མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་མཐུན་རྒྱལ་ཁབ་ཀྱི་རྩེད་འགྲན

བོད་ཀྱི་དུས་བབ།
༢༠༡༠/༠༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས།

དབྱིན་ཇིའི་མངའ་འབངས་ཡུལ་གྲུ་ཁག་ནང་ཁུལ་གྱི་རྩེད་འགྲན་དེ་ཉིད་ ༡༩༣༠ ལོར་དབྱིན་ཇིའི་རྒྱལ་གཞུང་གི་འགན་ཁུར་འོག་ཁེ་ན་ཌའི་གྲོང་ཁྱེར་ཧེམ་ལེཌ་རུ་མགོ་འཛུགས་ཞུས། དེའང་ཐོག་མར་རྒྱལ་ཁབ་ཁག་བཅུ་གཅིག་གི་རྩེད་འགྲན་པ་བཞི་བརྒྱ་ལྷག་མཉམ་ཞུགས་ཀྱིས་རྒྱུག་མཆོང་འཕེན་གསུམ་སོགས་རྩེད་འགྲན་མི་འདྲ་བ་ལྔ་བཅུ་ལྔ་དགུ་མགོ་འཛུགས་བགྱིས། དེ་ནས་ལོ་ངོ་བཞི་རེའི་ནང་རྩེད་འགྲན་དེ་ཉིད་གོ་སྒྲིག་གནང་རྒྱུའི་ཐག་གཅོད་གནང་ཡང༌། ༡༩༤༢ ནས་ ༡༩༤༦ བར་འཛམ་གླིང་དམག་ཆེན་གཉིས་པ་་ལངས་པའི་རྐྱེན་གྱིས་དུས་ཡུན་དེ་རིང་རྩེད་འགྲན་མཚམས་འཇོགས་གནང་དགོས་བྱུང༌། དེ་ནས་སླར་ཡང་ ༡༩༥༠ ལོར་ནི་ཛུ་ལེན་ཌུའི་གྲོང་ཁྱེར་ཨོག་ལེན་དུ་རྩེད་འགྲན་ཐེངས་བཞི་པ་དེ་ཉིད་གོ་སྒྲིག་གནང༌། སྐབས་དེའི་བར་རྩེད་འགྲན་གྱི་མིང་ལ་དབྱིན་ཇིའི་མངའ་འབངས་ཀྱི་རྩེད་འགྲན་བཞེས་བརྗོད་སྲོལ་ཡོད། ༡༩༥༤ ལོར་ཁེ་ན་ཌའི་གྲོང་ཁྱེར་ཝན་ཀོ་བར་རུ་རྩེད་འགྲན་ཐེངས་ལྔ་པ་གོ་སྒྲིག་གནང་བའི་སྐབས་རྩེད་འགྲན་གྱི་མིང་བསྒྱུར་ཏེ། དབྱིན་ཇིའི་མངའ་འབངས་དང་མཉམ་མཐུན་གྱི་རྩེད་འགྲན་ཞེས་འབོད་སྲོལ་གནང་སྟེ། ༡༩༦༦ ལོའི་བར་མིང་དེའི་ཐོག་ནས་རྩེད་འགྲན་ཐེངས་བརྒྱད་པ་བར་གོ་སྒྲིག་གནང༌། ཕྱི་ལོ་ ༡༩༧༠ ལོར་རྩེད་འགྲན་ཐེངས་དགུ་པ་སི་ཀོ་ཊུ་ལན་ཌུའི་གྲོང་ཁྱེར་ཨི་ཌ་ཎ་བག་ཏུ་གོ་སྒྲོག་གནང་སྐབས་སླར་ཡང་རྩེད་འགྲན་གྱི་མིང་བསྒྱུར་གནང་སྟེ༌། དབྱིན་ཇིའི་མཉམ་མཐུན་རྒྱལ་ཁབ་ཀྱི་རྩེད་འགྲན་ཞེས་འབོད་སྲོལ་གྱིས།  རྩེད་འགྲན་ཐེངས་བཅུ་པ་བར་མིང་དེའི་ཐོག་ནས་གོ་སྒྲིག་ཞུས། དེ་ནས་རྩེད་འགྲན་ཐེངས་བཅུ་གཅིག་པ་ཁེ་ན་ཌའི་གྲོང་ཁྱེར་ཨི་མོན་ཌོན་དུ་གོ་སྒྲིག་གནང་སྐབས་སླར་ཡང་མིང་བསྒྱུར་ཏེ། མཉམ་མཐུན་རྒྱལ་ཁབ་ཀྱི་རྩེད་འགྲན་ཞེས་འབོད་སྲོལ་གནང་བས། དུས་ད་ལྟ་བར་མུ་མཐུད་མིང་དེའི་ཐོག་ནས་གོ་སྒྲིག་གནང་བཞིན་ཡོད། ད་ཆ་རྩེད་འགྲན་དེའི་ནང་མཉམ་མཐུན་རྒྱལ་ཁབ་ཁག་བདུན་ཅུ་དོན་གཅིག་གི་རྩེད་འགྲན་པ་བཞི་སྟོང་ལྷག་མཉམ་ཞུགས་ཀྱིས་རྩེད་སྣ་མི་འདྲ་བ་གཉིས་བརྒྱ་ལྷག་ཐོག་འགྲན་སྡུར་གནང་བཞིན་ཡོད། ད་བར་མཉམ་མཐུན་རྒྱལ་ཁབ་ཁག་བརྒྱད་ཀྱི་ནང་རྩེད་འགྲན་ཐེངས་བཅོ་བརྒྱད་གོ་སྒྲིག་གནང་ཟིན་པས། འདི་ལོ་ཕྱི་ཟླ་ ༡༠ པའི་ཚེས་ ༡༥ ནས་ ༢༦ བར་རྒྱ་གར་རྒྱལ་ས་ལྡི་ལི་རུ་རྩེད་འགྲན་ཐེངས་བཅུ་དགུ་པ་དེ་ཉིད་གོ་སྒྲིག་གནང་རྒྱུ་རེད། རྩེད་འགྲན་འདིའི་མགོ་འཛུགས་ཀྱི་རྒྱུན་སྲོལ་དཔལ་འབར་དང་འདྲ་མཚུངས་ཀྱི་དབྱུག་པ་དེ་ཉིད་དབྱིན་ཇིའི་རྒྱལ་ས་ལོན་ཌན་ནས་ཕྱི་ལོ་ ༢༠༠༩ ཟླ་བ་ ༡༠ ཚེས་ ༢༩ ཉིན་དབྱིན་ཇིའི་རྒྱལ་མོ་མཆོག་གིས་རྒྱ་གར་སྲིད་འཛིན་མཆོག་གི་ཕྱག་ལ་འབུལ་གནང་མཛད་དེ། རྟེན་འབྲེལ་གྱི་དབྱུག་པ་དེ་ཉིད་རྒྱལ་ཁབ་བདུན་ཅུ་དོན་གཅིག་གི་གྲོང་ཁྱེར་ཆེ་ཁག་དུ་སྐོར་བསྐྱོད་གནང་བཞིན་ཡོད་པས། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དམིགས་བསལ་གྱི་དབྱུག་པ་དེ་ཉིད་ས་གནས་སུ་འབྱོར་སྐབས་དགའ་བསུ་དང་འཚམས་འདྲི་ངེས་པར་ཞུ་གནང་རོགས། དེས་རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་དང་རྒྱབ་སྐྱོར་གྱི་རྣམ་པའང་མངོན། ལྷག་པར་རྩེད་འགྲན་གྱི་དབྱུག་པ་དེ་ཉིད་རྒྱ་གར་རྒྱལ་ས་ལྡི་ལིར་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་དམིགས་བསལ་གྱི་འཚམས་འདྲི་ཞུ་སླད་རྒྱ་གར་གྱི་རྒྱལ་དར་དང་བོད་ཀྱི་རྒྱལ་དར་མཉམ་ཁྱེར་ཐོག་ལྡི་ལི་རུ་ལྷན་འཛོམས་ཤིག་གོ་སྒྲིག་གནང་གལ་ཆེ་བར་མཐོང༌། དེ་བཞིན་རྒྱ་གར་སྲིད་འཛིན་དང་སྲིད་བློན། གཞན་ཡང་རྩེད་འགྲན་གོ་སྒྲིག་གནང་མཁན་རྣམས་ལ་འཚམས་ཡིག་དང་སྦྲགས་རྩེད་འགྲན་གྱི་དབུ་འབྱེད་མཛད་སྒོའི་ཐོག་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གནང་དགོས་པའི་ཞུ་ཡིག་བོད་དོན་རྒྱབ་སྐྱོར་ཡོངས་ནས་འབུལ་དགོས་རྒྱུ་གལ་ཆེན་དུ་མཐོང་།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༥ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༢༠ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 20

  1. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    དྲ་གྲོགས་བྱམས་རྒྱམ་ལགས་ཕེབས་པ་དགའ་པོ་བྱུང།

    ང་རང་ཚོ་དྲ་གྲོགས་ཚོས་ནད་འབུ་འདི་འགོག་ཐབས་ཇི་ལྟར་བྱེད་ན་དགའ་ས་རེད་དམ།
    ང་རང་ཚོའི་མཁས་དབང་གྲྭ་ས་སེར་འབྲས་དགེ་གསུམ་ལ་བཞུགས་པའི་དགེ་བའི་བཤེས་ཚོས་ཀློག་མི་ཤེས་པ་འདི་འདྲའི་ནད་འབུ་ཡིག་ངན་དར་སྲོལ་ཆེ་རེ་སོང་ན་རྗེས་སུ་བཀག་བསམ་ཀྱང་འགོག་ཐབས་མེད་པའི་དུས་ཤིག་ཡོང་ངེས་པས་ད་ཅི་བྱེད་ན་དགའ།
    ང་རང་ཚོའི་དྲ་གྲོགས་རྣམས་ནི་ཁ་ཉམས་ཆུང་བས་ནད་འབུ་འདི་བཀག་འགོག་བྱེད་ཐུབ་ཨེ་ཡོང་ངམ།

    Reply
  2. བྱམས་རྒྱལ། says:
    ལོ་ 17 སྔོན།

    དྲ་གྲོགས་ཅོ་རི་ཉི་མ་ལགས་ཁྱེད་བདེན་ནོ།
    ཁྱེད་ཀྱི་གསུངས༼༡༩༩༨ལོ་ནས་འགོ་འཛུགས་ནས་༢༠༡༠་བར་དུ་བོད་ཀྱི་སྐད་ཡིག་ནང་ནད་འབུ་བཏང་དང་གཏོང་བཞིན་པ་རེད། ཡིན་ཡང་ནད་འབུ་འདི་ཚོ་ཡོང་ཁུངས་ངོ་མ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་རེད། དཔེ་ན་༢༠༠༩་ཕྱི་ཟླ་༡་ཚེས་༥ཉིན་ཉིན་གཅིག་གི་གསར་འགྱུར་ནང་བཀོད་པ་རྣམས་འདིར་གཟིགས།
    ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ།ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ༽

    ༼ཨི་ཇིཕ་རའིལ༽ ལྟ་བུར་མཚོན་ན་ མིང་གཞི་ཕ་དེ་རྗེས་འཇུག་བཟོས་འདུག་པ་དང་
    ༼རའིལ༽ ལྟ་བུར་མཚོན་ན་ མིང་གཞི་ར་དེ་སྔོན་འཇུག་ བཟོས་འདུག་པ་དང་
    ཉེས་འཚབ་ཆེ་ཤོས་ཤིག་ལ་ སྔོན་འཇུག་ དང་རྗེས་འཇུག་གཉིས་ཀའི་སྦྱོར་ཡུལ་མ་ཡིན་པ་མིང་གཞི་འ་འདི་ སྔོན་འཇུག་ དང་རྗེས་འཇུག་གཉིས་ཀའི་སྦྱོར་ཡུལ་བཟོས་འདུག་།

    ཁོ་བོས་གཞན་དག་གང་ཡང་ཞུ་ཤེས་ཀྱི་མི་འདུག་ ཞུ་ཤེས་པ་ཞིག་ལ་མ་འོངས་པ་ན་བོད་ཡིག་འདི་ཀློག་མི་ཤེས་པ་ཞིག་ཆགས་རྒྱུ་ཉག་གཅིག་རེད་འདུག་ལགས།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    དེང་སང་ང་རང་ཚོར་ཡོད་བཞིན་པའི་བོད་ཡིག་རྣམས་མི་ཤེས་ནས་དཀའ་ངལ་ག་ཚོད་མི་འདུག་གམ། དེའི་སྟེང་ཏུ་ཐ་སྙད་གསར་པ་ཐམས་ཅད་སྔགས་ཡིག་ལྟ་བུ་དང་ཕྱི་ལོག་སུམ་རྟག་གི་སྒྲིག་གཞི་དང་འགལ་བ་བྲིས་པར་ཡིན་ན་བོད་ཀྱི་སྐད་ཡིག་འདི་བེད་མེད་དུ་འགྱུར་ངེས་ཡིན།
    ཤེས་རིག་ལས་གཙོ་བོད་ཀྱི་མཁས་དབང་རྣམས་ཚོགས་འདུས་མང་པོ་འཚོགས་སོང་ཡང་འདིའི་སྐོར་ཅིག་ཀྱང་གླེང་པ་གོ་མ་མྱོང།
    དེ་བསྟེན་སྤྱི་འཐུས་མཆོག་གིས་འགོ་ཁྲིད་དང་ང་ཚོས་བོད་གཞུང་ཁྲིམས་ཁང་ནང་དུ་ཁྲིམས་གཏུག་བྱེད་ཆོག

    Reply
  4. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 17 སྔོན།

    མ་བོད་བཟའི་ལྷ་སྲས་རྒྱལ་ཞེན་ལྷག་བསམ་དང། དྲང་བདེན་གྱིས་ཕྱུག་པའི་བཀུར་འོས་དྲ་གྲོགས་ཅོ་རི་ཉི་མ་ལགས།
    ཉིན་ཤས་སྔོན་དུ་ཁྱེད་ཀྱིས་ཕྲན་གྱི་ཟིན་བྲིས་ནང་མི་གཞན་གྱིས་གང་བྱུང་བོད་ཡིག་བྲིས་བཞག་པ་ཁག་གཅིག་དང། སྐུ་ཉིད་ཀྱི་དགོངས་ཚུལ་བཅས་བྲིས་གནང་འདུག་པ་ཕྲན་གྱིས་མཇལ་སོང། དེ་ཡང་དཔེར་ན།

    ༼༼ཅོ་རི་ཉི་མ།
    ༢༠༡༠/༠༡/༠༨ ཉིན་འདོན་སྤེལ་བྱས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་ནས་ Afghanisthan ཞེས་པའི་ཡུལ་མིང་ཞིག་ལ་བོད་ཡིག་ཐོག་ནས་ཨཕ་ག་ནིསྟ྄ན་ཞེས་བྲིས་ཡོད་པ་དེ་ཚོ་ནི། ང་རང་ཚོ་བོད་ཁ་བ་ཅན་གྱི་སྐད་ཡིག་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མི་མཐུན་པའི་འབྲི་སྟངས་ཞིག་རེད་འདུག་སྙམ། སུམ་བཅུ་པའི་རྩ་བ་ལས། ག་ང་ད་ན་བ་མ་འ། ར་ལ་ས་རྣམས་རྗེས་མཇུག་བཅུ། ད་དང་ས་གཉིས་ཡང་མཇུག་སྟེ་ཞེས་རྗེས་མཇུག་བཅུ་དང་ཡང་མཇུག་གཉིས་གསུངས་ཡོད། དེང་སང་མཁས་དབང་ཚོས་ཀ་དང་ཡ་གཉིས་རྗེས་མཇུག་དང་ན་ཡང་མཇུག་བཞག་ནས་བྲིས་པ་དང༌། ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱིས་ཀྱང་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་ལ། རྩ་བ་བརྟེན་ས་དང་ཁུངས་གཏུག་ས་མེད་པར་རང་སྣང་གང་ཤར་བྱས་ནས་བྲིས་པ་དེས་བོད་མི་རིགས་ཀྱི་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་དུ་སྣང༌།༽༽
    ཞེས་སོགས་ཉིད་ཀྱིས་གསུངས་པ་ལྟར་ཡུལ་ལུང་གཞན་གྱི་མིང་ཚིག་གསར་བའི་རིགས་སོགས་རང་སྣང་གང་དྲན་འབྲི་བཞིན་པ་འདིའི་རིགས་ཀྱིས་སྡུག་ས་ནས་རྒྱ་དམར་ལ་ཡང་ད་ང་ཚོའི་མི་རིགས་འདིའི་བརླ་སྲོག་ཐུན་མིན་སྐད་ཡིག་གི་གནས་སྟངས་དང། མི་རབས་གསར་བའི་ཤེས་ཡོན་ཚད་འདི་འདྲ་ཞིག་ཏུ་སླེབས་ཡོད་པས་ཁྱེད་ཚོར་ལས་སླ་རུ་འགྲོ་བཞིན་མི་འདུག་གམ་ཞེས། གསང་བརྡ་བསྟན་པ་དང་གཉིས་སུ་མེད་པར་གྱུར་ཡོད།
    འོན་ཀྱང་དཀའ་ངལ་འདིའི་རིགས་ནི་དངོས་གནས་ཤེས་རིག་ལས་ཁུངས་རང་གིས་འགན་ཁུར་བའི་སྒོ་ནས་སེལ་ཐབས་ཡོད་པ་ཞིག་རེད་སྙམ། དེ་ཡང་ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་ཡོད་དོ་ཅོག་གི་མིང་དང། དེ་དག་གི་རྒྱལ་ས་དང། རྒྱལ་ཁབ་སོ་སོའི་ནང་གི་ཞིང་ཆེན་ཁག གྲོང་ཁྱེར་ཆེ་ཁག འཛམ་གླིང་སྤྱི་ལ་སྐད་གྲགས་ཆེ་བའི་རི་ཆུ་དང། ནགས་ཚལ་སོགས་བོད་ཡིག་ཐོག་དག་ཆ་ཇི་ལྟར་འབྲི་དགོས་མིན་གསལ་བའི་ཡོངས་གྲགས་ཀྱི་མིང་མཛོད་དམ། ཚིག་མཛོད་ཚད་ལྡན་ཞིག་ང་ཚོར་ཡོད་དགོས་པ་དང། དེ་ཡང་མིང་ཚིག་གི་དག་ཆ་ཡང་དབྱིངས་བཞི་དང། གསར་བྱེད་སུམ་ཅུ་ཁོ་ནས་ཕལ་ཆེ་བ་ཞིག་གཏན་འབེབས་ཐུབ་ངེས་ཡིན། ཡང་རེ་ཟུང་ནི་ལེགས་སྦྱར་གྱི་འཐུག་པོ་ལྔ་དང། ལོག་པ་དྲུག་སོགས་ཀྱི་གང་རུང་རེ་བེད་སྤྱོད་གཏང་དགོས་པའང་སྲིད། དཔེར་ན་རྒྱ་གར་རྒྱལ་ས་དྷི་ལི་ཞེས་པ་ལྟ་བུའོ། འོན་ཀྱང་རང་གཞུང་གིས་རྒྱལ་ས་དཱིལླི་ཞེས་གང་མང་ཞིག་བྲིས་འདུག་ལ་དེ་ཡང་ཧིན་ཡིག་གིས་འབྲི་སྟངས་ཤིག་ཡིན་པར་ཐོས་ཀྱང་མཁས་དབང་དགེ་ཆོས་ཀྱི་གསུང་འབུམ་ཁྲོད་དྷི་ལི་བྲིས་འདུག་པ་དང། དགེ་ཆོས་འདི་བ་ལེགས་སྦྱར་དང། ཧིན་ཡིག་ཤེས་མཁན་ཞིག་ཡིན་པར་མ་ཟད་མིང་ཚིག་འདི་རང་རེའི་ངག་ཏུའང་བརྗོད་བདེ་བ་ཞིག་ཏུ་འདུག། དེའི་ཕྱིར་སྐུ་ཉིད་ཀྱིས་གནད་འགག་དང། རྒྱུ་མཚན་ཡོད་པའི་དགོངས་ཚུལ་དེར་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    བོད་ཀྱི་སྐད་ཡིག་གཅེས་མདོག་བྱས་པའི་དྲ་གྲོགས་ཚོ།
    བོད་ཀྱི་སྐད་ཡིག་ནད་འབུ་བཏབ་པར་ཨེ་མཐོང་ལགས།
    བོད་ཀྱི་སྐད་ཡིག་དག་ཆ་ནོར་འདུག་ཟེར་མཁན་དྲ་གྲོགས་ཚོ།
    བོད་ཀྱི་སྐད་ཡིག་སུམ་རྟག་སྒྲིག་གཞི་འགལ་བ་ཨེ་མཐོང་ལགས།

    ཉམ་ཆུང་དག་ཆ་ནོར་དུས་སྟག་བཞིན་ངར་བའི་དྲ་གྲོགས་ཚོ།
    སྔོན་འཇུག་རྗེས་འཇུག་གང་ཡིན་མེད་པ་བྲིས་ཀྱང་ཡོང་རྒྱུ་མེད་པའི་ཁྱི་གྲོགས་ཚོ།
    ཁ་ནས་བོད་ཡིག་དུང་ཞེན་ཡོད་མདོག་བྱས་ཀྱང་བཤད་རྒྱུ་མེད་པའི་ཝ་གྲོགས་ཚོ།
    བོད་ཀྱི་སྐད་ཡིག་བླ་སྲོག་གཅོད་པ་མཐོང་ཀྱང་ཡོང་ཕོད་མེད་པའི་དུར་འགྲོ་ཚོ།
    རང་གིས་རང་ལ་དུར་འགྲོའི་མིང་རེ་བཏགས་ནས་མིང་ལྷག་འོག་ཏུ་ཉལ་ནས་སྡོད།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    མགྲིན་པ་ཟམ་མོ་ལགས་ཁམས་བཟང།
    ཨ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་ཚོ་ཝར་ར་ན་སིའི་སློབ་ཕྲུག་ཡིན་པ་འདྲ། རེད་པས།

    Reply
  7. མགྲིན་པ་ཟབ་མོ། says:
    ལོ་ 17 སྔོན།

    ཨཕ་ག་ནིསྟ྄ན་ཞེས་འབྲི་མཁན་དང་བོད་ཀྱི་བརྡ་སྤྲོད་ཀྱི་སྦྱོར་བ་དང་འགལ་བའི་རིགས་འབྲི་མཁན་རྣམས་ནི་ཝར་ཎའི་ཨཅརྱ་དང་ཤསྟྲི་ཚོ་རེད།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཨེ་ཤ་ཡ་རང་དབང་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་སྡེ་ཚན་ནས་ Afghanisthan ཞེས་པའི་ཡུལ་མིང་ཞིག་ལ་བོད་ཡིག་ཐོག་ནས་ཨཕ་ག་ནིསྟ྄ན་ཞེས་བྲིས་ཡོད་པ་དེ་ཚོ་ནི། ང་རང་ཚོ་བོད་ཁ་བ་ཅན་གྱི་སྐད་ཡིག་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཡི་ཡིག་སྲོལ་དང་མི་མཐུན་པའི་འབྲི་སྟངས་ཞིག་རེད་འདུག་སྙམ། སུམ་བཅུ་པའི་རྩ་བ་ལས། ག་ང་ད་ན་བ་མ་འ། ར་ལ་ས་རྣམས་རྗེས་མཇུག་བཅུ། ད་དང་ས་གཉིས་ཡང་མཇུག་སྟེ་ཞེས་རྗེས་མཇུག་བཅུ་དང་ཡང་མཇུག་གཉིས་གསུངས་ཡོད། དེང་སང་མཁས་དབང་ཚོས་ཀ་དང་ཡ་གཉིས་རྗེས་མཇུག་དང་ན་ཡང་མཇུག་བཞག་ནས་བྲིས་པ་དང༌། ཨ་དང་ཕ་གཉིས་མིང་གཞི་མཉམ་འཇོག་བྱས་ནས་བྲིས་པ་འདི་རིགས་བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཐོན་མི་སམ་བྷོ་ཊ་རང་ཉིད་ཀྱིས་ཀྱང་བོད་ཡིག་ཀློག་མི་ཤེས་པ་ཞིག་འོང་ངེས་ལ། རྩ་བ་བརྟེན་ས་དང་ཁུངས་གཏུག་ས་མེད་པར་རང་སྣང་གང་ཤར་བྱས་ནས་བྲིས་པ་དེས་བོད་མི་རིགས་ཀྱི་སྐད་ཡིག་སིལ་བུར་འཐོར་འགྲོ་བའི་རྐྱེན་དུ་སྣང༌། དེ་ལྟར་མ་ཡིན་པ་མིང་ཚིག་གི་ཐ་སྙད་འདི་གཉིས་ཐོན་མི་སམ་བྷོ་ཊའི་ཡི་གེའི་ལུགས་སྲོད་དང་མཐུན་པ། སྒྲ་རིག་པའི་བསྟན་བཅོས་དང་མ་འགལ་བའི་ཐོག་ནས་འདོན་སྟངས་ཤིག་དང་འགྲེལ་བཤད་ཡོད་པ་ཡིན་ན། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རང་དབང་གླེང་མོལ་ཐོག་ནས་བོད་རིགས་རྒྱ་ཆེ་མི་དམངས་ཀྱི་མདུན་དུ་ཐ་སྙད་འདི་གཉིས་འདོན་ཤེས་པ་དང་འགྲེལ་བཤད་བརྒྱབ་ཤེས་པའི་བོད་མི་དཀྱུས་མ་ང་ལྟ་བུ་ཞིག་ཡོང་ཐུབ་པ་ཡིན་ན། ཀློག་ཡོན་སུད་སི་སྒོར་མོ་བརྒྱ་ཐམ་པ་དང་མཇལ་དར་གཅིག་འབུལ་རྒྱུ་ཡིན། དེ་ལས་ལྷག་རྩོམ་པ་པོ་དང་གསར་འགོད་པ། དགེ་བཤེས་ལྷ་རམས་པ་ཕེབས་པ་ཡིན་ན། སུད་སི་སྒོར་མོ་ཉིས་བརྒྱ་དང་མཇལ་དར་ཞིག་འབུལ་རྒྱུ་ཡིན། དེ་ལས་ཀྱང་ལྷག་པའི་བོད་བཙན་བྱོལ་གཞུང་གི་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་ཕེབས་ཐུབ་པ་ཡིན་ན། སུད་སི་སྒོར་མོ་སུམ་བརྒྱ་དང་མཇལ་དར་ཞིག་དང་ཕྱག་གསུམ་འཚལ་རྒྱུ་ཡིན།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    བོད་ཀྱི་སྐད་ཡིག་ལ་ལྷག་བསམ་དཀར་བའི་བོད་མི་རྣམས་ཀྱིས་ཁ་བཙུམ་ནས་མ་སྡོད་པ་བསམ་འཆར་བཤད་མཁན་ཕེབས་རོགས་ཞུ། འདི་ནི་ཚིག་ཅིག་གི་དག་ཆ་ནོར་བ་ཙམ་མ་རེད།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཨེ་ཤེ་ཡ་རང་དབང་རླུང་ཁང་གི་གསར་འགོད་པ་རྣམས་ནི་མཐོ་སློབ་ཐོན་པ་དང་ཡང་ན་མཐོ་སློབ་ཐོན་པའི་ཤེས་ཚོད་ལྡན་པ་ཁོ་ན་མ་གཏོགས་མེད། དེ་འདྲ་ཡིན་དུས་ཤེས་ནས་བྲིས་པ་མ་གཏོགས་མ་ཤེས་ནས་ནོར་བ་མ་རེད།
    བོད་ཀྱི་སྐད་ཡིག་གི་བླ་སྲོག་སྐྱབས་འདོད་ན་ངེས་པ་དུ་འབུ་ནད་བཀག་འགོག་བྱེད་དགོས་ཀྱིན་འདུག

    ནད་འབུ་འདི་ཚོ་ནི་སློབ་དཔོན་ཐུན་མོང་གི་གཞུང་དང་མི་མཐུན་པའི་བྲིས་སྟངས་རེད།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ༡༩༩༨ལོ་ནས་འགོ་འཛུགས་ནས་༢༠༡༠་བར་དུ་བོད་ཀྱི་སྐད་ཡིག་ནང་ནད་འབུ་བཏང་དང་གཏོང་བཞིན་པ་རེད། ཡིན་ཡང་ནད་འབུ་འདི་ཚོ་ཡོང་ཁུངས་ངོ་མ་དེ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནས་རེད། དཔེ་ན་༢༠༠༩་ཕྱི་ཟླ་༡་ཚེས་༥ཉིན་ཉིན་གཅིག་གི་གསར་འགྱུར་ནང་བཀོད་པ་རྣམས་འདིར་གཟིགས།
    ཨི་ཇིཕ་རའིལ། ཤོན་མེཀ་ཀོར་མེཀ ཨེ་འུརྡ་ཨོལ་མརཊི། ཤིལྦ་སེ་ནེའུ། སུ་རེཤ་པ་ར་སྦུ།
    ཨ་ཨེཕ་པི། སྦུཤི། ཆེ་རའེ་སེ། ཨེ་སེ་རའིལ། ཤིལྦ་ཤང་ཀར་མེ་ནན། ཨཇ་མལ་ཀ་སབ།
    ཨན་དར་པར་དེཤ། པི་ཀྲི་ཨའེ།
    ཉིན་གཅིག་གི་གསར་འགྱུར་ནང་དུ་ནད་འབུ་འདི་འདྲ་སླེབས་པ་ཡིན་ན་མི་རིང་བ་བོད་ཀྱི་སྐད་ཡིག་འདི་ཤི་ངེས་ཡིན་པས་དྲ་གྲོགས་ཚང་མས་ཐུགས་ལ་ཞོགས།
    ཨ་ཆགས་ཚེ་རྡོ་ལགས་ང་ཚོང་གྲྭ་ལོག་ཚོས་སྐྱོན་བརྗོད་བྱས་ཀྱིན་འདུག་ཞེས་མ་གསུངས་པ་སྐྱོན་བརྗོད་དེར་དངོས་ཡོད་ཡིན་མིན་ལ་དཔྱད་པ་བྱེད་རོགས།

    Reply
  12. བློ་བཟང་བརྟན་པ says:
    ལོ་ 17 སྔོན།

    སྤྱི་འཐུས་ལགས་ཀྱི་དགོངས་ཆར་དེ་དངོས་གནས་གཟབ་མོ་འདུག དེ་ཡང་མཉམ་མཐུན་རྒྱལ་ཁབ་ཀྱི་རྩེད་འགྲན་དཔལ་འབར་དང་རྩེད་འགྲན་སྐབས་རྒྱལ་ས་དཱིལླི་བོད་མི་རྣམས་ཀྱིས་ཕེབས་བསུ་དང་མཚམས་འདྲི་བྱེད་རྒྱུ་ནི་དཔེ་བཟང་རེད། ཡིན་ནས་རྩེད་འགྲན་དབུ་འབྱེད་མཛད་སྒོ་སྐབས་༸གོང་ས་མཆོག་གདན་འདྲེན་དགོས་པ་ནི་འགལ་ཆེན་མི་མཐོང་། དེ་ཡང་བོད་མི་གནས་དོན་དང་༸གོང་ས་མཆོག་གིས་མཛད་པ་རྣམས་རྩེད་འགྲན་དང་མ་བྲེལ་ན་ངོས་ནས་ལེགས་སོ་མཐོང་། སྤྱིར་འདས་པའི་ལོ་རྒྱུ་དང་ད་ལྟའི་ཆར་ཡང་རྩེད་འགྲན་རྩེ་མོའི་ནང་ཆབ་སྲིད་དང་མི་རིགས་ཆབ་སྲིད་གང་མང་བྱུང་ཡོད་ཀྱང་། རྩེད་འགྲན་ལ་རྩེ་མོའི་རྣམ་པར་སྐྲུན་ཐུབ་ན་ལེགས་ཤོས་སོ།

    Reply
  13. ཙན་དན་ལོ་མ། says:
    ལོ་ 17 སྔོན།

    དབྱིན་ཡིག་སོགས་འཛམ་གླིང་གི་སྐད་ཡིག་མང་པོའི་ནང་ནང་ཆོས་དང་གཞན་གྱི་རྒྱལ་རབས་ལོ་རྒྱུས་སོགས་ས་ཐོག་གི་རིག་གནས་ཐམས་ཅད་བསྒྱུར་དང་བཞིན་པ་རེད། སྐད་ཡིག་འདི་དག་ལ་ཡི་གེ་ཕྱིར་ལོག་གཅིག་ཀྱང་འབྲི་མི་དགོས་པར་ཚང་མ་བསྒྱུར་ཐུབ་པ་ནའང་། བོད་ཡིག་ནང་རྩོམ་ཐུང་འདི་ཙམ་གྱི་ནང་དུའང་ཕྱིར་ལོག་དེ་འདྲ་མང་པོ་འབྲི་དགོས་པ་དང་གལ་སྲིད་ཡི་གེ་ཕྱིར་ལོག་མ་བྲིས་པར་བསྒྱུར་ཐབས་མེད་པ་གང་ཡིན་ནམ།
    གལ་སྲིད་ས་ཐོག་གི་རིག་གནས་ཚང་མ་བོད་ཡིག་ནང་བསྒྱུར་བའི་དབང་དུ་བཏང་ནས་བོད་ཡིག་ནང་ཡི་གེ་ཕྱིར་ལོག་ག་ཚོད་ཅིག་སླེབས་ཀྱི་རེད་དམ། ངས་བསམ་པར་དེབ་བསྒྱུར་བ་ཡིན་ན་ཀྱི་བརྒྱ་ཆ་དགུ་ལྷག་ཡི་གེ་ཕྱིར་ལོག་གིས་ཁེངས་འགྲོ་གི་རེད། ཡི་གེ་ཕྱི་ལོག་འབྲི་སྲོལ་མེད་སྐད་ཡིག་དེ་ཚོས་གཞན་གྱི་རིག་གནས་གང་འདྲ་བྱས་ནས་ནང་བསྒྱུར་བྱེད་ཀྱི་འདུག་གང།

    Reply
  14. ཨ་ཆགས་ཚེ་རྡོར།་ says:
    ལོ་ 17 སྔོན།

    རང་མཐོང་ཆེ་བའི་གྲྭ་ཟུར་འདི་ཚོ་ཡང་སྙིང་འཇིག་རྟེན་གང་ཞིག་གི་འགྲོ་བོ་ཡིན་ནམ།ཁ་ཡར་གྲགས་ལ་སྐྱོན་བརྗོད་དང་ཁ་མར་གྲགས་ལ་བསྐུར་འདེབས་བྱེད།་འདི་ཚོས་རྒྱ་མི་དམར་པོ་མཐོང་མེད་པའམ་ཡང་ན་བརྗེད་སོང་བ་ཡིན།་དྲ་ཟུར་ཚོ་འཇིག་རྟེན་གྱི་བྱ་དངོས་གང་ཡིན་ཡང་རྟོག་ཞིབ་ཀྱིས་ཟབ་འཇུག་བྱ་དགོས་གལ་ལས།་བརྟག་དཔྱད་མེད་པར་འགན་མེད་གཏམ་བཤད་མ་གནང་རོགས།
    དཔའ་དང་བློ་ཁོག་ཡོད་ན་དགྲ་བོ་རྒྱ་དམར་ལ་གཏོད།གཏམ་དང་ཁ་ལྕེ་ཡོད་ན་རྒྱ་འགོང་དགྲ་ལ་ངོམས།་སྐུ་མཁྱེན་སྨྱུ་གུའི་མཚོན་ཁ་ནང་ལ་མ་བསྐོར་རོགས།

    Reply
  15. མི་ཆུང་། says:
    ལོ་ 17 སྔོན།

    དབྱིན་ཇིའི་མངའ་འབངས་ཡུལ་གྲུ་ཁག དབྱིན་ཇིའི་མངའ་འབངས་ཀྱི་རྩེད་འགྲན། གྲོགས་པོ་ཚོ། ཁྱེད་ཚོས་བསམ་བློ་ཅི་ཡང་བཏང་མི་འདུག གོང་གི་ཚིག་འདི་ཚོས་བཙན་རྒྱལ་རིང་ལུགས་ཀྱི་དུས་རབས་མང་པོའི་ནང་། ཉམ་ཐག་དང་འཁོས་ཀ་ཞན་པའི་མི་རིགས་དང་རྒྱལ་ཁབ་ཚོར་གཉའ་གནོན་བཏང་བའི་མིང་ཚིག་སྐྱུར་མོ་འབའ་ཞིག་རེད། ད་དུང་ཡང་ང་ཚོས་ཚིག་འདི་ཚོ་བེད་སྤྱད་ན། གཅིག་ནས་ད་ལྟའི་དབྱིན་ཇི་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་ལ། གཉིས་ནས་དུས་རབས་དེ་ཚོའི་ནང་དབྱིན་ཇིའི་མི་སེར་སྤེལ་ཡུལ་དང་། སྡུག་སྦྱོང་མྱོང་སའི་ཡུལ་ལུང་གི་མི་དག་གི་སྡུག་བསྔལ་ལ་ཕྱིར་དྲན་ཙམ་མ་གཏོགས་ཕན་པ་ཅི་ཡང་མེད།
    བཙན་འཛུལ། བཙན་རྒྱལ་རིང་ལུགས། མི་སེར་སྤེལ་ཡུལ། འཛམ་གླིང་གི་ཇག་ཚོགས། ད་ལྟའི་དུས་སུའང་མིང་ཚིག་འདི་ཚོ་གཟི་བརྗིད་ལ་བརྩི་ཆོག་གམ། གྲོགས་པོ་ཚོ།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ཡེ་ཤེས་ཕུན་ཚོགས་འདི་ད་གླགས་ཁེལ་ས་ཞིག་མིན།

    Reply
  17. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཕ་རྒྱུད་ཙན་དན་སྡོང་པོ་བུ་རྒྱུད་ཙན་དན་ལོ་མ་ལགས་ཀྱིས་གནས་ལུགས་ཡོད་པར་ཞིག་གསུངས་འདུག
    ཐུགས་རྗེ་ཆེ།

    Reply
  18. ཙན་དན་ལོ་མ། says:
    ལོ་ 17 སྔོན།

    སྤྱི་འཐུས་ཚོའི་ནང་འདི་ལྟར་ཡི་གེ་འབྲི་ཤེས་མཁན་དང་བསམ་བློ་ཁྱར་ཁྱོར་རེ་གཏོང་ཁུལ་བྱེད་མཁན་གཅིག་གཉིས་རེ་ཡོད་ཚོད་འདུག་པས་སྤོབས་པ་ཆེན་པོ་བྱུང་། འོན་ཀྱང་ས་མིང་སོགས་ཕྱི་རྒྱལ་གྱི་མིང་ཚིག་ཡོད་ཚད་བོད་ཕྱི་ལོག་རྐྱང་རྐྱང་བྲིས་འདུག་པ་འདི་ནི་མ་འོངས་པ་བོད་ཡིག་འདི་རྩ་མེད་བཟོ་ཐབས་ཀྱི་གྲོགས་ཚོགས་ཀྱི་ལྐོལ་ཇུས་ཞིག་ཡིན་ཡིན་སྲིད་པས། ཤུགས་ཆེན་པོ་བཤད་མི་ཕོད་ཀྱང་རྒྱུ་མཚན་གཅིག་འབྲི་འདོད་བྱུང་། དེ་ཡང་ཕྱི་རྒྱལ་གྱི་ས་མང་ཆུ་མིང་དང་མི་མིང་སོགས་ད་ཡོད་ཀྱི་བོད་ཡིག་གི་མིང་ཚིག་ཡོངས་རྫོགས་ལས་ལྡབ་ཁ་ཤས་ཀྱི་མང་བ་ཡོད་ངེས་པས། དེ་ཚོ་ཚང་མ་བོད་ཡིག་ནང་ཕྱི་ལོག་རྐྱང་འབྲི་དགོས་ན་མ་འོངས་བོད་ཡིག་གི་མིང་ཚིག་རྙིང་བ་ཆེས་ཉུང་ཉུང་ཞིག་མ་གཏོགས་གཞན་ཚང་མ་ཕྱིར་ལོག་འབྲི་དགོས་ཐུག་གི་རེད། དེ་དུས་ད་ཡོད་ཀྱི་བོད་ཡིག་འདི་རྩ་མེད་སོང་བ་མ་ཡིན་ནམ། འོན་ཀྱང་ཚིག་ཕྲད་ཁ་ཤས་ལྷག་གི་རེད།

    Reply
  19. བྱམས་རྒྱལ། says:
    ལོ་ 17 སྔོན།

    དབྱུག་པ་དེའི་པར་ཞིག་མཁྱེན་ལྡན་སུས་དྲ་རྒྱ་ཐོག་བཀོད་ཐུབ་ན་ལྟ་འདོད་ཆེ།
    བཀུར་འོས་སྤྱི་འཐུས་ཨཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་གི་གསུངས་པ་ལྟར་དེ་འདྲ་ཞིག་གནང་ཐུབ་ན་ཡག་པོ་འདུག་།
    རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན་དང་རྒྱབ་སྐྱོར་གྱི་རྣམ་པ་རྒྱུན་ཆད་མི་ཉན།

    Reply
  20. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    ཡག་པོ་རེད་ང་ཚོའི་རྒྱལ་དར་ཨ་སྔོན་དགོང་ལ་ཕྱར་བའི་གོ་སྐབས་བྱུང་ན་ངེས་པ་དུ་འཕྱར་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese