མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕར་ལ་བཙལ་བ། {དོ་ནུབ་ཀྱི་ང་རང་ལ་བྲིས།}

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

ལས་ཀ་གྲོལ་ནས སླར་ཡང་ནམ་རྒྱུན་ལྟར
རླངས་འཁོར་ས་ཚིགས་དེ་ནས་ཐ་མག་རྐང་ཐུར་གཅིག་མེ་ལ་སྤར
འཁྲིས་ཀྱི་བུད་མེད་དེ་གཉིས་ཀྱིས་ཀྱང་འགྲམ་དུ་བཙོག་ནས
རེ་རེ་ལག་དུ་ཐ་མག་རྐང་ཐུར་རེ་རེ་འདུག་ལ
ལག་པ་ཡ་རེ་ནང་དུ་ཁ་པར་རྣ་རྩར་སྤྱར་ནས་ཁ་བརྡ་བྱེད

དྲུག་བཅུ་རེ་ལྔ་རྟགས་ཅན་གྱི་རླངས་འཁོར་སླེབས་སོང་
ག་ལེར ཁོ་མོ་གཉིས་སྔོན་དུ་འགྲོ་རུ་བཅུགས
རིམ་གྱིས་རླངས་འཁོར་གྱི་སྐེས་འཛེགས་དུ་འཛེགས་ཞོར
མིག་ཟུང་གཉིས་རྒྱུན་ལྡན་ལྟར
རླངས་འཁོར་ནང་གི་བུད་མེད་མཛེས་མ་དག་གི་གདོང་ལ་བལྟས

སྐར་མ་ཉེར་ལྔའི་རྗེས་སུ་རླངས་འཁོར་ལས་ས་ལ་འབབ་རྗེས་སུ
གོམ་ཁ་དལ་མོར་ལེན་ཞོར་དུ་གློག་སྐས་ཀྱི་གློག་སྒོ་དེ་མནན
ནང་དུ་འབྱོར་དུས་སུ བུ་མོ་ཆུང་ཆུང་གཉིད་ཚར་འདུག་ཀྱང་
མཛའ་མོའི་ད་དུང་ མིག་ཤེལ་ཆུང་ཆུང་དེ་ཡི་འོག་ནས
དྲ་ངོས་སུ་བཅེར་ཞོར་ང་རང་ལ་འཛུམ་འདང་གིས་བསུས
རྒྱབ་ཁུག་སྔོན་པོ་དེ་ཕར་ལ་གཡུག

ང་ལ་ཇ་དེ་ཚུར་སྤྲོད་དང་
ཁྱེད་རང་ལ་རྒྱལ་ཁ་ཐོབ་སོང་ ང་རང་ཐང་ཆད་ཀི
ཉལ་དུ་འགྲོ་རྒྱུ་ཡིན ཆུ་ཚ་བོ་བཟོས་ཡོད
གཟུགས་པོ་ཞིག་དཀྲུས་ན་ཡག་ས་རེད
ག་ལེར དྲ་སྒོ་ཕྱེ་ནས་ཟིན་བྲིས་ཁག་དུ་ཉུལ

སྐད་ཆ་ནི་སྔར་བཞིན་རེད་འདུག
སྤུན་ཟླ་མི་ཉུང་བ་ཞིག་ང་རང་བཞིན
དྲ་ངོས་སུ་ཡོད་སྲིད་ཀྱང་ རང་རང་ས་རུ་ཁོམ་པ་མེད་ཤེས་ཆེ
མི་ཉུང་བ་ཞིག་གཉིད་གོང་དུ་ཡོད་ངེས་རེད

གང་ལྟར ང་ལ་རང་གི་འཇིག་རྟེན་དེ་ཐོབ་པ་ལྟར
ལྷོད་ལྷོད་ངང་ རང་ཉིད་ལ་ཐག་རིང་གང་ཞིག་ནས་གློག་འཕྲིན་རེ་ཡོད་མེད་བསྔོག
ཕྱི་རོལ་དུ་རླུང་བུའི་བུར་བུར་ཟེར་བའི་སྒྲ་ཞིག་ཐོས
མཛའ་མོ་གཉིད་ཚར་འདུག

སྒེའུ་ཁུངས་ལས རྒྱལ་ཁབ་གཞན་ཞིག་གི་གློག་འོད་འཕྲོ་བཞིན་པ་མཐོང་
མཚན་མོར་འདིར མི་སེམས་ག་ཚོད་ཅིག་ཁེར་རྐྱང་ཡིན་སྲིད
མི་སེམས་ག་ཚོད་ཅིག་ལ་འདང་རྒྱག་ཡོད་སྲིད
མི་སེམས་ག་ཚོད་ཅིག་ལ་རང་དབང་མེད་སྲིད
མི་སེམས་ག་ཚོད་ག་ཚོད་ཅིག་སྙམ་ཞོར་དུ

ནང་དུ་ཆུ་ཚོད་ཀྱི་ཐག་སྒྲ་དང་
ཕྱི་རོལ་དུ་རླུང་གི་བུར་སྒྲ་མ་གཏོགས་མེད་པའི་ང་རང་ནི
དོན་དངོས་སུ དྲ་ཐོག་ནས་ཅི་ཞིག་མ་རྙེད་པར་ལུས་ཡོད་པ་རེད

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Mobile App

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༨ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༩ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 12

  1. yeshie says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་ལགས། ཉིད་ལས་ཀའི་དུས་སུ་མཛའ་མོ་གཅིག་པུ་ཁྱིམ་དུ་ཡོད་པར་སེམས་ཁྲལ་མི་འདུག་གམ།

    Reply
  2. kalsang says:
    ལོ་ 16 སྔོན།

    ཤ་ཁྲག་ལགས ང་ཡང་མཚམས་ལན་རེར་དགུང་མོ་ཆུ་ཚོད་གསུམ་པ་བར་ལྷག་མྱོང་ཡོང་། ང་ཚོ་འདི་ལྟར་ལྷན་འཛོམས་དེ་ངོ་མ་སྤྲོ་བ་འདྲེན་པ་ཞིག་རེད།

    Reply
  3. samkhar says:
    ལོ་ 16 སྔོན།

    སྐབས་རེ་ངས་ཀྱང་མཚན་དགུང་གི་ཆུ་ཚོད་དང་པོ་དང་གཉིས་པ་ཙམ་གྱི་རིང་དྲ་ངོས་སུ་མྱུལ།
    དེ་ལྟར་དྲ་ངོས་སུ་མིག་ཟུང་བཅེར་དྲགས་པའི་རྐྱེན་གྱིས་སྐབས་རེ་མགོ་བོ་ཡང་འཁྱོམས།
    སྐབས་རེ་ངལ་དུབ་ཀྱིས་ཀྱང་མནར།
    སྐབས་རེ་ཟས་བརྗེད་གཉིད་བྲལ་དུ་གྱུར།
    འདི་ལྟར་ཕྱིར་བལྟས་ཤིག་བྱ་སྐབས་རིན་བྲལ་གྱི་དུས་ཚོད་མང་པོ་ཞིག་འདི་ལྟར་བསྐྱལ་ཟིན་འདུག འོན་ཀྱང་། ང་ལ་ཅི་ཞིག་རག་ཡོད་དམ། དྲ་གྲོགས་ཚོར་ཕན་པའི་ལས་ཀ་ཅི་ཞིག་བྱས་ཡོད་དམ། བོད་མི་རིགས་ལ་ཕན་པའི་ལས་དོན་ཆེ་ཕྲ་ཅི་ཞིག་བྱས་ཡོད་དམ། ཨོའོ་དྲི་བ་འདི་དག་རང་གིས་རང་ལ་འདོན་པའི་དུས། རང་ཉིད་ཀྱི་དྲི་བར་རང་ཉིད་ཀྱིས་ལན་ཏག་ཏག་ཅིག་འདེབས་མ་ཐུབ་པར་ལུས། དྲི་བ་འདི་དག་ལ་ལན་ཇི་ལྟར་ཐེབས་ཀྱི་རེད་དམ།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    སྤུན་ཟླ་ཚོ་རེ་རེ་བཞིན་ཕེབས་ནས་བསམ་ཚུལ་གསུངས་པ་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་བལྟས་ནས་འདུག བདག་གིས་ཀྱང་གང་ཐུབ་ཅི་ཐུབ་རེ་སྤུན་ཟླ་ཁྱེད་ཅག་གི་ཟིན་བྲིས་ཀློག་བཞིན་ཡོད། འོན་ཀྱང་། བསམ་ཚུལ་འབྲི་རྒྱུར་ཇེ་ཉུང་དུ་གཏོང་ཡོད། དེང་སང་ང་རང་ལ་ཅུང་ཙམ་ལས་བྲེལ་ཡོད་སྟབས། རེ་རེ་བཞིན་བསམ་ཚུལ་འབྲི་རྒྱུའི་དུས་ཚོད་ཁག་པོ་འདུག མི་འགྱངས་པར་ཁོམ་པ་ངེས་ཅན་ཞིག་བྱུང་ན། དེ་དུས་སླར་ཡང་བསམ་ཚུལ་རེ་རེ་བཞིན་འབྲི་ངེས་ཡིན་ལགས།

    Reply
  5. chokri nyima says:
    ལོ་ 16 སྔོན།

    ཨོ་ཤ་རུས་ལགས་ང་ཡང་དུས་རྟག་ཏུ་དྲ་ཐོག་ནས་བོད་ཀྱི་སྤུན་ཟླ་ཚོ་དང་མཉམ་དུ་སྐྱིད་སྡུག་གི་སྐད་ཆ་རེ་དང་ཕུང་བསམ་གྱི་རེ་བ་རེ་ཁ་བརྡ་མ་བྱེད་ན་སྡོད་མི་ཐུབ་པ་དེར་ཅི་ཞིག་ལན་པ་ཡིན་ནམ། ཞེས་རང་རང་ལ་དྲི་བ་འདེབས་དུས་ང་རང་ཚོ་འཛམ་གླིང་ག་ས་གང་ལ་འཁྱམ་ནས་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་རང་གི་མིག་མདུན་དུ་ཡོད་པའི་ཕྱི་རྒྱལ་བ་ངོ་ཤེས་གྲོགས་པོ་རྣམས་དང་ལྷན་དུ་ཆང་འཆུང་སྤྲོ་སྐྱིད་སྡོད་པ་ལས་དྲ་ཐོག་ཏུ་བོད་ཀྱི་སྤུན་གྲོགས་ཚོ་དང་བསམ་ཚུལ་མཐུན་མིན་གྱི་ཐོག་ནས་ཁ་རྩོད་རེ་རྒྱག་རྒྱུ་བྱུང་ན་སྐྱིད་སྣང་དང་འཚོ་བ་ངར་མ་ཞིག་ཡོད་པ་འདི་ནི།
    རང་གི་ཤ་ཁྲག་གི་འབྱུང་ཁུངས་དང་རང་གི་མི་རིགས་ལ་བཅིང་བའི་བརྩེ་སེམས་དང་མི་རིགས་འདི་མེད་ན་རང་ཉིད་འཚོལ་མི་ཐུབ་པའི་སྔར་ལྟས་ཞིག་ཡིན་པ་འདྲ།
    མདོ་ན་་ང་རང་ཚོ་གྲྭ་ལོག་རྣམས་ཀྱི་བརྩེ་སེམས་འདི་ནི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཀའ་དྲིན་དང་ནང་ཆོས་ཀྱི་འབྲས་བུ་རེ་སྨིན་འདུག་སྙམ།

    ཁུར་བསམ་ཀྱང་ལུས་ཀྱིས་ཁྱོག་ཁུ།
    བཞག་བསམ་ཀྱང་དུང་སེམས་མི་ཆོད་ཁུ།
    བསྐྱུར་བསམ་ཀྱང་ཁེར་འགྲོས་མི་ཕོད་ཁུ།
    སྡོད་བསམ་ཀྱང་མཉམ་དུ་མི་ཡོང་ཁུ།

    Reply
  6. chentsasopa says:
    ལོ་ 16 སྔོན།

    ལས་ཀ་ནས་ཕྱིར་འབྱོར་སྐབས་ཕྱི་མོ་གཉིད་འདུག་ནའང༌། ཨ་ཡེ་དང་མཉམ་དུ་དགུང་ཟས་ཟོས་རྗེས་རང་རང་གིས་ཅི་འདོད་བྱས་ཀྱང་ཆོག་མོད། གཅིག་ནང་དུ་འབྱོར་བ་དང་ལམ་སང་རྩིས་འཁོར་དེ་རྩིས་སྤྲོད་འདྲ་ཞིག་བྱས་ཏེ་ཉལ་བར་སོང་བ་དེ་ཅུང་བཟང་རྒྱུ་མི་འདུག རྗེས་མ་ནས་ངས་བཤད་པ་ནང་བཞིན་བྱོས། ཨེ་གོ

    Reply
  7. ttensher says:
    ལོ་ 16 སྔོན།

    རླངས་འཁོར་ཨང་རེ་ལྔ་ཅན་དེར་བསྡད་ཚེ་ཟི་ལིང་བོད་མིའི་ཁྲོམ་རར་ཐོན་ངེས། དེ་ནས་སར་བབ་ནས་ལྷ་སའི་ཟ་ཁང་ནས་སོང་སྟེ་ཤ་འབྲས་དཀར་ཡོལ་གང་ཟོ། ད་དུང་མི་རྒྱག་ན་གཡས་ངོས་ཀྱི་གཅན་ཚའི་ཟ་ཁང་ནང་སོང་སྟེ་འཐེན་ཐུག་དཀར་ཡོལ་གང་འཐུངས། དེ་ནས་ག་ལེར་བླ་བྲང་དཔེ་ཁང་དང་སྣ་བརྒྱའི་ཚོང་ཁང་སོགས་ལ་གཅིག་ཉུལ་རྗེས་གཡང་འཁྱིལ་ཇ་ཁང་དུ་ཇ་འཐུང་བར་ཤོག ཨེ་གོ།

    Reply
  8. Baichung says:
    ལོ་ 16 སྔོན།

    ཨ་རོ་མཛའ་མོ་ལས་བུ་མོ་གཞན་ལ་སེམས་ཤོར་མི་ཉན། མྱི་བཟང་ང་ཞིག་ལ་མ་རིགས་ནས།

    Reply
  9. adkunchok says:
    ལོ་ 16 སྔོན།

    རེད་་་་རེད་་་་ཟིན་བྲིས་འདི་ད་སྐབས་ང་ཚོ་ཚང་མའི་ཕར་བཤད་ཚུར་བཤད་ཀྱི་གླེང་མོལ་ར་བ་རེད།
    ཟིན་བྲིས་ཀྱི་ཁྱིམ་གཞི་འདི་ན།
    ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་རེད།
    ང་ཚོའི་རང་ཉིད་ཀྱི་དུང་བ་ཞེ་འདང་ཚང་མ་བརྗོད་ཆོག་སའི་གོ་ཁ་དྲོན་པོ་ཞིག་རེད།
    འོན་ཏེ་སྐབས་རེ་ངེད་ཚང་ལའང་བཟའ་འཁོན་ཆུང་ཆུང་རེ་ཡོང་གི་ཡོད་པ་པ་རེད། དོན་དག་མེད་ས་ནས་ཡོང་གི་ཡོད་པ་རེད།
    གང་ལྟར་སྐྱོན་མི་འདུག ཨ་རོགས་ཀ་ཁ་ག་ང་འདི་ཐོག་མར་རྒྱ་གར་ལ་བལྟས་ནས་བཟོས་རབས་ཡོད་ཀྱང་། དེང་སང་འདི་ལ་རྒྱ་གར་གྱི་ས་ཆུ་འཕྲོད་ཀྱི་ཡོད་ས་མེད་ཁུ། ཧ་ཅང་མཁྲེགས་པོ་འདུག་ཅེས་རླུང་ལྟར་གྲགས་ཡོང་གི།
    ཧ་ལམ་རྒྱ་གར་ནང་གི་སློབ་གྲྭ་དག་གིས་ཀ་ཁ་ག་ང་ལ་ལག་ཁེལ་ས་མ་རེད།
    འོ་་་་ངས་དེ་ནས་ཀ་ཁ་ག་ང་མཁྲེགས་པོ་འདུག་གམ་་་རྒྱ་གར་ནང་གི་ཀ་ཁ་ག་ང་ལྟ་བུ་ཞིག་མི་མཁྲེགས་ན་་་་མངར་ཆ་རེ་དང་མཉམ་དུ་བུ་མོ་ཆུང་ཆུང་དེའི་ཁ་ནང་ལ་གཅིག་རེ་གཉིས་རེ་བྱས་ནས་འཇོག་རྒྱུ་མ་བརྗེད་དཱ་་་

    Reply
  10. Pobpathaye says:
    ལོ་ 16 སྔོན།

    ང་ཡང་ཉལ་མེད།

    Reply
  11. mheru says:
    ལོ་ 16 སྔོན།

    ཤ་ཁྲ་ལགས་བཀླགས་ཟིན་པ་ཡིན།
    ཁེར་རྐྱང་ངང་ཟིན་བྲིས་ཀྱི་དགའ་མ་དང་ལྷན་དུའགྲོགས་ཏེ། དབྱངས་གསལ་སོ་བཞིའི་གྲོགས་མཆོག་དང་ལྷན་དུ་མཆོད་ཆང་རེ་མཆོད་དང་ཁེར་རྐྱང་གི་སྣང་བ་དེ་ཡོད་མི་སྲིད།

    Reply
  12. kawakarpo says:
    ལོ་ 16 སྔོན།

    མྱི་ལྡང་། ཁྱོས་སྐྱིད་པོ་དཔེ་མེད་ཅིག་བྲིས་འདུག འུ་གཉིས་སའི་གོ་ལའི་འཕྲེད་ཐིག་གཅིག་གི་སྒང་དུ་སྡོད་བཞིན་ཡོད་པས་དུས་ཚོད་ལ་སྔ་ཕྱི་མི་འདུག་དྲན། གཞན་པ་མང་པོ་ཞིག་གཉིད་ཚར། གཞན་པ་མང་པོ་ཞིག་རྒན་མོ་ཚོའི་རུམ་ན་ཁོམ་གི་མེད། གཞན་པ་མང་པོ་ཞིག་་་ ་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese