མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་ནས་༧པཎ་ཆེན་སྐུ་ཕྲེང་བཅུ་བར་རྗེས་དྲན་ཞུས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་སྐུ་བཞུགས་སྐབས་བོད་རིགས་རྣམས་ཀྱིས་བྱ་བ་སྒྲུབ་བདེ་བོ་དང་སྲིད་ཇུས་བཟང་བོ་ཡོད་ནའང་། ཁོང་སྐུ་གཤེགས་རྗེས་བྱ་བ་སྒྲུབ་བདེ་བོ་མེད་པར་མ་ཟད་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་ཐད་ས་ཆ་འགར་ལྟག་ཆུ་ཆད་པའི་རྫིང་བུ་ལྟར་གྱུར་འདུག་ཟེར།

བོད་ཀྱི་ན་གཞོན་གསར་བའི་དྲ་རྒྱའི་སྟེང་གཙང་ཁུ་ལུང་པ་ལོ་རྒྱུན་བཟང་པོས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༦ ཉིན་གྱི་དགུང་མོར་ཀྲུང་དབྱང་མི་རིགས་སློབ་གླིང་དུ། ༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་བ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༢༠ འཁོར་བར་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་ཞིག་བསྡུས་པ་དང་། ཚོགས་འདིའི་སྟེང་རྒན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས། རླབས་ཆེན་གྱི་བླ་མ་ཁོང་ནི་སྐུ་ཚེ་ཧྲིལ་བོར་བོད་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་དར་རྒྱས་ཀྱི་ཆེད་དུ། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཚད་དུ་བཟུང་ནས་སྐུ་ལས་དཔག་མེད་བསྐྱོན་མཁན་ཞིག་དང་། བོད་མི་རིགས་ཀྱི་དོན་དུ་ཆེ་བ་རྒྱལ་ཁབ་ཀྱི་དཔོན་པོ་དང་དམའ་བ་བཙོན་པ་གནང་མྱོང་མཁན་གྱི་བླ་ཆེན་ཞིག་དང་རྒྱལ་གཅེས་པ་ཞིག མི་རིགས་ཀྱི་སྐྱབས་མགོན་ཞིག་ཡིན་པ་སོགས་ཀྱི་ངོ་སྤྲོད་གསུང་བཤད་གནང་འདུག་པར་མ་ཟད། ཁོང་གིས་སློབ་ཆེན་པ་ཚོས་རྗེས་ཕྱོགས་རིན་པོ་ཆེ་ཁོང་གི་རླབས་ཆེན་གྱི་མཛད་བཟང་ལ་སློབ་སྦྱོང་ཞུ་དགོས་པའི་བཀའ་སློབ་ཀྱང་གནང་ཡོད་འདུག

དེ་བཞིན་རྒན་མགོན་པོ་ལགས་ཀྱིས་རིན་པོ་ཆེ་མཆོག་གིས་བོད་ཅེས་པ་ནི་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཡོངས་སུ་འདུས་པའི་སྤྱི་ལ་ཟེར་བར་མ་གཏོགས་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། ཡུན་ནན་ལ་སོགས་པའི་ཡུལ་རང་ག་བ་ཞིག་ལ་བརྗོད་པ་མིན་པ་དང་། བོད་ཀྱི་འདས་དང་ད་ལྟ། འབྱུང་འགྱུར་སོགས་གང་གི་ཐད་ནས་བཤད་ནའང་། བོད་མི་རིགས་འདི་ཉིད་རང་གི་སྐད་དང་ཡི་གེར་བརྟེན་ནས་འཕེལ་རྒྱས་སུ་འགྲོ་དགོས་པ་ལས། དེ་ལས་ལྡོག་པའི་འཕེལ་རྒྱས་ཀྱི་ཐབས་ལམ་གང་ཡང་མེད་པའི་ལམ་སྟོན་གནང་འདུག་ལ། རྒན་ཚེ་དབང་ལྷ་མོ་ལགས་ཀྱིས། རླབས་ཆེན་གྱི་སྐྱེས་ཆེན་དམ་པ་ཁོང་གིས་མི་རིགས་ཀྱི་ཆེད་དུ་ངལ་བ་བརྒྱ་ཕྲག་ཁུར་དུ་བཞེས་ཤིང་། ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བསྟུན་ཏེ། བོད་ཀྱི་སྲིད་འབྱོར་རིག་གསུམ་དར་རྒྱས་ཡོང་བར་བླ་མེད་ཀྱི་མཛད་རྗེས་བཞག་གནང་མཛད་པར། ང་ཚོས་ཤེས་རྟོགས་དང་སློབ་སྦྱོང་བྱས་ཏེ་དམ་པ་གང་གི་མཛད་བཟང་མུ་མཐུད་རྒྱུན་སྐྱོང་ཐབས་བྱེད་དགོས་ཏེ། རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་བོར་སྐུ་ངལ་དང་ཐུགས་ངལ་ཚད་མེད་གནང་བ་ལྟར་མི་འཁྱོངས་ནའང་།  བོད་ཀྱི་སྐད་ཡིག་དང་རིག་གཞུང་སྤྱི་དང་བྱེ་བྲག་ལ་འབད་པ་ལྷོད་མེད་བྱ་རྒྱུ་དང་། ལྷག་པར་དུ་རང་གི་ཕ་སྐད་གཙང་མ་དང་ཁྲག་རྒྱུན་གཙང་མ་ཞིག་ཡོང་བ་བྱ་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་ཡིན་པའི་བཀའ་སློབ་གནང་།  གཞན་ཡང་རྒན་བཀྲ་བྷ་ལགས་ཀྱིས་ཁོང་ལ་རྗེས་དྲན་ཞུ་བ་ནི་ཧ་ཅང་གི་དོན་སྙིང་ཆེ་བ་ཞིག་ཡིན་པས་མ་ཚད། བྱེད་སྒོ་དེ་ལས་ཀྱང་རྒྱས་པ་དང་དེ་ལས་ཟབ་པའི་ཐོག་ནས་རྗེས་དྲན་ཞུ་འོས་པ་ཡིན་ལ། ངེས་པར་དུ་རྗེས་དྲན་ཞུ་དགོས་པར་མ་ཟད་རིན་པོ་ཆེ་ཁོང་གི་མཛད་པ་དང་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ་སླད་ཕྱིན་རང་མི་རིགས་ཀྱི་སྲིད་འབྱོར་རིག་གསུམ་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་དགོས་ཞེས་གསུངས་ཡོད་འདུག

དེའི་རྗེས་སློབ་མའི་སྙན་དབྱངས་གྱེར་འདོན་སྐབས་ཞིབ་འཇུག་སློབ་མ་བྱམས་ཕྲུག་ལགས་ཀྱིས་ ༼ ང་ཚོས་ཁོང་བརྗེད་ཀྱིན་འདུག ༽ ཅེས་པའི་སྙན་ངག་ཅིག་གྱེར་བ་དང་། རིན་པོ་ཆེའི་གསུང་གི་བསླབ་བྱ་རྣམས་རང་གི་མི་ཚེའི་ཁ་ཕྱོགས་སྟོན་པའི་སྒྲོན་མེ་བྱ་རྒྱུར་དམ་བཅའ་བཞག་སོང་བར་ཁོ་བོ་ཡང་ཁོང་དང་མཉམ་དུ་ཞེ་སེམས་པའི་གཏིང་ནས་རླབས་ཆེན་གྱི་སྐྱེས་ཆེན་ཁོང་གི་མཛད་བཟང་བརྒྱ་ཕྲག་ལས་ཆ་ཤས་ཙམ་ཞིག་བསྐྱངས་ཏེ། ལུས་བསྐྱེད་དྲིན་ཅན་ཕ་མའི་ཡང་ཕ་མར་གྱུར་བའི་མཐོ་སྒང་གི་ཕ་ཁྱིམ་འདི་དང་ཉག་ཕྲ་བའི་ཕ་སྐད་འདིའི་ཆེད་དུ་རང་གི་མི་ཚེ་མར་རྩམ་ཙམ་གྱི་བཀའ་དྲིན་གསོ་བའི་དོད་ཙམ་དུ་འབུལ་རྒྱུའི་དམ་བཅའ་བཞག་པ་ཡིན་ཞེས་བཀོད་འདུག་ལ། གཞན་ཡང་སློབ་མའི་རྩོམ་ཡིག་སྒྲོགས་སྦྱངས་ལས་ཀུན་གཟིགས་༧པཎ་ཆེན་རིན་པོ་མཆོག་སྐུ་བཞུགས་དུས་བོད་རིགས་རྣམས་ལ་ཅི་འདྲའི་སྲིད་ཇུས་བཟང་པོ་དང་། བྱ་བ་སྒྲུབ་བདེ་པོ། ཕ་སྐད་ལ་སྦྱང་བརྩོན་བྱེད་པའི་ཁོར་ཡུག་དང་རྒྱབ་སྐྱོར་ཅི་འདྲ་ཡོད་ནའང་།  ཁོང་སྐུ་གཤེགས་རྗེས་ཐམས་ཅད་སྔར་ལྟར་སྒྲུབ་བདེ་པོ་དང་། རྒྱབ་སྐྱོར་བྱེད་མི་མེད་པ་མ་ཟད། བོད་སྐད་ཡིག་གི་འཛིན་སྐྱོང་སྤེལ་གསུམ་ཐད་ལའང་ས་ཆ་འགར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྐམ་པར་གྱུར་བ་དང་། རླབས་ཆེན་གྱི་སྐྱེས་ཆེན་ཁོང་ལྟ་བུ་མེད་ན་ད་ལྟའི་ཆར་བོད་མི་ཧ་ཅང་མང་པོ་ཞིག་གིས་བོད་ཀྱི་རིག་གཞུང་ཕར་ཞོག ཐ་ན་ཕ་སྐད་ཙམ་ཡང་བཤད་མི་ཤེས་པའི་ཚད་དུ་སླེབས་ཡོད་པར་རང་གི་དངོས་བརྒྱུད་ཀྱི་ལོ་རྒྱུས་དང་འབྲེལ་ནས་བསྒྲགས་ཡོད་འདུག

མཇུག་ཏུ་གཙོ་སྐྱོང་བ་རྒན་ཤར་གཞོན་ཚེ་རིང་ཟླ་བ་ལགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་བཀའ་སློབ་རྣམས་ནི་རྩ་ཆེའི་ནོར་བུ་འགྲན་ཟླ་མེད་པ་ཤ་སྟག་ཡིན་པས་ང་ཚོ་ཕྱི་རབས་པ་ཚོས་ཁོང་གི་གསུང་ལ་གསན་འཇོག་དང་གོ་བ་ལོན་པར་བྱས་ཏེ་རིན་པོ་ཆེའི་བཀའ་སློབ་དང་སྙིང་སྟོབས་དག་ལ་སློབ་སྦྱོང་བྱས་ནས་ཁ་བ་བོད་པའི་བར་ལ་ཆོལ་གསུམ་གྱི་དབྱེ་བ་མེད་པར་ཁྱིམ་ཚང་གཅིག་གི་འདུ་ཤེས་ཀྱིས་ཕ་སྐད་གཙང་མའི་ལག་ལེན་ནས་མགོ་འཛུགས་དགོས་པའི་བཀའ་སློབ་གནང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

༢༠༢༦/༠༤/༡༣
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༡༣
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠

མཆན། 11

  1. karma dorje says:
    ལོ་ 16 སྔོན།

    བཅུ་ཕྲག་གཉིས་རྗེས་རྗེས་སུའང་པཎ་ཆེན་དྲན། །
    ཐུགས་རྗེས་རྗེས་སུ་བཟུང་ན་ད་བཟུང་རན། །
    མཁྱེན་ནོ་མཁྱེན་ནོ་པཎ་ཆེན་ཐམས་ཅད་མཁྱེན། །
    གཟིགས་དང་གཟིགས་ཤིག་ད་ལྟའི་བོད་རིགས་ཚོར། །

    Reply
  2. བདེ་བ་ཅན། says:
    ལོ་ 16 སྔོན།

    བོད་ཕྱི་ནང་གཉིས་ཀ་ནས་ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་རྗེ་བཙུན་བློ་བཟང་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ ༢༠ འཁོར་བར་མྱ་ངན་རྗེས་དྲན་གྱི་ཚོགས་འདུ་བསྡུས་ཡོད་པར་ཐུགས་འཁུར་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞུ། མགོན་པོ་གང་ཉིད་སྐུ་འཚོ་བཞུགས་རིང་འགལ་རྐྱེན་ཇི་སྙེད་ཅིག་འཕྲད་མིན་ལ་མ་ལྟོས་པར་བོད་ནང་མི་རིགས་རིག་གཞུང་དང་བཅས་པ་ཉམས་དམས་སུ་འགྲོ་བཞིན་པའི་དུས་ཞལ་གསངས་ཏེ་བོད་མི་རིགས་དོན་དུ་བཀའ་མོལ་གནང་མཁན་ཞིག་ཡིན་པ་ཀུན་གྱི་ཡོངས་གྲགས་ཡིན་པའི་ཆ་ནས་གང་ཉིད་ཀྱི་བཀའ་དྲིན་འདི་ནི་རྡོ་ལ་རི་མོ་བརྐོས་པ་ཇི་བཞིན་བོད་མི་བསམ་ཡོད་ཀུན་གྱི་སེམས་གཏིང་ནས་དུས་ནམ་ཡིན་ཡང་བརྗེད་ཐབས་མེད་པར་གྱུར་ཡོད།
    ་ ད་ལྟའི་ཆར་མགོན་པོ་གང་གི་བཀའ་དྲིན་བསམ་བཞིན་དྲན་པའི་ཐོག་ནས་ང་ཚོར་དྲན་རྟེན་དུ་བཞག་པའི་བཀའ་སློབ་ཀྱི་བདུད་རྩི་དེ་དག་ལག་ལེན་དུ་བསྟར་རྒྱུ་དང༌། ལྷག་པར་དུ་ཡང་སྲིད་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ག་ད་ལྟའི་གནས་སྟངས་གང་ཡིན་ཐད་སྤྱི་སྒེར་ཚང་མས་གདུང་ཤུགས་གཅིག་བསྒྲིལ་གྱིས་ནུས་པ་བཏོན་ཏེ་གནས་སྟངས་ཁ་གསལ་སྔ་ཙམ་ཤེས་རྟོགས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་ནོ༎

    Reply
  3. Yeshitenzin says:
    ལོ་ 16 སྔོན།

    པཎ་ཆེན་རིན་པོ་ཆེའི་བཀའ་སློབ་གློག་རྡུལ་པར་མ་ཕབ་ལེན་གནང་རོགས།
    http://tibetsharing.googlecode.com/files/pen_chen_renpoche.rar

    Reply
  4. རྐང་རྗེན། says:
    ལོ་ 16 སྔོན།

    རྨོངས་པ་སྨག་ན་ཡོད་དུས་སུ།།
    དྲན་འཛིན་ཉི་མ་ཡེ་མ་་མཐོང།།
    སྨུག་པ་རབ་རིབ་དྭངས་དུས་སུ།།
    བྲང་ཁོག་སླར་ཡང་སྡུག་གིས་བཏུམས།།

    Reply
  5. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    དྲན་དྲན་པན་ཆེན་བླ་མ་སྙིང་ནས་དྲན།
    དྲན་པའི་གདུང་བས་མིག་མཐའ་མཆི་མས་བརླན།
    འབོད་དོ་ཁ་བའི་མགོན་ཁྱོད་སྙིང་ནས་འབོད།
    ཐུགས་རྗེའི་གཟི་འོད་བོད་དང་འབྲལ་མེད་ཤོག

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    གཞིས་བྱེས་གཉིས་ནས་འདི་ལྟའི་རྗེས་དྲན་སེམས་འགུལ་ཐེབས་པ་རེ་གནང་རྗེས། རང་རང་གི་སེམས་ངོགས་ནས་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་སྒོ་ཁག་རང་གི་མི་ཚེའི་ལག་ལེན་དུ་འཁྱོལ་བ་ཞིག་བྱུང་ན། ཇི་སྲིད་འཚོ་བའི་བར་དུ་ང་ཚོས་ཁོང་ལ་རྗེས་དྲན་ཞུས་པ་བརྩི་ཆོག་ལ། ང་ཚོས་རང་ཉིད་བོད་པ་ཡིན་པ་མ་བརྗེད་པའི་དྲན་སྐུལ་ཞིག་ཀྱང་རང་ཉིད་ཀྱིས་རང་ཉིད་ལ་བཏང་བ་ཞིག་ཀྱང་རེད།

    གོང་དུ་པེ་ཅིན་དུ་རྗེས་དྲན་ཚོགས་སྐབས་རྒན་ལགས་རྣམས་ཀྱི་བཀའ་སློབ་ཀྱི་ཚིག་གི་ཟུར་དང་ངོས་ནས་ཁོང་རྣམས་ཀྱིས་མི་རིགས་དང་སྐད་ཡིག་བཅངས་པའི་ལྷད་མེད་པའི་ཐུགས་འདུན་དེ་ཡང་རྟོགས་བྱུང་། བཀའ་དྲིན་ཆེ།

    Reply
  7. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    པཎ་ཆེན་བཅུ་པ་ས་བཅུའི་སེམས་དཔའ་ལ།།
    བོད་པས་ངན་སྨྲས་བྱས་པ་མཐོལ་ལོ་བཤགས།།

    Reply
  8. སྤྲེལ་བུ། says:
    ལོ་ 16 སྔོན།

    བཀླགས་རྗེས་སེམས་ཤུགས་འཕེལ་སོང་།
    འདི་འདྲ་མང་ཙམ་ཡོད་ན།
    མ་འོངས་ཁ་བ་ཅན་ལ་མ།
    བདེ་སྐྱིད་ཉི་མ་འཆར་ངེས།

    Reply
  9. རྨེ་རུ། says:
    ལོ་ 16 སྔོན།

    རྗེས་དྲན་འདི་འདྲ་གནང་བ་ཤིན་ཏུ་ལེགས།བཀའ་སློབ་གནང་མཁན་རྒན་ལགས་རྣམས་པ་དང་སློབ་མ་རྣམས་ཀྱི་སྙན་ངག་དང་གཞས་ཚིག་སོགས་ཕྱོགས་གང་མི་ཐད་ནས་སེམས་འགུལ་ཧ་ཅང་ཐེབས་བྱུང།

    Reply
  10. བསྟན་འཛིན་ཤེས་རབ། says:
    ལོ་ 16 སྔོན།

    བཀླགས་རྗེས་སེམས་འགུལ་ཐེབས་སོང་། །
    མཆི་མས་མིག་མཐའ་བརླན་སོང་། །
    རང་མགོ་གང་ཐོན་བྱེད་རྒྱུའི། །
    བསམ་བློར་འགྱུར་བ་ཐེབས་སོང་། །

    Reply
  11. བཤད་སྒྲུབ says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese