མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གྱིས་འཛམ་གླིང་གི་མེ་འཁོར་ལྕགས་ལམ་མཐོ་ཤོས་འཛུགས་སྐྲུན་བྱ་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་རྒྱ་གར་གྱི་མངའ་སྡེ་ཧི་མ་ཅལ་གྱི་བྷི་ལ་སི་པོར་ (Bilaspur) ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་ལས་འཆར་བསྒྲིགས་ཡོད་ཅིང་། དེ་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མེ་འཁོར་ལྕགས་ལམ་ཞིག་ཏུ་འགྱུར་རྒྱུ་ཡིན་འདུག

Bilaspur–Manali–Leh Railway Line In Plan

དེ་འབྲེལ་རྒྱ་གར་གྱི་ (News24) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་ས་བབ་མཐོ་བའི་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མེ་འཁོར་ལྕགས་ལམ་དེའི་རིང་ཚད་ལ་སྤྱི་ལེ་ ༤༨༩ དང་ལྕགས་ལམ་གྱི་བརྒྱ་ཆ་ ༥༥ ཙམ་ས་འོག་ཕུག་ལམ་ཡིན་འདུག ལས་གཞི་དེའི་ཁྲོད་ཕུག་ལམ་ ༦༢ དང་ཟམ་ཆེན་ ༡༡༦ ། དེ་བཞིན།  མེ་འཁོར་འབབ་ཚིགས་ ༤༠ བཅས་འཛུགས་སྐྲུན་བྱ་འཆར་འདུག་པ་མ་ཟད། མེ་འཁོར་ལྕགས་ལམ་དེའི་ཆེད་འགྲོ་གྲོན་ཧིན་སྒོར་དུང་ཕྱུར་ ༡༣༡༠ ཡི་སྔོན་རྩིས་རྒྱག་གི་འདུག

མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེ་ཧི་མ་ཅལ་གྱི་བྷི་ལ་སི་པོར་ (Bilaspur) ནས་མན་ཌི་དང་། དེ་ནས་མ་ན་ལི་བརྒྱུད་རོ་ཐང་དང་སྐྱིད་ལུང་། དར་ལྕོགས། གསེར་ཆུ། སྤང་། སྟག་གླང་ལ་བརྒྱུད་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་མཐུད་ཀྱི་ཡོད་ཅིང་། སྟག་གླང་ལའི་མཐོ་ཚད་ནི་མེ་ཊར་ ༥༣༥༩ ཡིན་སྟབས། དེ་སྔ་རྒྱ་ནག་གིས་འཛམ་གླིང་གི་ས་བབ་མཐོ་ཤོས་སུ་བགྲང་བཞིན་པའི་མཚོ་བོད་མེ་འཁོར་ལྕགས་ལམ་ཟེར་བ་ལས་ཀྱང་མེ་ཊར་  ༥༩ ལས་མཐོ་བ་ཡོད་འདུག་ལ། ཧི་མ་ཅལ་ནས་ལ་དྭགས་བར་གྱི་མེ་འཁོར་ལྕགས་ལམ་གྱི་ལས་གཞི་དེས་རྒྱ་གར་གྱི་མངའ་ཁོངས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ཁུག་གྱོག་མང་དག་ཅིག་ཐོག་མར་འབྲེལ་མཐུད་བྱེད་ཀྱི་ཡོད་འདུག་ལ། ད་ལྟ་མེ་འཁོར་ལྕགས་ལམ་གྱི་ལས་གཞིའི་འཆར་འགོད་དེར་རྒྱ་གར་དབུས་རྒྱལ་སྲུང་ལྷན་ཁང་གིས་ཞིབ་འཇུག་གནང་མུས་ཡིན་ཞིང་། མཐའ་མའི་བཀའ་འཁྲོལ་གཏན་འབེབས་ཟིན་རྗེས་དངོས་སུ་ལག་བསྟར་བྱ་འཆར་འདུག

ཡང་གནས་ཚུལ་ནང་། ནམ་རྒྱུན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་ལ་དྭགས་ཀྱི་རྒྱལ་སའི་བར་གཞུང་ལམ་བརྒྱུད་ནས་ཆུ་ཚོད་ ༤༠ ཙམ་གྱི་རིང་འགྲུལ་བཞུད་བྱེད་དགོས་ཀྱི་ཡོད་ཀྱང་། མེ་འཁོར་ལམ་གསར་འཛུགས་ལ་བརྟེན་ནས་ཆུ་ཚུད་ ༢༠ ཙམ་ལས་འགོར་གྱི་མེད་པ་དང་། མེ་འཁོར་ལྕགས་ལམ་དེ་ས་བབ་མཐོ་བའི་རི་རྒྱུད་དུ་ཁེལ་ཡོད་སྟབས། མེ་འཁོར་ནང་སྲོག་རླུང་དང་གྲང་ངར་ཆེ་བའི་གནམ་གཤིས་ལ་གདོང་ལེན་ཐུབ་པའི་མཐུན་རྐྱེན་བསྐྲུན་ནས་མི་མང་ལ་འགྲུལ་བཞུད་བདེ་འཇགས་དང་སྟབས་བདེ་བསྐྲུན་རྒྱུ་མ་ཟད། ས་བབ་མཐོ་བའི་ལ་དྭགས་ཁུལ་དུ་བགྲོད་ལམ་གསར་མཐུད་དང་ཡུལ་སྐོར་བ་དང་ཐབས་ཇུས་ཀྱི་སྟོབས་ཤུགས་རྒྱ་སྐྱེད་གཏོང་བར་གལ་གནད་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

ཆུ་ཚོད་ ༡༤ སྔོན་ལ།
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese