མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཟུར་ང་ཕོད་དང་ཁོང་གི་རང་རྣམ་སྐོར། བུ་ཆུང་ཚེ་རིང་།

བོད་ཀྱི་དུས་བབ།
༢༠༠༩/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

བུ་ཆུང་ཚེ་རིང་།

བཀའ་ཟུར་ང་ཕོད་ངག་དབང་འཇིགས་མེད་འདས་གྲོངས་སུ་ཕྱིན་པ་དེ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་ནང་གི་མི་སྣ་གྲགས་ཅན་ཞིག་མེད་པར་ཆགས་པ་རེད། གུས་རང་༧གོང་ས་མཆོག་གི་སྐུ་ཚབ་ལྷན་ཏུ་བཅར་རྒྱུའི་གོ་སྐབས་བྱུང་བས་ ༢༠༠༢ ལོར་སྐུ་ཚབ་ཚོས་བཀའ་ཟུར་ང་ཕོད་ལ་མཇལ་འཕྲད་ཞུ་སྐབས་སུ་ལྷན་དུ་ཡོད། མཇལ་འཕྲད་དེ་ནི་པེ་ཅིང་གི་ཁོང་གི་གཟིམ་ཤག་ཏུ་གནང་བ་རེད་། ང་ཚོ་དེར་བཅར་སྐབས་བཀའ་ཟུར་ང་ཕོད་དང་ཁོང་གི་སྲས་མོ་གཅིག་མ་གཏོགས་མི་འདུག སྐུ་ཚབ་ཚོར་གསོལ་ཇ་འདེགས་འབུལ་ཞུ་མཁན་ནི་སྲས་མོ་དེ་རེད། ཁོང་དེ་དུས་ནས་དགུང་ལོ་དགུ་བཅུའི་ནང་ཕེབས་ཚར་རུང་བཀའ་མོལ་གནང་རྒྱུར་སྐུ་ངལ་མེད་པ་ལྟ་བུ་འདུག

ཕྱི་ལོ་ ༡༩༥༩ ལོའི་རྗེས་ནས་བོད་ནང་གི་མི་སྣ་གྲགས་ཅན་ཆེ་ཤོས་གསུམ་བདམས་གནང་བ་ཡིན་ན་གཅིག་ནི་བཀའ་ཟུར་ང་ཕོད་ཡིན་དགོས་ཀྱི་རེད། གཞན་གཉིས་ནི་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་དང་སྐུ་ཞབས་ཕུན་ཚོགས་དབང་རྒྱལ་རེད་བསམ་གྱི་འདུག ཁོང་གསུམ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་མཉམ་ཡིན་པ་གང་ཞིག་ལ་རྒྱབ་ལྗོངས་འདྲ་མིན་འོག་ནས་ཕེབས་ཡོད། ཁོང་གསུམ་གྱི་སྟེང་ལ་བོད་མིའི་སྤྱི་ཚོགས་ནང་དུ་དུས་འདྲ་མིན་ལ་བསམ་ཚུལ་སྣ་ཚོགས་བྱུང་ཡོད། འོན་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེས་དུས་དང་རྣམ་པ་ཀུན་ཏུ་བོད་མིའི་གཞི་རྩའི་ཁེ་ཕན་ཆེད་སྐུ་ངལ་སྐྱོན་གནང་བ་གསལ་པོ་ཆགས་ཡོད། ལྷག་པར་དུ་དངོས་གསལ་དོད་པོ་དང་ཡིག་ཐོག་ཏུ་ཡོད་པ་ནི་ཁོང་གི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་ཞེས་པའི་བོད་དོན་ཐད་ཀྱི་དགོངས་ཚུལ་དང་ ༡༩༨༠ གྱ་གྲངས་ནང་ཡོང་བསྒྲགས་གསུང་བཤད་གནང་བ་རྣམས་ནས་ཁོང་གི་དགོངས་པ་བཞེས་ཕྱོགས་གང་འདྲ་ཡིན་པ་བསྟན་ཡོད།


སྐུ་ཞབས་ཕུན་ཚོགས་དབང་རྒྱལ་ལགས་ཀྱིས་ཀྱང་ཁོང་གི་ཕྱག་དེབ་༼བོད་མི་གསར་བརྗེ་བ་ཞིག་༽དང་། རྒྱ་ནག་གི་དཔོན་རིགས་རྣམས་ལ་ཕུལ་བའི་སྙན་ཞུ་ཁག་ནས་དགོངས་ཚུལ་གསལ་པོ་བཟོས་ཡོད།


གོ་གསལ་ལ་བཀའ་ཟུར་ང་ཕོད་ཀྱིས་རང་རྣམ་ཞིག་བརྩམས་གནང་ཡོད་པའི་གནས་ཚུལ་འདུག དེ་ནི་གནད་འགག་ཆགས་ཀྱི་ཡོད། ད་ཆ་དེབ་དེའི་གནས་སྟངས་ག་རེ་ཡིན་མིན་གསལ་པོ་མི་འདུག
ཕྱོགས་གཅིག་ནས་དེ་འདྲ་བའི་རང་རྣམ་ཞིག་ཡོད་ཚེ་ཁོང་གི་དགོངས་ཚུལ་ཤེས་ཐུབ་པ་དང་། དེ་ལས་གནད་འགག་ཆེ་བ་ནི་ལོ་རྒྱུས་ཀྱིས་བཀའ་ཟུར་ང་ཕོད་ཁོང་ལ་ལྟ་སྟངས་དང་གདེང་འཇོག་གང་འདྲ་ཞིག་བྱ་མིན་ལ་བག་ཆགས་འཇོག་ཐུབ་ཀྱི་རེད།


གཅིག་བྱས་ན་བཀའ་ཟུར་ང་ཕོད་ཀྱི་རང་རྣམ་ཐོག་གོ་རྒྱུ་མེད་པ་ནི་རྒྱ་ནག་གཞུང་གིས་དེར་ཞིབ་འཇུག་བྱེད་བཞིན་པ་ཡིན་སྲིད། གལ་ཏེ་གནས་སྟངས་དེ་འདྲ་ཡིན་ན། ངའི་བསམ་པར་དོ་བདག་ཞིག་གི་རང་རྣམ་དེ་ནི་དོ་བདག་དེ་ག་རང་གིས་བཟོ་རྒྱུ་ནི་དྲང་བདེན་གྱི་གནས་ཚུལ་ཡིན་པར་མ་ཟད། མཐའ་མར་དེབ་དེ་པར་འགྲེམས་གནང་རྗེས་ཆ་འཇོག་ཡོང་རྒྱུར་གལ་ཆེན་པོ་ཆགས་ཀྱི་རེད། དེ་མ་གཏོགས་སྒེར་གྱི་ལོ་རྒྱུས་ཐོག་གཞུང་གིས་ཐེ་བྱུས་གནང་ན་ཕུགས་སུ་གཞུང་དེ་ལ་ཡང་ཕན་ཐོགས་མེད་པར་ཆགས་རྒྱུ་ཡིན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. བདེ་བ་ཅན། says:
    ལོ་ 15 སྔོན།

    ས་དབང་དམ་པ་ང་ཕོད་ང་ཚོ་དང་གཏན་དུ་ཞལ་བྲལ་ཟིན་པ་རེད། བོད་དུ་རཁྱིམ་མཚེས་རྒྱ་མི་དམར་པོས་དྲག་པོའི་བཙན་འཛུལ་བྱས་པ་དེ་ནི་ལོ་རྒྱུས་སྟེང་ནས་ཧ་ཅང་གསལ་ཤོས་སུ་མཐོང་རྒྱུ་ཡོད་པ་ཞིག་རེད། འོན་ཏེ་ད་ལྟ་ང་ཕོད་ས་དབང་དམ་པ་གྲོངས་པའི་རྗེས་སུ་དེའི་ཉེན་འགན་ཡོངས་རྫོགས་འདི་ང་ཕོད་དམ་པའི་རྗེས་སུ་གཡོག་སྟེ་ཁ་བརྡུང་གཏོང་བ་འདི་ནི་ཅོལ་ཆུང་གི་བྱེད་སྟངས་ཤིག་རེད། བོད་ས་མ་ཤོར་གོང་གི་བོད་ཀྱི་གཞུང་ཞབས་ཟུར་པ་ཞིག་དང༌། བོད་ཀྱི་ལོ་རྒྱུས་སྟེང་གི་གལ་ཆེའི་མི་སྣ་ཁོང་ལྟ་བུ་སྐུ་འཚོ་ཞུབས་སུ་ཁོང་གི་གསུངས་མྱོང་བའི་བཀའ་མོལ་ཚིག་གཅིག་དང༌། ཆིངས་ཡིག་དོན་ཚན་བཅུ་བདུན་སྐོར་སོགས་ལ་ད་ལྟའི་ཁ་གཏོང་མཁན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་སོགས་ནས་ཚིག་གཅིག་ཀྱང་ལུང་འདྲེན་གྱིས་ཁ་ བརྡུང་གཏོང་གི་ཕོད་ཀྱི་མེད། ད་ལྟ་ཁོང་གྲོངས་ཟིན་རྗེས་ལོ་རྒྱུས་ཀྱི་ཉེས་ཅན་པ་ལྟ་བུའི་ཁ་བརྡུང་བྱེད་པ་འདི་ནི་དྲང་པོ་ཞིག་མིན་པས་དེའི་ཐོག་ནས་ཁ་བརྡུང་གཏོང་མཁན་ཚོ་བདཟིེན་པ་ཞིག་མེད་པ་ཧ་ཅང་གསལ་པོ་མཚོན་གྱི་ཡོད།
    ་ གལ་སྲིད་དེ་ལྟ་བུའི་ཁུངས་དང་ལྡན་པའི་རྒྱུ་མཚན་བཤད་རྒྱུ་ཡོད་ན་ཁོང་མི་ལོ་དགུ་བཅུ་གོ་དགུ་ཙམ་འཚོ་བཞིན་བཞེས་པའི་དུས་སུ་ཚིག་གཅིག་ཀྱང་ཤོད་མི་ནུས་པ་གང་ཡིན་ནམ་འདྲི་བ་འདི་ནི་ཁ་བརྡུང་གཏོང་མཁན་ཚོར་ཕུལ་བ་ཡིན་པས་བསམ་བློ་ཡག་པོ་ཞིག་བཏང་སྟེ་ལན་འདེབས་ན་རང་ཉིད་མགོ་ན་རྒྱུ་ལས་མེད་པས་དེ་ཙམ་ཡིན་ནོ༎

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ནད་པ་ལགས་ཀྱིས་ཀུན་ལ་དྲན་གསོ་བཏང་བ་ཐུགས་ཆེ།

    Reply
  3. ནད་པ says:
    ལོ་ 15 སྔོན།

    ༸ རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དེ་གནའ་དེང་ཟུང་འབྲེལ་གྱི་རྒྱལ་ཁབ་གཅིག་ཏུ་བཅོས་བསྒྱུར་ལེགས་བཅོས་གནང་རྒྱུའི་ཐུགས་རེ་ཚད་མེད་ཅིག་གནང་བ་ལྟར་བོད་ཕྲུག་འགའ་ཤས་ཤིག་དབྱིན་ཇིར་ཚན་རིག་སོགས་དེང་རབས་ཀྱི་སློབ་སྦྱོང་བྱེད་པར་གཏོང་རྒྱུ་དང་དེ་ནས་བོད་དུ་སློབ་གྲྭ་གསར་འཛུགས་བྱེད་རྒྱུ་སོགས་བོད་འབངས་སྤྱིའི་གནས་སྟངས་ལ་ལེགས་བཅོས་གནང་རྒྱུའི་ཐུགས་རེ་ཆེན་པོ་མཛད་ཡོད།

    སྐབས་དེར་༸ རྒྱལ་བའི་བཀའ་དགོངས་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུར་གཏོགས་པའི་བོད་སྡེ་པ་གཞུང་གི་རྩིས་པ་ལུང་ཤར་ལ་མ་ཉེས་ཁ་གཡོག་བྱས་ཏེ་སྤྱི་ཚོགས་ཁྲོད་དུ་ཁོང་གི་རྐུབ་ལ་རྭ་ཅོ་ཡོད་སྐད་བསྒྲགས་ཏེ་མཐར་པོ་ཏྭ་ལའི་བཙོན་ཁང་ནང་མིག་གཉིས་བཏོན་ནས་སྐུ་ཀྲོངས་ཡོད།

    བོད་ས་མ་ཤོར་གོང་དུ་མདོ་སྨད་ཀྱི་མཁས་དབང་ཆེན་པོ་དགེ་འདུན་ཆོས་འཕེལ་མཆོག་ལ་མ་ཉེས་ཁ་གཡོག་བྱས་ཏེ་ཁོང་ཉིད་དབྱིན་ཇིས་བཟུང་བའི་རྒྱ་གར་སྲིད་གཞུང་དང་། ཕྱི་རྒྱལ་བཙན་འཛུལ་རིང་ལུགས་ཀྱི་གསང་མྱུལ་བ་སོགས་ཡིན་རབས་བཤད་དེ་མཐར་ཤེས་རབ་ཅན་གྱི་རླབས་ཆེན་མི་སྣ་དེ་མུན་ནག་གི་བཙོན་དུ་བཅུག་ནས་མཐར་སྨྱོན་པ་བཟོས་ནས་སྐུ་གཤེགས་ཡོད།

    ཕྱི་ལོ་༡༩༤༩ ། ༡༠། ༠༡ ཉིན་རྒྱ་ནག་གི་རླབས་ཆེན་གཙོ་འཛིན་མའོ་ཙེ་ཏུང་གིས་རྒྱལ་ཁབ་དབུ་བརྙེས་པ་དང་སྦྲགས་བོད་ལ་བཅིངས་གྲོལ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་རྗེས་སུ་ལོ་རབས་ལྔ་བཅུའི་ནང་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་བོད་ལ་བཅོས་བསྒྱུར་ལེགས་བཅོས་གཏོང་འདོད་ཀྱི་ཐད་ལ་སྐུ་ལས་ཚད་མེད་ཅིག་བསྐྱོན་ཡོད་ཀྱང་ཁོང་ལ་རྒྱ་མི་བོད་དུ་འཁྲིད་ཡོང་མཁན་གྱི་ཉེས་ཞྭ་གཡོག་ནས་རླབས་ཆེན་གྱི་བོད་རིགས་རྒྱལ་གཅེས་རིང་ལུགས་པ་དེ་ནག་པོར་བཟོ་བཞིན་ཡོད་པ་རེད།

    ཕྱི་ལོ་༡༩༥༩ ལོར་༸ རྒྱལ་བ་དང་པཎ་ཆེན་གཉིས་ཟློག་ཏུ་མེད་པའི་དྲག་ཆར་རླུང་རྩུབ་འཁྲོད་ཞལ་དགྱེས་ནས་༸ གོང་ས་སྐྱབས་མགོན་ཆེན་པོས་བཙན་བྱོལ་དུ་བོད་ཀྱི་ཆོས་དང་། སྲིད་དང་། དཔལ་འབྱོར། རིག་གཞུང་། དེང་རབས་ཀྱི་ཤེས་རིག ལྷག་ཏུ་འཛམ་གླིང་ས་ཡི་གོ་ལར་ཞི་བདེའི་དེད་དཔོན་གྱིས་ཁ་ལོ་བསྒྱུར། ཀུན་ཁྱབ་འགྲོ་བ་སེམས་ཅན་གྱི་བྱམས་བརྩེའི་རིནཐང་གོང་དུ་སྤེལ་གནང་མཛད། བོད་མི་རིགས་ཟེར་བ་འདི་ད་ཆ་འཛམ་གླིང་སྟེང་ངོ་གནོང་མི་དགོས་པའི་ཡ་རབས་དང་། བཟང་སྤྱོད། དྲང་བདེན། འཚེ་མེད། སྙིང་རྗེ་ཅན་གྱི་ཕུལ་བྱུང་གི་མི་རིགས་བཟང་པོ་ཞིག་ཏུ་མངོན་འགྱུར་མཛད་ཡོད་སྟབས་ ༸ རྒྱལ་བ་རིན་པོ་ཆེའི་བཀའ་དྲིན་ནི་ང་ཚོ་བོད་འབངས་ཡོངས་ཀྱིས་སྟོང་གསུམ་གསེར་གྱིས་བཀང་ཏེ་ཕུལ་ཡང་བཀའ་དྲིནགཞལ་དུ་མེད་ཀྱང་བསམ་སྤྱོད་ལས་འདས་པ་ཞིག་ལ་བོད་རིགས་བསོད་ནམས་དམན་པའི་སྐྱེ་བོ་ཉུང་ཤས་ཤིག་གིས་ཁོང་ལ་མཚན་སྨད་ཞུ་བཞིན་ཡོད།

    ལོ་རབས་ ༥༠ དང་ལོ་རབས་ ༦༠ ནང་བོད་ཀྱི་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་བཀྲེས་ལྟོག་དང་། ངལ་རྩོལ། བཙོན་འཇུག མནར་གཅོད། དམར་གསོད། རང་ཤི་བརྒྱབ་པ་སོགས་སྡུག་བསྔལ་ཚད་ལས་འདས་པ་ཞིག་མྱངས་དགོས་བྱུང་བ་དེ་ཐུགས་ལ་མ་གཟོད་པར་རང་ཉིད་བློས་བཏང་མཛད་དེ་༸ པཎཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཡི་འབྲུ་ཁྲི་བདུན་གྱི་སྙན་ཞུ་སྲིད་བློན་ཀྲའོ་ཨེ་ལེན་བརྒྱུད་མའོ་ཙེ་ཏུང་ལ་ཕུལ་རྐྱེན་མཐར་ལོ་དགུ་ལྷག་ཙམ་བཙོན་དུ་བཅུག བཙན་གྲོལ་ཐོབ་རྗེས་སུ་ཆོལ་གསུམ་ཡོངས་ལ་ཞབས་ཀྱིས་བཅག་ཏེ་བོད་ཀྱི་ཆོས་ལུགས་དང་། རིག་གནས། སྐད་ཡིག སྤྱི་ཚོགས་སོགས་ཁྱོན་ཡོངས་ལ་བཀའ་དྲིན་གྱི་ཕུང་པོ་ལྷག་ཏུ་མེད་པ་ཞིག་ལེགས་སྐྱེས་སུ་ཕུལ་ཡང་ ༸ པཎ་ཆེན་མཆོག་ལ་རྒྱལ་ཁབ་བཙོང་མཁན་གྱི་མ་ཉེས་ཁ་གཡོག་བྱས་ཏེ་ཚོང་པ་རྒྱག་པ་ཞེས་མཚན་སྨད་ཚད་ལས་འདས་པ་ཞིག་བྱས་ཏེ་མཐར་ཐུགས་ཕམ་ཚད་མེད་ཅིག་གི་ངང་བསོད་བདེ་དམན་པའི་བོད་རིགས་དམངས་དང་གློ་བུར་དུ་བསྐལ་བས་དབེན་ཏེ་དགོངས་པ་རྫོགས་ཡོད།

    ཕྱི་ལོ་ ༡༩༥༩ སྔོན་ལ་བོད་སྡེ་པ་གཞུང་གི་ཞབས་སྡོད་པ། བཤེར་དཔང་། རྩིས་པ། ནང་བློན། ཆབ་མདོའི་མདོ་སྤྱི། གྲོས་མདུན་དོན་ཚན་ ༡༧ ལ་མིང་རྟགས་བཀོད་མཁན། བོད་ས་ཤོར་རྗེས་སུ་བོད་རང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་སྐབས་མང་པོའི་རྒྱུན་ལས། ཆབ་སྲིད་གྲོས་ཚོགས་ཀྱི་མི་སྣ། ༸ པཎ་ཆེན་ཨི་ཏི་ཎི་ཆོས་ཀྱིས་རྒྱལ་མཚན་མཆོག་དང་ལྷན་བོད་ཀྱི་རིག་གནས་མཐུན་ཚོགས་ཚོགས་གཙོ། བོད་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ཆོས་ལུགས་དང་། རིག་གཞུང་། སྐད་ཡིག ཚན་རྩལ། སྤྱི་ཚོགས། དཔལ་འབྱོར། ཞིང་འབྲོག་སོགས་ཕྱོགས་པོའི་ཐད་ལ་མཛད་ཇུས་དང་སྤྱི་ཚོགས་ཀྱི་བླང་བྱ་བཏོན་གནང་མཛད་མཁན་གྱི་བོད་རིགས་ཆབ་སྲིད་མཁས་དབང་ཅན། བོད་ཀྱི་ལོ་རྒྱུས་དཀྱོག་མཚམས་འཁྲོད་རླབས་ཆེན་གྱི་མི་སྣ་ཞིག་ལ་ད་ཆ་ང་ཚོས་མ་ཉེས་ཁ་གཡོག་བྱས་ཏེ་རྒྱལ་ཚོང་བ་ཞིག་དང་། ཐ་ན་ལྷ་དང་བླ་མས་ལུང་དུ་བསྟན་ནས་བདུད་བློན་ཞིག་ཡིན་པའི་སྒྲུབ་བྱེད་བཀོད་ནས་བོད་རིགས་རླབས་ཆེན་གྱི་མི་སྣ་ཆེན་པོ་དེ་ལོ་རྒྱུས་ཁྲོད་དུ་ནག་པོར་གཏོང་རྩིས་བྱེད་བཞིན་ཡོད།

    འདི་ལྟ་བུའི་གནས་ཚུལ་དག་ལ་བསམ་བློ་ཞིབ་ཏུ་བཏང་ཚེ་ངོ་མ་ང་ཚོ་བོད་རིགས་ཚོས་བོད་རིགས་འདི་མེད་པར་བཟོས་ཡོད་ལ་དུས་ད་ལྟའང་རང་རིགས་རང་གིས་མེད་པར་བཟོ་བཞིན་ཡོད་སྟབས་སེམས་སྐྱོ་དགོས་པ་ཞིག་མ་ཡིན་ནམ།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ང་ཕོད་ལ་རེ་བ་མེད་པ་དེ་ཁོའི་ལོ་རྒན་བརྒྱའི་ལས་ཀས་གསལ་སྟོན་བྱས་ཡོད་པ་རེད། ད་རང་རྣམ་ཡིན་ནམ་དེ་ལ་རེ་བ་སྟོང་པ་མ་རྒྱག བོད་རེ་བས་ཕུང་ཟེར་བ་དེ་འདི་འདྲ་ལ་ཟེར་བ་ལོས་ཡིན།

    Reply
  5. བྱམས་རྒྱལ། says:
    ལོ་ 15 སྔོན།

    སྐབས་དེར་བོད་ཤར་ཕྱོགས་སུ་ཡོད་པའི་གཞུང་དམག་དང་ཁམས་པའི་ཡུལ་དམག་གཉིས་ཀར་གོ་མཚོན་མི་ལྡང་བའི་དཀའ་ངལ་ཤིན་ཏུ་ཡོད་པ་ཧ་གོ་བཞིན་དུ་ཁྱི་ངན་འདིས་གོ་མཛོད་མེར་སྲེག་བཏང་སྟངས་འདི་ཁོ་ན་ལ་གཅིག་གཟིགས་དང་ད་དུང་རང་རྣམ་ཨེ། དེ་རང་རྣམ་མ་རེད་སྡུག་རྣམ་རེད་། སྐྱེས་ཆེན་ཚོའི་ལོ་རྒྱུས་ལ་མ་གཏོགས་རྣམ་ཐར་མི་ཐོབ་བོ།

    Reply
  6. བོད་རང་བཙན says:
    ལོ་ 15 སྔོན།

    བུ་ཆུང་ཚེ་རིང་ལགས། རྒྱ་དམར་བོད་ནང་ཕེབས་བསུ་སྣེ་ལེན་ཐོག་མ་བྱེད་མཁན་འབའ་པ་ཕུན་ཚོགས་དབང་རྒྱལ་དང་རྒྱ་དམར་ལ་གུས་བཀུར་དང་པོ་བྱེད་མཁན་སྙིང་མེད་ང་ཕོད་གཉིས་ལ་ཆབ་སྲིད་གནས་ལུགས་གཅིག་གི་ཐོག་བོད་གཞུང་ནས་ཁ་རྡུང་ངོ་རྒོལ་བྱེད་སྟངས་མ་བདེ་བ་ཡོད་ནའང་ང་ཚོས་དངོས་ཡོད་གནས་སྟངས་རང་གི་ཐོག་ནས་དྲང་བདེན་གྱི་གཏམ་བཤད་ཅིག་མ་གནང་ན་བཟང་ངེས་དབྱེར་འབྱེད་མི་ཤེས་པ་ཞིག་ཆགས་པ། དུས་དེ་ནས་བོད་དོན་ཟེར་བ་དེ་རང་དོན་རེད་ལ། བོད་མི་སུ་ཞིག་གིས་རྒྱ་ནག་ལ་ངོ་རྒོལ་གནང་བ་སོགས་བྱེད་ཚེ་ལམ་འགྲོ་རྒྱུགས་ན་དཔའ་བོ་རེད་ཟེར། དེ་ལྟར་མ་བྱུང་ན་དོན་མེད་ཤི་སོང་ཅེས་བརྗོད་ན། ཆོས་དང་འཇིག་རྟེན་གཉིས་ཀའི་ཐོག་མ་འགྲིག་པ་གསལ་པོ་རེད། སྐུ་ཉིད་ལ་མཚོན་ན་༧གོང་ས་མཆོག་གི་སྐུ་ཚབ་རྣམས་གཉིས་ཀྱི་ཕྱག་རོགས་ཡིན་པ་འདྲ། ངའི་རེ་བར་དོན་འདྲ་ཞིག་ངེས་པར་ཏུ་གླེང་དགོས་ན་བསྐྱར་ཏུ་འབྲེལ་མོལ་བྱུང་སྐབས་རྒྱ་ནག་དཔོན་རིགས་ཚོ་ལ་སོ་སོ་སྒེར་གྱི་ལམ་ཕྱོགས་གསལ་སྟོན་གནང་རོགས་ཅེས་ཞུ་རྒྱུ་ཡིན།

    Reply
  7. འོས་ལངས། says:
    ལོ་ 15 སྔོན།

    གཞན་ཅི་ཡང་གླེང་དགོས་དོན་མི་འདུག ༢༠༠༢ ལོར་སྐུ་ཚབ་ཚོ་དང་ལྷན་དུ་ང་ཕོད་སར་བཅར་སྐབས་ང་ཕོད་ཀྱིས་ཅི་ཞིག་གླེང་མོལ་བྱས་པའི་གནས་ཚུལ་གཅིག་པོ་དེ་ཞིབ་གསལ་བྲིས་ན་འགྲིག་བསམ། དེ་ནས་ཀྱང་ང་ཕོད་ཀྱི་བསམ་བློའི་ཟུར་ཙམ་ཤེས་རྟོགས་ཡོང་རེ་ཆེའོ།།

    Reply
  8. ཙན་དན་ལོ་མ། says:
    ལོ་ 15 སྔོན།

    ང་ཕོད་ཀྱིས་རང་རྣམ་ཞིག་བྲིས་ཡོད་པའི་དབང་དུ་བཏང་ཡང་། དེ་ནི་བོད་མི་རིགས་ཀྱི་ཆེད་དུ་མ་ཡིན་པར་ཁོ་རང་གི་བདེ་འཇགས་དང་ཁེ་ཕན་ཨང་དང་པོ་བྱས་ནས་བྲིས་ཡོད་པ་ནི་ཤེས་ཤེས་པ་རེད། གཅིག་བྱས་ན་གང་ཡང་བྲིས་མེད་པར་བུ་ཕྲུག་ཚོས་ཚོད་ཚོད་ཚོང་དོན་ཆེད་རྫུན་གཏམ་འདྲ་འབྲི་སྲིད།

    Reply
  9. འོས་ལངས། says:
    ལོ་ 15 སྔོན།

    གལ་སྲིད་ང་ཕོད་ཀྱིས་རང་རྣམ་ཞིག་བྲིས་ཡོད་དབང་དུ་བཏང་ཡང་། དེའི་ནང་བོད་མི་མང་ཁྲོད་ཁོ་རང་དཀར་འདོན་བྱེད་ཐབས་ཤིག་གཙོ་འདོན་བྱེད་རྒྱུ་ལས། སྐབས་དེའི་ལོ་རྒྱུས་ཁག་དྲང་པོ་དྲང་བཞག་གིས་བརྗོད་ཡོད་ཀྱི་མ་རེད་བསམ།

    Reply
  10. བསྟན་འཛིན་ཚེ་དཔག says:
    ལོ་ 15 སྔོན།

    ང་ཕོད་ཀྱིས་རང་རྣམ་ཞིག་བྲིས་ཡོད་དུ་ཆུག་ཀྱང་། ད་ནི་འདས་གྲོངས་ཀྱི་རྗེས་ལ་འདོན་དགོས་ཆགས་པ་འདིས། ལོ་རྒྱུས་ཀྱི་དཔང་རྟགས་ཆགས་རྒྱུ་དཀའ། རྣམ་པ་གཅིག་ཏུ་ན། རྒྱ་མི་ལོ་ཙུང་རན་ཟེར་བ་ཞིག་གིས་ང་ཕོད་ཀྱི་ལོ་རྒྱུས་གླེགས་བམ་སྟོད་སྨད་གཉིས་ཡོད་པ་ཞིག་བྲིས་ཡོད་ཚོད་དེ་ནི། ང་ཕོད་ཀྱིས་ངོས་ལེན་མ་བྱས་པ་རེད་ཟེར། འདི་ནི་ཡོངས་གྲགས་རེད། ད་ནི་དེ་ཡང་ཐོན་གྱི་རེད། མ་གཞི་རང་རྣམ་ཞིག་ཀྱང་ཡོད་སྐད་ལ། དེར་རྒྱ་གཞུང་གིས་ཞིབ་འཇུག་བྱས་པ་སྐད་ཀྱང་འདུག གསོན་པའི་རིང་ལ་གོ་རྒྱུ་གྲགས་རྒྱུ་ཞིག་བྱས་བྱས་ནས་བཏོན་ཡོད་པ་ཡིན་ན་ནི། རིན་ཐང་ཆེན་པོ་རེད། དེ་ནི་མ་བྱུང་ཚར་བ་རེད། ད་ནི་ཕན་ཐོགས་རྒྱུ་ཞིག་ཁག་པོ་རེད། ཁྱོན་ནས་བལྟ་ས་འཚོལ་ས་མེད་པ་ལས། འདས་མཇུག་འདིར་ལོ་རྒྱུས་ཀྱི་དེབ་རེ་བྱུང་ནའང་ཡག་པོ་རེད་སྙམ་དུ་འདོད་དོ།།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ང་ཕོད་གྲོངས་པའི་རྗེས་ལ་ཁོང་གི་གོ་ས་འདིར་ཕེབས་མཁན་གྱི་བོད་རིགས་དེ་སུ་ཡིན་རྒྱུ་རེད།

    Reply
  12. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    གང་ལྟར་འུ་ཅག་གི་ལག་པར་རེག་དུས། ད་ནི་བརྩབ་རལ་དུ་གྱུར་བའི་ལོ་རྒྱུས་ཤིག་ལས་གང་ཡང་མེད་ངེས་ཡིན། རྒྱའི་དབང་འོག་ན་སྐད་ཆ་དྲང་མོ་ཞིག་བཤད་ས་མེད་པ་འུ་ཅག་གིས་ཤེས་གསལ་རེད།

    Reply
  13. གནམ་ལྕགས། says:
    ལོ་ 15 སྔོན།

    ཨོ་ཁོང་གི་རང་རྣམ་དེར་དགྱ་ནག་གི་བསེ་བསླད་མ་བཅུག་པ་ཞིག་ལག་ཏུ་ཡོང་ན་ཡག་པོ་རེད།དེར་བལྟ་རྒྱུ་ཞིག་ཡོད་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese