མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲ་ཚིགས་འགའ་བཙོན་གྲོལ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༩ ཉིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བའི་པོད་ཁུག་(www.cmbod.cn)བསླར་ཡང་སྒོ་ཕྱེས་ཐུབ་པ་བྱུང་བའི་གཏམ་བཟང་བསྒྲགས་འདུག་ལ། དེ་དང་མཉམ་དུ་གངས་གཞོན་གླེང་སྟེགས་(www.tibet123.com)ཀྱང་བསྐྱར་དུ་སྒོ་ཕྱེ་འདུག

ཟླ་འདིའི་ཚེས་ ༦ ཉིན་མཆོད་མེ་དྲ་བའི་དོ་དམ་པས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ “མཆོད་མེ་དྲ་བར་དུས་ཀུན་བརྩེ་བས་གཟིགས་པའི་ཀློག་མཁན་ཡོངས་ལ། ཉེ་བའི་དུས་འདིར་གོང་རིམ་ནས་གནས་སྐབས་སུ་རིགས་སྣ་ཚོགས་ཀྱི་པོད་ཁུག་དག་གི་སྒོ་རྒྱག་དགོས་པའི་བརྡ་བཏང་བྱུང་བ་དང་། དུས་ལ་བབས་ཚེ་སླར་ཡང་སྒོ་འབྱེད་ངེས་པ་འདྲ་བས། དོན་དག་འདིས་བོད་ཀྱི་རིག་གནས་ཡར་སྤེལ་གྱི་ཕྱོགས་ལ་ཀུན་སློང་ཡོད་པའི་ཀློག་མཁན་དག་ལ་འགལ་རྐྱེན་ཆེན་པོ་བཟོས་པར་ཆེད་དུ་དགོངས་དག་ཞུས་པ་ཡིན” ཞེས་བཀོད་འདུག་ལ། སྐབས་དེར་མཆོད་མེ་པོད་ཁུག་ཙམ་དུ་མ་ཟད། (བོད་ཀྱི་སྐད་ཡིག) དང་། (གངས་གཞོན་གླེང་སྟེགས) ( ཧི་གཟུགས་ཟིན་བྲིས) བཅས་ཀྱང་སྒོ་རྒྱག་དགོས་བྱུང་ཡོད་ཀྱང་། ཐེངས་འདིར་མཆོད་མེ་པོད་ཁུག་དང་མཉམ་དུ་གངས་གཞོན་གླེང་སྟེགས་ཀྱང་བསྐྱར་དུ་སྒོ་ཕྱེ་ཐུབ་པ་བྱུང་ཡོད།

ཉེ་ཆར་བོད་ནང་གི་དྲ་ཚིགས་དང་ཟིན་བྲིས་ཁག་ཅིག་ལ་བལྟ་མི་ཐུབ་པ་ཆགས་རྗེས་ཕྱི་ཕྱོགས་ནས་བལྟ་ཀློག་བྱ་མི་ཐུབ་པ་བཟོས་པ་ཡིན་ཚུལ་གླེང་སློང་བྱུང་ཡོད་ཀྱང་། དོན་དངོས་དེ་འདྲ་མ་ཡིན་པར། སྔར་ལོའི་ལོ་མཇུག་ཏུ་པེ་ཅིན་ནས་༼ ཐེངས་ཉེར་ལྔ་བའི་ཞིང་ལྗོངས་ལྔའི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་བརྗེ་རེས་དང་དཔྱད་བསྡུར་ཚོགས་ཆེན ༽ཟེར་བ་དེ་ཚོགས་ཤིང་། ལྷ་ས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཀྱི་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་ཁང་ ༡༩ ཙམ་གྱི་འགན་འཛིན་དང་རྩོམ་སྒྲིག་པ་ ༥༠ ལྷག་བསྡུས་ཏེ། ཏང་དང་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་གཞི་དང་། སྲིད་གཞུང་གི་ཆབ་སྲིད་ལྟ་བར་དོ་ཕོག་བྱུང་རིགས་ལ་སྐྱོན་བརྗོད་ཀྱིས་བོད་ཁུལ་གྱི་དྲ་ཚིགས་སོགས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཕོག་ཐུག་ཆེན་པོ་བཏང་ཡོད།  

ཁ་སང་ཚེས་ ༡༩ ཉིན་མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བས་པོད་ཁག་བསྐྱར་དུ་སྒོ་འབྱེད་ཐུབ་པ་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། “རྒྱ་ཆེའི་བོད་རིགས་སྤུན་ཟླ་ལྷན་རྒྱས་ཀྱི་སྤྱན་སྔར། མིག་སྔར་དཀའ་ཚེགས་གང་མང་བརྒྱུད་རང་རེའི་མཆོད་མེའི་པོད་ཁུག་དེ་ཡང་བསྐྱར་ཁ་ཕྱེ་ཆོག་པའི་གནང་བ་ཐོབ་ཡོད། སྔར་གྱི་པོད་ཁུག་གི་ཁོངས་མིང་ www.cmbod.cn དེའི་སྟེང་ཁོངས་མིང་ http://blog.tibetcm.com གསར་དུ་བསྣན་ཡོད་པས་ཁོངས་མིང་དེ་གཉིས་གང་རུང་བརྒྱུད་ནས་པོད་ཁུག་ལ་བཅར་ཆོག་སྟབས། དེ་གཉིས་ལས་གང་ལ་མོས་ན་དེ་སྤྱོད་ཆོག་པའི་ཁྱད་ཆོས་ལྡན། དེ་མིན་དྲ་གྲོགས་རྣམ་པའི་སྙན་ལམ་དུ་ཞུ་རྒྱུར། པོད་ཁུག་གི་ནང་དོན་ཐད་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་བར་ཡང་ནས་ཡང་དུ་རེ་བ་ཞུ། ད་དུང་ཡང་ཁྲིམས་འགལ་གྱི་བརྗོད་བྱ་སྤེལ་ཏེ། པོད་ཁུག་སྒོ་རྒྱག་དགོས་བྱུང་བའི་ཚེ་ན་པོད་ཁུག་གི་ཚེ་སྲོག་ཉག་ཕྲ་བ་དེ་ཡང་མི་བརྟན་པར་འདུག་པས་ན་ཀུན་ཀྱིས་དང་དུ་ལེན་པར་འཚལ།།” ཞེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༣ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

མཆན། 9

  1. ར་ས་ཕོ་ཉ། says:
    ལོ་ 17 སྔོན།

    གངས་ལྗོངས་གླེང་སྟེགས་ཁ་སེང་ནས་རྒྱ་གར་ལྷོ་ཕྱོགས་སུ་སྒོ་ཕྱེ་ཐུབ་ཀྱི་འདུག

    Reply
  2. རྩེ་སྐར། says:
    ལོ་ 17 སྔོན།

    གངས་གཞོན་གླེང་སྟེགས་སྒོ་ཕྱེས་ཐུབ་ནའང་དྲ་ངོས་ཀྱི་རྩོམ་ཡིག་ཁག་འཕར་བརྗེ་བྱེད་མི་ཐུབ་པའི་སྣང་ཚུལ་དུ་ལྷག་འདུག དེ་མིན་ཧི་གཟིགས་ཟིན་བྲིས་ཀྱང་སྒོ་ཕྱེས་ཐུབ་ཀྱང་། དྲ་ངོས་ཀྱི་སྒུལ་ནུས་བརྗེ་བསྒྱུར་འཕར་སྣུར་དང་ནང་འཇུག་ཐོ་འགོད་སོགས་བྱེད་མི་ཐུབ་པའི་ཚུལ་དུ་འདུག
    རེ་བ་ལ་བོད་ནང་གི་ཟིན་བྲིས་འདི་དག་ང་ཚོའི་མིག་སྔར་ནམ་བཤམས་ཐུབ་པ་ནས་གང་ལ་འཇིག་སྣང་མི་དགོས་པའི་ལུང་ཁུག་རེར་འཛུལ་ནས་ཟིན་བྲིས་འདི་དག་གི་ཚེ་སྲོག་དང་ཟིན་བྲིས་དོ་དམ་པ་དག་གི་མདུན་ལམ་ལ་གནོད་བསྐྱལ་བའི་སྐད་ཆ་གང་བྱུང་དུ་མ་བཤད་རོགས་ཟེར་བ་ཡིན།

    Reply
  3. རས་པ། says:
    ལོ་ 17 སྔོན།

    ཧི་གཟུགས་ཟིན་བྲིས་སྔོན་མ་ནང་བཞིན་ཡོངས་ཁྱབ་དྲ་བའི་ལམ་དུ་སྒོ་ཕྱེས་མེད་པར་གནས་སྐབས་ཚོང་འཕྲིན་བརྒྱུད་བསྒྲགས་གྱི་དྲ་ལམ་ལྟ་ཞིག་བེད་སྤྱོད་བཏང་ཏེ་ཟིན་བྲིས་པ་དང་ཀློག་པ་པོ་ཚོར་མཐའ་མའི་གོ་སྐབས་ཕུལ་ཡོད་འདུག་པས་ཆེས་རིང་ན་ཟླ་བ་གཅིག་དང་། དེ་མིན་ཟླ་གཅིག་ནང་ཚུན་དུ་རང་བཞིན་གྱིས་སྒོ་རྒྱག་གི་རེད།

    Reply
  4. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    སྙིང་རྗེ་ཆབ་སྲིད་བཙོན་པ་ཁོང་གཉིས་་་་དེ་ལས་ཀྱང་མཆོད་མེ་དྲ་ཚིགས་འདི་ལོ་རྟག་པར་ཁྲིམས་ཁང་དུ་འགྲོ་དགོས་བྱུང་བས་སྙིང་རྗེ་བ་ཞིག་རེད། བཙོན་པ་འདི་དག་གི་སྐུ་ཚེ་ཡུན་བརྟན་པའི་སྨོན་འདུག་ཞུ།

    Reply
  5. karma dorje says:
    ལོ་ 17 སྔོན།

    བསམ་འཆར ་ཉན་འདོད མེད་པ་དང་ གཅིག ཤེས་བཞིན་ ཡར་རྒྱས་ གཏོང་འདོད་ མེད་པ་ གཉིས་ནི། ད་ལྟའི་ རྒྱ་ནག་ གཞུང་གི་ མཚང་ ཆེ་ཤོས་ གཉིས་རེད། །

    Reply
  6. ཨ་མྱེ་རྫ་རྒྱ་ says:
    ལོ་ 17 སྔོན།

    ᨕདྲ་ཚིགས་དེ་དག་བསྐྱར་དུ་སྒོ་ཕྱེ་ཐུབ་པ་ལ་དགའ་བསུ་དང་དེའི་ཕྱོགས་ལ་ཧུར་རྩོན་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ། འཚམས་འདྲི་ཞུ།

    Reply
  7. ཁམས་ཕྲུག says:
    ལོ་ 17 སྔོན།

    གྲྭ་བ་དྲ་བ་གཉིས་ཀ་བཙོན་གྲོལ་ཐོབ་ན་ཅི་མ་རུང་།

    Reply
  8. དགེ་བཤེས་སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    དྲ་ཚིགས་དེ་གཉིས་བསྐྱར་དུ་སྒོ་ཕྱེ་འདུག་པར་འཚམས་འདྲི་ཞུ།

    Reply
  9. བསེ་རུ། says:
    ལོ་ 17 སྔོན།

    བརྡ་འཕྲིན་དུས་རབས་འདིའི་ནང་རྒྱ་ནག་གཞུང་གིས་བརྡ་འཕྲིན་གྱི་རང་དབང་བཀག་སྡོམ་བྱེད་པ་ནི་འགྲོ་བ་མིའི་རིགས་ཀྱི་སྐེ་དམ་པོར་བཙིར་བ་དང་ཀུན་ནས་མཚུངས་པ་ཞིག་མ་རེད་དམ།

    དེ་རིང་གི་གཏམ་བཟང་འདི་གོ་བ་དང་ལྷན་དུ་ང་ཚོས་ཧི་གཟུགས་ཟིན་བྲིས་དང་བོད་ཀྱི་སྐད་ཡིག་དྲ་རྒྱ་ཡང་བཙོན་གྲོལ་འཐོབ་རྒྱུར་ངང་སྒུག་བྱས་པ་ཙམ་མ་ཡིན་པར་དེ་ཡོང་རྒྱུར་ཐབས་ལམ་གང་ཞིག་འཚོལ་དགོས་སམ།

    དྲ་ངོས་སུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་དོན་གནད་སྤེལ་མི་ཆོག་པའི་རེ་བ་གནང་བ་ནི བོད་ཡིག་དྲ་ཚིགས་ཀྱི་ཚེ་སྲོག་ལ་ཐུགས་བསམ་བཞེས་ཏེ་གསུངས་པ་ཞིག་རེད། ཡང་ང་ཚོས་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དང་བདེན་དོན་གྱི་གནས་ལུགས་གང་ཡིན་པ་བཤད་ཚེ། དེ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་དོན་ཅི་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese