལྟ་ཚུལ་མི་མཐུན་སར་མི་དགའ་དགོས་དོན་མ་མཐོང།
    འོན་ཀྱང་དྲང་བདེན་དང་། དངོས་ཡོད་གནས་ཚུལ་ལ་ཁྱད་གསོད་བྱེད་མཁན་བྱུང་ན་དེ་ནི་ཧ་ཅང་སྐྱོ་བོ་རེད། གསེར་རྟ་ཚུལ་ཁྲིམས་འོད་ཟེར་ང་ལ་ལྟ་བ་དང། ལང་ཕྱོགས་ཞིག་ཡོད་ལ་དེ་ངའི་ལྟ་བ་དང་ལང་ཕྱོགས་རེད། གཞན་གྱིས་ཁྱོད་ཀྱི་ལྟ་བ་དང། ལང་ཕྱོགས་དེ་སྡུག་ཆགས་རེད། ཅེས་ང་ལ་འཕྱ་སྨོད་བྱས། ཁྱོད་མི་ཨུ་ཚུགས་ཚ་བོ་རེད། ཅེས་ང་ལ་སྡིགས་ར་བསྐུལ་ཀྱང་དེ་ལ་ངས་ནམ་ཡང་མགོ་སྒུར་དགོས་དོན་མེད་ལ་ང་ངོ་ཚ་དགོས་དོན་གང་ཡང་མེད། ང་གཉའ་ཆག་དགོས་དོན་དེ་ལས་ཀྱང་མེད།
    དངོས་གནས་བྱས་ན་ང་ལ་ཨུ་ཚུགས་ཚ་བོ་ཡོད། ངས་ལས་ཀ་གང་ཞིག་བསྒྲུབས་ཀྱང་ཨུ་ཚུགས་མཐའ་སྐྱེལ་བྱས་ཡོད་ལ་ད་དུང་བྱེད་ངེས་ཡིན།

    ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་རྣམ་གཉིས་ཀྱིས་བོད་ཀྱི་སྐད་ཡིག་ཡར་རྒྱས་ཆེད་ཕྱག་ལས་གནང་རབས་དང། ཚོགས་པ་བཙུགས་རབས་སོགས་སྔ་སེ་ནས་ངས་ཀྱང་ཤེས་ཀྱི་ཡོད། དྲ་གྲོགས་རེ་ཟུང་གིས་དེ་ང་ཕོད་ཀྱི་བྱས་རྗེས་རེད་ཟེར།
    ངས་དེ་ང་ཕོད་ཀྱི་བྱས་རྗེས་མ་རེད། ཞུས་མེད། འོན་ཀྱང་དང་པོ་པཎ་ཆེན་རིན་པོ་ཆེས་ང་ཕོད་ལ་ངེད་གཉིས་ཀྱིས་དེ་འདྲ་ཞིག་བྱེད་དགོས་ཡོད་ཅེས་གསུངས་རབས་སོགས་ངས་གོ་མྱོང། དེ་རེད་དང་ང་ཕོད་ས་དབང་ཆེན་མོས་དེ་ལྟར་དགོས་ཀྱི་འདུག་ཅེས་ཀུན་གཟིགས་རིན་པོ་ཆེར་ཞུས་པ་རེད། དངོས་གནས་བྱས་ན་དེ་ཙམ་ལ་ཡང་ཁྱད་པར་ཆེན་པོ་ཡོད་པ་སྨྲོས་ཅི་དགོས། གལ་སྲིད་༧པཎ་ཆེན་རིན་པོ་ཆེས་དེ་ལྟར་དགོས་ཀྱི་འདུག་ཅེས་བཀའ་ཕེབས་ན་ལགས་སོ། ཞུ་རྒྱུ་ལས་དེ་མི་དགོས་སོ། ཞེས་ས་དབང་ཆེན་མོས་ཞུ་ཐུབ་མདོག་ཁ་པོ་མ་རེད་སྙམ། དེ་བཞིན་ལས་དོན་དེ་ཚོའི་རིགས་ལོ་རྒྱུས་ཀྱི་མི་སྣ་གལ་ཆེན་ཞིག་གི་ངོས་ནས་ལས་དོན་ཆུང་ཚགས་ཞིག་ལ་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་བཞིན་དེ་རིང་བོད་གཞུང་བཀའ་ཤག་གིས་ས་དབང་ང་ཕོད་པའི་བྱས་རྗེས་བགྲང་བསྡད་པ་དེ་རིགས་ང་ཚོ་ཚང་མས་དེ་སྔོན་ནས་ཤེས་བཞིན་པའི་ཡོངས་གྲགས་ཀྱི་གནས་ཚུལ་ཞིག་རེད།

    འོན་ཀྱང་ང་ཕོད་འདས་གྲོངས་སོང་བར་བཀའ་ཤག་གིས་ལོ་གཅིག་ཆ་ཚང་ལ་མྱ་ངན་ཞུས་ཀྱང་དེར་མཁས་དབང་ཟམ་གདོང་རིན་པོ་ཆེར་དགོས་དབང་ཆེན་པོ་ཞིག་ཡོད་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    གང་ལྟར་ས་དབང་ང་ཕོད་ཀྱིས་མགོ་ཚེས་གཅིག་ནས་མཇུག་གནམ་གང་བར་དུ་འཆུག་ས་གཙོ་བོ་དེ་ཕྱི་ལོ་༡༩༥༠ལོར་མདོ་སྤྱི་གནང་སྐབས་ནས་མ་བྱུང་བ་ཡིན་པར་ཕྲན་གྱིས་ངོས་འཛིན་ཞུ་རྒྱུ་ཡིན།
    དེ་ཡང་སྐུ་སྒེར་ཡིག་ཚང་གི་བཀའ་འབྲེལ་བཞིན་བོད་གཞུང་ཤེས་རིག་པར་ཁང་གིས་ཕྱི་ལོ་༢༠༠༤ལོར་དཔར་བའི་༧གོང་ས་མཆོག་གི་མཛད་རྣམ་ཤོག་གྲངས་༡༠༥བའི་སྒང་ནས་མར་བརྩིས་པའི་ཐིག་འཕྲེང་༩པར།

    ༡༩༥༠ལོར་ཞབས་པད་ལྷ་ཀླུ་བ་བོད་ཤར་ཕྱོགས་སྤྱི་ཁྱབ་པའི་ལོ་དུས་རྫོགས་ཤིང་། གནས་ཚུལ་ཛ་དྲག་ཅན་དེ་འདྲའི་སྐབས་ལྷ་ཀླུའི་ཚབ་ཏུ་ཞབས་པད་ང་ཕོད་ངག་དབང་འཇིགས་མེད་བཏང་སྟེ་ང་ཕོད་ལྷ་ས་ནས་བོད་ཤར་ཕྱོགས་སུ་ཐོན་པ་དང། བཀའ་ཤག་ནས་གནས་ཚུལ་ཛ་དྲག་ཅན་ལ་བརྟེན་ལྷ་ཀླུ་ཡང་ང་ཕོད་དང་ཁུར་མཉམ་ལེན་གྱིས་སྡོད་དགོས་གནས་ཚུལ་བཏང་ཞིང། རིང་པོར་མ་སོང་བར་ང་ཕོད་ནས་འགན་འཁུར་ཚང་མ་ཐུབ་ཚུལ་བརྗོད་པར་བརྟེན་ལྷ་ཀླུ་ཕྱིར་ལོག་བྱས། དེ་རྗེས་ང་ཚོར་བརྡ་སྤྲོད་གང་ཡང་མ་བྱས་པར་གློ་བུར་ཞིག་ལ་རྒྱ་དམར་གྱི་དཔུང་དམག་བོད་དུ་བཙན་འཛུལ་བྱས་པ་རེད། ཅེས་གསུངས་འདུག་པས་དོན་གྱི་བདག་པོས་བསྡོམས་ཆ་ཚང་བརྒྱབ་མི་འདུག་གམ་ཤེས་ལྡན་དྲ་གྲོགས་ཚོས་གཟིགས་དང།
    སྐབས་དེར་ལྷ་ཀླུས་ང་ཕོད་མཉམ་ལས་ཀ་བྱེད་མི་ཐུབ་དོན་གང་ཡིན་ནམ།
    རྒྱུ་མཚན་དང། གནས་ཚུལ་འདི་འདྲའི་རིགས་མང་དག་ཅིག་ལ་བརྟེན།

    གོང་དུ་དྲངས་པའི་ཀརྨ་པ་དེ་བཞིན་གཤེགས་པས།
    བདུད་སྤྲུལ་བློན་པོ་ཀོང་ནས་འབྱུང། །
    དབུས་དཀྲུགས་དབུས་ཀྱི་ཆབ་སྲིད་འཇིག།
    ཅེས་ལུང་བསྟན་གནང་བ་དེ་ས་དབང་བློན་ཆེན་ང་ཕོད་པ་རང་ཡིན་པ་རེད། ཅེས་དབུས་པ་རང་གི་མི་ཚད་ལྡན་གང་མང་གིས་ཕྲན་ལ་གསུངས་བྱུང་བས་ཕྲན་གྱིས་བདེན་ཤས་ཆེ་སྙམ་བཞིན་ཡོད་ཅིང། གཞན་ཡང་ཁོང་ཚོར་དེ་ལྟར་ཡིན་པར་སྒྲུབ་པའི་རྒྱུ་མཚན་གང་མང་གསུང་རྒྱུ་འདུག འོན་ཀྱང་ཕྲན་རང་ངོས་ནས་ང་ཕོད་ས་དབང་ཆེན་མོ་ལྷ་ཡིན་ན་དད་པ་མི་བྱེད་ལ། བདུད་ཡིན་ཡང་ཞེད་སྣང་མི་བྱེད་ཐག་ཆོད་ཡིན།
    ཁྱད་པར་གང་ཡང་མེད།

    Reply
  21. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    མི་ཤི་ཚར་དུས་གཞི་ནས་རྗེས་དྲན་བྱེད་ཡག་དེ་ང་ཚོས་ལུགས་སྲོལ་ཞིག་རེད་ཡ།

    Reply
  22. འོས་ལངས། says:
    ལོ་ 15 སྔོན།

    ཤི་ཚད་ལ་མྱ་ངན་དང་སྨོན་གསོལ་བྱེད་རྒྱུ་ནི་བོད་གཞུང་གི་གཤིས་ཀ་འདྲ་ཞིག་ཡིན་ས་རེད། ང་ཕོད་ཡོད་དུས་སྐབས་ལ་ཅིག་ནས་འགྲིག་མི་འདུག་ཅེས་བོད་གཞུང་གིས་བཤད་ཡོད་ལ། རྒྱ་གཞུང་ལྟར་ང་ཕོད་ཤི་དུས་མྱ་ངན་གུས་འདུད་ཡོད་ཚུལ་ཡང་བོད་གཞུང་གིས་བཤད་ཡོད། དེ་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་ལ་ངོས་ལེན་མེད་ཅེས་བོད་གཞུང་གིས་བཤད་མྱོང་ཡོད་ཅིང་། ཡང་དེ་ལ་ངོས་ལེན་ཡོད་པའི་བཟོ་འདྲ་བོད་གཞུང་གིས་ད་སྐབས་སྟོན་གྱིན་ཡོད། གང་ལྟར་ང་ཕོད་ཀྱི་མི་ཚེ་ལས་ཀྱང་གཏམ་རིང་པོ་ཆགས་ངེས་རེད།

    Reply
  23. ཚེ་རིང་སྐྱིད། says:
    ལོ་ 15 སྔོན།

    མང་པོ་ཞིག་གིས་ང་ཕོད་ཀྱིས་བོད་བཙོང་སོང་བ་ལྟ་བུ་བརྗོད་ཀྱིན་འདུག་མོད། སྐབས་དེར་ང་ཕོད་ཀྱི་ཚབ་ཏུ་ལྕགས་ཀྱི་གོ་ཁྲབ་གྱོན་ཡོད་པའི་མི་ཞིག་ཡིན་ཡང་བོད་མི་རིགས་ཀྱི་གནས་སྟངས་གཅིག་པ་ཡིན་པར་འདོད།
    ཁོ་ཚོས་ང་ཕོད་ལགས་ལ་རྒྱལ་ཞེན་རིང་ལུགས་པ་ཟེར་ནས་གསར་འགྱུར་གཡོན་ཐལ་ཆེ་བ་བྲིས་པ་བཞིན་ང་ཚོས་ཀྱང་གསར་འགྱུར་དེ་འདྲ་འབྲི་དོན་མེད་ཀྱང་། དོན་དངོས་སུ་ལོ་རྒྱུས་ཀྱི་མགོ་ཁུངས་མཚོལ་སའི་ཁོང་བཤེགས་སོང་བ་རེད་ལ། ཆབ་མདོ་ནས་ཞལ་རས་ལ་བརྗོད་མི་ཤེས་པའི་རྣམ་འགྱུར་ཞིག་གིས་གྲོས་མཐུན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་ནས། ང་ཕོད་ཀྱིས་ཀྱང་སེམས་པ་བདེ་ལ་བབས་ཤིང་སེམས་ཁོང་སྤྲོ་བས་གཟིར་བའི་ཉིན་ཞིག་ཡོད་མྱོང་ཡོད་མེད་སུས་ཀྱང་བཤད་ཚོད་མི་ཐེབས།
    དངོས་བྱུང་གློག་བརྙན་བོད་ནང་ལོ་བདུན་གྱི་ནང་གི་ང་ཕོད་ཀྱི་མི་སྣ་དེར་ལྟོས་ཚེ་སྐབས་དེ་དུས་ཀྱི་ལོ་ན་ཆུང་བའི་ང་ཕོད་ཀྱིས་ཀྱང་ང་ཚོའི་སུ་ཡིས་ཀྱང་གདོང་ལེན་བྱས་མ་མྱོང་བའི་འཇིག་སྐྲག་དང་སེམས་ཁྲལ། སྡུག་ར་དང་དམོད་མོ་མང་པོ་མྱངས་ཡོད་སྣང་འདུག་ལ། སྐབས་དེར་ང་ཕོད་ཀྱི་ཚབ་ཏུ་སུ་ཡོད་ཀྱང་བོད་མི་རིགས་ཀྱི་ཆག་འཇིག་ལ་སུ་ཡིས་ཀྱང་འགྱུར་བ་གཏོང་ག་ལ་ཐུབ།
    ང་ཚོས་ང་ཕོད་དགུང་ལོ་མཐོ་བོར་སླེབས་པ་ཚོར་ཡོད་ལ། ང་ཕོད་ཀྱི་མི་ཚེ་རྫོགས་བཞིན་པ་ཡང་ཤེས་བཞིན་དུ་དེ་རིང་གློ་བུར་ཏུ་སོང་བར་ཧབ་ལེན་བྱེད་ས་ནི་ཁོང་གིས་འབྲི་དོན་གཅིག་ཀྱང་མ་བཞག་པར་བུད་སོང་བའི་སྐྱོ་གར་འདི་རེད།
    གཅིག་བྱེད་ན་ལ་སྐོར་ལུང་སྐོར་དང་གཡས་སྐོར་གཡོན་སྐོར་བརྒྱབ་ནས་ལོ་ན་བགྲེས་པའི་རྒན་པོ་ཁོང་ཇི་ལྟར་བཞུད་སོང་བ་ཡང་རབ་རབ་ཅིག་གམ་ཚོད་དཔག་ཅིག་མིག་ལམ་ལ་ཤར་ནས་ཡོང།

    Reply
  24. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    སྤུན་ཟླ་ཚང་མས་ཐུགས་ལ་ངེས་དགོས་པ་ཞིག་ལ། པན་ཆེན་སྐུ་གོང་མ་ཚང་ལ་ཡང་ཚོང་བ་རྒྱགས་པ་ཞེས་མིང་བཏགས་པ་དྲན་པ་བྱོས་དེ། རེ་ཞིག་རིང་འདས་པོ་ང་ཕོད་མཆོག་ལ་མྱ་ངན་གུས་མདུད་ཞུ་འདོད་མེད་ཀྱང་། ཁ་ལ་སྙིང་རྗེ་ཐོག་པའི་བོད་མི་ཞིག་གི་སྐྱེ་ཡོད་དུས། བསམ་ཤེས་རེ་གནང་དེ་མ་ཎི་རྐང་རེ་བཏོན་ན་རེ་ཞིག་རིང་སྒུག་རོགས་ཞུ། ངས་འདི་ནས་འགྲོ་བ་མི་སྤྱིར་སྟངས་པ་ཞིག་གི་ཚབ་བྱས་དེ་ཁོང་གི་ནང་མི་ཉེ་འབྲེལ་ཡོངས་ལ་ང་ཕོད་ཁོང་སྐུ་འདས་པ་དེར་སེམས་གསོ་དང་མྱ་ངན་བྱེད་ཀྱི་ཡོད། ས་སྒང་གཅིག་གི་སྒང་ནས་མི་རིགས་གཅིག་ལ་སྐྱེ་བའི་མི་རྒན་ཁོང་དེ་རིང་འུ་ཅག་གྱེས་ནས་ཉི་མ་གཉིས་པ་དེ་རེད། ཞེ་དགུ་ཟེར་ནས་བོད་ལ་བརྩི་སྲོལ་ཞིག་ཡོད་པ་རེད། གནའ་རབས་བོད་མི་དག་གི་གུས་སྲོལ་ཡིན་ན་རང་གི་དགྲ་ཤི་བ་ཡིན་ན། ཞེ་དགུ་ཚང་རེག་བར་དུ་མིང་འདོག་དང་གཏམ་ངན་ཚིག་ངན་བཤད་སྲོལ་མེད་པ་ཡིན་དུས་སྤུན་ཟླ་དག་གིས་དེ་ལྟར་ཐུགས་ལ་འཇག་པར་འཚལ་ཞེས་སླར་ཡང་ཐེངས་ཤིག་ཞུས་པ་ཡིན་ལགས།

    Reply
  25. བཀྲ་ཤིས་རྒྱ་མཚོ says:
    ལོ་ 15 སྔོན།

    བོད་མི་རིགས་འདི་ལ་ང་རྒྱལ་གྱི་ཕྱོགས་ལྷུང་དུས་ཡང་འཇགས་ཐབས་མེད་པ་ཞིག་ཡིན་ཚོད་འདུག་པས་ན། གོང་གི་མཆན་འབྲི་མཁན་དག་གི་བསམ་བློའི་འཁྱེར་ཕྱོགས་བལྟས་ན་ཚང་མ་སེམས་མི་དྭངས་ཤ་རྟགས་མིན་ནམ་སྙམ་པའི་ཐེ་ཚོམ་ཞིག་ངང་གིས་སྐྱེས།
    ང་ཕོད་ནི་སྤྱི་ཚོགས་གསར་རྙིང་གཉིས་ལ་བྱང་ཆ་ཡོད་བོད་མི་རྒན་ཤས་ཤིག་ཡིན་ལ་མདུན་རྒྱབ་མིག་གིས་མི་མཐོང་བའི་གླེན་པ་ལུག་འདྲ་བ་ཞིག་མིན་ཚོད་རེད། དེར་བརྟེན་ང་ཚོ་རང་དབང་གི་རྒྱལ་ཁབ་ཞིག་ལ་སླེབས་མ་ཐག་སྐྱོན་ཡོན་དང་བདེན་རྫུན་གྱི་དབྱེ་བ་མ་ཕྱེ་བར་ཆུ་སྣ་གར་ཁྲིད་གྱི་དཔེ་རུ་མི་འགྲོ་བར་རེ་སྐུལ་ཞུ།
    དྲ་ཐོག་ལ་ཡི་གེ་ཁ་ཤས་ཤིག་འབྲི་རྒྱུ་དེ་ལས་སླ་བོ་ཡིན་ན་ཡང་འདི་ནི་འཛམ་གླིང་གང་སར་གནས་བའི་བོད་རིགས་ཕལ་ཆེ་བའི་ཀློག་གིས་ཡོད་པས་རང་ཉིད་ཀྱི་རང་གཤིས་ངན་པ་དང་རང་འཚང་ངན་པ་དེ་རྒྱ་ཆེ་ཀློག་པ་པོ་དག་གི་སྤྱན་ལམ་དུ་མི་སྟོན་རྒྱུར་ཡང་བསྐྱར་ནན་གྱི་རེ་སྐུལ་ཞུ་བ་ཡིན།
    སྤྱིར་དམ་པ་ཁོང་འདས་ཚར་རྗེས་ལ་ང་ཚོས་ཉོག་གཏམ་གང་བཤད་ཀྱང་ཕན་པ་ནི་སྤུ་ཙམ་ཡང་མེད་ཤས་ཆེ། དེ་ལྟར་ཡིན། ཁ་བྲོ།

    Reply
  26. རྨེ་རུ། says:
    ལོ་ 15 སྔོན།

    བཀའ་ཟུར་ངག་ཕོད་ངག་དབང་འཇིགས་མེད་མཆོག་སྐུ་གྲོངས་པར་མྱ་ངན་དང་བསྔོ་སྨོན་ཞུ།
    ང་ཚོས་ཉེས་པར་དུ་ལོ་རྒྱུས་ཀྱི་མི་སྣ་ངག་ཕོད་ངག་དབང་འཇིགས་མེད་མཆོག་གི་ལོ་རྒྱུས་ལ་དཀར་ནག་གི་དབྱེ་འབྱེད་གསལ་པོ་ཞིག་ཉེས་པར་དུ་གནང་དགོས།
    ཁངོ་གི་ལོ་རྒྱུས་ལ་བརྟག་དཔྱད་མེད་པར་ནག་བསུབས་བཏང་རྐྱང་བྱས་ན་བོད་ཀྱི་གཏམ་དཔེར་ཡོད་པ་བཞིན་དུ་དྲན་ཆེན་གྱི་ལག་པ་རྡོས་བརྡུང་ཞེས་པའི་དཔེ་ལྟར་འགྲོ་ངེས།
    བོད་གཞུང་ངོས་ནས་ཀྱང་ཁོང་གི་ལོ་རྒྱུས་སྐོར་ལ་ཞིབ་ཕྲ་གསལ་བཤད་ཤིག་གནང་ངེས་རེད་སྙམ།

    སྤོབས་པ་མཐའ་ཡས་ལགས་བོད་གཞུང་ངོས་ནས་ངག་ཕོད་མཆོག་སྐུ་འཚོ་བཞུགས་སྐབས་ལ་འཚམས་འདྲི་སོགས་ཞུ་མི་བདེ་བ་ཞིག་ཡིན་སྲིད་གང་ཡིན་ཟེར་ན་ཁོང་རྒྱ་གཞུང་གི་ལག་འོག་ཡོད།
    འདི་ནི་ཆབ་སྲིད་ཀྱི་གནས་བབ་ལ་དགོངས་པ་ཉེས་པར་དུ་བཞེས་དགོས་སྙམ།

    Reply
  27. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བོད་གཞུང་འདི་མི་ཤི་ཚར་དུས་ཤིག་ལ་མྱ་ངན་རྗེས་དྲན་ཡིན་ནམ་ཞིག་ཞུ་བ་ཡིན་ཟེར་རྒྱུར་དགའ་པོ་འདུག ང་ཕོད་དེ་འདྲ་རྩ་བ་ཆེན་པོ་ཞིག་ཡིན་པ་ཤེས་ཡོད་ན་མ་ཤི་གོང་ནས་བཤད་ན་ཅི་མ་འགྲིགས་པ་ཡིན་ནམཉ

    Reply
  28. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    ང་ཕོད་ངག་དབང་འཇིགས་མེད་ཀྱིས་སྐུ་ཚེ་གཅིག་རིང་ཡོངས་གྲགས་་བོད་ལ་བྱས་རྗེས་གང་བཞག་པ་ནི། དེ་རིང་བཀའ་ཤག་གིས་ཕྱོགས་བསྡོམས་གནང་བ་འདི་ཙམ་ཨེ་ཡིན་སྙམ། འདི་ཙམ་ཡིན་ན་ནི་་་་་་་ ་་་་་

    Reply
  29. གནམ་ལྕགས། says:
    ལོ་ 15 སྔོན།

    ཡ་ཡ་ད་འགྲོ་རྒྱུ་ཡིན།ད་མ་སོང་ན་ནང་ན་སྐྱེ་དམན་དང་ཕྲུ་གུ་གཉིས་ཀྱིས་ཐུག་པ་བསྐོལ་ནས་སྒུག་བསྡད་ཡོད།

    Reply
  30. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ། བུ་ཆུང་ཚེ་རིང་ལགས་ཀྱིས་གསུངས་བར། ང་ཕོད་ངག་དབང་འཇིགས་མེད་མཆོག་གིས་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཤིག་བྲིས་འདུག་ཀྱང་། དེ་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱས་འདུག་ཟེར། གང་ལྟར་ཁོང་གི་མི་ཚེ་ལོ་རྒྱུས་ཀྱི་དེབ་དེ་གང་མགྱོགས་རག་ན་ཅི་མ་རུང་།

    Reply
  31. ཚེ་རིང་། says:
    ལོ་ 15 སྔོན།

    རང་ཉིད་བོད་དུ་ཁས་མཆེ་མཁན་ཅིག་ཡིན་ཕྱིན། བོད་མི་རིགས་ཀྱི་རུས་ལ་ཕོག་ན་མི་སྒེར་རང་གི་སྙིང་ལ་ཟུག་འབྱིན་སྲིད་པ་ནི་དགོས་ངེས་ཤིག་རེད། ཡིན་ཡང་། ཧང་སང་སང་གིས་བསྟོད་ཀྱང་བསྔགས་དགོས་པའི་རྒྱུ་རུ་མ་གྱུར་རོ། ཟུར་ངོས་གཞན་ཞིག་ནས་བལྟ་དུས། ང་ཕོད་ནི་བོད་མི་ས་ཡ་དྲུག་གི་ཁྲོད་ཀྱི་མའོ་ཙེ་ཏུང་གཅིག་པུ་དེ་ཆགས་ཡོད། རྒྱ་ནག་དམར་པོའི་ལོ་རྒྱུས་ཀྱི་ངོས་ཐད་ནས་བལྟ་དུས་ཀྱང་། གཡས་གཡོན་གྱི་དགག་བརྒྱག་ཀྱི་མནར་གཅོད་ཕོག་མ་མཁན་དང་། རྙིང་བ་བཞིའི་ཉེས་ཆད་ཕོག་མ་མྱོང་མཁན་གཅིག་པུ་དེ་ཆགས་ཡོད། བོད་རང་གི་སྤྱི་ཚོགས་ཀྱི་ཟུར་ངོས་ནས་བཤད་ནའང་། སྤྱི་ཚོགས་སོར་རྙིང་གཉིས་ལ་གོ་ཐོབ་དང་སྙན་གྲགས་བོར་མ་མྱོངས་མཁན་གཅིག་པུ་དེ་ཨང་རེད། རྨོངས་འཐོམ་འུད་སྒྲོགས་ཀྱི་འུ་ཚོའི་ངན་གཤིས་ལྟར་འུད་ཆེན་པོ་ཞིག་བསྒྲགས་ན། ཁོ་ནི་བོད་མི་ས་ཡ་དྲུག་གི་ཁྲོད་ནས་དུས་ལ་གཡོ་སྐྱོམས་བྱུང་ཡང་མི་ལ་དཀའ་སྡུག་མ་བྱུང་མཁན་མི་ལས་དང་བསོད་ནམས་ཆེ་ཤོས་ཅན་དེའོ་ཞེས་སྨྲ་བར་མི་འགྱུར་གྲངས།
    ནགས་མོ་ནོར་ལྟར་ཧོབ་ཕྱོགས་བརྒྱག་པ་འདིའང་རྗེས་ལུས་ཀྱི་ཟུར་ངོས་ཤིག་མ་ཡིན་ནམ།

    Reply
  32. གནམ་ལྕགས། says:
    ལོ་ 15 སྔོན།

    ངའི་ཚོད་དཔག་ནོར་མེད་ན་རྗེས་མ་ཞིག་ལ་འདས་པོ་ཁོང་ལ་ཁ་གཏོང་མཁན་གྱི་མི་དག་གིས་རང་སྐྱོན་ངོས་ཟིན་པ་ཞིག་ཡོང་ངེས།

    Reply
  33. བདེ་བ་ཅན། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་དང༌། ལྷག་པར་དུ་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ཟེར་བའི་ལག་རིང་རྐྱོང་མཁན་གྱི་དྲ་གྲོགས་ཚོ་གཟིགས་དང། དོན་གྱི་བདག་པོ་བཙན་བྱོལ་བོད་གཞུང་གི་ངོས་ནས་ས་དབང་དམ་པ་དེའི་ཕྱག་རྗེས་ཀྱི་ཟུར་ཆ་ཞིག་མྱ་ངན་གྱི་ཚུལ་དུ་བཏོན་མི་འདུག་གམ། ང་ཚོ་ལན་མང་པོ་འབྲི་དགོས་པ་འདུག་གམ། ད་དུང་སྒུག་དང་། མི་འགྱངས་པར་གཙུག་ལག་ཁང་དུ་བརྟན་བཞུགས་ཕུལ་རྒྱུ་ཡིན་འདུག་པས་སྐབས་དེ་དུས་བོད་གཞིས་བྱེས་ཡོངས་ཀྱི་དོན་གྱི་བདག་པོའི་ཞལ་ནས་ཁོང་བདུད་དུ་ངོས་འཛིན་གནང་གི་འདུག་གམ། ཡང་ན་ཁོང་གང་འདྲ་ཞིག་ཏུ་ངོས་འཛིན་གནང་གི་ཡོད་མེད་གསལ་པོ་ཤེས་ཀྱི་རེད། ད་ང་ཚོ་མང་པོ་འབྲི་དགོས་དོན་མི་འདུག གང་ལྟར་བདེན་པ་ནི་ག་དུས་ཡིན་ཡང་ཁ་གསལ་དུ་འགྲོ་རྒྱུ་དང༌། རྫུན་དང་བསྲེ་ལྷད་ཡོད་པའི་འཕྱ་སྨོད་དེ་ཚོ་རང་བཞིན་དུ་འཇམ་ཐིང་ངེར་ཡལ་འགྲོ་རྒྱུ་རེད། ཚུལ་ཁྲིམས་འོད་ཟེར་གཙོས་པའི་གོ་མ་ཚོད་ཀྱི་དྲ་གྲོགས་རྣམས་ལ་ལན་འདེབས་དེ་གའི་སྟེང་ནས་མཐོང་བ་གནང་རོགས་ཞུ།

    Reply
  34. ཨ་འཕྲིན། says:
    ལོ་ 15 སྔོན།

    གོང་གི་པར་དེ་ང་ཕོད་ལགས་ཀྱིས་གཙོ་འཛིན་མོའོ་ལགས་ལ་ལུས་འབུལ་སྲོག་འབུལ་ཞུ་བཞིན་པའི་སྐབས་ཀྱི་འདྲ་པར་ཞིག་རེད་པས།

    གཅིག་བྱས་ན་ལོ་རྒྱུས་ཀྱི་དངོས་དཔང་ལ་མེད་དུ་མི་རུང་བའི་མི་ཆེན་ང་ཕོད་ཀྱིས་འཁྱོག་རྫུན་སྤངས་པའི་དངོས་ཡོད་ལོ་རྒྱུས་ཤིག་ཤུལ་དུ་བཞག་ཡོད་སྲིད། ཁ་གཏོང་ཡ་སྔ་མ་དྲག དག་སྣང་སྒོམ་པ་ཡང་རེ་ཞིག་བཞག་ནས། མ་ཎི་རེ་འདོན་འེ་ཐུབ་ལྟོས།

    Reply
  35. ནད་པ says:
    ལོ་ 15 སྔོན།

    ང་ཕོད་ངག་དབང་འཇིགས་མེད་མཆོག་ནི་བོད་སྡེ་པ་གཞུང་ཆོས་སྲིད་གཉིས་ལྡན་གྱི་དུས་སྐབས་སུ་སྐུ་ན་ཕྲ་བའི་གཞུང་གི་སྲི་ཞུར་གཏོགས་པའི་ནང་བློན་དང་། གྲོས་མཐུན་དོན་ཚན་བཅུ་བདུན་ཐོག་མིང་རྟགས་བཀོད་མཁན་གྱི་གནད་ཡོད་མི་སྣ་ཞིག ད་དུང་རྒྱ་དམག་ཆབ་མདོར་འབྱོར་དུས་མདོ་སྤྱིའི་སྤྱི་ཁྱབ་ཆེན་པོར་ཆེད་དུ་བསྐོ་བཞག་གནང་བའི་བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་ཁྲོད་དུ་གལ་གནད་ཅན་གྱི་མི་སྣ་ཞིག་ཆགས་ཡོད།

    ལྡོག་ཏུ་མེད་པའི་དུས་རབས་ཀྱི་ཆོས་ཉིད་ཡོ་ལངས་དྲག་ཆར་རླུང་རྩུབ་ཅན་གྱི་ཁྲོད་དུ་ཁོང་གིས་ཆབ་སྲིད་ཐད་ལ་གལ་ཆེའི་འཐབ་ཇུས་ཀྱི་རང་བཞིན་བེད་སྤྱད་དེ་གུང་ཁྲན་ཏང་གི་ནང་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་དང་། ཆབ་སྲིད་གྲོས་ཚོགས། བོད་ལྗོངས་རིག་གནས་སྲུང་སྐྱོབ་ཀྱི་ཚོགས་གཙོ་སོགས་ཀྱི་ཐུགས་འགན་བཞེས་ཏེ་དུས་ཀྱི་སྔ་ཕྱིར་ཁོང་གི་ཆབ་སྲིད་ཁྲོད་དུ་གལ་ཆེའི་རྣམ་དཔྱོད་དང་། ཆབ་སྲིད། འཐབ་བྱུས་སྣ་ཚོགས་ཤིག་བེད་སྤྱད་དེ་ཁོང་གིས་སྐུ་ཚེ་ཧྲིལ་པོར་རྒྱལ་ཁ་བསླངས་ཡོད།

    དུས་ཀྱི་སྔ་ཕྱིར་ཁོང་གིས་བོད་ལྗོངས་ཀྱི་ས་གནས་སུ་་ཆོས་དང་། སྲིད་དང་། དཔལ་འབྱོར། རིག་གཞུང་སོགས་གང་སྤྱིའི་ཐད་ལ་འཐབ་བྱུས་དང་བྱེད་ནུས་གལ་ཆེ་ཞིག་བཏོན་ཡོད་སྟབས་ཁོང་གི་སྐུ་ཚེ་ཧྲིལ་པོར་བལྟས་ནས་ཞིབ་འཇུག་ཞིག་བྱས་ན་དོན་དངོས་ཐོག་ཁོང་ནི་བོད་མི་རིགས་ཀྱི་ལས་དབང་ཁྲོད་དུ་བྱས་རྗེས་ཅན་ཞིག་དང་། རླབས་ཆེན་གྱི་བོད་རིགས་ཆབ་སྲིད་མཁས་ཅན་ཞིག་ཡིན།

    དྲ་ཚིགས་སྟེང་དུ་དྲ་གྲོགས་མང་པོ་ཞིག་གིས་དོན་དངོས་ཀྱི་གནད་ལུགས་ལ་རྒྱུས་མངའ་དང་། ཞིབ་དཔྱོད་ཉུང་བའི་རྐྱེན་བྱས་ཏེ་བོད་རིགས་ཀྱི་རླབས་ཆེན་ཆབ་སྲིད་མཁན་གྱི་མི་སྣ་ཆེན་པོ་ཁོང་ཉིད་སྐུ་གཤེགས་ཀྱི་དུས་སུ་མྱ་ངན་གྱི་སྨྲེ་ངག་འདོན་པའི་ཚབ་ཏུ་ཡིད་མ་རངས་བའི་གསུང་ངག་མང་དག་ཅིག་གི་ཆན་བཀོད་གནང་བ་འདིར་ཞིབ་ཏུ་བསམས་ན་ད་དུང་བསམ་བློའི་རང་བཞིན་གནད་དུ་སྨིན་མ་ཐུབ་པ་ཞིག་ཏུ་འགྱུར་ཡོད།

    Reply
  36. གནམ་ལྕགས། says:
    ལོ་ 15 སྔོན།

    བཀའ་ཟུར་འདས་པོ་ཁོང་ནི་དངོས་གནས་དགྱ་བོད་གཉིས་ཆ་ཤེས་མཁན་གྱི་ལོ་རྒྱུས་ཀྱི་གླེགས་བམ་གསོན་པོ་ཞིག་ཡིན་པ་ནི་སུས་ཀྱང་ཁས་མི་ལེན་ཐབས་མེད་ཡིན།
    དེའི་ཕྱིར་དེ་ལ་བསམ་ནས་ཡིན་ཡང་རྗེས་དྲན་ཞིག་ལོས་ཞུ།

    Reply
  37. གནམ་ལྕགས། says:
    ལོ་ 15 སྔོན།

    གོང་གི་མི་ཆུང་ཆུང་འདི་ཁ་བདེ་བོ་ཞིག་འདུག

    ངས་ཁོང་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་བྱེད་རྒྱུ་ཡིན།

    ཚང་མར་འདི་འདྲའི་གོ་རྟོག་ཅིག་ཡོད་ན་དགའ་བ་ལ།

    Reply
  38. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 15 སྔོན།

    ལོ་རྒྱུས་ཀྱི་དཔང་མི་ཞིག་ཁུ་སིམ་པོར་འཆི་བའི་ལམ་ལ་ཆས།
    ཤུལ་དུ་ལུས་རྒྱུ་ཅི་ཞིག་ཡོད་དམ།
    ཡང་ན་ཅི་ཞིག་ལུས་དགོས་སམ།

    སྤྱན་རས་གཟིགས་མཁྱེན།
    དམྱལ་བར་མ་གཏོང་།

    Reply
  39. གནམ་ལྕགས། says:
    ལོ་ 15 སྔོན།

    འདི་ནི་བཙན་བྱོལ་གཞུང་ངོས་བྱེད་འོས་པ་ཞིག་རེད།འདི་ནི་རང་རེའི་གཞུང་གི་རྒྱལ་ཁ་ཞིག་ཀྱང་ཡིན།ད་དུང་ཁོང་གི་མཛད་རྗེས་ལ་བསྔགས་བརྗོད་དང་བཅས་ཏེ་རྗེས་དྲན་བྱས་པ་འདི་བོད་གཞུང་ལ་རྟོགས་པ་རིགས་ཤིག་སད་ཡོད་པའི་རྟགས་རེད།

    Reply
  40. མི་ཆུང་། says:
    ལོ་ 15 སྔོན།

    ལོས་ཞུ་དགོས། ཁོང་ནི་གང་ལྟར་ལོ་རྒྱུས་རང་བཞིན་ཅན་གྱི་བོད་ཀྱི་ཡུལ་མི་ཞིག་ནས་མཐོ་རིམ་དཔོན་རིགས་བར་ཕེབས་མྱོང་བའི་གལ་ཆེའི་མི་སྣ་ཞིག་རེད། འདི་ནི་འོས་མཐུན་ཞིག་ལོས་ཡིན། འོན་ཀྱང་མཆན་འགོད་པ་མང་པོ་ཞིག་གིས། མིག་ཟུང་སྣ་རྩེ་གཅིག་པུར་གཅེར་ཏེ་ཁ་ནས་གང་འཐོན་གྱིས་སྨྲ་བ་བྱུང་རྒྱལ་དུ་འདོན་གྱི་འདུག དེས་ཅི་ཞིག་སྟོན་གྱི་ཡོད་ཅེས་ན། རང་ཚུགས་བོར་གྱིན་པའི་མི་རིགས་ཤིག་སྒྲུབ་བཞིན་པར་མཚོན་གྱི་ཡོད་ན། ཧོལ་རྒྱུགས་བྱེད་མི་ཉན། རང་ཚུགས་བོར་མི་རིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese