མཚོ་སྔོན་ཟི་ལིང་ནས་ན་གོར་མོ་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལམ་ཐིག་གཉིས་པ་ཡོངས་སུ་ལེགས་འགྲུབ་བྱུང་སྟེ། མེ་འཁོར་དངོས་སུ་ཤར་གཏོང་བྱེད་མགོ་ཚུགས་ཡོད་ཅིང་། སྔར་གྱི་ལམ་ཐིག་དང་པོར་ཟི་ལིང་ནས་ན་གོར་མོ་བར་ཆུ་ཚོད་ ༡༣ ཙམ་བསྐྱོད་དགོས་ནའང་། ལམ་ཐིག་གསར་པའི་ཐོག་ཆུ་ཚོད་ ༨ ཙམ་གྱིས་སླེབས་ཀྱིན་ཡོད་འདུག ལམ་ཐིག་གཉིས་པར་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ལྕགས་ལམ་ཧྲིལ་བོ་གློག་ཤུགས་ཅན་ཡིན་པ་དང་འཛུགས་སྐྲུན་འགྲོ་སོང་ཁྱོན་བསྡོམས། རྒྱ་སྒོར་དུང་ཕྱིར་བརྒྱ་དང་དྲུག་ ༡༠༦༠༠༠༠༠༠༠༠ ལྷག་བཏང་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
གུང་ཁྲན་གྱི་གཡོ་སྒྱུ་ལས་ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ
ལྕགས་ལམ་ཤར་གཏོང་ནུབ་གཏོང་།།
རྒྱ་མི་ཤར་ཡོང་ནུབ་ཡོང་།།
བོད་མི་བོད་ཀྱི་ཡུལ་ནས།།
ལས་མེད་ཆགས་པ་དེ་སྐྱོ།།
འདི་ལ་ཕྱོགས་གཉིས་ནས་བལྟ་དགོས་པ་རེད། དང་པོ། བོད་ཁུལ་འཛུགས་སྐྲུན་དང་། འགྲིམ་འགྲུལ་སྟབས་བདེ། སྤྱི་ཚོགས་དཔལ་ཡོན་ཡར་རྒྱས་ཀྱི་རྣམ་པ་རེད། གཉིས་པ། ཁོར་ཡུག་སྦག་གཏོར་བརླག ཐོན་ཁུངས་བསྔོག་འདོན། མི་སེར་སྤོ་ཤུགས་བཅས་ཕྱོགས་གཉིས་རེད།
ngas byas na