མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་གཟབ་གཟབ་བྱས་ཡོད། འཕྲིན།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཕྱི་ནང་གི་དྲ་རྒྱ་བཀག་པ།

དེང་སྐབས་བོད་ནང་གི་རྒྱུགས་ཆེ་བའི་བོད་ཡིག་དྲ་ཚིགས་མང་པོ་ཞིག་ཕྱི་ལོག་ནས་བལྟ་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་འདུག དཀའ་ངལ་འདི་ནི་གསར་བ་གང་ཡང་མིན། གནས་ཚུལ་མཁོ་སྤྲོད་ལ་སྟངས་འཛིན་བྱེད་ཐུབ་མིན་ནི་རྒྱ་ནག་གུང་ཁྲན་ཏང་གི་སྲིད་གཞུང་གནས་ཐུབ་མིན་ལ་འབྲེལ་བ་ཆགས་ཡོད་པས། འདས་པའི་ལོ་ཁ་ཤས་རིང་བོད་ཡིག་ཙམ་མ་ཡིན་པར་རྒྱ་ཡིག་གི་དྲ་རྒྱ་ཁ་ཤས་ལའང༌། རྒྱ་ནག་གཞུང་གིས་བཏགས་ལྷོད་ཐེངས་མང་བྱས་ཡོད། ལྷོད་པའི་དུས་སུ་བོད་ཕྱི་ནང་གཉིས་ཀྱི་དྲ་རྒྱ་བེད་སྤྱོད་བྱེད་མཁན་རྣམས་ཀྱིས་ཕན་ཚུན་གྱི་བསམ་ཚུལ་བརྗེ་རེས་དང༌། ཕན་ཚུན་ལ་གནས་ཚུལ་མཁོ་སྤྲོད་བྱས་ནས་མིའི་རྣམ་དཔྱོད་བེད་སྤྱོད་གཏོང་བར་རམ་འདེགས་བྱས་ཡོད། འགྲོ་བ་མི་སུ་ཡིན་ཀྱང་རང་ཉིད་ཀྱི་རྣམ་དཔྱོད་བེད་སྤྱོད་གཏོང་རྒྱུར་གནས་ཚུལ་གང་ཡིན་ཡང་ཕྱོགས་ཡོངས་ལ་རྒྱུས་ལོན་བྱེད་རྒྱུ་གལ་ཆེན་པོ་རེད། མིའི་རྣམ་དཔྱོད་བེད་སྤྱོད་གཏོང་བ་ལ་རང་དབང་ངང་གནས་ཚུལ་ཤེས་རྟོགས་བྱེད་ཆོག་པའི་ཐོབ་ཐང་ཞིག་འགྲོ་བ་མི་ཡོངས་ལ་ཅི་ནས་དགོས་པ་ཡིན་མོད། འོན་ཀྱང། བོད་ནང་དུ་ཐོབ་ཐང་དེའང་མེད་པ་མ་ཟད། གནས་ཚུལ་རྒྱུས་ལོན་བྱས་པ་ཙམ་ གྱིས་ཉེས་པ་ཕོག་པའི་ཉེན་ཁ་ཡོད། བོད་ནང་དུ་ཕྱི་ཕྱོགས་ཀྱི་དྲ་རྒྱ་སོགས་བཀག་འགོག་བྱེད་བཞིན་པ་ཐད་ཉེ་ཆར་ང་ལ་བོད་ནས་ཡི་གེ་ཞིག་འབྱོར་བ་འདི་ལྟར།
དཔལ་ལྡན་རྒྱལ་ལགས།
བདེ་མོ། ཁྱོད་ཚོའི་དྲ་ཚིགས་དང་ཡང་ན་ཕྱི་ལོགས་ཀྱི་ཆབ་སྲིད་དང་འབྲེལ་བའི་དྲ་ཚིགས་ཡོངས་བོད་ནང་ན་བལྟ་ཐུབ་གི་མི་འདུག དམར་ཕྱོགས་ཚང་གིས་དེ་ལ་ཤུགས་གནོན་ཆེན་པོས་འགོག་བཞིན་ཡོད། ཕྱི་སྡོད་དང་ནང་སྡོད་གྱི་བོད་མིའི་བར་ལ་འགལ་ཟླ་དང་བར་ཐག་འབྱུང་རྒྱུ་དེ་ཁོ་ ཚོའི་ཐབས་ལམ་ཅིག་རེད། དེ་ང་ཚོས་སྔོན་ནས་ཤེས་ཡོད། ཐབས་ཤེས་འདྲ་མིན་གྱིས་མཚམས་མཚམས་ཕྱིའི་དྲ་ཚིགས་ལ་བལྟ་གི་ཡོད། ཡིན་ཡང་སྤྱང་ཚོགས་འཛོམས་ས་ཞིག་ན་ཞི་བ་དང་བདེ་འཇགས་མེད་པས་ང་ཚོས་ནམ་ཡང་གཟབ་གཟབ་བྱས་ཡོད།

དཔལ་ལྡན་རྒྱལ་གྱི་ཟིན་བྲིས་ལས་བཤུས།

འབྲེལ་ཡོད་གསར་འགྱུར།

tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༢ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

བླ་རུང་སྒར་གྱི་གྲྭ་ཤག་གཏོར་ཟིན་པའི་གྲྭ་བཙུན་རྣམས་རང་ཡུལ་དུ་ལོག་དགོས་པའི་བཀའ་ཁྱབ་བསྒྲགས།

༢༠༢༦/༠༧/༢༧

མཆན། 4

  1. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 17 སྔོན།

    དྲ་གྲོགས་ཚོ
    opearaབེད་སྤྱོད་གནང་ན་ཧི་གཟུགས་ཟིན་བྲིས་སོགས་ཉེ་ཆར་བཀག་སྡོམ་བྱས་པའི་དྲ་ཚིགས་དག་བལྟ་ཀློག་ཐུབ་ཀྱི་འདུག

    Reply
  2. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    བདེན་གི་ཡ།

    Reply
  3. མི་ཆུང་། says:
    ལོ་ 17 སྔོན།

    ཚེར་མ་ནི་ཚེར་མ་རང་རེད། ཕྱོགས་གང་དུ་བཞག་ཀྱང་གཡས་གཡོན་གང་སར་ཟུག་འགྲོ། དེ་རིང་ཡང་བོད་ནང་གི་དྲ་རྒྱའི་འཐད་བོད་ཕྱི་ཡི་དཔའ་བོ་གཏད་མེད་དེ་ཚོར་ཟུག་བྱུང་། རེད་རེད། ཁྱེད་ལ་ཡང་བདེན་ཁ་མེད་པ་མ་རེད། འོན་ཀྱང་བོད་ནང་གི་དཔའ་རྒོད་ཚོ་ངར་ཐེངས་ཤིག་ལ་ལེང་ཧྲན་མཚོ་གླིང་ནས། ཀླད་རུས་ས་རུ་འཐོར་ཡང་ཁ་མི་བྲལ་བའི་དམ་བཅའ་དེ་ཚོ་ཡང་ལོས་ཡིན།

    Reply
  4. ཚེར་མ། says:
    ལོ་ 17 སྔོན།

    བོད་ནང་གི་དྲ་རྒྱ་རྒྱ་གཞུང་གིས་བཀག་ཡོད་པ་དེ་ཕྱི་ཕྱོགས་ཀྱི་དཔའ་བོ་རྣམས་ཀྱིས་ཁ་རྒྱག་པ་བཤད་པར་འབྲེལ་བ་ཡོད་པ་ཞིག་རེད་བསམ་གྱི་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese