མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པས་ནག་ཚོང་རྒྱག་གིན་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཇམ་མུ་ཀཤཱི་སྨིར་ཉེན་རྟོག་པས་ལ་དྭགས་བོད་མིའི་གཞིས་གྲོང་ཞིག་ཏུ་ཙན་དན་ནག་པོ་ཀེ་ལོ་ཁྲི་ལྔ་ལྷག་རྙེད་སོན་བྱུང་བ་དང་། ནག་ཚོང་འདི་དང་འབྲེལ་ཏེ་བོད་མི་གསུམ་འཛིན་བཟུང་བྱས་འདུག

ཧི་མ་ལ་ཡའི་རི་བརྒྱུད་དུ་ཁོར་ཡུག་གི་ལས་འགུལ་སྤེལ་མཁན་ཞིག་གིས་འདི་ག་གསར་ཁང་ལ་བརྗོད་པ་ལྟར་ན། ཉེ་ཆར་ལ་དྭགས་ཡུལ་མི་དང་བོད་པ་ཁག་ཅིག་གིས་ནག་ཚོང་གི་ལམ་ནས་ཨ་མ་ར་ཝ་ཏི་མངའ་སྡེ་དང་ཤྲི་ལིངྒ། མ་ན་ལེ་བཅས་བརྒྱུད་དེ་འཛམ་གླིང་ནང་སྟོང་ལ་ཉེ་བའི་ཙན་དན་ནག་པོ་བོད་དུ་དབོར་འདྲེན་བྱེད་ཀྱིན་པ་ལྟར། ༢༠༠༩ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༢༣ ཉིན་ཇམ་མུ་ཀཱཤི་སྨིར་ཉེན་རྟོག་པས་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་ཀེ་ལོ་མི་ཊར་ ༡༢ ཡོད་པའི་ཞེལ་ཅེས་པའི་ཡུལ་དེར་རིག་འཛིན་ཟེར་པའི་བོད་མི་ཞིག་གི་ཁྱིམ་ནས་ཙན་དན་ནག་པོ་ཊམ་ ༥༠ སྟེ། ཀེ་ལོ་ ༥༠༠༠༠ ལྷག་དབོར་འདྲེན་བྱས་ཡོད་པ་ཤེས་རྟོགས་བྱུང་བར་མ་ཟད། དབོར་འདྲེན་བྱས་མཁན་གྱི་རླངས་འཁོར་ཁ་ལོ་བ་བརྒྱ་ཤོག་གཉིས་པའི་བོད་མི་ཕུན་ཚོགས་དང་སྐར་མ། བརྒྱ་ཤོག་དགུ་བའི་བློ་བཟང་ཚེ་རིང་བཅས་མི་གསུམ་འཛིན་བཟུང་གིས་འདྲི་བརྩད་བྱས་མཐར། སླར་ཡང་བོད་པའི་བརྒྱ་ཤོག་གཉིས་པའི་གཞིས་གྲོང་དུ་མོ་ཊ་ཆེན་པོ་ ༣ ཉར་ཚགས་བྱས་ཡོད་པ་རྙེད་སོན་བྱུང་འདུག

རྒྱ་གར་གྱི་གསར་ལམ་ཁག་ཏུ་ཐོན་པ་ལྟར་ན། ཤིང་འདི་ནི་ཨན་ཌ་ར་མངའ་སྡེ་ཁོ་ནར་མ་གཏོགས་མི་སྐྱེས་ཤིང་། འདིས་མེ་མདའི་ཡུ་བ་བཟོ་གི་ཡོད་སྟབས། ཇམ་མུ་ཀཤཱི་སྨིར་ཉེན་རྟོག་པས་ནག་ཚོང་འདི་མཐའ་མཚམས་སུ་ཡོད་པའི་རྒྱ་ནག་གི་བཅིངས་འགྲོལ་དམག་མི་ཚོར་འབྲེལ་བ་ཡོད་སྲིད་སྟབས་དེ་དོན་ཞིབ་འཇུག་བྱ་རྒྱུ་ཡིན་ཚུལ་བརྗོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉེ་ཆར་ལ་དྭགས་ཡུལ་མི་རིག་འཛིན་འབོད་པ་ཞིག་གིས་ཐེངས་འདིའི་ནག་ཚོང་གི་ཉེས་པ་ཡོངས་ཁོང་གིས་ཁས་ལེན་བྱས་འདུག་ལ། དེར་ཡོད་བོད་གཞུང་གི་ལས་ཁུངས་ཁག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་མི་དེ་དག་གི་གློད་གྲོལ་ཐད་རོགས་རམ་ཅི་ཡང་གནང་མེད་ཀྱང་། བརྒྱ་ཤོག་ཁག་གི་བོད་མི་ཁག་ཅིག་གིས་ཁེག་ཐག་འོག་ཁོང་གསུམ་གློད་གྲོལ་བཏང་ཡོད་པ་རེད། ཡིན་ཡང་།  ལ་དྭགས་གནས་སྡོད་བོད་པ་ཚོས་མོ་ཊའི་ཁ་ལོ་བ་ཁོ་ན་མིན་པའི་བོད་མི་ཁག་ཅིག་གིས་ཁྲིམས་འགལ་ཡིན་པ་ཤེས་བཞིན་དུ་ནག་ཚོང་གི་ལས་ལ་ཞུགས་ཡོད་ཚུལ་བརྗོད་ཀྱིན་པར་མ་ཟད། ད་དུང་ཁོང་ཚོས་ལས་གཞན་པའི་འབྱོར་ལྡན་གྱི་བོད་མི་ཁག་ཅིག་གིས་ནམ་རྒྱུན་ནག་ཚོང་གི་ལས་ཀ་ཁོ་ན་གཉེར་གྱིན་ཡོད་སྟབས། ནག་ཉེས་དེ་དག་ལ་བརྟེན་ནས་ལ་དྭགས་ཡུལ་མི་ཚོས་བོད་པ་ཞེས་འབོད་དུས་ནག་ཚོང་རྒྱག་མཁན་ཞིག་དང་ལས་སྡུག་པ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱས་ཏེ། དོགས་ཟོན་ནན་མོ་བྱེད་ཀྱིན་པའི་གནས་སུ་གྱར་ཡོད་པ་རེད་ཟེར།

འདི་གའི་གསར་ཁང་གིས་བཙན་བྱོལ་བོད་གཞུང་གི་ནང་སྲིད་དྲུང་ཆེ་དངོས་གྲུབ་རྡོ་རྗེ་ལགས་སུ་འདིའི་ཐད་བཀའ་འདྲི་བྱས་པར་ཁོང་གིས། འདི་འདྲའི་རིགས་ནི་ཉེས་པ་འཁུར་དགོས་པ་ཞིག་དང་དམའ་འབེབས་བྱ་དགོས་པ་ཞིག་རེད། ཡིན་ནའང་། ང་རང་གི་གོ་ཐོས་ལྟར་ན། ཐེངས་འདིའི་ཤིང་ཡོངས་རྫོགས་ཙན་དན་དམར་པོ་དང་ནག་པོ་མིན་པར་ཨ་ཀ་རུ་ཡིན་ཚུལ་སོགས་ཀྱང་བརྗོད་ཀྱིན་འདུག དེ་ཁྲིམས་ཐོག་ནས་ཙན་དན་དང་མི་འདྲ་བ་ཞིག་ཆགས་ཡོད་ས་རེད། གང་ལྟར། གཞུང་ངོས་ནས་ཁྲིམས་དང་འགལ་བའི་རིགས་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་རྩ་བ་ནས་བྱ་ཐུབ་ཀི་མ་རེད་ལ། ཡུལ་མིའི་ཁྲིམས་དེ་ངེས་པར་དུ་ཁུར་དགོས་སྟབས། ནང་སྲིད་ལྷན་ཁང་གི་ངོས་ནས་ལ་དྭགས་ས་གནས་མགོ་འཛིན་ལགས་སུ་གནས་ཚུལ་དེའི་ཐད་རྒྱབ་སྐྱོར་ཅི་ཡང་བྱེད་མི་དགོས་པའི་བརྡ་སྤྲད་ཡོད་ཅེས་དང་། ཡང་ཁོང་གིས། འདིའི་རིགས་འདི་བློ་ཕམ་གྱི་གནས་རེད། ང་རང་ཚོས་རང་གི་ལུང་པ་བཞག་སྟེ་མིའི་ལུང་པར་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ཡོད་པ་རེད། ང་ཚོའི་དམིགས་ཡུལ་བོད་ཀྱི་བདེན་མཐའ་གསལ་ཐབས་བྱ་རྒྱུ་དེ་ཡིན་སྟབས། མིའི་ལུང་པར་འཚོ་བ་སྐྱེལ་བའི་རིང་ལ་ཁྲིམས་མཐུན་དང་ཡ་རབས་ཚུལ་མཐུན་གྱི་སྒོ་ནས་འདུག་པ་ལས། འདོད་རྔམ་དང་ཁྲིམས་འགལ་གྱིས་ལས་ཀ་བྱས་པ་དེ་ཧ་ཅང་ཐབས་སྐྱོ་བོ་རེད། མ་འོངས་པར་བོད་པ་ཡོངས་ཀྱིས་དེའི་རིགས་ལ་དོ་སྣང་མ་བྱས་ཚེ་མི་རེ་གཉིས་ཞིག་གིས་བོད་པ་ཡོངས་དང་ལྷག་པར་གཞིས་ལུས་སྤུན་ཟླའི་ཐུགས་ཕམ་པའི་གནས་ཚུལ་བཟོས་འོང་གི་རེད་ཅེས་གསུང་བྱུང།

གོ་ཚོད་ལ་ནག་ཚོང་གཉེར་མཁན་དེ་དག་ནི་ལ་དྭགས་ཁུལ་དུ་རྒྱུ་འབྱོར་བ་ལྡན་ཞིང་དབང་ཤེད་ཅུང་ཆེ་བའི་གྲས་ཡིན་སྟབས། ཉམ་ཆུང་བོད་མི་དང་ཡུལ་མི་དག་གིས་མི་འདི་དག་གི་ནག་ཚོང་གི་སྐོར་གསར་ལམ་ཁག་ཏུ་ཡོངས་གྲགས་ཡང་བརྗོད་ཐུབ་ཀྱི་མེད་ཚུལ་ཀྱང་འདུག

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༦ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 21

  1. གླིང་ཚང་བྱ་གླག says:
    ལོ་ 16 སྔོན།

    ལྟས་ངན་ཕྱུག་པོ་དེ་ཚོ་རྒྱུ་ཡི་དོན་དུ་རང་སྲོག་ཕུང་མཁན་རང་རེད།

    Reply
  2. ར་ས་ཕོ་ཉ། says:
    ལོ་ 16 སྔོན།

    ཨ་མ་ར་ཝ་ཏི་མངའ་སྡེ་ཞེས་པ་ཨན་ཌ་ར་མངའ་སྡེ་དང་། ཊམ་ཞེས་པ་ཊོན་ལ་བཅོས་ན།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རེད་རེད། ཤེལ་ཟེར་ས་དེ་ན་རྒྱལ་བ་བྱམས་པའི་སྐུ་འདྲ་ཆེན་པོ་ཞིག་ཡོད་བསམ། དེའི་ཐག་ཉེ་ཞིག་ན་གསར་དུ་བཞེངས་པའི་རྒྱལ་དབང་འབྲུག་ཆེན་གྱི་ཕོ་བྲང་ཞིག་ཀྱང་ཡོད་བསམ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ས་གནས་དེའི་མིང་ལ་ཤེལ་ཟེར་ནི་ཡིན་རྒྱུ་རེད་པ། ཞེལ་ཟེར་བ་ཞིག་མེད་བསམ་བྱུང་། ཤེལ་ཕོ་བྲང་ཡོད་ས་དེ་ཡིན་རྒྱུ་རེད། ཤེལ་ཕོ་བྲང་དེར་ལ་དྭགས་ཀྱི་རྒྱལ་པོ་ཐོག་མའི་ཕོ་བྲང་ཆེས་མའམ་ཡང་མ་ཕོ་བྲང་དང་པོ་དེ་ཡོད་པ་རེད། ཕོ་བྲང་བཞེངས་སའི་མདུན་ངོས་དེལ་མཚོ་ཆུང་ཆུང་དྭངས་ཤིང་བསིལ་བ་ཞིག་ཡོད་པས། ཕོ་བྲང་མཚོ་ནང་ཤར་འདུག་པས་ན། ཤེལ་ཟེར་བ་དང་། ཡང་མཚོ་ཡི་ནང་དུ་ཉི་འོད་འཕྲོས་པ་ཕོ་བྲང་ལ་ཕོག་པས་ཕོ་བྲང་དཀར་ཞིང་གསལ་བས་ན་ཤེལ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཡིན་སྐོར་ཁོང་ཚོའི་ངག་རྒྱུན་དང་ལོ་རྒྱུས་ཡིག་ཆར་གསལ་ཡོད།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་གསུང་བ་དེ་ཤིན་ཏུ་སྣང་བར་འགྲོ་སོང་།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བཙན་བཤོལ་བོད་པ་ཚོའི་ནུས་ཤུགས་གཅིག་བསྒྲིལ་འོག་བོད་རང་གི་ཐུན་མོང་མ་ཡིན་བཟོ་རིག ལྷ་བཟོ། ཤིང་བཟོ། གོས་བཟོ། རྡོ་བཟོ་སོགས་མདོར་ན་གནའ་དེང་གི་བཟོ་རྩལ་སྣ་ཚོགས་ལ་སློབ་སྦྱངས་ཡར་རྒྱས་གཏོང་རྒྱུ་དང་། བོད་མིས་བཟོས་པའི་ཐོན་རྫས་གང་ཞིག་ཡིན་ནའང་རྒྱུ་སྤུས་དག་ལ་བཟོ་རྩལ་ལེགས་པ་ཞིག་བྱེད་ཐུབ་ན། མ་འོངས་པ་ལ་དཔལ་འབྱོར་ཡར་རྒྱས་དང་ལས་མེད་རྣམས་ལ་ལས་ག་སྤྲོད་ཐུབ་པའི་གོ་སྐབས་ཞིག་ཤར་སྲིད། །

    Reply
  7. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    རང་གཞན་སུའི་གཞུང་དང་ཚོགས་པ་དང་གསར་འགོད་པ་སུ་ཡིན་ཡང་གནད་དོན་འདྲ་ཞིག་འདི་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་དང་འབྲེལ་ནས་གླེང་དགོས་དོན་མི་འདུག གཞན་གྱིས་གླེང་ཡང་ང་ཚོས་ངོས་ལེན་བྱེད་དགོས་དོན་མི་འདུག ནུབ་ཕྱོགས་པའི་གསར་ལམ་ཁག་ལ་རྣམས་སུ་ནག་ཉེས་ཐེར་འདོན་རིགས་ལ་ཐོག་མར་ནག་ཉེས་བྱེད་མཁན་གྱི་མི་དེའི་མིང་དང་སྡོད་གནས་ནས་གླེང་ཞིང་མཇུག་མཐར་དགོས་པ་ཆེན་པོ་ཡོད་ན་མི་དེ་ཁུངས་གང་ཡིན་ཟུར་ཙམ་གླེང་སྲོལ་ཡོད།

    Reply
  8. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    མི་རིགས་སྐྱོ་བོ་དང་རྒྱལ་ཁབ་མེད་མཁན་ལ་ཉེས་འཛུགས་བྱེད་མཁན་མང་བ་རེད། འདི་རིག་འཛིན་ལགས་ཁོ་རང་མི་གཅིག་དང་ཁྱིམ་ཚང་གཅིག་གི་གནད་དོན་དང་འབྲེལ་བའི་ནག་ཚོང་ཞིག་རེད། འདིས་མི་རིགས་དང་རྒྱལ་ཁབ་དང་རིག་གཞུང་སོགས་གང་ཡང་ནག་པོ་བཟོ་མི་ཐུབ། རིག་འཛིན་ལགས་ཀྱིས་ལས་ཀ་དེ་མི་རིགས་དང་རྒྱལ་ཁབ་ཀྱི་སྐུ་ཚབ་ཡིན་པའི་མིང་ཐོག་ནས་བྱས་མེད། མི་སྒེར་གཅིག་གི་ནོར་འཁྲུལ་དང་ནག་ཉེས་དེ་མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་མགོར་སྐྱེལ་ཡོང་ན་ང་ཚོས་ཀྱང་རིག་འཛིན་ལགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་གཟེངས་བསྟོད་དང་སེམས་གསོ་དང་རོགས་སྐྱོར་བྱེད་དགོས། མི་འཇོན་པོ་ཟེར་བ་དེས་ལས་ཀ་ལེགས་ཉེས་གང་བྱས་ཀྱང་རླབས་ཆེན་པོ་རེད། ཕྱི་རྒྱལ་གྱི་སྦྱིན་བདག་རེ་མགོ་སྐོར་བཏང་ནས་ཟ་ཞིང་ཉལ་འདུག་མཁན་གྱི་རང་རེའི་ཆོས་དང་ཆབ་སྲིད་དང་རིག་གཞུང་གི་ནག་ཚོང་མཁན་ཚོ་ལ་བསྡུར་རྒྱུ་ཞིག་ག་ལ་ཡོད།

    Reply
  9. karma dorje says:
    ལོ་ 16 སྔོན།

    སྙིང་གཅེས་ ནག་ཉེས་ཅན་ཁྱོད།

    ནག་ཚོང་ལས་མིར་བོད་མི་ཡོད་སྲིད་ཀྱང་། །
    ནག་ཚོང་རྒྱག་མཁན་བོད་རིགས་ཨ་ཡིན་ནམ། །
    ལ་དྭགས་ཡུལ་མི་ཞིག་ཀྱང་མིན་ཚོད་འདུག །
    དཔྱད་མཐར་བདེན་དོན་གསར་ལམ་འཁོད་ལ་འབུངས་། །

    ཡུལ་མི་དང་བོད་མིའི་མཛའ་མཐུན་རྟག་བརྟན་ཤོག །

    Reply
  10. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཡ་སླེབས་ཡོད་ད། ཕག་སྣ། ཤིང་ཚོང་རྒྱག་མཁན་དེ་ཚོ་ག་པ་འདུག་ངོ་རྒོལ་བྱེད་ཀྱིན་ཡིན་ད།
    ་་་་་་་་་་་་ཤིང་ཚོང་རྒྱག་མཁན།།། མུང་ཏ་པ། མུང་ཏ་པ།

    ་་་་་་་་་་་ལྷོ་ཕྲུག་སྣ་ཆེ།།།། ཇིན་ཏ་པ། ཇིན་ཏ་པ།

    ངོ་རྒོལ་བྱས་ཡོད་ད་

    Reply
  11. karma dorje says:
    ལོ་ 16 སྔོན།

    ཡང་ཡར་བཅུག་པ་དང་ཡལ་སོང་།

    Reply
  12. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ལྷོ་ཕྲུག་ལགས་ཐུགས་ལྷོད་ཙམ་གནང་དང་དེ་འདྲ་ཁོང་ཁྲོ་ཟ་དགོས་དོན་གང་ཡོད།
    ཤིང་ཚོང་རྒྱག་པ་རེད་མ་གཏོགས་བོད་མི་རིགས་ཀྱི་ཤ་ཁྲག་བཙོང་བ་མ་རེད།
    སོ་སོར་ལུང་པ་རྒྱ་ལག་ཏུ་བཙོང་མཁན་ཚོར་བསྟོད་སྔགས་ག་ཚོད་མི་འདུག་དམ།ཧཧཧཧཧཧཧཧཧཧཧཧ

    Reply
  13. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལུང་རིག་ལགས།
    ཇམ་མུ་ཀཤྭི་སྨིར་དང་ཤྲི་ལིངྒ།་ཞེས་ཀ་དང་ཤ་གཉིས་མིང་གཞི་མཉམ་འཇོག་དང་ཤ་ལ་ར་བཏགས་རྒྱག་པའི་ལུགས་སྲོལ་འདི་གཞུང་ལུགས་གང་ལ་བརྟེན་འབྲི་བཞིན་ཡོད་དམ།
    སློབ་གྲྭ་གང་ནས་འབྲི་སྟངས་འདི་སློབ་སྦྱོང་བྱས་པར་ཡིན་ནམ།
    འོ་ན་འདི་སྔགས་ཡིག་རེད་དམ་རྒྱ་གར་ལེགས་སྦྱར་གྱི་ཡི་གེ་ཡིན་ནམ།

    Reply
  14. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    མི་དེ་འདྲ་བ་དེ་ཚོ་ཚང་མ་ཁྲིམས་ལ་སྦྱར་བ་མ་གཏོགས་ཐབས་ལམ་གང་ཡང་མི་འདུག

    Reply
  15. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    འདི་ཚོ་བོད་མིའི་ངོ་གདོང་ནག་པོ་བཟོ་མཁན་གྱི་རིགས་ཤིག་ཡིན། ༸གོང་ས་མཆོག་གི་ཞབས་ནས་འཐེན་མཁན་གྱི་ཚོ་ཁག་ཅིག་ཡིན།

    ཚེ་གཅིག་བཙོན་ལ་བཅུག་ཀྱང་ངས་སྙིང་རྗེ་མི་སྒོམ་ཁོ་ཐག་ཡིན། ང་མི་འདི་ཚོར་ཁོང་ཁྲོས་རིལ་གྲབས་བྱེད་ཀྱི་འདུག     

     བོད་རིགས་ཚོ།
    ཐོན་ཤོག
    ང་ཚོས་ཁོང་ཚོར་ངོ་རྒོལ་གྱི་ཁྲོམ་སྐོར་བྱེད།

    Reply
  16. karma dorje says:
    ལོ་ 16 སྔོན།

    ཁེ་ཚོང་གི་མིང་ཕྱུག
    ནག་ཚོང་གི་མིང་ནག

    Reply
  17. blackman says:
    ལོ་ 16 སྔོན།

    ཡིན་རྒྱུ་མ་རེད། བོད་པ་གཏན་ནས་ཡིན་རྒྱུ་མ་རེད། སྔོན་མ་སྟག་གཟིག་གི་གོ་བས་ཚོང་རྒྱག་མཁན་བོད་པ་རེད་ཟེར་ནས་གསར་ལམ་ཁག་ཏུ་སྤེལ་མོད། དེ་དག་ཡིན་རྒྱུ་ནི་ལ་དྭགས་པ་ཡིན་པ་གསལ་བོ་ཡིན་པ་དེ་འདྲ་རེད། ད་ཐེངས་ཀྱང་བོད་པ་ཉམ་ཆུང་ཚོའི་མགོ་ལ་ནག་ཉེས་གཡུག་པ་ཡིན་རྒྱུ་རེད་དྲན་་གི། བསམ་བློ་བཏང་ནས་དང་དཔྱད་ཞིབ་བྱས་ནས་སྐད་ཆ་བཤད་ན་ཡག་རྒྱུ་རེད་འདོད་ཀི།

    Reply
  18. ཡོན་བྷེ། says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  19. མི་ཆུང་། says:
    ལོ་ 16 སྔོན།

    ཐབས་སྡུག་གི་ལམ་འདི་ནི་བོད་པའི་དཔལ་འབྱོར་གསོག་སྟངས་ཤིག་ཡིན། ལྷག་དོན་བོད་ནང་དུ་བོད་མི་འདི་ཚོས་རྒྱ་ཁ་ཆེ་སོགས་ཀྱི་རྐུབ་གཡོག་རྒྱུག་སྟེ་དགོན་པའི་སྐུ་ཡན་ཆད་རྐུན་མ་རྒྱག་པར་ཡོང་གི་ཡོད། ཉེས་ཅན་པར་འཇིག་རྟེན་མི་ཆོས་དང་། དམ་པའི་ལྷ་ཆོས་གང་ནས་ཀྱང་གུ་ཡངས་སུ་གཏོང་གི་མེད་ན། ང་ཚོས་ཁ་ཞེ་ཀུན་གྱིས་དེ་ཚོར་གཤེ་དགོས། བོད་མི་རིགས་སྤྱི་ཡི་མཚན་སྙན་ལ་གནོད་པ་རེད། ནམ་ཡང་སྙིང་རྗེ་གོ་ལྡོག་བྱེད་རྒྱུ་མེད།

    Reply
  20. རུ་གསར་ཚང་། says:
    ལོ་ 16 སྔོན།

    ཨ་རོགས་ཕུན་ཚོགས། ཁྱོད་ཀྱིས་བཤད་པ་ལྟར་ན། འཚོ་ཐབ་ཀྱི་ཆེད་མི་བསད་ཁྲག་སྦྱོར་བྱས་ན་ཡང་འགྲིག་གི་རེད་ཟེར་རྒྱུན་ཡིན་ནམ། ཁྱོད་ཀྱིས་ཁ་ནང་གང་ཡོང་མ་བཤད་ན་ཡག་གི་རེད། ཁྱོད་ཀྱིས་སྙིང་རྗེ་ས་མི་རྗེ་གང་ཡིན་ཤེས་ཀྱི་མེད་ས་རེད། ཁྲིམས་འགལ་གྱི་ལས་ཀ་བྱེད་མཁན་འདི་དག་དངོས་གནས་རྩ་མེད་བཟོ་ན་ཏག་ཏག་རེད། འདི་ཚོས་བོད་མིའི་ཞབས་འདྲེན་ཞུ་ཡི་ཡོད་པ་མ་ཟད། ༧རྒྱལ་བ་རིན་པོའི་དགོངས་པ་ཡང་དཀྲིགས་ཀྱི་འདུག

    Reply
  21. ཕུན་ཚོགས ། says:
    ལོ་ 16 སྔོན།

    བོད་པ་འདི་ཚོ་སྙིང་རེ་རྗེ།་རང་དབང་དང་འཚོ་གནས་ཀྱིས་ཡོངས་སུ་སྟོང་བའི་འཇིག་རྟེན་འདིར་སོ་སོའི་རྐང་པ་གཉིས་ནི་ཅི་ནས་ཀྱང་བརྐྱང་དགོས་པས།་གདམ་ཀདེར་མི་ཞུགས་པའིཐབས་ལམ་་ཅི་ཞིག་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese