མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལིག་ཞོ་པོར་ལོ་ ༡༡ གི་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྐུ་ཞབས་ལིག་ཞོ་པོ་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི་སྨྲ་བརྗོད་རང་དབང་ལ་ཉེས་ཁྲིམས་བཅད་པ་ཞིག་རེད་ཟེར།

ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོར་པེ་ཅིན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་དང་པོ་ཡིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིག་ཞོ་པའོ་ལགས་ལ་༼རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་འཁྲིགས་ཟིང་སློང་མཁན་༽ཞེས་པའི་ཉེས་མིང་འོག་ལོ་ ༡༡ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དང་། ལོ་གཉིས་ཀྱི་ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་ཡོད། ཁྲིམས་ར་ནས་ཁྲིམས་བཅད་གསལ་བསྒྲགས་ཞུ་སྐབས་ལིག་ཞོ་པོ་ཡི་ཆུང་མ་ལིག་ཞ་དང་ཁོའི་ནུ་བོ་ལིག་ཧྲོ་ཞན། དེ་མིན་འབྲེལ་མེད་ཟུར་ཉན་པ་ཉི་ཤུ་མ་གཏོགས་ལིག་ཞོ་པོ་དང་འབྲེལ་ཡོད་ཀྱི་ནང་མི་གཉེན་གྲོགས་གང་ཡང་ཁྲིམས་རར་ཡོང་དུ་བཅུག་མེད་པ་དང་། ཁྲིམས་ཁང་གི་ཕྱི་ལོགས་སུ་ཉེན་རྟོག་པ་བཀྲམས་ཏེ་བཀག་སྡོམ་ནན་མོ་བྱས་ཡོད་པ་རེད། ལིག་ཞོ་པོ་ཡིས་ཁོ་རང་ཉིད་ཀྱི་རྩོམ་ཡིག་མཐའ་དག་ནི་སྨྲ་བརྗོད་རང་དབང་དང་འབྲེལ་བ་ཡོད་པ་འབའ་ཞིག་ཡིན་པ་དང་། ཁོ་རང་ཉིད་ཀྱིས་ཉེས་ཁྲིམས་དེ་ངོས་ལེན་མེད་པའི་སྐོར་བརྗོད་ཡོད་འདུག དེར་མ་ཟད། ཁོང་གི་ཁྲིམས་རྩོད་པ་གཉིས་ཀྱིས་ཀྱང་༼རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པའི་འཁྲིགས་ཟིང་སློང་མཁན་༽གྱི་དྲག་སྤྱོད་ཀྱི་ཉེས་མིང་བཀལ་བ་དེ་ནི་གཞི་རྩ་མེད་པ་ཞིག་ཡིན་པ་དང་། སྨྲ་བརྗོད་རང་དབང་ལ་ཉེས་ཁྲིམས་བཅད་པ་ཞིག་ཀྱང་ཡིན་པས་ཁྲིམས་ཆད་གཏན་འབེབས་དེར་ངོ་རྒོལ་ཡོད་སྐོར་བརྗོད་ཡོད་འདུག 

རང་ལོ་ ༥༣ ལ་སོན་པའི་སྐུ་ཞབས་ལིག་ཞོ་པོའོ་ནི་རྒྱ་རིགས་མི་མང་ཁྲོད་གྲགས་ཅན་གྱི་ཤེས་ལྡན་མི་སྣ་ཞིག་གམ་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཞིག་ཡིན་ལ། ༡༩༨༩ ལོའི་དམངས་གཙོའི་ལས་འགུལ་དང་། ཐིག་བརྒྱད་ལོའི་རྩ་འཛིན་ཡིག་ཆ་འདོན་མཁན་གྱི་མི་སྣ་གཙོ་གྲོས་ཤིག་ཀྱང་ཡིན། ཐིག་བརྒྱད་ལོའི་རྩ་འཛིན་ཡིག་ཆ་འདོན་སྤེལ་གནང་བའི་རྗེས་སུ། རྒྱ་གཞུང་གི་ཉེན་རྟོག་པས་ལོ་སྔོན་མའི་ཕྱི་ཟླ་ ༡༢ པའི་ནང་ཁོ་རང་འཇུ་བཟུང་བྱས་ཏེ་ལོ་གཅིག་གི་དུས་ཡུན་རིང་ཁྲིམས་མཐུན་མ་ཡིན་པའི་བཙོན་འཇུག་བཀག་ཉར་བྱས་རྗེས། ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ཁྲིམས་བཤེར་ཁྲིམས་ར་ཚོགས་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་ལོ་ ༡༡ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རེད།

ཕྱི་ཚེས་ ༢༣ ཉིན་ལིག་ཞོ་པོ་ལ་ཁྲིམས་བཤེར་ཁྲིམས་ར་ཚོགས་སྐབས། ཁྲིམས་རྩོད་པ་གཉིས་ལ་ཁྲིམས་རྩོད་དག་འབུལ་གྱི་དུས་ཡུན་སྐར་མ་ ༢༠ ལས་སྤྲད་མེད་པར་མ་ཟད། ཁྲིམས་རྩོད་དག་འབུལ་བྱེད་སྐབས་ཀྱང་ཕྱོགས་ཡོངས་ཚད་བཀག་ཆེན་པོ་བཟོས་ཡོད། ལིག་ཞོ་པོ་ཡིས་རང་ཉིད་དག་འབུལ་གྱི་སྙན་ཞུ་ཡི་གེ་དེའང་ཁྲིམས་བཤེར་དཔོན་གྱིས་དུས་ཚོད་རིང་པོ་མེད་པར་ཁ་གཡར་ཏེ་ཁྲིམས་ཁང་ནས་སྒྲོག་སྦྱོང་བྱེད་དུ་བཅུག་མེད་པ་རེད།  ཁྲིམས་བཤེར་ལ་ཟུར་ཉན་དུ་ཆས་མཁན་ལིག་ཞོ་པའོ་ཡི་ནུ་བོ་ལིག་ཧྲོ་ཞན་གྱིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བརྗོད་དོན། དྲང་སྙོམས་མ་ཡིན་པས་གནས་སྟངས་མང་པོ་ཞིག་འདུག དཔེར་ན། ཁྲིམས་ཁང་དུ་ངའི་ཕུ་བོས་རང་ཉིད་དག་འབུལ་བྱེད་སྐབས། ཁོ་རང་ཉིད་ཀྱིས་བྲིས་པའི་དག་འབུལ་ཞུ་ཡིག་དེ། ཁྲིམས་བཤེར་དཔོན་གྱིས་ཁྲིམས་ལུགས་གཞིར་བཟུང་ཁོ་རང་ཉིད་ལ་སྒྲོག་སྦྱོང་བྱེད་པའི་གོ་སྐབས་སྤྲད་མེད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

དེ་བཞིན་ཉེས་ཁྲིམས་ཞིབ་བཤེར་གྱི་ཉིན་དེར་ཨ་རི་དང་། དབྱིན་ཡུལ། ཨི་ཊ་ལི། འཇར་མན། ཨོ་སི་ཊོ་ལི་ཡ། ཅག་སྤྱི་མཐུན་རྒྱལ་ཁབ། ཁེ་ན་ཌ། ནོར་ཝེ། སི་ཝེ་ཌན་བཅས་ཡུ་རོབ་མནའ་མཐུན་གྱི་རྒྱལ་ཁབ་ཁག་གཙོས་རྒྱལ་ཁབ་ ༡༠ ལྷག་གི་ཕྱི་འབྲེལ་དཔོན་རིགས་དག་གིས་སྐུ་ཞབས་ལིག་ཞོ་པའོ་ལ་ཁྲིམས་བཤེར་བྱེད་པའི་ཁྲིམས་རར་མཉམ་ཞུགས་བྱེད་ཆོག་པར་རེ་སྐུལ་བྱས་ཡོད་ནའང་རྒྱ་གཞུང་གིས་ངོས་ལེན་བྱས་མེད་པ་རེད།  ཁྲིམས་བཤེར་ཁྲིམས་རར་མཉམ་ཞུགས་བྱེད་མ་བཅུགས་པའི་ཨ་རིའི་གཞུང་ཚབ་ཁང་གི་དཔོན་རིགས་ Gregory May གྷུ་རེ་གྷོར་རེ་མེ་ཡིས་ཁྲིམས་ཁང་གི་ཕྱི་ལོག་ནས་གསལ་བསྒྲགས་བྱས་དོན། ང་ཚོས་རྒྱ་ནག་སྲིད་གཞུང་གིས་མྱུར་དུ་ལིག་ཞོ་པའོ་གློད་གྲོལ་ཡོང་བའི་རེ་སྐུལ་བྱེད་ཀྱིན་ཡོད། དེར་མ་ཟད། རྒྱ་ནག་མི་དམངས་ཀྱིས་ཞི་བའི་ལམ་ནས་ཆབ་སྲིད་ཐད་ཀྱི་བསམ་ཚུལ་བརྗོད་པའི་ཁེ་དབང་ལ་བརྩི་བཀུར་དང་། དེ་བཞིན་རྒྱལ་སྤྱིའི་ངོས་ལེན་ཡོད་པའི་གཞི་རྩའི་རང་དབང་དང་། ཁྲིམས་བཤེར་འགྲོ་ལུགས་ཡོང་རྫོགས་དྲང་བདེན་དང་ཕྱི་གསལ་ནང་གསལ་བྱས་ཏེ་རྒྱ་ནག་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོབ་ལ་གུས་བརྩི་ཡོང་བར་རེ་སྐུལ་ཞུ་གི་ཡོད་ཅེས་བརྗོད་འདུག

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཅང་ཡུས་ཀྱིས་ཕྱི་ཚེས་ ༢༤ ཉིན་པེ་ཅིན་དུ་འཚོགས་པའི་གསར་འགོད་གསལ་བསྒྲགས་སྟེང་བརྗོད་དོན། ལིག་ཞོ་པའོ་ནི་རྒྱ་ནག་གི་སྤྱི་དམངས་རེད། རྒྱ་ནག་འབྲེལ་ཡོད་ཁྲིམས་ལུགས་སྡེ་ཚན་ཁག་གིས་ཁྲིམས་ཐོག་ནས་ཉེས་དོན་ཐག་གཅོད་གནང་གི་རེད། རྒྱལ་ཁབ་འགའ་རེ་དང་ཁོ་ཚོའི་གཞུང་ཚབ་པ་རེ་འགས་ཉེས་དོན་འདིའི་ཐད་བཏོན་པའི་ལྟ་ཚུལ་མཐའ་དག་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་ལུགས་དང་། རྒྱ་ནག་གིས་དེར་མོས་མཐུན་རྩ་བ་ནས་མེད་པར་མ་ཟད། རྒྱལ་ཁབ་འདི་དག་གིས་རྒྱ་ནག་གི་རྩ་ཁྲིམས་ལ་བརྩི་བཀུར་གྱི་སྒོ་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པར་སྐུལ་མ་གཏོང་གི་ཡོད་ཅེས་བརྗོད་ཡོད་འདུག

ཕྱི་ཚེས་ ༢༥ ཉིན། ཁྲིམས་ཆད་ཕྱིར་བསྒྲགས་བྱས་མ་ཐག ཐིག་བརྒྱད་ལོའི་རྩ་འཛིན་ཡིག་ཆར་མིང་རྟགས་འགོད་མཁན་ཡིང་ལིས་ཚེ་ཡིས་ཕྱི་ཕྱོགས་ཀྱི་གསར་འགོད་པར། རྒྱ་ནག་སྲིད་གཞུང་གིས་ལིག་ཞོ་པའོ་ལ་ལོ་ ༡༡ གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེར་ངོ་རྒོལ་ཡོད་ལ།  ང་རང་ཐིག་བརྒྱད་ལོའི་རྩ་འཛིན་ཡིག་ཆར་མོས་མཐུན་དང་མིང་རྟགས་འགོད་འཁན་ཞིག་ཡིན་པའི་ཆ་ནས། ད་ལྟ་ཁྲིམས་བཤེར་ཁྲིམས་རའི་ལས་གནས་དངོས་ན་ཡོད་པའི་ཉེན་རྟོག་པར་རང་ཉིད་ལ་ཡང་ཉེས་ཁྲིམས་འདི་འགེལ་དགོས་པའི་ངོས་ལེན་བྱེད་དུ་འགྲོ་རྒྱུ་ཡིན་ཅེས་བརྗོད་དེ། ཉེན་རྟོག་པ་དག་གི་མདུན་དུ་སོང་སྟེ་རང་ཉིད་ཀྱང་ལིག་ཞོ་པའོ་དང་ལྷན་དུ་བཙོན་འཇུག་བྱེད་དགོས་པར་བརྗོད་ཡོད་པ་དང་།  སྐར་མ་འགའི་རྗེས་སུ་ཉེན་རྟོག་པའི་ལྭ་བ་གྱོན་མེད་པའི་མི་བཅུ་གྲངས་འགའ་ཡོང་སྟེ། ཡང་ལིས་ཚེའང་ཉེན་རྟོག་པའི་རླངས་འཁོར་ནང་བླུགས་ནས་ས་ཆ་གཞན་ཞིག་ཏུ་ཁྲིད་ཡོད་འདུག


པེ་ཅིན་གྱི་རང་དབང་རྩོམ་པ་པོ་ཡུས་ཅེ་ཡིས་ཧྥ་རན་སིའི་གསར་སྤེལ་ཁང་ལ། སྐུ་ཞབས་ལིག་ཞོ་པོ་ལ་ཉེས་ཁྲིམས་བཅད་པ་དེ་ནི་སྨྲ་བརྗོད་རང་དབང་ལ་ཉེས་ཁྲིམས་བཅད་པ་རེད། ལིག་ཞོ་པོ་ནི་རྒྱ་ནག་མི་དམངས་ཁྲོད་ཀྱི་ཤེས་ལྡན་པ་དང་རྩོམ་པ་པོ་ཞིག་རེད། ཐིག་བརྒྱད་ལོའི་རྩ་འཛིན་གཙོས་པའི་ཁོང་གི་རྩོམ་ཡིག་མཐའ་དག་ནི་ཞི་འཇམ་དང་། གནས་ལུགས། བསམ་བློའི་རིན་ཐང་ལྡན་པའི་བརྩམས་ཆོས་འབའ་ཞིག་རེད། ཁོང་ཉིད་ལྟ་བུའི་ཤེས་ལྡན་པར་ཡང་ཉེས་ཁྲིམས་གཅོད་དགོས་ན། ང་རང་ཉིད་ཚུད་པའི་ཤེས་ལྡན་པ་དག་དང་ཐིག་བརྒྱད་ལོའི་རྩ་འཛིན་ཡིག་ཆར་མིང་རྟགས་འགོད་མཁན་ཚང་མར་དུས་མཉམ་དུ་ཉེས་ཁྲིམས་གཅོད་དགོས་པ་དང་། ལིག་ཞོ་པོ་ལ་ཁྲིམས་ཐག་གཅོད་པའི་དུས་བཀག་དེ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཙུགས་ཆེར་འཛིན་པའི་ཡི་ཤུའི་འཁྲུངས་སྐར་དང་སྐབས་འཁེལ་བཟོས་པ་དེ་ནི་ནུབ་ཕྱོགས་མི་དམངས་ཀྱིས་དོ་སྣང་ཆེན་པོ་མི་ཡོང་བའི་ཆེད་དུ་ཡིན་པའི་སྐོར་འགྲེལ་བརྗོད་བྱས་ཡོད།

དེ་མིན་གཞན། ལིག་ཞོ་པའོ་ལ་ཐུགས་ཁུར་དང་ཁོང་གི་ཆུང་མ་ལིག་ཞ་ལ་སེམས་གསོ་མཚོན་ཆེད་དུ། ཧོང་ཀོང་གསར་འགོད་མཐུན་ཚོགས་དང་རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཁྲིམས་རྩོད་ཚོགས་པ་བཅས་ཚོགས་ཁག་བཅུ་ལྷག་གིས་གཟའ་ཉི་མའི་ཉིན་ཞང་ཧོང་ཀོང་གྲོང་ཁྱེར་གྱི་སྲང་ལམ་ཁག་ཏུ་མི་དམངས་ཀྱིས་ཡི་ཤུའི་འཁྲུངས་སྐར་ལ་སྐུ་ཞབས་ལིག་ཞོ་པོར་ཕུལ་བའི་ཤིས་ཚིག་ཤོག་བྱང་དག་བསྡུ་རུབ་ཀྱིས་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་པེ་ཅིན་དུ་ཡོད་པའི་ཁོའི་ཆུང་མ་ལིག་ཞ་ལ་བསྐུར་ཡོད་པ་དང་། ཕྱི་ཟླ་ ༡༢ པའི་ཚེས་ ༢༨ ཉིན་ཏེ། སྐུ་ཞབས་ལིག་ཞོ་པའོ་ཡི་སྐྱེས་སྐར་གྱི་ཉིན་མོར་ཁོང་གི་ཕྱག་ལ་འབུལ་ཐུབ་པའི་རེ་བ་བཅིངས་ཡོད་པ་རེད། དེ་བཞིན། སྐུ་ཞབས་ལིག་ཞོ་པའོ་ཡིས་ཀྱང་ཁྲིམས་ཁང་ནས་རང་ཉེས་དག་འབུལ་ཞུ་སྐབས། འདས་པའི་ལོ་ངོ་ ༢༠ ནང་དུ་ང་ལ་རྒྱབ་སྐྱོར་གནང་མཁན་དང་། ང་ལ་སྟོབས་ཤུགས་ཀྱི་ནུས་པ་བསྩོལ་མཁན་གཙོ་བོ་ནི་ལིག་ཞ་ཡིས་ངའི་ཡོད་ཚད་ལ་བཅངས་བའི་བརྩེ་དུང་དེ་ཡིན་ཞེས་བརྗོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

ཆུ་ཚོད་ ༢༠ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤
འཛམ་གླིང་རྐང་སྤོལ་སྐར་ཆེན་བཞི། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༧།༡༤
Mobile App

འདི་ལོའི་རྐང་སྤོལ་རྩེད་འགྲན་གྱི་གསེར་བུམ་བདག་པོ་དེ་སུ་ཡིན་ནམ།

༢༠༢༦/༠༧/༡༤
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་བོད་མིའི་སྙིང་སྟོབས་མཚོན་ཞེས་གསུངས། 

༢༠༢༦/༠༧/༡༣

མཆན། 14

  1. ཚྭ་སྒང་ཕོ་ཉ། says:
    ལོ་ 17 སྔོན།

    དངོས་གནས་བཤད་ན་མི་དེ་བོད་པ་ཞིག་ཡིན་ན་ཁྲིམས་རྭ་ནང་དུ་ནང་མི་སོགས་གཅར་ཅིག་གི་ཡོད་མེད་གསར་པོ་རེད་ཡིན་ཡང་དེ་རྒྱ་མི་ཡིན་ཙམ་ནང་མི་ཐུག་ཐོབ་ཡོད་པ་འདྲ།།

    Reply
  2. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    དམར་གཞུང་གི་སྲིད་དབང་གཅིག་བསྡུད་ཀྱི་ལམ་ལུགས་ཀྱི་གཟུང་ཐག་འདི་དབུས་ཆབ་སྲིད་ཅུའུ་ནས་དམའ་ས་གནས་ཀྱི་ཐོན་སྐྱེད་རུ་ཁག་བར་འཐེན་ཡོད་ལ།གཟུང་ཐག་དེ་བརྒྱུད་དམར་པོའི་དབང་འཛིན་མི་སྣ་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང།མི་རིགས་མཐུན་བསྒྲིལ་སོགས་ལ་གཏོར་བཤིག་གཏོང་མཁན་ཞེས།གཞུང་ཕྱོགས་དང་ལྟ་བ་མི་མཐུན་པ་ཚོ་མུན་བཙོན་དུ་འཇུག་བཞིན་ཡོད།ཁ་གཡང་འདི་དོན་དངོས་ཐོག་གཞུང་འཛིན་མཐོ་རིམ་པའི་དབང་ཆ་བརྟན་སྲུང་དང་ཁེ་དབང་ལས་གཞན་པའི་དོན་སྙིང་མེད་ངེས།

    Reply
  3. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    ང་ཚོས་སྐུ་ཞབས་ལིའུ་ཞོ་པོའུ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཐབ་གྲོགས་ཚོས་དམར་གཞུང་གི་ཤན་པོ་ཚོའི་མདུན་དུ་ཐོན་ཏེ་ངོ་རྒོལ་བྱེད་སྟངས་ལ་སློབ་སྦྱོང་བྱེད་དགོས།རླབས་ཆེན་གྱི་སྐྱེས་བུ་འདི་སྐུ་ཚེ་ཡུན་རིང་བརྟན་པར་ཤོག

    Reply
  4. འཇམ་བཟང says:
    ལོ་ 17 སྔོན།

    དེ་འདྲ་བའི་མི་སུ་ཡིན་ཡང་དུས་ནམ་ཡང་རྒྱབ་སྐྱོར་བྱ་དགོས་ངེས་རེད།
    ཁོང་གི་ནང་མི་དེ་དག་གི་སྡུག་བསྔལ་དེ།

    Reply
  5. འཇམ་བཟང says:
    ལོ་ 17 སྔོན།

    དེ་འདྲ་བའི་མི་སུ་ཡིན་ཡང་དུས་ནམ་ཡང་རྒྱབ་སྐྱོར་བྱ་དགོས་ངེས་རེད།
    ཁོང་གི་ནང་མི་དེ་དག་གི་སྡུག་བསྔལ་དེ།

    Reply
  6. འཇམ་བཟང says:
    ལོ་ 17 སྔོན།

    དེ་འདྲ་བའི་མི་སུ་ཡིན་ཡང་དུས་ནམ་ཡང་རྒྱབ་སྐྱོར་བྱ་དགོས་ངེས་རེད།
    ཁོང་གི་ནང་མི་དེ་དག་གི་སྡུག་བསྔལ་དེ།

    Reply
  7. འཇམ་བཟང says:
    ལོ་ 17 སྔོན།

    དེ་འདྲ་བའི་མི་སུ་ཡིན་ཡང་དུས་ནམ་ཡང་རྒྱབ་སྐྱོར་བྱ་དགོས་ངེས་རེད།
    ཁོང་གི་ནང་མི་དེ་དག་གི་སྡུག་བསྔལ་དེ།

    Reply
  8. ཁ་བ་སྐམ་པོ། says:
    ལོ་ 17 སྔོན།

    ང་ཡང་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ཡ།

    Reply
  9. ཡེལ་པ་བ། says:
    ལོ་ 17 སྔོན།

    རང་དབང་དང་བདེན་པ་དགའ་བའི་ལེག་ཞོ་པོ་མི་རིང་མྱུར་དུ་བཙོན་གྲོལ་ཡོང་བའི་སྨོན་ལམ་འདེབས།

    Reply
  10. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    ང་ཡང་ཁོང་གི་ཁྱེད་དུ་གདུངས་སེམས་མཉམ་སྐྱིད་ཡོད།

    Reply
  11. ནོར་བུ་རྒྱལ་མཚན། says:
    ལོ་ 17 སྔོན།

    ང་ཡང་ཁོང་གི་ཁྱེད་དུ་གདུངས་སེམས་གཉམ་ཡོད།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    བདེན་པའི་བ་དན་མཁའ་ལ་ཕྱར་བའི་སྐྱེ་བོ་དམ་པ་ས་ལ་བསྒྱེལ།།
    མ་རིགས་རྨོངས་བའི་མུན་ཁང་སྲུང་བ་ཁྲེལ་མེད་རུལ་སོང་ཁྲི་ལ་བུད།།
    གཞན་སྲོག་འཕྲོག་ལ་རང་སྲོག་གཅོད་པ་ཀླ་ཀློའི་ཁེངས་དེ་རིང་འདིར།།
    ཡངས་བའི་མཁའ་ལ་སེམས་ཞིག་ཡོད་ན་མིག་ཆུ་ཐེང་ལ་ལྷུང་རན་རེད།

    Reply
  13. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    དགྱ་ནག་གི་དེ་རིང་འཛམ་གླིང་གུང་སང་་་རྩ་ཆེན་ཡེ་ཤུ་འཁྲུངས་སྐར་ལ་ཞབས་བདྲེན་ཡང་བཞགས་འདུག་གོ

    Reply
  14. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཁཽང་་གིས་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་འཇིགས་བསྐུལ་འོག
    མི་རིགས་ལ་བཅངས་བའི་ལྷག་བསམ་གཟོད་མེད་དེ་ལ་གུས་ཞབས་ཞུ།
    དེ་ལྟར་སྙིང་སྟོབས་ཚད་མེད་ཐོག་རང་དབང་གི་འཐབ་རྩོད་གནང་བ་ལ་རྗེས་སུ་ཡི་རང་ཡང་ཡོད།
    རྒྱ་ནག་དམར་གཞུང་གི་དྲང་བདེན་མ་ཡིན་པའི་ཐབས་ལམ་སྣ་ཚོགས་སྤྱད་དེ་ཁོང་ལ་ཉེས་མེད་ཁྲིམས་ཐག་དེ་འདྲའི་ལོ་མང་རིང་བཅད་པ་ནི་་གུས་པ་བློ་ཕམས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese