མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནམ་ཞིག་ལས་རྒྱུ་འབྲས་ལ་ངོ་གཏུག་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཞིས་ལུས་མི་མང་ཚོས་དངངས་སྐྲག་དང་ཛ་དྲག་དེ་འདྲའི་འོག་སྲོག་འབེན་ལ་བཙུགས་ཏེ་སྙིང་སྟོབས་དེ་ཙམ་བསྐྱེད་ཐུབ་ཀྱིན་ཡོད་ཀྱང་། རང་དབང་ལུང་པའི་བོད་མི་ཚོས་སྤྱི་དོན་ལ་བསམ་བློ་ཞེ་དྲག་མ་འཁོར་བར་རང་ཉིད་ཁོ་ན་དང་ལྷོད་གཡེང་བྱས་ནས་བསྡད་པ་དེ་རྒྱུ་འབྲས་ལ་ངོ་གཏུག་དགོས་པ་རེད་ལ་ནོར་འཁྲུལ་རེེད་ཅེས་༧གོང་ས་མཆོག་གིས་ཨོ་རི་སའི་བོད་རིགས་་མི་མང་ལ་གསུངས་ཡོད།

ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་༧གོང་ས་མཆོག་གིས་ཨོ་རི་ས་བོད་མིའི་གཞིས་ཆགས་སུ་སྔོན་འགྲོའི་ཆོས་འབྲེལ་མ་གནང་གོང་དེར་ཡོད་མི་དམངས་ལ་དགེ་བསྙེན་གྱི་སྡོམ་པ་སོགས་ཀྱི་སྔོན་འགྲོའི་གསུང་ཆོས་ལ་སློབ་སྦྱོང་བྱེད་དགོས་པ་དང་ཁོང་ཉིད་ཀྱི་ཉིན་རྒྱུན་གྱི་དུས་ཚོད་སྐྱེལ་སྟངས་སྐོར་མི་མང་ལ་བཀའ་སློབ་གནང་ཡོད་ལ།  ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་༧གོང་ས་མཆོག་པདྨ་སཾ་བྷ་བ་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་དང་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་ནམ་མཁའ་རིན་པོ་ཆེ་མཆོག དེ་བཞིན་ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་སྒར་གྱི་འགན་འཛིན་རྣམ་པ་དང་ས་གནས་མི་མང་བཅས་འདུ་འཛོམས་ཐོག ས་གནས་མགོ་འཛིན་མཆོག་གིས་གཞིས་ཆགས་ཀྱི་ལས་བསྡོམས་སྙན་སྒྲོན་ཞུས་པར། ༧གོང་ས་མཆོག་གིས་ལས་སྡོམ་དང་འབྲེལ་ཏེ་སྔར་ལོ་བོད་ནང་བྱུང་བའི་ཞི་རྒོལ་གྱི་དུས་ཚིགས་སྐོར་ལ་ནོར་བཅོས་ཀྱི་ལམ་སྟོན་བཀའ་སློབ་གནང་ཡོད། ༧གོང་ས་མཆོག་གིས། གོང་གི་ལས་བསྡོམས་སུ་བོད་ནང་གི་ཞི་རྒོལ་དེ་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༣ པའི་ཚེས་ ༡༤ བཀོད་ཡོད་པ་དེ་འགྲིག་མེད་པ་དང་། རྒྱ་མིས་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༤ ནས་བོད་ནང་དུ་དྲག་ཟིང་བྱུང་བ་རེད་ཅེས་དྲིལ་བསྒྲགས་བྱེད་ཀྱིན་ཡོད་པ་རེད། དེའི་སྐོར་ངོས་རང་ལ་གསལ་བཤད་བྱེད་རྒྱུ་ཡོད། ཟླ་ ༣ ཚེས་ ༡༠ ཉིན་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་དྲན་གསོ་བྱེད་ཀྱིན་པ་ལྟར། ངོས་རང་ཆམ་པ་ཕྲན་བུ་ན་ནས་ཉིན་དེའི་མཛད་སྒོ་ཆ་ཚང་ལ་མ་བསྡད་པར་སྐད་ཆ་བཤད་ཚར་རྗེས་ཕྱིར་ལོག་པ་ཡིན། ཉིན་རྒྱབ་ཆུ་ཚོད ༢ ཙམ་ལ་སྐུ་སྒེར་ཡིག་ཚང་གི་ལས་བྱེད་པར་ལྷ་ས་ནས་ཁ་པར་འབྱོར་ཏེ་རྭ་མོ་ཆེའི་གཡས་གཡོན་གྱི་མི་མང་རྣམས་ཀྱིས་ཞི་བའི་ཁྲོམ་སྐོར་བྱེད་ཀྱིན་པའི་གནས་ཚུལ་འབྱོར་བྱུང༌། ཡང་ཉེས་རྡུང་ཧ་ལས་པ་ཕོག་གི་རེད། གང་འདྲ་བསམས་ཏེ་དངངས་སྐྲག་ཚབ་ཆེན་པོ་སྐྱེས་བྱུང་། བྱ་རྒྱུ་ནི་གང་ཡང་མི་འདུག གང་ལྟར། ཞི་བའི་ངོ་རྒོལ་དེ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༠ ཕྱི་དྲོ་ནས་མགོ་ཚུགས་པ་རེད། དེ་རྗེས་ཚེས་ ༡༡ དང་ཚེས་ ༡༢ ཚེས་ ༡༣ བཅས་སུ་མུ་མཐུད་ངོ་རྒོལ་བྱས་ཡོད། ཚེས་ ༡༠ ཉིན་འབྲས་སྤུངས་ནས་དགེ་འདུན་པ་ཚོགས་ཁག་གཅིག་རང་སྐྱོང་ལྗོངས་ཁུལ་དུ་ངོ་རྒོལ་བྱེད་པར་ཡོང་སྐབས། རྒྱ་མིའི་བདེ་འཇགས་ལས་བྱེད་པ་ཚོས་བཀག་འགོག་བྱས་ཏེ་དགེ་འདུན་པ་ཁ་ཤས་འཛིན་བཟུང་ཡང་བྱས་པ་སོགས་དེའི་ཉིན་མོ་ནས་མགོ་བཙུགས་ཚར་བ་རེད་ཅེས་སྔར་ལོའི་ཞི་རྒོལ་བྱུང་རིམ་ངོ་སྤྲོད་གནང་ཡོད།

ཡང་༧གོང་ས་མཆོག་གིས།  གཞིས་ལུས་རྒྱ་ཆེའི་མི་མང་ཚོས་དངངས་སྐྲག་དང་ཛ་དྲག་དེ་འདྲའི་འོག་སྲོག་འབེན་ལ་བཙུགས་ཏེ་སྙིང་སྟོབས་དེ་ཙམ་སྐྱེད་ཐུབ་ཀྱི་ཡོད་པ་རེད། ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་བོད་སྤྱི་པའི་དོན་དུ་བསམ་བློ་ཞེ་དྲག་མ་འཁོར་བ་བྱས། སོ་སོའི་དོན་ལ་བསམ་བློ་ཁོ་ན་བཏང་བསྡད་པ་ཡིན་ན་ལས་རྒྱུ་འབྲས་ལ་ངོ་གཏུག་དགོས་པ་ཡིན་སྟབས།  སོ་སོའི་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་སོགས་སྐད་ཆ་ཤོད་སྐབས་ངོ་ཚ་དགོས་པ་རེད། ཕར་ཕྱོགས་སུ་དཀའ་ངལ་དེ་འདྲའི་འོག་སེམས་ཤུགས་བསྒྲིམས་ཏེ་དེ་འདྲ་བྱེད་དུས་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོ་ལྷོད་གཡེང་ངང་བསྡད་པ་ཡིན་ན་ནོར་འཁྲུལ་རེད། ཚང་མས་སེམས་ཤུགས་མ་ཆག་པར་བོད་སྤྱི་པའི་དོན་དག་དེ་དུས་ནམ་ཡང་མ་བརྗེད་པ་བྱེད་དགོས་ཀྱི་རེད་ཅེས་བཀའ་སློབ་སྩལ་ཡོད།

ཕྱི་ཚེས་ ༡༤ ཉིན་༧གོང་ས་མཆོག་གིས་ཐེངས་འདིའི་རྒྱ་གར་ཤར་ཕྱོགས་ཨོ་རི་སའི་ཉིན་བཞིའི་རིང་གི་མཛད་འཕྲིན་ལེགས་པར་གྲུབ་སྟེ། དེ་རིང་རྒྱ་གར་གྱི་མངའ་སྡེ་གུ་ཇ་ར་ཏིའི་གྲོང་ཁྱེར་ཝ་ཌོ་ཌ་རཱའི་ནང་རྒྱལ་ཁབ་ ༡༥ ནས་ཕེབས་པའི་མཁས་དབང་དང་རྒྱ་གར་ནང་པའི་དགེ་འདུན་པ་ ༥༠༠ ལྷག་མཉམ་ཞུགས་གནང་བཞིན་པའི་རྒྱལ་སྤྱིའི་ནང་པའི་ལེགས་བྱང་ལྷན་ཚོགས་ཀྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱང་གནང་ཡོད་པ་དང་།  ཕྱི་ཚེས་ ༡༦ ཉིན་ཕྱིར་བཞུགས་སྒར་དུ་ཆིབས་བསྒྱུར་གནང་འཆར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༡༡ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༡༥ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

མཆན། 4

  1. ཨ་མྱེ་རྫ་རྒྱ་ says:
    ལོ་ 17 སྔོན།

    ངས་བསམ་བློ་ཞིག་བཏང་ན་ཕྱི་ལོག་གི་བོད་མི་དེ་ཚོ་ཕལ་ཆེ་བས་བཀའ་སློབ་ག་འདྲའི་ཚ་བོ་ཞིག་གསུངས་ན་ཡང་དོན་ངོ་མས་ལགས་ལེན་བྱེད་མཁན་སྐོན་པོ་འདུག
    དེ་ཚོ་ལྟོ་གང་རྒྱབ་དྲོ་ན་བསམ་བློ་གཏོང་རྒྱུ་ཁག་པོ་རེད་ལ་སོ་སོ་དཀའ་ངལ་ཞིག་འཕྲད་ན་བསམ་བློ་གཏོང་དགོས་ལ་ཐུག་གི་རེད།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བོད་མི་དག་ལ་སྔ་ས་ནས་༧གོང་ས་མཆོག་གི་འདི་འདྲའི་དོན་སྙིང་ལྡན་པའི་བཀའ་སློབ་ཆེས་མང་བོ་ཞིག་གསུངས་ཟིན་ན་ཡང་། བོད་མི་དག་གི་རྣ་ལམ་དུ་འཛུལ་ནས་ཕྱིར་རྣ་ལམ་ནས་བོར་ཟིན་པ་རེད། བཀའ་སློབ་འདི་ཡང་དེ་མཚུངས་དུ་གྱུར་ངེས་ཡིན།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 17 སྔོན།

    བཀའ་སློབ་དེ་འདྲ་ཞིག་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ལ་དགོས་ཀྱིན་འདུག

    Reply
  4. རི་བོང། says:
    ལོ་ 17 སྔོན།

    ད་ཉན་ཤེས་ན་བཙན་བྱོལ་བ་ཚོར་༸གོང་ས་མཆོག་གིས་བཀའ་སློབ་ཚ་བོ་ཞིག་གནང་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese