མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རུས་རྒྱུད་རིག་གནས་འཚོལ་བསྡུ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་དྲ་ཚིགས་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཚེས་ ༡༥ ཉིན་གནམ་འོག་གི་རྨ་ཁུགས་དང་པོ་དང་། ཨེ་ཤ་ཡའི་གླིང་གི་རྩྭ་ཐང་དང་པོ་རུ་འབོད་པའི་རྨ་ཆུ་རྫོང་གི་མགར་ནང་མ་ཁང་དུ། བོད་ཀྱི་མཛངས་བློན་བདུན་གྱི་ཡ་གྱལ་མགར་སྟོང་བཙན་གྱི་མི་ཚེ་ཡི་རླབས་ཆེན་བྱ་བཞག་ལ་བསྐྱར་དུ་གདེང་འཇོག་དང་བོད་ཀྱི་རུས་རྒྱུད་རིག་གནས་འཚོལ་བསྡུ་དང་སྔོག་འདོན། མ་འོངས་པའི་མི་རབས་གསར་བར་བརྒྱུད་སྤྲོད་ཆེད། ༼ མགར་ཚང་གི་ཁྱིམ་རྒྱུད་ལོ་རྒྱུས་བགྲོ་གླེང་ ༽ ཞེས་པའི་ཚོགས་འདུ་ཞིག་ཚོགས་ཡོད་འདུག

ཚོགས་འདུ་དེའི་སྟེང་རྨ་ཆུ་རྫོང་ཆབ་སྲིད་གྲོས་མོལ་ཚོགས་པའི་ཚོགས་གཞོན་ཟུར་བ་འཇམ་དབྱངས་དང༌། སི་ཁྲོན་རྔ་ཡུལ་ཁཱ་ཤཱི་དགོན་གྱི་ཁཱ་ཤེས་རབ་རྒྱ་མཚོ། མཚོ་སྔོན་མགོ་ལོག་སྨིན་ཐང་དགོན་གྱི་མགར་ལྷ་མགོན། རྨ་ཆུ་རྫོང་གེ་སར་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་མྱིག་གཅོད་སོགས་ཞུགས་ཏེ། མགར་བློན་གྱི་རླབས་ཆེན་གྱི་བྱས་རྗེས་དང་། ཁོང་གི་མི་རྒྱུད་དག་གི་རྒྱལ་དོན་སྙིང་སྟོབས། མངའ་འབངས་ལ་སྲི་ཞུ་བསྒྲུབས་པའི་ལོ་རྒྱུས་སོགས་ངོ་སྤྲོེད། དེ་བཞིན་འདས་པའི་ལོ་རྒྱུས་ལ་བསྐྱར་དུ་ངོས་འཛིན་དང་གདེང་འཇོག ད་ལྟའི་འཚབ་མཚོན་རང་བཞིན་གྱི་ལས་དོན་དག་ལ་ཤུགས་སྣོན་སོགས་བྱས་ཡོད་པ་མ་ཟད། མཇུག་ཏུ་མགར་ཚང་གི་རུས་རྒྱུད་ཀྱི་ད་ལྟའི་བགྲེས་སོང་མཁྱེན་དཔྱོད་ཅན་དག་གིས་སྣེ་ཁྲིད་ཅིང་། གསར་སྐྱེས་རིགས་ཞེན་ཅན་མང་བོས་རམ་འདེགས་འོག་མགར་ཚང་གི་རུས་རྒྱུད་བཙལ་ཞིབ་དང་། མདོ་དབུས་ཁམས་གསུམ་གྱི་མགར་ཚང་གི་མི་རྒྱུད་ཀྱི་གལ་ཆེན་རང་བཞིན་ཁག་ཁྱབ་སྤེལ་བྱས་ཏེ། རུས་རྒྱུད་ཀྱི་རིག་གནས་འདི་ཉིད་དུས་རབས་ནས་དུས་རབས་ལ་བརྒྱུད་སྤྲོད་ཐུབ་པའི་ཕྱོགས་སུ་ཕན་སྐྱེད་ཆེ་བའི་ཕྱག་ལས་མི་ཉུང་བ་ཞིག་གནང་དགོས་པའི་ཐག་གཅོད་བྱས་ཡོད་འདུག

 

འདས་པའི་ལོ་རྒྱུས་ཀྱི་བྱུང་རབས་ལྟར་ན། བོད་ཀྱི་བཙན་པོ་ཁྲི་ཐོག་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་མེད་ཐབས་མེད་པའི་བློན་ཆེན་བཞིའི་གྲས་མགར་སྟོང་བཙན་ཡུལ་སྲུང་གི་མི་རྒྱུད་མང་ཆེ་བ་མདོ་སྨད་ཕྱོགས་སུ་ཆད་ཡོད་པ་དང་། མགར་སྟོང་བཙན་གྱི་བུ་བཞི་ལས་མགར་བཙན་སྙ་ལྡོམ་བུ་དང་མགར་ཁྲི་འབྲིང་བཙན་བྲོད་སོགས་ཀྱིས་དེང་གི་ཨ་མདོའི་ཁོངས་གཏོགས་འ་ཞ་ཟེར་བར་དམག་དྲངས་ཏེ། མཐའ་འཁོབ་ཀྱི་རྒྱལ་ཕྲན་དག་གཅིག་སྡུད་བྱས་ཏེ་བོད་རྒྱལ་ཁབ་ཆེན་པོ་རྒྱ་བསྐྱེད་བཏང་ཚུལ་གསལ་ཞིང་། ཏུན་ཧོང་གཏེར་ཡིག་ནང་། “བོད་ས་ཁྱི་ ༦༩༨ ལོར་བཙན་པོ་འདུས་སྲོང་དབྱར་དུས་བྱང་ཕྱོགས་སུ་ཕེབས་པ་དང་། དགུན་དུས་བློན་ཆེན་པོ་མགར་ཁྲི་འབྲིང་བཙན་བྲོད་ཀྱིས་མདོ་སྨད་ཙོང་ཁ་ཆེ་ཆུང་དུ་དམག་དྲངས། དགུན་དུས་དེ་རང་ལ་བཙན་པོས་མགར་ལ་བཀྱོན་ཕབ” ཅེས་བཀོད་འདུག་ལ། དེ་བཞིན་དུང་དཀར་ཚིག་མཛོད་ནང་། “མགར་བཙན་སྙ་སྡོམ་བུ་བློན་ཆེན་དུ་བསྐོ་བཞག་བྱས་པའི་ལོ་དེར། མགར་ཁྲི་འབྲིང་བཙན་བྲོད་སོགས་གཞོན་པ་གསུམ་གྱིས་དམག་དཔོན་བྱས་ཏེ། རྒྱའི་ས་མཚམས་སུ་དམག་དྲངས་ཏེ་ལྗང་རིགས་ཀྱི་ཡུལ་ཚན་བཅུ་གཉིས་ཙམ་བཅོམ་པ་དང་། དེའི་རྗེ་བོད་དམག་གིས་ནུབ་ཕྱོགས་གྲུ་གུ་ཚོ་ཆེན་བཅུ་བོད་ཀྱི་ཚབ་འོག་ཏུ་བཅུག”  ཅེས་བཀོད་ཡོད།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༨ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༩ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 10

  1. ལུང་རྟོགས། says:
    ལོ་ 17 སྔོན།

    མགར་སྟོང་བཙན་ནི་བོད་ཀྱི་སྲིད་ཕྱོག་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་རྗེས་དྲན་ཞུ་འོས།

    Reply
  2. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    གནའ་མགར་དང་ད་མགར་མི་འདྲ།།
    རྟ་དང་རྟ་ལུད་མི་གཅིག།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    ལས་ཀ་མི་དགོས་ས་ལ་ལས་ཀ་ལས་བསྡད་ན་དཀའ་ལས་རེད་ཡ།

    Reply
  4. karma dorje says:
    ལོ་ 17 སྔོན།

    ཁ་བརྡའི་དྲ་དེབ་ནང་ལ་བློན་ཆེན་མགར་སྟོང་བཙན་སྐོར་ལ་མང་སེ་འདུག

    Reply
  5. རྨེ་རུ། says:
    ལོ་ 17 སྔོན།

    མགར་ཚང་གི་ལོ་རྒྱུས་གླེང་འོས་པ་ཞིག་དང་གླེང་རིན་ཆོག་པ་ཞིག་རེད་སྙམ།

    Reply
  6. karma dorje says:
    ལོ་ 17 སྔོན།

    ཉག་ཁྲིའི་རྒྱལ་རྒྱུད་བོད་ཀྱི་རྒྱལ་རིགས། །
    སྲོང་བཙན་གདུང་རྒྱུད་ལྷ་རྒྱལ་རི་རྒྱལ། །
    མགར་བློན་སྟོང་བཙན་རུས་རྒྱུད་བཙལ་ཞིབ། །
    ཕྱ་འཚལ་གཉེར་པའི་ང་རེའི་མི་རྒྱུད། །

    རིགས་མཐོའི་སྤྱོད་བཟང་དར་རྒྱས་ཤོག །

    Reply
  7. བསེ་རུ། says:
    ལོ་ 17 སྔོན།

    ངའི་ཟིན་བྲིས་སུ་མགར་སྟོང་བཙན་གྱི་བུ་རྒྱུད་དང་བཅས་པའི་སྐོར་རགས་ཙམ་བཀོད་ཡོད།
    https://tibettimes.net/wordpress/blogs.php?id=63&post_id=6969

    Reply
  8. སྒྲོལ་མ། says:
    ལོ་ 17 སྔོན།

    དེ་རིང་འདི་ན་ཆེས་གལ་ཆེ་བའི་མིང་ཚིག་གཉིས་སླེབས་འདུག མགར་བ་སྟོང་བཙན་དང་། རུས་རྒྱུད་རིག་གནས་འཚོལ་བསྡུ། བོད་ཀྱི་བཙན་པོའི་ལོ་རྒྱུས་ནང་ཆེས་རླབས་ཆེ་ཞིང་། རྒྱལ་དོན་ལ་བྱས་རྗེས་མངོན་པར་མཐོ་བའི་མགར་བ་སྟོང་བཙན་དེ་རིང་གཞི་ནས་དྲན་སོང་བ་འདྲ། དྲན་ཆེན་གྱི་བཀའ་དྲིན་དྲན་པ། ཕ་མེས་ཀྱི་རུས་རྒྱུད་འཚོལ་མགོ་ཕྱི་དྲགས་སོང་བ་རེད།

    Reply
  9. བསེ་རུ། says:
    ལོ་ 17 སྔོན།

    ད་ངས་ཀྱང་མགར་སྟོང་བཙན་གྱི་མི་རྒྱུད་ལ་བསྐྱར་ཞིབ་བྱས་ན་སྙམ།

    Reply
  10. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    འདི་ད་ནངས་མཆོད་མེ་ཚང་ན་ཡོད་ནོ་དེ་རེད་ལ། འདྲ་པར་བདམས་གསེས་བྱས་ནོ་ཧ་ཅང་བཟང་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese