མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོར་ཡུག་དྲ་ཚིགས།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་རྡོ་རྗེ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་དྲ་ཚིགས་གསར་པ་ ( www.khoryug.com ) ཞེས་པ་སྒོ་འབྱེད་གནང་ཡོད་ལ། དྲ་ཚིགས་གསར་པ་དེར་བོད་ཡིག་དང་དབྱིན་ཡིག་གཉིས་ཀ་ཡོད་ཅིང་། བོད་ཡིག་གི་ཡིག་གཟུགས་རྒྱལ་སྤྱིའི་ཚད་ལྡན་ཨང་རྟགས་ཧི་མ་ལ་ཡའི་ཡིག་གཟུགས་ཡིན། ཁོར་ཡུག་དྲ་བའི་སྟེང་དུ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་ལོ་རྒྱུས་རགས་བསྡུས་དང་། བཀའ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ལས་གཞི་ཁག དེ་བཞིན་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་པར་རིས་དང་གློག་བརྙན་བཅས་བཞག་ཡོད།

ཁོར་ཡུག་དྲ་བའི་མདུན་ངོས་སུ་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཕུགས་འདུན། ཕྱོགས་ཀྱི་འགྱུར་བ་གཏོང་རྒྱུ་དེ་ཐོག་མར་ང་ཚོ་རང་ཉིད་ནས་འགོ་འཛུགས་དགོས་པའི་ཡིད་ཆེས་བྱེད། རྒྱུ་མཚན་འདི་དག་གཞིར་བཞག་ནས་ཁོར་ཡུག་གི་དམིགས་ཡུལ་ནི་ཚོགས་མིའི་ཁོངས་ཀྱི་དགོན་སྡེ་དང་། ལྟེ་གནས་གང་དུ་ཡོད་ཀྱང་དེ་དག་གིས་ས་གནས་ཀྱི་སྤྱི་ཚོགས་དང་ཚོགས་པ་ཁག་དང་མཉམ་ལས་སྤེལ་རེས་དང༌། ཁོར་ཡུག་དང་མཐུན་པའི་ཡར་རྒྱས་བཏང་སྟེ་འདི་དང་ཕྱི་མར་འཛམ་གླིང་སྟེང་གི་ཚེ་སྲོག་ཀུན་ལ་ཕན་གྲོགས་བྱེད་རྒྱུ་ཡིན། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 15

  1. ling_jamyang says:
    ལོ་ 16 སྔོན།

    ཁྱོད་བློ་ལ་བབས་ན་འདྲིགས་འདུག

    Reply
  2. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ཁ་བ་ནག་པོའི་ཁ་ནས་ཐོན་པའི་སྐད་ཆ་དེར་བློར་བབ་པོ་ཞིག་བྱུང་།

    Reply
  3. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    དང་པོར་རང་གི་ལག་ན་ཡོད་པའི་དག་ཆ་སྲུང་སྐྱོབ་བྱེད་དགོས། དེ་ནས་རང་གི་འཁྲིས་ན་ཡོད་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས།

    Reply
  4. འབྲོག་ཁྱི། says:
    ལོ་ 16 སྔོན།

    དང་ཐོག་རྟེན་འབྲེལ་ཞུ། སླད་ནས་དྲ་ཚིག་འདིས་ཁོར་ཡུག་སྲུང་སྱྐབས་ལ་བྱས་རྗེས་འབུར་དུ་ཐོན་པ་ཞིག་འཇོག་ཐུབ་པའི་སྨོན་འདུན་ཞུའོ།

    Reply
  5. ཚེ་རིང་། says:
    ལོ་ 16 སྔོན།

    ༼བོད་ཡིག་བཅགས་མ་སོང་༽ཞེས་པ་༼བོད་ཡིག་བཞག་མ་སོང་༽ལ་ནོར་བཅོས་ཡོང་བ་ཞུ།

    Reply
  6. ཚེ་རིང་། says:
    ལོ་ 16 སྔོན།

    ཏ་ལའི་བླ་མ་ཞེས་པའི་མ་དེ་ཆད་ནོར་བྱུང་འདུག་པ་ངེས་ལེན་ཞུ་གི་ཡིན། ཏ་ལའི་བླ་མའི་དྲ་ཚིགས་སུ་བོད་ཡིག་ཡོད་མེད་ཐད་ནས་ཚིག་རྐང་གཅིག་ཀྱང་ཞེས་པའི་༼ཚིག་རྐང་གཅིག་༽དེ་ཟུར་འདོན་གྱིས་དགག་འདུག་པ་དེ་འང་། གནས་ལུགས་ཀྱི་མདུན་ནས་ངེས་ལེན་མི་ཞུ་ཐབས་མེད་བྱུང་སོང་། ཡིན་ནའང་། གནས་ལུགས་ཀྱི་མདུན་ནས་དུང་ཞེན་དང་ཕྱོགས་རེས་གླེང་ས་གཏན་ནས་ཡོད་མི་སྲིད་པས་ན། ༼དྲ་གནས་ལྟ་སྐབས་ངེས་པར་ཁ་ཕྱེ་མ་ཐག་ཡོངས་རྫོགས་སྡེག་གཅིག་ཏུ་ཐོན་རྒྱུ་འདི་ཡོང་གི་མེད་པས་ངང་སྒུག་བྱེད་དགོས་པ་༽ཞེས་པ་དེ་དངོས་ལུགས་ཀྱི་མདུན་ནས་ངེས་ལེན་བྱ་ཐབས་བྲལ་སོང་། ང་རྒྱ་གར་དུ་འབྱོར་ནས་ལོ་བདུན་བརྒྱད་ཅིག་འདས་ལ་ཉེ། དེའི་རིང་ལ་ངང་སྒུག་བྱས་པ་ཡིན། རེ་བས་བལྟས་པ་ཡིན། ཉེ་སྔོན་ཏ་ལའི་བླ་མའི་དྲ་ཚིགས་བསྐྱར་བཅོས་ཟིན། ཡིན་ནའང་འགྱུར་བ་ཐེབས་མ་སོང་། བོད་ཡིག་བཅགས་མ་སོང་། དུང་ཞེན་ལ་ཕོགས་ཀྱང་རུང་། ཐ་ན་སྐུ་སྒེར་དྲ་ཚིགས་ཀྱི་ངོས་སུའང་རང་རེའི་སྐད་ཡིག་དེ་གོ་ཆོད་མེད་པའི་རྣམ་པ་ཞིག་ཤུགས་ཀྱིས་མངོན་འདུག་པ་འདི། བོད་ཡིག་བོད་སྐད་སྲུང་སྐྱོབ་དགོས་པའི་གནས་ལུགས་ལ་མི་རན་གི། བཙན་བྱོལ་སྤྱི་ཚོགས་མུ་མཐུད་དེ་ལྟར་ཕྱིན་ཚེ། ད་ལྟ་འུ་ཚོས་ཕར་རྒྱ་ནག་གནས་ལུགས་སུ་འདྲེན་བཞིན་པའི་བོད་ཀྱི་རིག་གནས་ཉམས་ཆག་ཅེས་པའི་ཚིག་འདི། ཉིན་ཞིག རྒྱ་ནག་དམར་ཤོག་པས་ཕྱིར་འུ་ཚོར་བརྗོད་མི་སྲིད་པ་མི་འདུག

    Reply
  7. བདེ་བ་ཅན། says:
    ལོ་ 16 སྔོན།

    ༸རྒྱལ་བ་ཀརྨ་པ་མཆོག་ནས་ཁོར་ཡུག་དྲ་ཚིགས་དེ་འདྲ་ཞིག་དབུ་འབྱེད་གནང་བར་སྙིང་ཐག་པ་ནས་རྟེན་འབྲེལ་དང་བཀྲ་ ིས་བདེ་ལེགས་ཞུ། མུ་མཐུད་ལས་གཞི་འདིའི་ཐོག་མཛད་འཕྲིན་ཟླ་ལྟར་རྒྱས་པའི་སྨོན་འདུན་ཞུ་རྒྱུ་ཡིིན་ལ། ལས་གཞི་དེ་དག་ནང་ཆ་ཤས་བླངས་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞོར་འཕྲོས་སུ་དྲ་གྲོགས་ཚེ་རིང་ཞུ་བ་ནས་གོང་དེར་ཏ་ལའི་བླ་མ་ཞེས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲ་ཚིགས་སུ་བོད་ཡིག་རྐང་གཅིག་མི་འདུག་ཅེས་མཐོང་བཞིན་འར་གཏམ་བརྗོད་འདུག་པ་དེར་ཕྱིས་འབྱུང་དེ་འདྲ་མ་གསུང་རོགས་ཞེས་དེ་བརྒྱུད་འབོད་བསྐུལ་ཞུ་རྒྱུ་ཡིན། དྲ་གནས་ལྟ་སྐབས་ངེས་པར་ཁ་ཕྱེ་མ་ཐག་ཡོངས་རྫོགས་སྡེབ་གཅིག་ཏུ་ཐོན་རྒྱུ་འདི་ཡོང་གི་མེད་པས་ངང་སྒུག་བྱེད་དགོས་པ་དང་། ཞིབ་ལྟ་བྱེད་དགོས། ༸གོང་ས་མཆོག་གི་དྲ་གནས་ནང་དུ་བོད་ཡིག་གི་ཚིག་བཅད་ཞིག་ཡོད་པ་འདི་ནི་ ཇི་སྲིད་ནམ་མཁའ་གནས་པ་དང༌། འགྲོ་བ་ཇི་སྲིད་གནས་གྱུར་པ། དེ་སྲིད་བདག་ནི་གནས་གྱུར་ནས། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ཅེས་པའི་ཚིག་བཅད་དེ་འགོ་བྱང་སྟེང་མཇལ་རྒྱུ་ཡོད་པས་རྐང་གཅིག་མི་འདུག་ཅེས་པའི་ཚིག་འདི་ཕྱིར་འཐེན་བྱ་རོགས།
    དེ་མིན་དྲ་གྲོགས་ཚེ་རིང་ལགས་ནས་ཁོར་ཡུག་གི་དྲ་ཚིགས་འདིའི་ནང་ཡིག་ནོར་མང་པོ་ཞིག་ལ་ཐུགས་སྣང་གནང་སྟེ་མཆན་འགོད་གནང་འདུག་པར་རྒྱབ་སྐྱོར་ཡོད། ཁྱེད་རང་ནས་ཀྱང་ཏ་ལའི་བླ་ཞེས་པའི་དྲགནས་ཞེས་བྲིས་འདུག་པས་ལམ་སེང་རང་གི་ནོར་འཁྲུལ་དེའང་ལམ་སེང་བཅོས་རོགས༎༎

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    གནད་དོན་དེ་ལ་རྒྱབ་སྐྱོར་ཡོད།

    Reply
  9. ཚེ་རིང་། says:
    ལོ་ 16 སྔོན།

    ཏ་ལའི་བླ་ཞེས་པའི་༸གོང་ས་མཆོག་གི་སྐུ་སྒེར་དྲ་ཚིགས་སུ་བོད་ཡིག་རྐང་གཅིག་ཀྱང་མི་འདུག ཁོར་ཡུག་ཅེས་པའི་༸རྒྱལ་དབང་ཀརྨ་པའི་དྲ་ཚིགས་སུའང་བོད་ཡིག་པར་ངོས་དེ་ཆལ་ཆོལ་ཅིག་གམ། དབྱིན་བོད་མཉམ་བསྲེས་ཀྱི་ར་མིན་ལུག་མིན་གྱི་པར་ངོས་ཤིག་གྲུབ་འདུག་པར་མ་ཟད། ཡིག་ནོར་མང་བ་ནི་བཤད་མ་དགོས་པར། ༸རིན་པོ་ཆེ་གང་ཉིད་ཀྱི་མཚན་ཀྱང་ནོར་ཏེ། ༼ཨོ་རྒྱན་འཕྲིན་ལས་རྡོ་ར༽ ཞེས་བཏགས་འདུག བླུན་པོ་ང་ལ་མཚོན་ན་འདི་ནི་ཅི་འདྲའི་ཡིད་སྐྱོ་དགོས་པའི་གནས་ཤིག་རེད་ཨང་།

    Reply
  10. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    མགོ་བརྩམས་དེ་ནི་ལས་སླ་བ་ཡིན་ལ། མཇུག་བསྡུ་བ་དེ་ནི་ལས་སླ་བ་མིན་ཟེར་ནས་ངས་རྟག་དུ་འདོད་ཀྱི་ཡོད་ན་ཡང་། ད་རེབས་ཀྱི་མགོ་བརྩམ་མཁན་ནི་ཀརྨ་པ་མཆོག་ཡིན་དུས། མཇུག་ཀྱང་ཁོང་གིས་བསྡུ་ཐུབ་པར་ཡིད་ཆེས་ཡོད་ལ། དྲ་ཚིགས་གསར་བ་འདིའི་བོད་ཕྱི་ནང་གི་སྤུན་ཟླ་དག་གིས་རང་གི་ཁོར་ཡུག་ལ་ཇི་ལྟར་གཅེས་སྤྲོས་བྱེད་དགོས་མིན་ཐད་ལེགས་སྐྱེས་མི་དམན་པ་ཞིག་འཇོག་ཐུབ་པར་ངས་ཡིད་ཆེས་བྱེད་ཀྱི་ཡིན།

    Reply
  11. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དེ་དེ་བཞིན་ཡོང་བའི་སྨོན་ལམ་ཞུ།

    Reply
  12. དགེ་བཤེས་བསྟན་པ་བཀྲ་ཤིས། says:
    ལོ་ 16 སྔོན།

    ༸དཔལ་རྒྱལ་བ་ཀརྨ་བ་མཆོག་གི་དྲ་ཚིགས་གསར་བ་སྒོ་འབྱེད་གནང་པར་གུས་པ་ཆེན་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཀྱས་བརྒྱན་ཏེ། ཁོང་གི་མཛད་པ་སྤྱི་དང་ལྷག་དོན་ཁོང་གི་ཁོར་ཡུག་སྐོར་ལ་དམིགས་བསལ་ཐུགས་སྣང་ཆེན་པོས་ལས་འགུལ་སྤེལ་རྒྱུའི་དགོངས་བཞེས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ།

    Reply
  13. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཁོར་ཡུག་དྲ་བ་གསར་འབྱེད་གནང་བར་རྟེན་འབྲེལ་ཞུ།

    Reply
  14. མེ་སྟག says:
    ལོ་ 16 སྔོན།

    ཨ་ཁུ་བོན་རྒྱ་ལགས་ཀྱིས་གསུངས་པ་དེ་དེ་བཞིན་ནོ།

    Reply
  15. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 16 སྔོན།

    སླར་ཡང་དྲ་རྒྱ་གསར་བ་ཞིག་འཁྲུངས་པར་དགའ་བསུ་ཞུ། ་དེ་ནི་རིག་གཞུང་གི་གླེང་སྟེགས་ཤིག་རེད། གལ་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese