མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་ཚོགས་ཆེན་སྟེང་གི་ཁས་ལེན་དང་ཞུ་སྐུལ།

བོད་ཀྱི་དུས་བབ།
༢༠༠༩/༡༢/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་འདུས་སྡོད་ཀྱི་ས་གནས་གང་སར་དཔེ་མཛོད་ཁང་ཕྱེ་རོགས། བོད་མི་རྒན་གཞོན་ཚང་མས་བོད་སྐད་གཙང་མ་བཤད་རོགས། སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་གྱི་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་དུ་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གཏོང་རོགས་ཞེས་ཤེས་རིག་ཚོགས་ཆེན་ཐོག་གྲོས་ཆོད་དང་བཅས་ཕེབས་ཡོད།

ཕྱི་ཚེས་ ༢༧ ནས་ ༢༩ ཉིན་བར་སྐོང་ཚོགས་གནང་བའི་ཤེས་རིག་ཚོགས་ཆེན་སྟེང་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་སློབ་གསོ་སྤེལ་བའི་ཐད་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད་དང་དབྱིན་ཇིའི་སྐད་ཡིག་དང་དེང་རབས་སློབ་ཚན་ཁག་སློབ་འཁྲིད་གནང་ཕྱོགས་ཡར་རྒྱས་དང་ལེགས་བཅོས་གཏོང་ཐབས། ཀུན་སྤྱོད་སློབ་གསོ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་དེང་རབས་རྒྱལ་སྤྱིའི་ལྟ་གྲུབ་ལམ་སྲོལ་དང་མི་འགལ་བར་ལེགས་བཅོས་དང་ཡར་རྒྱས་གཏོང་སྒོ་ཇི་ཡོད། དེ་བཞིན་༧གོང་ས་མཆོག་གི་བཀའ་དགོངས་ལྟར་དེང་ལུགས་རིགས་གཅིག་རྐང་འཛིན་སློབ་གཉེར་སྤེལ་ཐབས་དང་ཁྱད་མཁས་མི་སྣ་གསོ་སྐྱོང་གནང་ཕྱོགས་བཅས་གྲོས་གཞི་དེ་དག་གི་ཐད་བགྲོ་གླེང་གོ་བསྡུར་གནང་མཐར་གྲོས་གཞི་ཁག་གཏན་འབེབས་གནང་འདུག
ཐེངས་འདིའི་ཚོགས་ཆེན་གྱི་གྲོས་ཆོད་ཁག་ཅིག་དམིགས་བཀར་གྱིས་བཏོན་ན། ༡༽ བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ཆ་ཚང་བ་བོད་མིའི་སློབ་གྲྭ་ཡོངས་ནས་ལག་བསྟར་ཡོང་བར་ཚོགས་ཆེན་འདི་ཉིད་བརྒྱུད་འབོད་སྐུལ་ཤུགས་ཆེན་ཞུ་རྒྱུ་དང༌། སྲིད་བྱུས་ནང་གསལ་དགེ་རྒན་གྱི་ལས་འགན་དང་བྱེད་སྒོ་ཁག་སློབ་དགེ་སོ་སོས་གོ་རྟོགས་དང་ལག་ལེན་འཐུས་གཙང་ཡོང་སླད། སློབ་ཁག་སོ་སོའི་ནང་ཤེས་ཡོན་སྲིད་བྱུས་སློབ་སྦྱོང་དང་བགྲོ་གླེང་གི་ལས་རིམ་གང་མང་སྤེལ་རྒྱུ། དེ་བཞིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ནུས་ཤུགས་ཅི་ཡོད་ཀྱིས་སྲིད་བྱུས་ནང་གསལ་བའི་དགོས་མཁོའི་ཆ་རྐྱེན་དང་ལས་རིམ་ཁག་འཐུས་གཙང་ལག་བསྟར་ཡོང་ཐབས་གནང་དགོས། ༢༽ བོད་སློབ་འཛིན་ཚོགས་ཁོངས་སུ་བོད་དགེ་གཏན་འཇགས་གསར་བསྐོ་མི་ཐུབ་པ་དང༌། འཛིན་རིམ་བརྒྱད་པ་བར་ལ་བོད་ཡིག་སློབ་མཁན་ཟུར་དུ་མེད་པ། གཞི་རིམ་འོག་མའི་སློབ་ཁྲིད་བརྒྱུད་ལམ་བོད་ཡིག་ཡིན་སྟབས་སློབ་གྲྭ་དེ་དག་གི་དགེ་ཆེ་བོད་རིགས་བསྐོ་ཐབས་བཅས་ཀྱི་ཐད་ཤེས་རིག་ལས་ཁུངས་ནས་ཇི་དགེའི་ཐབས་ཤེས་གནང་རྒྱུ། ༣༽ ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བོད་མིའི་སྤྱི་ཚོགས་ཁྲོད་གོ་རྟོགས་ཚུལ་བཞིན་ཡོང་ཐབས་སླད་ཤེས་རིག་ལས་ཁུངས་ནས་འགྲེལ་བརྗོད་དང་དྲིལ་བསྒྲགས་ཤུགས་ཆེར་བྱ་རྒྱུ། ༤༽བོད་མི་རྒན་གཞོན་ཚང་མས་དུས་རྒྱུན་དུ་བོད་སྐད་གཙང་མ་བཀོལ་སྤྱོད་བྱ་རྒྱུ་ལས། བོད་སྐད་ནང་བསྲེས་ལྷད་མི་ཡོང་བའི་འབོད་སྐུལ་དང༌། ཁྱད་པར་དུ་སློབ་གྲྭའི་དགེ་ལས་རྣམས་ཀྱིས་དམིགས་བསལ་ཐུགས་འགན་བཞེས་ཏེ་སློབ་གྲྭའི་ནང་རྒྱུན་གཏན་ཡིག་སྐད་བེད་སྤྱོད་གང་ཐུབ་བྱ་དགོས།
༥༽ བོད་མི་སྤྱི་དང་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་བྱུས་དར་སྤེལ་གཏོང་ཆེད་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་ཉམས་མྱོང་དང་གྲུབ་འབྲས་ཇི་བྱུང་སློབ་ཁག་གཞན་ལ་སྤེལ་ཐབས་བྱ་རྒྱུ། ༦༽ སློབ་གྲྭ་སྤྱི་དང་ཁྱད་པར་གཞི་རིམ་བར་མ་དང་གོང་མའི་ནང་བོད་ཡིག་སློབ་ཚན་གྱི་ཚོགས་ཐེངས་སྤར་ཆ་གནང་རྒྱུ་དང༌། བོད་ཡིག་དགེ་རྒན་རྣམས་བོད་ཡིག་གི་སྦྱོང་བརྡར་ཚད་ལྡན་ཐོན་པ་ཤ་སྟག་ཡིན་དགོས། 
 ༧༽ ཤེས་ཡོན་སྲིད་བྱུས་དང་མཐུན་པའི་རང་རིགས་དགེ་རྒན་ཚད་ལྡན་བསྐོ་བཞག་དགོས་པའི་རྨང་གཞིའི་ཐོག དབྱིན་ཡིག་གི་སློབ་ཚན་རྣམས་དབྱིན་སྐད་གཙོར་བཟུང་གིས་སློབ་སྤེལ་དགོས་རྒྱུ། དེ་ཡང་སློབ་གྲྭའི་ནང་དབྱིན་སྐད་དེ་ཉིད་སྐད་ཡིག་གཉིས་པའི་ཚུལ་དུ་སློབ་པའི་ཁོར་ཡུག་བསྐྲུན་ཏེ་འབྲི་ཀློག་བརྗོད་གསུམ་ཡ་མ་བྲལ་བར་སློབ་སྟོན་ཚད་ལྡན་གནང་རྒྱུ། ༨༽ སློབ་གྲྭ་ཁག་གི་སློབ་ཕྲུག་ཚོའི་སྒོ་གསུམ་གྱི་སྤྱོད་པ་ཡ་རབས་དང་ལྡན་པ་འབྱུང་ཆེད་སྤྱི་ཚོགས་དང་ཕ་མ། སློབ་གྲྭ་བཅས་ཕྱོགས་ཚང་མས་ཐུགས་སྣང་སྔར་ལྷག་ཆེར་བསྐྱེད་དགོས་རྒྱུའི་ནང་ཚན། སྐབས་བབ་སློབ་གྲྭའི་དགེ་རྒན་ལས་བྱེད་རྣམ་པས་རྒྱུན་དུ་རང་རང་གི་སྤྱོད་ཚུལ་སློབ་ཕྲུག་གི་མིག་དཔེར་འོས་པ་གནང་དགོས་རྒྱུ། ༩༽ གཞི་རིམ་སློབ་གྲྭའི་སློབ་ཡུན་རིང་སློབ་མ་ཚོར་ལག་ཐོགས་ཁ་པར་དང༌། ལག་ཐོགས་ཀམ་པུ་ཊར། གློག་བརྙན་ལྟ་ཆས། གླུ་གཞས་ཉན་ཆས་སོགས་བཀག་སྡོམ་དོ་ནན་བྱ་རྒྱུ་དང༌། ས་གནས་འགོ་འཛིན་བརྒྱུད་ཕ་མ་ཚོར་ཡང་འབོད་སྐུལ་ནན་པོ་བྱ་རྒྱུ། དེ་བཞིན་འཛིན་གྲྭ་དང་སློབ་གྲྭའི་ལས་རིམ་སྐབས་སུ་དགེ་ལས་རྣམས་ནས་ཀྱང་གློག་ཆས་དེ་རིགས་སྤྱོད་ཐལ་མེད་པ་དགོས་རྒྱུ། ༡༠༽  མྱོས་རྫས་ལྐོག་སྤྱོད་བྱེད་མཁན་མི་འབྱུང་ཆེད་སློབ་གྲྭའི་འཛིན་སྐྱོང་དང་དགེ་ལས་ཚང་མས་རྒྱུན་དུ་སློབ་གྲྭའི་སློབ་ཕྲུག་དང༌། ཁོར་ཡུག་ཚང་མར་ལྟ་རྟོག་ཞིབ་ནན་དགོས་ཐོག ཅི་སྟེ་མྱོས་རྫས་སྤྱོད་མཁན་ཐོན་ཚེ་ཆོས་དགེ་དང་འཕྲོད་བསྟེན་ལས་བྱེད། མདུན་ལམ་སློབ་སྟོན་པ་སོགས་ཚང་མས་ཐུགས་ཁུར་བཞེས་ཏེ་སློབ་གསོ་གོ་བསྐོན་སོགས་ཐབས་ལམ་གང་འོས་གནད་སྨིན་སྤྱོད་རྒྱུ།  སློབ་ཕྲུག་གི་ལུས་སེམས་ལ་དཀའ་ངལ་འཕྲད་ཚེ། བདེ་སྡུག་ཞུ་ས་དང་ལམ་སྟོན་ཞུ་ཡུལ་ཁྱད་ལས་པ་རེ་རིམ་པས་སློབ་གྲྭ་ཆེ་ཁག་ཚང་མར་བསྐོ་འཛུགས་ཐུབ་ཐབས་གནང་རྒྱུ། ༡༡༽  སློབ་གྲྭའི་དགེ་རྒན་སྤྱི་དང་ལྷག་པར་མདུན་ལམ་སློབ་སྟོན་པའི་ངོས་ནས་རིགས་གཅིག་རྐང་འཛིན་པ་ཡོང་སླད། གཞི་རིམ་འོག་མ་ནས་སློབ་ཕྲུག་གི་གནས་ཚད་དང༌། འཇོན་ཐང༌། རིག་སྟོབས་སོགས་ལ་གཞིགས་པའི་ལམ་སྟོན་ཤུགས་ཆེར་གནང་རྒྱུ་དང༌། འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་ཕྲུག་རྣམས་ལ་ཁུངས་སོ་སོ་ནས་མཐོ་སློབ་དང་ལས་རིགས་ཐོག་བསྐྱོད་པའི་མཐུན་རྐྱེན་བསྐྲུན་རྒྱུ་མ་ཟད། དེའི་སླད་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བོད་མིའི་སློབ་གྲྭ་ཡོངས་ལ་ཁྱབ་ཐུབ་པའི་མདུན་ལམ་སློབ་སྟོན་པ་འདང་ངེས་གསར་འཛུགས་དགོས་རྒྱུ་དང༌། སློབ་གྲྭ་ཆེ་ཁག་ཚང་མའི་ནང་དུའང་མདུན་ལམ་སློབ་སྟོན་དགེ་རྒན་བསྐོ་བཞག་ཡོང་ཐབས་དགོས་རྒྱུ།  ༡༢༽ རྒྱ་གར་མཐོ་སློབ་དྲག་གྲས་ཁག་ཏུ་རང་རེའི་བོད་ཕྲུག་ཚོར་རིགས་གཅིག་རྐང་འཛིན་སློབ་གཉེར་གྱི་ས་མིག་གང་མང་ཐོབ་ཐབས་གནང་རྒྱུ་མ་ཟད། སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ཏེ། སློབ་ཕྲུག་རྣམས་ཆུང་དུས་ནས་དགའ་མོས་ཡོད་པའི་སློབ་ཚན་ཐོག་དམིགས་བསལ་གསོ་སྐྱོང་བྱ་དགོས། ༡༣༽ སྲོལ་རྒྱུན་རིག་གཞུང་གི་བསྟི་གནས་ཁང་ཝཱ་ཎ་མཐོ་སློབ་དང༌། ས་རཱ་མཐོ་སློབ། བོད་གཞུང་ཟློས་གར། སྨན་རྩིས་ཁང་སོགས་སུ་སློབ་བསྡུའི་གྲངས་འབོར་མང་དུ་གཏོང་ཐབས་འབོད་སྐུལ་ཞུ་རྒྱུ་སོགས་ཚུད་ཡོད་པ་རེད། གོང་གསལ་གྱི་གྲོས་ཆོད་ཁག་ནི་ཁྱོན་གྲོས་ཆོད་ ༤༠ ཡོད་པ་ལས་དབྱེ་གསེས་ཀྱིས་བཀོད་ཡོད་ལ། དེ་བཞིན་ཚོགས་ཆེན་སྟེང་སྤྱི་སྨན་དགོངས་འཆར་བྱུང་བ་ཁག་ནི། ༡། བོད་མི་གནས་ཡུལ་ས་གནས་ཁག་ཏུ་སྤྱི་སྤྱོད་དཔེ་མཛོད་ཁང་གང་མང་བཙུགས་ཏེ་བོད་མིའི་སྤྱི་ཚོགས་ནང་དཔེ་དེབ་ལྟ་ཀློག་གི་གོམས་གཤིས་བཟང་པོ་རིམ་འཇགས་གནང་ཐབས་གནང་གལ། ༢། བོད་མིའི་སློབ་གྲྭ་ནང་ཁུལ་ཕན་ཚུན་ཉམས་མྱོང་སྤེལ་རེས་ཆེད་སློབ་གྲྭ་ཕན་ཚུན་གྱི་སློབ་དགེ་བརྗེ་ལེན་གྱི་ལས་རིམ་སྔར་ལྷག་གནང་ཐབས་གནང་གལ། ༣། ཤེས་ཡོན་གྱི་ལས་དོན་ཐད་ཕ་མས་འཁུར་འགན་སྔར་ལྷག་ཆེར་སྐྱེད་ཡོང་ཐབས་དང༌། ཕ་མའི་བསམ་འཆར་ཤེས་རྟོགས་སླད་མ་འོངས་པར་ཤེས་རིག་ཚོགས་ཆེན་ནང་ཕ་མའི་འཐུས་མི་ངོ་ཕེབས་སམ། ཡང་ན་ས་གནས་སོ་སོའི་ཕ་མའི་དགོངས་འཆར་བསྡུ་རུབ་གནང་ཐབས་གནང་གལ་ཆེན་ཡིན་ཚུལ་སོགས་ཀྱི་དགོངས་འཆར་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༨ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 9

  1. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ལགས་སོ་ཞུ་རྒྱུ་ཡིན་ད་

    Reply
  2. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 17 སྔོན།

    ཡིག་ཐོག་ཏུ་གྲོས་ཆོད་དེ་སྟག་འདྲ་བ་ཞིག་འདུག
    སང་ཉིན་གྱི་ལག་ལེན་དེ་བུང་བུ་དང་མི་འདྲ་བའི་སྨོན་ལམ་ཡོདད

    Reply
  3. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཡིག་ཐོག་ན་ལོ་ངོ་ལྔ་བཅུའི་རིང་དུ་མང་བོ་མང་བོ་ཞིག་ཡོད་ཚོད་རེད། འོན་ཀྱང་། ལག་་ལེན་ཐོག་ནས་མགོ་ཁྲིད་མཁན་གྱི་བཀའ་བློན་ཟུར་བ་དག་གིས་རང་རང་གི་བུ་ཕྲུག་དག་བསྐྱེད་སྲུང་བྱས་པ་དེར་བལྟས་དུས། དངོས་ནས་སེམས་པ་སྐྱོ་བ་ཞིག་མ་རེད་དམ། ལག་ལེན། ལག་ལེན། ལག་ལེན།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    གྲོས་ཆོད་འདི་འདྲ་འདྲ་ནི་བོད་གཞུང་མ་དགོས་རྒྱ་གཞུང་གིས་ཀྱང་བཞག་ཡོད་པ་རེད།

    Reply
  5. རྨེ་རུ། says:
    ལོ་ 17 སྔོན།

    གྲོས་ཆོད་འདི་དག་ཉིན་རེ་བཞིན་ལག་ལེན་བསྟར་ཐུབ་པའི་རེ་བ་དང་ཡིད་ཆེད་ཡོད།
    བོད་ཁྱིམ་སློབ་གྲྭ་ཁག་དང་ཤེས་རིག་སློབ་གྲྭ་ཁག་ནང་ཤེས་ཡོན་སྲིད་ཇུས་གསར་པ་འདི་ལག་ལེན་གཅིག་མཚུངས་བསྟར་ཐུབ་པའི་རེ་བ་ཞུ།

    Reply
  6. གནམ་ལྕགས། says:
    ལོ་ 17 སྔོན།

    འདི་ལྟར་ཁ་མིག་ཡར་ལྟ་རེ་བྱས་པའང་ཕུན་སུམ་ཚོགས་པ་ཞིག་རེད།

    དེ་མིན་ཉི་མ་གང་འཁྱོལ་གྱིས་ཚོགས་འདུ་གྲོལ་རྒྱུར་སྒུག་ནས་སྡོད་མཁན་དང་དེ་གྲོལ་རྗེས་རྐུབ་གཡུགས་ནས་བུད་སོང་དུས་ཅི་ཡང་བྱེད་རྒྱུ་མི་འདུག་གཱ

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    ཤེས་རྟོགས་དང་ལག་ལེན་ཞེས་པ་ནི་བརྗོད་བདེ་ལ་དོན་དུ་འཁྱོལ་དཀའ་ན་ཡང་།
    ང་ཚོའི་་བོད་ཁ་བ་ཅན་གྱི་མགོན་པོ་དམ་པ་་་༧་གོང་ས་ཡིད་བཞིན་ནོར་བའི་ཐུགས་དགོངས་རྫོགས་པ་དང་། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་ལ་རིན་ཐང་ཡོད་པ་བྱ་འདོད་ན་ངེས་པར་དུ། ཚ་ཚ་འུར་འུར་ངང་ནས་ཆོལ་གསུམ་འཐུན་ལམ་གཙོ་བོ་གྱུར་པས་འཆར་གཞི་དང་དམིགས་ཡུལ་ཁག་ལག་ལེན་གནད་དུ་འཁྱོལ་བར་ཅེས་ཀྱང་ཡོད་དགོས་། དེ་ནི་རང་ཅག་འཛམ་གླིང་འདིར་གཉན་འཕྲང་ཧ་ཅང་ཆེ་བར་བསྟེན་་བློ་ཚབ་དགོས་ཀྱི་འདུག་ཟེར་བ་ཡིན།
    འདི་ལྟར་ཞུ་བ་མཐེན་མཁན་མི་ཆུང་ན་ཡང་སེམས་པ་སེམས་པ་གཙང་མ་ཡིན་ཁུལ་ཡིན།
    དེ་རིང་གི་ཤེས་རིག་ཚོགས་ཆེན་ལ་མཚོན་ན་ཡང་ཕྱིའི་རྣམ་པའི་ཆ་ནས་ཚད་མེད་པའི་དགའ་སྣང་སྐྱེས་གཞི་རུ་ངོས་འཛིན་ཞུ་འོས།

    Reply
  8. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད་མི་ཚོར་བོད་ཡིག་ལྟ་ཀློག་གི་གོམས་གཤིས་ཤིག་འཇགས་རྒྱུ་གལ་ཆེན་པོ་རེད། ཡིན་ཡང་། སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བའི་མི་རྣམས་ཀྱི་ཁམས་དང་མོས་པ་ལ་འཕྲོད་ཅིང་ཀློག་སྤྲོ་བའི་དཔེ་དེབ་ཀྱང་དཀོན་པོ་རེད།

    མང་ཚོགས་དང་གསར་སྐྱེས་གཞོན་ནུ་ཕོ་མོ་དེ་དག་གིས་ཆབ་སྲིད་ཀྱི་ཡིག་ཆ་རྐྱང་བཀླགས་ནས་འདུག་གི་མ་རེད། ཞལ་འདོན་གྱི་དཔེ་དེབ་དེ་ཚོར་དེ་བས་ཀྱང་མགོ་འཁོར་ནས་འདུག་གི་མ་རེད། ད་ནི་རྩོམ་པ་པོ་རྣམས་ལའང་རང་གི་སྤྱི་ཚོགས་ཀྱི་གྲུ་ཟུར་གང་སར་འཁོར་ནས་དེབ་འབྲི་བའི་འོས་འགན་ཞིག་ཡོད་པ་རེད།

    Reply
  9. blackman says:
    ལོ་ 17 སྔོན།

    ཐུགས་་རྗེ་ཆེ། ལག་ལེན་ལ་བསྟར་རོགས་གནང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese