མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་ ༨ ཀྱི་བཙོན་འཇུག་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

དཀར་མཛེས་ཁུལ་དར་མདོ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བང་རི་རིན་པོ་ཆེར་མི་ལོ་ ༨ དང་ཟླ་བ་ ༦ གི་ཁྲིམས་ཐག་བཅད་འདུག 

༢༠༠༩ ལོའི་ཕྱི་ཟླ་ ༡༢ ཚེས་ ༢༣  ཉིན་གྱི་ཞོགས་པར་ཁོང་ལ་ཁྲིམས་ཐག་གཅོད་སྐབས་ཁྲིམས་རྭའི་ནང་དེ་སྔོན་ཁོང་གིས་གླས་མྱོང་བའི་ཁྲིམས་རྩོད་པ་གཉིས་ཡོད་པ་དེ་ཡོང་གི་བཅུག་མེད་པར་མ་ཟད། ཁྲིམས་རྭའི་ནང་ཕྱོགས་གཅིག་ནས་མ་གཏོགས་བང་རི་རིན་པོ་ཆེའི་ཕྱོགས་ལ་སྐད་ཆ་བཤད་དབང་མེད་པ་བཟོས་ནས་ཁོང་གི་ཁ་གཏད་ཀྱི་ཕྱོགས་ཁག་དེས་གང་བཤད་ལྟར་ཁྲིམས་གཅོད་བྱས་ཡོད་འདུག

རྒྱ་ནག་གི་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་ནང་གི་དོན་ཚན་ ༣༢ ནང་གསལ་ལྟར། ཉེས་ཅན་པ་དང་གྱོད་ཡ་རང་ཉིད་ཀྱིས་རང་ལ་དག་འབུད་བྱེད་པའི་ཐོབ་ཐང་རྩིས་མེད་དུ་བཏང་ནས་ཁྲིམས་ཐག་བཅད་ཡོད་པ་དང་། སྐབས་དེར་ཁོང་གི་ནང་མི་ལྔ་དྲུག་ཅིག་ཁྲིམས་རྭའི་ནང་ཡོང་བཅུག་ཡོད་ཀྱང་། ཁོང་ཚོར་སྐད་ཆ་གཅིག་ཀྱང་བཤད་དབང་མེད་པར་ཁྲིམས་ཐག་བཅད་ཡོད་འདུག བང་རི་རིན་པོ་ཆེ་ཁོང་ལ་དད་འདུན་ཡོད་པའི་རྒྱ་ཆེ་མི་མང་བརྒྱ་ཕྲག་འགའ་ཁྲིམས་རྭའི་ནང་ཞུགས་རྒྱུའི་རེ་འདུན་ཞུས་ཀྱང་མཐའ་མར་མི་གཅིག་ཀྱང་བཏང་མི་འདུག

བང་རི་རིན་པོ་ཆེ་ནི་ ༢༠༠༨ ལོའི་ཕྱི་ཟླ་ ༥ ཚེས་ ༤ ཉིན་རྒྱ་གཞུང་གིས་འཛིན་བཟུང་བྱས་ནས་བཙོན་ཁང་ནང་བཀག་འགོག་བྱས་ཡོད་པ་དང་། ཉེ་ལམ་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁོང་ལ་ལོ་ ༨ དང་ཟླ་བ་ ༦ ཁྲིམས་ཐག་བཅད་ཡོད་ཀྱང་། ད་བར་རྒྱ་ནག་གིས་ཞིབ་བཤེར་ཐེངས་མང་བྱས་ཀྱང་། ཁོང་གིས་ནག་ཉེས་བསགས་པའི་བདེན་དཔང་འདི་རེད་ཟེར་བ་ཞིག་སྟོན་རྒྱུ་བྱུང་མི་འདུག 

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༡༥ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

མཆན། 4

  1. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    བདེ་བ་ཅན་མཆོག་ལགས།
    ས་གནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གྲུབ་མཁན་གྱི་གནད་ཡོད་མི་སྣ་དང་། ལྷག་པར་དུ་ཆོས་ལུགས་ཐད་དད་སེམས་དང་དགེ་ཕན་གྲུབ་པའི་མི་སྣ་གལ་ཆེའི་རིགས་ས་གནས་སུ་ཤུགས་རྐྱེན་ཆེ་ཙམ་ཡོད་པའི་དུས་སུ་ཉེས་པ་འདྲ་མིན་བཏགས་ཏེ་བཙོན་བཅུག་བྱེད་པའི་ལུགས་སྲོལ་འདི་ནི་རྒྱ་མི་དམར་པོ་བོད་དུ་ཐོག་མར་བཙན་འཛུལ་བྱ་སྐབས་ནས་ལག་བསྟར་བྱ་བཞིན་པའི་འཆར་གཞི་དང་དམིགས་ཡུལ་ངན་པ་ལྡན་པའི་བོད་མི་རྒྱལ་ཞེན་ཅན་རྣམས་རྩ་མེད་བཟོ་བའི་བྱ་ཐབས་ཤིག་ཡིན་པ་དེར་ང་ཚོ་བོད་མི་ཚོས་གདུང་ཤུགས་གཅིག་བསྒྲིལ་ཐོག་ནས་ངོ་རྒོལ་ཡོད༎ ཞེས་བྲིས་ཡོད་པར་གཞི་ན་ཁྱེད་ཀྱིས་ཀྱང་རྒྱ་ནག་གཞུང་གིས་བོད་ལ་ཕན་པའི་བོད་མི་ཚོར་དེ་འདྲ་བྱེད་བཞིན་ཡོད་པར་ཤེས་པ་འདྲ། དེ་འདྲ་ཡིན་དུས་ང་ཕོད་ལ་དེ་འདྲ་མི་ཡོང་བའི་རྒྱུ་མཚན་གྱིས་ཐོག་ནས་ཅི་ཞིག་བསྟན་གྱིན་འདུག་གམ།
    མ་གཞི་ནས་བདེ་བ་ཅན་ཁྱེད་ཀྱིས་གསེར་རྟ་མཉམ་དུ་རྩོད་རྒྱག་པ་དེ་སྒེར་དོན་ཡིན་པ་འདྲ། རེད་པས།

    Reply
  2. བདེ་བ་ཅན། says:
    ལོ་ 17 སྔོན།

    དཀར་མཛེས་རྫོང་ཁུལ་དུ་ཡོད་པའི་སྤང་རི་རིན་པོ་ཆེ་མཆོག་ལ་རྒྱ་ནག་གཞུང་ནས་དྲང་བདེན་གྱི་ཁྲིམས་ལུགས་བརྒྱུད་ལམ་གང་ཡང་མེད་པར་ཁྲིམས་ཆད་ལོ་ 8་ བཏང་བ་ནི་ཤིན་ཏུ་མི་འོས་པ་ཞིག་རེད། རིན་པོ་ཆེ་མཆོག་ནི་ས་གནས་སུ་རྒན་གསོ་ཁང་དང་སྨན་ཁང་སོགས་འཛུགས་གཉེར་གནང་སྟེ་ས་གནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གྲུབ་མཁནམ་ཞིག་ཡིན་འདུག་ལ། བཙུན་དགོན་གཉིས་ཙམ་གྱི་འཛིན་སྐྱོང་གནང་སྟེ་སློབ་གཉེར་བྱ་རྒྱུ་སོགས་གང་ཅིར་ཕན་ཐོགས་རྒྱ་ཆེ་གྲུབ་མཁན་ཞིག་ཡིན་སྟབས་རྒྱ་ནག་དམར་པོའི་གཞུང་གིས་དབང་འཛིན་པ་དེ་ཚོས་སྔ་ས་ནས་ནག་ཐིགས་བཙུགས་རྒྱུའི་གྲ་སྒྲིག་ཡོད་ཚོད་རེད། ལོ་སྔོན་མའི་ནང་ཁོང་གི་འཛིན་སྐྱོང་གནང་བཞིན་པའི་བཙུན་དགོན་གཉིས་ཀྱི་བཙུན་མ་ཚོས་བློ་སེམས་གཅིག་བསྒྲིལ་གྱིས་རྒྱ་ནག་གཞུང་ལ་མི་འདོད་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བར་བརྟེན་བཙུན་མ་ཁག་ཅིག་འཛིན་བཟུང་དང་ཉེས་བརྡུང་ཚད་མེད་བཏང་བ་མ་ཟད། རིན་པོ་ཆེ་མཆོག་ཀྱང་ཉེས་མེད་འཛིན་བཟུང་བྱས་ཏེ་མ་ཉེས་ཁ་གཡོག་གིས་གཞུང་གི་ས་ཆ་བདག་ཉར་བྱས་པ་སོགས་ཉེས་པ་འདྲ་མིན་བཏགས་ཏེ་བཀག་ཉར་བྱས་པའི་གནས་ཚུལ་བརྒྱུད་ལམ་ཁག་ནང་ཐོན་ཡོད། ཉེས་འཛུགས་བྱ་སྟངས་དེ་ནི་འདས་པའི་དུས་ཚོད་སི་ཁྲོན་ཞིང་ཆེན་དཀར་མཛེས་ས་ཁུལ་དུ་སྐུ་ཚེ་འདས་ཟིན་པ་དགེ་བཤེས་བསོད་ནམས་ཕུན་ཚོགས་དང༌། ད་ལྟ་བཙོན་དུ་ཡོད་བཞིན་པའི་ལི་ཐང་སྤྲུལ་སྐུ་བསྟན་འཛིན་ལེགས་རིན་པོ་ཆེ་མཆོག་སོགས་ལ་ཉེས་འཛུགས་བྱ་སྟངས་དང་ཧ་ཅང་འདྲ་པོ་ཡོད་ཅིང༌། ས་གནས་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་གྲུབ་མཁན་གྱི་གནད་ཡོད་མི་སྣ་དང་། ལྷག་པར་དུ་ཆོས་ལུགས་ཐད་དད་སེམས་དང་དགེ་ཕན་གྲུབ་པའི་མི་སྣ་གལ་ཆེའི་རིགས་ས་གནས་སུ་ཤུགས་རྐྱེན་ཆེ་ཙམ་ཡོད་པའི་དུས་སུ་ཉེས་པ་འདྲ་མིན་བཏགས་ཏེ་བཙོན་བཅུག་བྱེད་པའི་ལུགས་སྲོལ་འདི་ནི་རྒྱ་མི་དམར་པོ་བོད་དུ་ཐོག་མར་བཙན་འཛུལ་བྱ་སྐབས་ནས་ལག་བསྟར་བྱ་བཞིན་པའི་འཆར་གཞི་དང་དམིགས་ཡུལ་ངན་པ་ལྡན་པའི་བོད་མི་རྒྱལ་ཞེན་ཅན་རྣམས་རྩ་མེད་བཟོ་བའི་བྱ་ཐབས་ཤིག་ཡིན་པ་དེར་ང་ཚོ་བོད་མི་ཚོས་གདུང་ཤུགས་གཅིག་བསྒྲིལ་ཐོག་ནས་ངོ་རྒོལ་ཡོད༎ ༎

    Reply
  3. བྱམས་རྒྱལ། says:
    ལོ་ 17 སྔོན།

    ད་ཡང་མི་གཉིས་ལ་ཁྲིམས་ཐག་བཅད་ཚར་འདུག་།
    ཨ་ཛི་ད་ཅི་དྲགས།

    Reply
  4. བསེ་རུ། says:
    ལོ་ 17 སྔོན།

    བདེན་དཔང་མེད་པར་ཉམ་ཆུང་བོད་མི་བཙོན་འཇུག་བྱས་པ་ཇི་ཙམ་ཡོད་མེད་ང་ཚོས་ཚོད་དཔག་དཀའ་བའི་གནས་སུ་གྱར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese