མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྒྱ་ནག་གི་ཆ་ཤས་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་སྲིད་བློན་གྱིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་འཛིན་བྱས་འདུག

ཆེས་ ༣༠ ཉིན་ཞིན་ཧྭ་གསར་ཁང་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གོང་ཚེས་ཉིན་བལ་ཡུལ་གྱི་སྲིད་བློན་ Madhav Kumar མ་ཌི་ཁོ་མར་མཆོག་རྒྱ་ནག་དུ་འཚམས་གཟིགས་སུ་ཕེབས་ཏེ་སྲིད་བློན་ཝུན་ཅ་པའོ་དང་དཔོན་རིགས་གཞན་ལ་ཐུག་འཕྲད་བྱས་ཡོད་པར་མ་ཟད། ཁོང་གིས་བོད་དང་ཐའེ་ཝན་གཉིས་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད་པ་དང་། བལ་ཡུལ་གཞུང་གིས་བལ་ཡུལ་གྱི་ས་ཐོག་ནས་རྒྱ་རྒོལ་གྱི་ལས་འགུལ་འགོག་སྡོམ་བྱེད་པའི་དོན་དུ་ལས་དོན་ཅི་ཡང་ལག་བསྟར་བྱ་ངེས་ཡིན་ཅེས་ཁས་ལེན་ཀྱང་བྱས་ཡོད་པ་རེད། སྐབས་དེར་རྒྱ་གཞུང་གིས་ཁོང་ལ་རྒྱ་ནག་ཆིན་ཧྭ་སློབ་ཆེན་དུ་གསུང་བཤད་གནང་རྒྱུའི་གོ་སྐབས་ཀྱང་སྤྲད་ཡོད་པ་རེད། ཐེངས་འདིའི་འཚམས་གཟིགས་སྐབས་བལ་ཡུལ་སྲིད་བློན་མཆོག་གིས་སྤྱི་ཚོགས་དང་དཔལ་འབྱོར། མཁའ་ལམ། ཞིང་ལས་དང་ཕྱུགས་གསོ། ཚོང་དོན་སོགས་ཀྱི་ཐད་ཡུལ་གཉིས་བར་ཕན་ཚུན་མཉམ་ལས་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག

དེ་བཞིན་ཁོང་གིས་ཡུལ་སྐོར་ལས་རིགས་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པའི་བྱ་གཞག་ཅིག་ཡིན་ལ། བལ་ཡུལ་གྱིས་རྒྱ་མི་ཡུལ་སྐོར་བ་གང་མང་ཞིག་ཡུལ་དེར་ལྟ་སྐོར་དུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད་ཅེས་དང་། བལ་ཡུལ་གྱིས་ཕྱི་ལོ་ ༢༠༡༡ ལོ་ནི་ཡུལ་སྐོར་གྱི་ལོ་ཞིག་ཏུ་སྲུང་གཙི་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད་འདུག
ཁོང་གི་གཟིགས་སྐོར་སྐབས་ཁོང་རྒྱ་གན་གི་ཞི་ཨན་སོགས་སུ་ལྟ་སྐོར་དུ་ཕེབས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༣ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༤ སྔོན་ལ།

མཆན། 17

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    གཅན་ཚ་དཔལ་ལྡན། ལན་རྒྱབ་པ་ལ་ཐུགས་རྗེ་ཆེ། འོན་ཀྱང་བླུན་རྒན་ཁྱེད་ཀྱིས་བདག་ཅི་ཟེར་གྱིན་ཡོད་པ་ཙམ་ཡང་གོ་མི་འདུག ད་དུ་ཡང་ལན་འབྲི་ཁུལ་བྱེད་པ་འདི་ངོ་རེ་ཚ།
    གོང་དུ་གསར་འགོད་པས། ༼བལ་ཡུལ་སྲིད་བློན་གྱིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་འཛིན་བྱས་འདུག༽
    ཞེས་པའི་སྐབས་ཀྱི་ཚིག་གྲུབ་འདི་ལ་ཕྲད་སྦྱར་སྟང་གི་ཚ་ནས་འགྲིགས་མི་འདུག་ཞེས་བརྗོད་པ་ཡིན། བདག་གི་ཚིག་གྲུབ་འདི་གཉིས་ལ་དོན་གྱི་ཆ་ནས་ཁྱད་པར་ཅི་ཞིག་འདུག་ཞེས་དྲིས་མ་སོང་།

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    དགུ་ཚིགས་སྐྱ་མོ་ཟེར་བ་ཞིག་གིས་རང་ཉིད་ཐོས་རྒྱ་ཆུང་དྲགས་པའི་སྟབས་ཀྱིས་དོན་མེད་ལ་ལབ་བརྡོལ་འབྱིན་བཞིན་འདུག བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའམ་རྒྱ་ནག་ནས་བྲལ་ཐབས་མེད་པའི་ཆ་ཤས་རེད་ཟེར་བ་གཉིས་ལ་ཚིག་གི་ཆ་ནས་ཁྱད་པར་ཡོད་ཀྱང་། དོན་གྱི་ཆ་ནས་ཁྱད་པར་མེད་པ་རེད། གང་བྲིས་ཀྱང་འགྲིག་འདུག་པ་ཞིག་རེད།
    གཅིག་བདག་པོ་དང་ཡུལ་གྱི་འབྲེལ་བ་དང་གཞན་དེ་འབྱུང་ཁུངས་བསྟན་གྱི་ཡོད་པ་རེད། ད་ཡང་ཁ་གསལ་པོར་བརྗོད་ན་བོད་དེ་ནམ་ཡང་ཁ་འབྲལ་མི་རུང་བར་རྒྱ་ནག་གི་ཡིན་པ་དང་རྒྱ་ནག་ལ་དབང་གི་རེད་ཟེར་བའི་དོན་དང་། གཞན་དེ་བོད་དེ་རྒྱ་ནག་ནས་ཁ་འབྲལ་ཉན་གྱི་མ་རེད་ཟེར་བའི་དོན་རེད། འདིར་བལྟས་ཡོང་ན་ཕལ་ཆེར་ཁྱེད་ཀྱིས་བརྡ་སྤྲོད་ཀྱི་གཞུང་ལུགས་གང་ཡང་སྦྱངས་ཡོད་ས་མ་རེད། དྲ་ཚིགས་འདིར་གནད་དོན་གལ་ཆེའི་བགྲོ་གླེང་གནང་ས་ཞིག་ཡིན་པ་ལས་སུམ་རྟགས་ཡན་ཆན་སློབ་སྦྱོང་བྱེད་སའི་ལས་དང་པོ་བའི་གར་སྟགས་ཤིག་མ་རེད། དེ་ཤེས་དགོས་པར་གྱིས། གཞན་དེ་ཡར་རྒྱས་འགྲོ་བའི་འཛམ་གླིང་འདིའི་ཐོག་གི་མའོངས་པ་ཞེས་པའི་གནས་ཚུལ་དེ་དུས་བབ་དྲ་ཚིགས་སུ་དུས་ལྟར་ཐོན་མེད་པ་དངོས་ནས་ཡིན་ཡང། ཚགས་ཤོག་ཐོན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། དེ་ཡང་ཁྱོད་ཀྱིས་མ་མཐོང་ན་ཁྱེད་རང་ཡིག་རྨོངས་བ་ཞིག་གམ་ཡང་ན་མིག་ཟུང་ཕྱོགས་ཞེན་གྱི་དྲི་མས་སྦགས་བ་ཞིག་ཡིན་རྒྱུ་རེད། མང་པོ་བཤད་རྒྱུ་མེད།

    Reply
  3. གཅན་ཚ་དཔལ་ལྡན། says:
    ལོ་ 15 སྔོན།

    དགུ་ཚིགས་སྐྱ་མོ་ཟེར་བ་ཞིག་གིས་རང་ཉིད་ཐོས་རྒྱ་ཆུང་དྲགས་པའི་སྟབས་ཀྱིས་དོན་མེད་ལ་ལབ་བརྡོལ་འབྱིན་བཞིན་འདུག བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའམ་རྒྱ་ནག་ནས་བྲལ་ཐབས་མེད་པའི་ཆ་ཤས་རེད་ཟེར་བ་གཉིས་ལ་ཚིག་གི་ཆ་ནས་ཁྱད་པར་ཡོད་ཀྱང་། དོན་གྱི་ཆ་ནས་ཁྱད་པར་མེད་པ་རེད། གང་བྲིས་ཀྱང་འགྲིག་འདུག་པ་ཞིག་རེད།
    གཅིག་བདག་པོ་དང་ཡུལ་གྱི་འབྲེལ་བ་དང་གཞན་དེ་འབྱུང་ཁུངས་བསྟན་གྱི་ཡོད་པ་རེད། ད་ཡང་ཁ་གསལ་པོར་བརྗོད་ན་བོད་དེ་ནམ་ཡང་ཁ་འབྲལ་མི་རུང་བར་རྒྱ་ནག་གི་ཡིན་པ་དང་རྒྱ་ནག་ལ་དབང་གི་རེད་ཟེར་བའི་དོན་དང་། གཞན་དེ་བོད་དེ་རྒྱ་ནག་ནས་ཁ་འབྲལ་ཉན་གྱི་མ་རེད་ཟེར་བའི་དོན་རེད། འདིར་བལྟས་ཡོང་ན་ཕལ་ཆེར་ཁྱེད་ཀྱིས་བརྡ་སྤྲོད་ཀྱི་གཞུང་ལུགས་གང་ཡང་སྦྱངས་ཡོད་ས་མ་རེད། དྲ་ཚིགས་འདིར་གནད་དོན་གལ་ཆེའི་བགྲོ་གླེང་གནང་ས་ཞིག་ཡིན་པ་ལས་སུམ་རྟགས་ཡན་ཆན་སློབ་སྦྱོང་བྱེད་སའི་ལས་དང་པོ་བའི་གར་སྟགས་ཤིག་མ་རེད། དེ་ཤེས་དགོས་པར་གྱིས། གཞན་དེ་ཡར་རྒྱས་འགྲོ་བའི་འཛམ་གླིང་འདིའི་ཐོག་གི་མའོངས་པ་ཞེས་པའི་གནས་ཚུལ་དེ་དུས་བབ་དྲ་ཚིགས་སུ་དུས་ལྟར་ཐོན་མེད་པ་དངོས་ནས་ཡིན་ཡང། ཚགས་ཤོག་ཐོན་ཡོད་པ་དེ་དངོས་ཡོད་གནས་ཚུལ་རེད། དེ་ཡང་ཁྱོད་ཀྱིས་མ་མཐོང་ན་ཁྱེད་རང་ཡིག་རྨོངས་བ་ཞིག་གམ་ཡང་ན་མིག་ཟུང་ཕྱོགས་ཞེན་གྱི་དྲི་མས་སྦགས་བ་ཞིག་ཡིན་རྒྱུ་རེད། མང་པོ་བཤད་རྒྱུ་མེད།

    Reply
  4. རྭ་ལོ། says:
    ལོ་ 15 སྔོན།

    བཤད་ན་ལས་སླ་བོ་ཡོད། འདི་ན་དོན་དག་ཞིག་མེད་ན་བཀའ་ཁྲིས་མཁས་མང་འཚོགས་པའི་དབུས་ནས་ཚིག་དོན་རེ་རེ་བཞིན་འགྲེལ་དགོས་དོན་ག་རེ་ཡོད། གལ་གནད་ཅིག་མེད་ན་རྒྱལ་ཁབ་འདི་དག་གིས་ཡང་དང་བསྐྱར་དུ་བོད་རྒྱ་ནག་གི་ཆ་ཤས་དང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་རེད་ཅེས་བཤད་དགོས་དོན་ཨེ་ཡོད།

    རང་ཉིད་ནས་མགོ་རྩོམ་དགོས་པར་བཤད་མཁན་མང་ཡང་། རང་ཉིད་ནས་མགོ་རྩོམ་སྟངས་ཤོད་དང་། བོད་ཀྱང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཁོར་འགྲོས་ནང་ཚུད་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱིས་བོད་ལ་རྣམ་འགྱུར་གང་འདྲ་ཞིག་འཛིན་མིན་ནི་གལ་ཆེན་པོ་ཆགས་ཡོད་པ་རེད། གནད་འདི་དག་མ་ཤེས་པར་སོ་སོས་ཅིག་བྱེད་དགོས་པར་བཤད་པ་ནི་ཆོ་མེད་པའི་སྐད་ཆ་རང་རེད།

    Reply
  5. འཁྱམས་པོ། says:
    ལོ་ 15 སྔོན།

    ང་ཚོས་ནམ་ཡང་གཞན་ཞིག་གིས་ཟེར་སྒྲོས་ལ་བཏགས་ནས་འཚོ་བ་དང་འགུལ་སྐྱོད་བྱེད་དགོས་པ་ནི་ཐབས་སྡུག་རེད། དེ་ལས་རང་ཉིད་ནས་རང་ནང་ལ་ཡིད་བརྟན་ཆོག་པས་ནུས་པ་ཞིག་རྩིགས་དེ་རང་དོན་ནི་རང་གིས་སྒྲུབ་རྒྱུ་དེ་གལ་ཆེན་རེད། ཡང་གཅིག་བཤད་ན་འདས་ཟིན་པས་ལོ་རྒྱུས་ནི་ལོ་རྒྱུས་རང་རེད་དེ་ལ་སུ་ཞིག་གིས་བཟོ་བཅོས་རྒྱག་ཐུབ་བམ། གལ་སྲིད་གོ་ལའི་འཁོར་འགྲོས་ལྡོག་ཕྱོཊ་སུ་འཁྲིད་ཐུབ་མཁན་ཞིག་ཡོད་ན་མ་གཏོག
    ད་ལྟའི་ང་ཚོས་གནས་སྟངས་དེ་ལ་ཁོང་ཚོས་སྐྱག་རྫུན་ཤོད་ཐབས་མེད་ལ་འཛམ་གླིང་མི་མང་གིས་མིག་མཐོང་ལག་ཟིན་རེད།
    མ་འོངས་པ་ནི་ང་ཚོས་ལག་དུ་ཡོད་ལ་དེ་ཇི་འདྲ་ཞིག་དུ་འགྱུར་རྒྱུ་ནི་ང་ཚོ་རང་ཉིད་ལ་རག་ལས་བསྡད་ཡོད་་་་་

    Reply
  6. རྨེ་རུ། says:
    ལོ་ 15 སྔོན།

    འཆམ་ར་ལགས་འདི་འདྲ་བྱུང་ན་བདག་གི་སྙིང་ནད་འདི་དྲག་ས་རེད།

    Reply
  7. འཆམ་ར་དྲི་མེད་རྒྱལ་མཚན། says:
    ལོ་ 15 སྔོན།

    ད་ལྟ་ཐེ་བོད་རྒྱ་ནག་གི་ཆ་ཤས་རེད་ལབ་མཁན་དེས
    རྗེས་མ་བལ་ཡུལ་ཡང་རྒྱ་ནག་གི་ཆ་ཤས་བཟོ་ཡི་རེད

    Reply
  8. རྨེ་རུ། says:
    ལོ་ 15 སྔོན།

    བལ་གཞུང་འདི་ཅི་འདྲ་སེམས་ལ་ཟན་པོ་ཞིག་རེད།
    ང་ཚོས་ཅི་ཞིག་བྱེད་དགོས་སམ།

    Reply
  9. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    སྤོབས་པ་ལགས། དེ་བདེན། བོད་ནང་གི་རྒྱ་མིའི་མི་འབོར་ཙམ་ཞིག་བལ་ཡུལ་ནང་ཡོང་བཅུག་དང་དེ་ནས་ཧ་གོ། འོན་ཀྱང་བལ་པོའི་སྲིད་བློན་ནས་ག་རེ་ལབ་སོང་ཡག་པོ་ཧ་གོ་མ་སོང༌། ཁོ་རང་རང་གིས་གང་བཤད་པ་TV ནང་དངོས་སུ་མཐོང་ན་མ་གཏོགས་ཡིད་ཆེས་ས་མ་རེད། ཨོ་བྷག་མས་གང་ལབ་པ་ནི་Tibet as a part of the People’s Republic of China འདི་རེད་མགཏོགས། part of China་ མ་རེད། ང་རང་རང་གིས་མཐོང་སོང༌།

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་ཁུལ་བྱེད་མཁན་དེ་ཚོ་ཁོ་རང་ཚོ་རྒྱ་ནག་གི་ཆ་ཤས་སུ་འགྱུར་གྲབས་ཡོད་པའི་རྟགས་རེད། བལ་ཡུལ་གཞུང་འདི་སྨད་འཚོང་མ་ཞིག་དང་གཅིག་མཚུངས་རེད། རྒྱ་གར་ནག་གཉིས་ཀ་དངུལ་སུས་མང་བ་སྤྲོད་ན་དེའི་རྗེས་སུ་རྒྱུག་གི་རེད། བལ་རྒན་སྒྱིད་ཕྲ་འདི་ཚོ་ཉི་མ་གཅིག་རྒྱ་མི་ཚོས་ཀོ་བ་མཉེད་མཉེད་བྱེད་ཀྱི་རེད། བོད་མི་ཚོས་བལ་ཕྲུག་སྟོང་ཕྲག་མང་པོར་འཚོ་བ་དང་ཤེས་ཡོན་གཉིས་ཆར་སྤྲད་ནས་བཞག་ཡོད་པ་འདྲ་བ་རྒྱ་མིས་ནམ་ཡང་བྱ་རྒྱུ་མ་རེད།

    Reply
  11. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    ནོར་བཅོས། ཤ་ཤས། ཆ་ཤས།

    Reply
  12. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས། སྐུ་ཉིད་ལྷག་བསམ་ཅན་ཞིག་ཡིན་པར་བསམས་ནས་ངས་འདིར་བཤད་པ་ཡིན། ཁ་ཤས་ཀྱིས་ཤེས་ན་ཡང༌། རྐང་བཙུགས་ནས་བོད་མི་རྣམས་སེམས་ཤུགས་ཆག་ཐབས་དང༌། བཙན་བྱོལ་གཞུང་ལ་མི་དགའ་བ་བཟོ་ཐབས་ཞིག་བྱེད་བཞིན་ཡོད་པ་མཐོང་གིན་འདུག གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པ་དང་རྒྱ་ནག་གི་ཆ་ཤས་ཡིན་པ་གཅིག་པ་ཡིན་ཞེས་ལབ་ན། དེ་ནི་རྒྱུ་མཚན་དང་མི་ལྡན་པ་མ་ཟད་རང་མགོ་རྡུང་བ་རང་རེད། གཞུག་མ་རྒྱ་མིས་ཨ་རིའི་སྲིད་འཛིན་གྱིས་འདི་གསུང་པ་རེད། དེའི་དོན་ནི་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་བའི་དོན་ཡིན་པ་བོད་རང་ཉིད་ཀྱིས་ཁས་བླངས་པ་རེད་ཟེར་སྲིད།

    ཨ་རིའི་སྲིད་འཛིན་གྱིས་དེ་ལྟར་གསུང་ཡོད་པའི་དབང་དུ་བཏང་ཡང༌། ང་ཚོས་ཨ་རི་ལ་ངོ་རྒོལ་བྱས་པ་དེས་རྒྱ་ནག་ལ་ཁེ་ཕན་སྤྲོད་པ་ཞིག་ལས་དེས་བོད་ལ་ཁེ་ཕན་ཅི་ཡང་ཐོབ་མི་སྲིད། འོན་ཀྱང་ཨོ་བྷག་མས་དེ་ལྟར་གསུངས་མེད། ད་དུང་ཞིབ་ཏུ་བཤད་ན། རྒྱ་ནག་ལ་དགོས་པའི་ཚིག་ནི། བོད་དེ་རྒྱ་ནག་དང་ནམ་ཡང་ཁ་བྲལ་དུ་མི་རུང་པའི་ཆ་ཤས་ཟེར་བ་དེ་རེད། དེ་ནི་མང་གཙོའི་རྒྱལ་ཁབ་ཅིག་གིས་བརྗོད་ཤེས་ཐབས་མེད་ལ། ཨ་རི་ལྟ་བུ་མཚོན་ན། བོད་མ་དགོས། ཤང་ཧེ་ལྟ་བུ་ཡང་རྒྱ་ནག་ལས་དུས་ནམ་ཡང་ཁ་བྲལ་མི་ཆོག་པར་བརྗོད་ཤེས་ཐབས་མེད་པ་རེད།

    དེ་ལས་ང་ཚོས་ད་ལྟ་ནས་དེ་གཉིས་ལ་ཁྱད་པར་ཡོད་པ་བཤད་པ་ཡིན་ན། ནམ་ཞིག་རྒྱུ་མཚན་སྦྱང་བཤད་བྱེད་པའི་གོ་སྐབས་ཤིག་བྱུང་བ་ཡིན་ན་དེ་དུས་ང་ཚོ་འཇུ་ས་ཞིག་ཡོད་པ་རེད། རྩ་བའི་ཨོ་བྷག་མས་ག་རེ་ལབ་ཡོད་པ་དང༌། རྒྱ་གར་གྱིས་ག་རེ་ལབ་ཡོད་པ་བཀའ་ཁྲི་ནས་གསལ་པོ་གསུངས་འདུག ཟླ་བ་ ༡༢ པའི་འགོ་སྟོད་ལ་Future of Tibet in the Emerging World ཟེར་བའི་བརྗོད་གཞིའི་ཐོག་བོད་དང་རྒྱ་གར་གྱི་གནད་ཡོད་མི་སྣ་མང་པོ་ཞིག་རྡ་སར་བགྲོ་གླེང་བྱས་པ་རེད། སྐབས་དེར་ཟམ་གདོང་རིན་པོ་ཆེས་གསལ་པོ་གསུངས་ཡོད་རེད། སྐབས་དེར་ཨ་རིའི་ནང་གི་བོད་སྐད་རླུང་འཔྲིན་གཉིས་ནས་དོ་སྣང་ཆེན་པོས་བཤད་པ་དང་དྲི་བ་དྲི་ལན་སོགས་མང་པོ་བྱས་སོང༌། འོན་ཀྱང་རྡ་རམ་ས་ལའི་ཚགས་ཤོག་གི་དྲ་བ་དེ་ཚོའི་ནང་མཐོང་མ་སོང༌། ངས་མ་མཐོང་བ་ཡིན་ནམ། མ་བཀོད་པ་ཡིན་ནམ། ག་རེ་བྱས་ནས་མ་བཀོད་པ་ཡིན་ཧ་གོ་མ་སོང༌། གང་ལྟར་བཀོད་ཀྱང་སྐུ་ཉིད་ཀྱིས་གཟིགས་ཡོད་ས་མ་རེད། དེར་བརྟེན་ ཁོང་གི་གསུང་པ་དུམ་བུ་ཞིག་ཕ་ཡུལ་དྲ་རྒྱ་ནང་ཡོད་པ་གཤམ་དུ་བཀོད་ཀྱི་ཡིན།

    གང་ལྟར་བོད་གཞུང་གི་ལྟ་སྟངས་དེ་འདྲ་ཞིག་གི་ཐོག་ནས་དེ་ལ་ངོ་རྒོལ་མ་བྱས་པ་རེད། དེ་བཞིན་གཞོན་ནུ་ལྷན་ཚོགས་ནས་ཀྱང་དམིགས་བསལ་གྱི་ལས་འགུལ་དེ་འདྲ་ཆེན་པོ་སྤེལ་མེད། ཁོང་རྣམ་པས་ལྟ་སྟངས་དེ་འདྲ་ཞིག་གི་ཐོག་ནས་ངོ་རྒོལ་མ་བྱས་པ་རེད། ད་འོ་ན། བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཤ་ཤས་རེད་ཟེར་བ་དེས། བོད་དེ་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་རེད་ཅེས་པའི་དོན་དུ་གོ་དགོས་ཞེས་ཨུ་ཚུགས་རྒྱག་མཁན་ཚོས་ལས་འགུལ་ག་རེ་སྤེལ་འདུག ངས་འདི་བྱས་པ་ཡིན་ཏེ་བཀའ་ཤག་གི་བྱས་མ སོང་ལབ་ན་འགྲིག་པ་རེད།

    ངས་འདིར་གསལ་བཤད་བྱེད་དགོས་དོན་ནི། བོད་ནང་གི་མི་མང་པོ་ཞིག་ནས་༧གོང་ས་མཆོག་གི་མཛད་འཔྲིན་ལས་སྟོབས་ཆེན་ཨ་རིའི་སོགས་ཀྱི་རྒྱབ་སྐྱོར་ཆེན་པོ་ཞིག་ཡོད་པའི་སྐབས་འདིར་ཤུགས་རྒྱག་དགོས་ཞེས་སེམས་ཤུགས་དང་་སྤོབས་པ་བྱེད་ཀྱིན་འདུག དེར་བརྟེན་ཨ་རི་ཡིས་བྱས་མ་སོང༌། བཀའ་ཤག་གིས་བྱས་མ་སོང༌། སྤྱི་འཐུས་ཀྱིས་བྱས་མ་སོང༌། དེ་ལ་སོགས་པ་རང་གི་ལས་འགན་དེ་བཤད་ཡ་མ་གཏོགས་མེད་པའི་བཟོ་འདྲ་བྱས་པ་ཡིན་ན། བོད་ནང་གི་མི་མང་པོ་ཞིག་བདེན་པར་སྙམ་ནས་སེམས་ཤུགས་ཆག་གི་འདུག བོད་ནང་གི་མི་མང་པོ་ཞིག་སྲོག་བློས་གཏོང་བཞིན་པ་རེད། ཁོང་ཚོས་དངོས་ཡོད་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་རང་ཉིད་ཀྱི་ལམ་ཁ་གདམ་དགོས་པ་གལ་ཆེན་པོ་མཐོང་ནས་ངས་འདི་བཤད་པ་ཡིན་ལགས།

    In his key note address, Prof. Rinpoche said that India has maintained a consistent stance on Tibet over the years. “Government of India has never stated that Tibet is a part of China so far,” the Tibetan Prime Minister said.

    “In the past India said that ‘Tibet is an autonomous region of China’, later it put it that ‘Tibet is an autonomous region of the People’s Republic of China’. The latest one, stated by Atal Bihari Vajpayee (former Indian prime minister) during his visit to China was that ‘Tibetan Autonomous Region is a territorial part of the People’s Republic of China’. And the Indian government still treads on the same stated position on Tibet,” Rinpoche said.

    All these expressions, Rinpoche said, should be read in entirety, and not in parts.

    “Even President Obama during his visit to China last month said that US is recognizing ‘Tibet as a part of the People’s Republic of China’, but he did not say ‘part of China’,” Rinpoche added.

    Rinpoche said that in the present context it was wrong to construe “People’s Republic of China” and “China” as being one and the same thing, both from the “political and diplomatic point of view.”

    Reply
  13. དགུ་ཚིགས་སྐྱ་མོ། says:
    ལོ་ 15 སྔོན།

    གསར་འགོད་པ།
    ནོར་
    བལ་ཡུལ་སྲིད་བློན་གྱིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་༼ གི་ ༽ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་འཛིན་བྱས་འདུག
    བཅོས་
    བལ་ཡུལ་སྲིད་བློན་གྱིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་༼ ནས ༽་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་པར་ངོས་འཛིན་བྱས་འདུག
    མཁས་དབང་ཚོ། གལ་སྲིད་ཁྱེད་ཀྱིས་འདིར་དགར་སྒྲ་ནས་མ་སྦྱར་ན་ཚིག་གྲུབ་འདིས་དོན་ཅི་བཞིན་སྟོན་ནུས་སམ།
    ཡང་ན།
    བལ་ཡུལ་སྲིད་བློན་གྱིས་བོད་དང་ཐའེ་ཝན་གཉིས་རྒྱ་ནག་གི་ ༝༝༝༝ཁ་བྲལ་ཐབས་མེད་པའི་༝༝༝༝༝༝༝ཆ་ཤས་ཡིན་པར་ངོས་འཛིན་བྱས་འདུག

    Reply
  14. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བལ་ཡུལ་གྱི་སྲིད་འཛིན་རྫུན་མ་འདིས་བོད་དང་ཐའི་ཝན་གཉིས་རྒྱ་ཁུངས་ཡིན་པའི་རྒྱལ་དཔང་བྱེད་མི་ཐུལ་ལ་བལ་ཡུལ་ཁོ་རང་ལ་རྒྱལ་ཁབ་ཀྱི་རྩ་ཁྲིམས་མེད་པ་མ་ཟད་རྩ་ཁྲིམས་མེད་པའི་རྒྱལ་ཁབ་ཞིག་གི་སྲིད་འཛིན་འདི་ནི་རང་གི་རྐུབ་བཀྱགས་སྟེང་ནས་ནམ་ལྷུང་ཆ་མེད་རེད། རྩ་ཁྲིམས་མེད་པའི་རྒྱལ་ཁབ་ཀྱི་སྲིད་འཛིན་འདི་འཛམ་གླིང་སྤྱིའི་ཁྲིམས་ཐོག་ནས་འདི་ནི་རྒྱལ་ཁབ་ཞིག་སྲིད་འཛིན་ངོས་ལེན་ག་ལ་ཡོད།
    ང་རང་ཚོ་བོད་གཞུང་གི་ངོས་ནས་འདི་ནི་མི་སྒེར་ཞིག་མ་གཏོགས་རྒྱལ་ཁབ་ཞིག་གི་སྲིད་འཛིན་ཡིན་པར་ངོས་ལེན་བྱེད་མི་དགོས།
    ཡིན་ཡང་སྲིད་འཛིན་རྫུན་མ་འདིས་བྱེད་ཐུབ་པ་ནི་བལ་ཡུལ་དུ་ཡོད་པའི་བོད་མི་རྣམས་ལ་དཀའ་ངལ་དང་བོད་མི་རྒྱུ་ཆེན་རྣམས་ཀྱི་དཔལ་འབྱོར་ལ་མིག་ཚ་བཞིན་པ་འདི་དངོས་ཡོད་རེད།
    དེ་འདྲ་ཡིན་དུས་བོད་མི་འབྱོར་ལྡན་རྣམས་ཀྱིས་གཟབ་ཙམ་བྱེད་ན་དགའ་བལ་ཡུལ་དུ་ཡོད་པའི་བོད་མི་ཚོས་ཐབས་ཤེས་ཅི་ཡོང་ཐོག་ནས་རྒྱལ་ཁབ་གཞན་ལ་གནས་སྤོར་བྱ་ཐུབ་པ་བྱུང་ན་ཡག་པོ་རེད།

    Reply
  15. འོས་ལངས། says:
    ལོ་ 15 སྔོན།

    དེང་སང་ཕྱི་རྒྱལ་ཁག་གི་དཔོན་པོ་ཚོའི་ཁྲོད་ན་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་ལེན་བྱས་དང་བྱེད་བཞིན་ཡོད་པ་དེ་ནི། བརྟན་གསལ་མེད་པའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་བརྟེན་ནས་བྱུང་བར་འདོད། བོད་གཞུང་རང་གིས་དེ་ལྟར་ངོས་ལེན་འདྲ་བྱས་བསྡད་ན། སྲིད་གཞུང་གཞན་ཁག་གིས་དེ་འདྲ་བཤད་ངེས་པ་རེད།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 15 སྔོན།

    བོད་མི་མི་ཉུང་བ་ཞིག་གིས་དེང་སང་ཆབ་སྲིད་མཁས་དབང་ཡིན་ན་ཞིག་ཡིན་ཟེར་ནས་རང་གི་རྒྱལ་ཁབ་འདི་གཞན་གྱི་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་བསྒྲགས་ན་ཡང་། དེ་ལ་ངོ་རྒོལ་སོགས་གང་ཡང་མེད་པར་ཁ་རོག་གེར་བཞག་ཡོད་པ་འདིས། ད་ནི་མི་རིང་བར་བོད་འདི་རྒྱ་ནག་གི་ཆ་ཤས་སྙོན་མེད་ཅིག་དུ་རྒྱལ་སྤྱིའི་སྟེང་ནས་ས་བསྒྲགས་གནམ་བསྒྲགས་བྱེད་རྒྱུ་ཡིན་པ་འདྲ། ད་ནི་ཆབ་སྲིད་མཁས་དབང་གི་མིང་ཡོད་མཁན་དག་ནི་རང་འགར་བསྡོད་པའི་དུས་ནི་གཏན་ནས་མིན་ཚོད་རེད།

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    ཉེ་བའི་ཟླ་གསུམ་གྱི་ནང་ཚུད་དུ། བོད་རྒྱ་ནག་གི་ཆ ཤས་རེད་ཟེར་མཁན་རྒྱལ་ཁབ་གསུམ་བྱུང་། དང་པོ་ཨ་རི་རེད། དེའི་རྗེས་ནས་ཌན་མག་རེད། མཐའ་མ་དེ་བལ་ཡུལ་རེད།

    ༢༠༡༠ ལོར་བོད་རྒྱ་ནག་གི་ཆ་ཤས་རེད་ཟེར་མཁན་གྱི་རྒྱལ་ཁབ་ཇེ་མང་དུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་འདུག

    དེ་བཞིན་༧རྒྱལ་བ་རིན་པོ་ཆེར་མཇལ་འཕྲད་མི་གནང་ཟེར་མཁན་གྱི་དབུ་ཁྲིད་ཀྱང་ཇེ་མང་དུ་འགྲོ་སྲིད་པ་རེད།

    ༢༠༠༩ ལོ་ནི་ང་ཚོའི་ཕྱི་འབྲེལ་གྱི་ཕམ་ཁ་ཆེ་བའི་ལོ་ཞིག་ཡིན་འདྲ།

    སྲིད་འཛིན་ཨོ་བྷ་མ་ཉེ་ལམ་༧གོང་ས་མཆོག་ལ་མ་མཇལ་བའི་རྒྱབ་ལྗོངས་སྐོར་གྱི་དགོངས་འཆར་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་བས་གསུངས་འདུག
    གཤམ་དུ་གཟིགས་རོགས།

    Former Czech President Vaclav Havel, in an interview with Foreign Policy Magazine on Dec. 9:

    FP: After President Obama’s decision to postpone his meeting with the Dalai Lama, you said something to the effect that these small gestures seem harmless, but over time can have a powerful, cumulative effect. For the hardhearted realists, can you explain that effect?

    Havel: We know this from our modern history. When [French Prime Minister Edouard] Daladier returned from the [1938] Munich conference, the whole nation was applauding him for saving the peace. He made a miniscule compromise in the interest of peace. But it was the beginning of a chain of evil that subsequently brought about many millions of deaths. We can’t just say, “This is just a small compromise that can be overlooked. First we will go to China and then perhaps talk with the Dalai Lama.” . . .

    FP: You make it sound so easy. But how, as president, do you decide when these small compromises are worth it and when they might lead to something more dangerous?

    Havel: Politics . . . means, every day making some compromises, and to choose between one evil and another evil, and to decide which is bigger and which is smaller. But sometimes, some of these compromises could be very dangerous because it could be the beginning of the road of making a lot of other compromises, which are results of the first one, and there are very dangerous compromises. And it’s necessary, I think, to have the feeling which compromise is possible to do and which, could be, maybe, after ten years, could be somehow very dangerous.

    I will illustrate this with my own experience. Two days after I was elected president, I invited the Dalai Lama to visit. I was the first head of the state who invited him in this way, directly. And everybody was saying that it was a terribly dangerous act and issued their disapproving statements and expressions. But it was a ritual matter. Later, the Chinese deputy prime minister and the foreign minister came for a visit and brought me a pile of books about the Dalai Lama and some governmental documents about what good care they have taken of Tibet, and so on. They were propagandist, fabricated books, but he felt the need to explain something to me.

    I had a press conference with this minister of foreign affairs. And he said, “It was wonderful, meeting, because we were speaking openly. Mr. Havel gave me his opinion, and I explained the opinion of our government. I gave him this book, and he thanked me for it.”

    This was unbelievable! Why did they feel the need to explain their point of view to the leader of such a small nation? Because they respect it when someone is standing his ground, when someone is not afraid of them. When someone soils his pants prematurely, then they do not respect you more for it.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese