མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་ཆེན་བརྒྱབས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

 

རྒྱ་ནག་ཞི་ཧྭ་གསར་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན། ཟླ་འདིའི་ཚེས་ ༡༢ ནས་ ༡༥ བར་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་དང་གཞིས་རྩེ། སྤུ་ཧྲིང་། གཉའ་ལམ། འབྲོང་པ་རྫོང་བཅས་སུ་ཁ་བ་ཆེན་པོ་བབ་ཡོད་པ་དང་། མངའ་རིས་ས་ཁུལ་གྱི་གནམ་གཤིས་ཧ་ཅང་ཇེ་འཁྱག་ཏུ་ཕྱིན་ཏེ། ཀོར་ཐིག་འོག་གི་ཚད་ ༢༩ ཙལ་ལ་སླེབས་ཡོད་འདུག དེ་བཞིན་ལམ་ཁ་མང་པོར་གངས་རྩེག་བརྒྱབས་ཏེ་འགྲིམ་འགྲུལ་ལ་འགོག་རྐྱེན་བཟོས་ཡོད་ཚུལ་བཀོད་འདུག འོན་ཀྱང་ས་གནས་མང་ཚོགས་དང་ཕྱུགས་རིགས་ལ་གྱོང་གུད་ཐེབས་ཡོད་མེད་སོགས་ཀྱི་གནས་ཚུལ་མི་འདུག གནས་ཚུལ་དེའི་ནང་མུ་མཐུད་བཀོད་པ་ལྟར་ན། ཕྱི་ཚེས་ ༡༨ ཉིན་ནས་སླར་ཡང་ས་ཁུལ་དེ་དག་ནང་ཁ་བ་འབབ་རྒྱུ་ཡིན་དང་། དེ་དང་མཉམ་དུ་རླུང་འཚུབ་ལྡང་སྟེ་ས་ཁུལ་འགའ་རེ་ཡི་ལམ་ཁ་དང་འབྲོག་པའི་ཕྱུགས་རྭ་བཅས་སུ་གངས་གསོག་རྒྱག་སྲིད་སྟབས། ས་གནས་མི་དམངས་ཀྱིས་དོ་སྣང་དང་གྲ་སྒྲིག་དགོས་པའི་ཉེན་བརྡ་བཏང་འདུག

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༨ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 12

  1. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་འདིར་ངས་དེབ་སྐྱེལ་བྱེད་སྐབས་ནོར་འཁྲུལ་སོང་ནས་ཡི་གེ་གཅིག་ཐེང་ཁ་བཏངས་ཟིན་འདུག དེ་ལ་དགོང་དག་ཞུ་གི་ཡིན།
    ཆུ་ཐིགས་སྔོན་མོའི་གསུངས་པ་ནང་བཞིན་རེད། བོད་སྐད་དག་མ་བཤད་མཁན་སུ་ཞིག་ཡིནའང་། ཁ་བ་བབས་ཟེར་བ་མ་གཏོགས་ ༼ གངས་བརྒྱབས ༽ ཟེར་བ་གཞི་ནས་གོ་མ་མྱོང་། དུང་བོད་མི་འགའ་ཞིག་གི་འབྲི་གཡག་སོ་སོ་མི་ཤེས་པར་གཡག་བཞོ་ཟེར་བ་དང་།
    མ་ཟད་འབྲི་མར་གཡག་མར་ཟ་སོགས་ཟེར་བ་དངོས་སུ་ཐོས་བྱུང་། གཡག་གི་མར་དང་གཡག་གི་ཆུར་བ་དེ་ད་སྔ་བོད་པ་སུས་ཀྱང་ཟ་མ་མྱོང་བའི་ཟས་ཞིག་ཡིན་སྲིད། ཧ་ཧ་ཧ་

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཡིད་སྐྱོ་བ་ཞིག་ལ་་་་དེང་སྐབས་ཁ་སྐད་ཀྱིས་ཡིག་སྐད་ལ་བཙན་རྒོལ་བྱེད་ཀྱིན་འདུག་་་་་་སྤྱིར་བཏང་གངས་ཟེར་བ་རིའི་རྩེར་ཆགས་པའི་ཁ་བ་ལ་ཟེར་ཞིང་།་ གནམ་ནས་འབབ་དུས་ཁ་བ་དང་རི་རྩེར་ཆགས་དུས་གངས་ཞེས་ཐ་སྙད་མི་འདྲ་བ་ཡོད་ཀྱང་་་ཕལ་སྐད་སྤྱོད་དྲགས་པས་་་དེང་སྐབས་ཚང་མས་གངས་འབབ་ཀྱི་འདུག་ཅེས་་་རྒྱུ་འབྲས་གོ་ལྡོག་འདུག་པས་འདི་ལྟར་བཞག་ན་ནམ་ཞིག་ཡིད་རྟོན་བྱེད་སའི་སྐད་ཡིག་ཅིག་ཡོང་རྒྱུ་མ་རེད་ཡཱ

    Reply
  3. བྱམས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ ཀརྨ་རྡོ་རྗེ་ལགས།
    ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞུ།
    རེ་བསྐུལ་ཞིག་ལ་ ཁྱེད་ཀྱི་ངོ་སྤྲོད་བཟོ་བཅོས་རྒྱག་ ཞེས་པ་ནང་ཕེབས་ཏེཁྱེད་ཀྱི་མིང་དེ་བོད་མིང་དུ་འགོད་གནང་ན་ལེགས་པོ་འདུག་ལགས།

    Reply
  4. ཨ་མྱེ་རྫ་རྒྱ་ says:
    ལོ་ 16 སྔོན།

    ད་ལོ་གངས་དང་ཆུ་ལོག་ས་ཡོམ་སོགས་ཀྱི་གནོད་སྐྱོན་འཚབ་ཆེན་པོ་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་མང་གྲགས་ནས་བསམ་བློ་བཏང་ཚད་མི་ཟིན་གི་ད་ག་རེ་བྱེད།

    Reply
  5. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་མི་སྐྱབས་བཅོལ་པ་ཚོས། ཡོ་རོབ་དང་ཨ་རི་སོགས་ལ་ཁ་བའི་གནོད་སྐྱོན་སྐོར་སེམས་ཁྲལ་ཆེར་མི་དགོས་པ་འདྲ་ཡང་། ནམ་ཟླ་དགུན་གསུམ་བོད་ཡུལ་ཁ་བའི་བཟུང་ན་མི་དང་ཕྱུགས་ལ་གནོད་ངེས་ཅན་རེད།

    Reply
  6. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་མི་སྐྱབས་བཅོལ་པ་ཚོས། ཡོ་རོབ་དང་ཨ་རི་སོགས་ལ་ཁ་བའི་གནོད་སྐྱོན་སྐོར་སེམས་ཁྲལ་ཆེར་མི་དགོས་པ་འདྲ་ཡང་། ནམ་ཟླ་དགུན་གསུམ་བོད་ཡུལ་ཁ་བའི་བཟུང་ན་མི་དང་ཕྱུགས་ལ་གནོད་ངེས་ཅན་རེད།

    Reply
  7. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    ཡོ་རོབ་དང་ཨ་རི་སོགས་ལ་ཁ་བའི་གནོད་སྐྱོན་སྐོར་སེམས་ཁྲལ་ཆེར་མི་དགོས་པ་འདྲ་ཡང་། ནམ་ཟླ་དགུན་གསུམ་བོད་ཡུལ་ཁ་བའི་བཟུང་ན་མི་དང་ཕྱུགས་ལ་གནོད་ངེས་ཅན་རེད།

    Reply
  8. དགུ་ཚིགས་སྐྱ་མོ། says:
    ལོ་ 16 སྔོན།

    བོད་མི་སྐྱབས་བཅོལ་པ་ཚོས། ཡོ་རོབ་དང་ཨ་རི་སོགས་ལ་ཁ་བའི་གནོད་སྐྱོན་སྐོར་སེམས་ཁྲལ་ཆེར་མི་དགོས་པ་འདྲ་ཡང་། ནམ་ཟླ་དགུན་གསུམ་བོད་ཡུལ་ཁ་བའི་བཟུང་ན་མི་དང་ཕྱུགས་ལ་གནོད་ངེས་ཅན་རེད།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་ཡིན་ན་ད་ལོ་ཡོ་རུབ་ལ་གངས་འཁྱགས་ཀྱི་རྐྱེན་གྱིས་མི་མང་པོ་འཁྱག་ཤི་ཐེབས། མེ་གླིང་ལ་ཡང་ཁ་བ་ཆེན་པོ་བསྟུད་མར་བབས། བོད་ལ་ཡང་ཁ་བ་ཆེན་པོ་བབས། གོ་ལའི་ཚ་ཚད་འཕར་བཞིན་པའི་ཐོག་ཏུ་གྲངས་ཚད་དེ་ཡང་འཕར་གྱིན་ཡོད་ངེས་རེད། ད་མགྱོག་པར་གནམ་གཤིས་ཚན་རིག་པ་ཚོས་འཁྱགས་པའི་དུས་རབསIce ageཞིག་མགྱོག་པོར་ཤར་རྒྱུའི་ཉེན་བརྡ་གཏང་མི་སྲིད་པ་མ་རེད།
    འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ། །སེམས་ཅན་མུ་གེ་ནད་ཀྱིས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམས་མེད་པར་གསོལ་བ་ཐོབས། །
    ཅེས་དང་། ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགག་ན༎ཡིད་གཉིས་ཐེ་ཚོམས་མེད་པར་གསོལ་བ་ཐོབས༎ཅེས་པ་དེ་ཚོ་རེ་བཏོན་ན་ཅང་ཕན་ནམ།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྐྱབས་མགོན་མཁྱེན། གོར་ཐིག་མན་གྱི་ཨང་29་ཟེར་དུས་ཅི་འདྲ་ཞིག་མི་གྲང་ངམ། ད་དུང་གངས་གསོག་བརྒྱབ་ཚེ་ས་ཁུལ་མང་པོར་གནོད་སྐྱོན་ཚབས་ཆེན་འབྱུར་སྲིད་ཀྱི་རེད། འགྲུལ་འགྲིམ་ལམ་ཁ་འགག་སོང་ན་དཀའ་ངལ་འཕྲད་རྒྱུ་ཡིན་པ་མ་ཟད། རྒྱ་བཙོག་འདི་ཚང་གིས་གསང་བ་ཡང་དེ་བས་བྱེད་སླ་བར་འགྱུར་རྒྱུ་རེད།

    Reply
  11. karma dorje says:
    ལོ་ 16 སྔོན།

    ་་་་་་་་་་་་་་་་་་་་་་་་་་་་་་་་་གྲོགས་་་་་་་་་་་་་་་
    ལྷས་གྲོགས་མཛོད། །

    Reply
  12. karma dorje says:
    ལོ་ 16 སྔོན།

    འབྱུང་བཞིའི་ལྷ་སོགས་མྱུར་དུ་མཛོད་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese