མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མདོ་སྨད་ས་རྒྱུན་གསར་པ་གཉིས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

སཱོ་ལན་དཔལ་གཤེན་བསྟན་སྨན་རིའི་གླིང་གཙོས་མཐའ་འཁོར་ས་ཁུལ་དང་། ཧི་མ་ཅལ་མངའ་སྡེའི་ལྟེ་གནས་སིམ་ལ་ཁུལ་དུ་ཡོད་པའི་དཔལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཕྱོགས་གཉིས་སུ་མདོ་སྨད་ས་གནས་གསར་འཛུགས་གནང་བ།

མདོ་སྨད་དབུས་རྒྱུན་གྱིས་ཕྱི་ཚེས་ ༢༦ ཉིན་འདི་གར་བཏང་བའི་གནས་ཚུལ་ལྟར་ན། མདོ་སྨད་ཚོགས་ཆེན་སྐབས་བཅུ་བཞི་བ་ཕྱི་ལོ་ ༢༠༠༩ ལོའི་ཟླ་༤ཚེས༢༦ནས་ཉིན་གསུམ་རིང་ཀིརྟིའི་བྱེས་པ་གྲྭ་ཚང་དུ་ཚོགས་ཤིང་། སྐབས་དེའི་གྲོས་ཆོད་ཁག་ལས་དོན་ཚན་གཅིག་གཞིར་བཟུང་སྟེ་བོད་རྒྱལ་ལོ་༢༡༣༧ཕྱི་ལོ༢༠༡༠ཟླ་༡ཚེས་༡༠ཉིན་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་རྣམས་མཉམ་འཛོམས་ཀྱིས་བཞུགས་མོལ་ཚོགས་འདུ་བརྒྱུད་ཐག་གཅོད་བྱུང་དོན་ལྟར་སཱོ་ལན་དཔལ་གཤེན་བསྟན་སྨན་རིའི་གླིང་གཙོས་མཐའ་འཁོར་ས་ཁུལ་དང་། ཧི་མ་ཅལ་མངའ་སྡེའི་ལྟེ་གནས་སིམ་ལ་ཁུལ་དུ་ཡོད་པའི་དཔལ་ཇོ་ནང་རྟག་བརྟན་ཕུན་ཚོགས་ཆོས་གླིང་ཕྱོགས་གཉིས་སུ་མདོ་སྨད་ས་གནས་གསར་འཛུགས་དང་འཐུས་ཚང་དུ་གནང་གལ་ཆེ་བར་མཐོང་སྟེ་མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཞོན་མགོན་པོ་དོན་འགྲུབ་དང་། དྲུང་ཆེ་རྒྱ་རིགས་ཐར། འབྲེལ་མཐུད་བདེ་འགན་བསྟན་པའི་དངོས་གྲུབ་གསུམ་འདི་ཟླའི་ཚེས་༢༠ཉིན་ས་གནས་དེ་གཉིས་ལ་ཆེད་བཅར་གྱིས། ཕྱི་ཚེས་༢༡ཉིན་འཕགས་ཡུལ་དཔལ་ཇོ་ནང་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་གི་མཁན་རབས་དང་རྡོ་རྗེ་སློབ་དཔོན་ཁྲི་རབས་དང་པོ་ཆོས་སྣང་རིན་པོ་ཆེ་དང་མཁན་པོ་ལས་ཐོག་རིན་ཆེན་རྣམ་གཉིས་གཙོས་ས་དེ་གའི་སེར་སྐྱ་མི་མང་འདུ་འཛོམས་ཀྱིས་ས་གནས་ཚོགས་འདུ་སྐོང་འཚོགས་ཀྱི་ལམ་ནས “སིམ་ལ་མདོ་སྨད་ས་གནས་རྒྱུན་ལས་ཁང” གསར་འཛུགས་བྱས་པ་དང་། དེ་བཞིན་ས་རྒྱུན་གསར་པའི་ཁོངས་སུ་སློབ་སྟོན་པར་མཁན་ཟུར་ཆོས་སྣང་རིན་པོ་ཆེ་དང་། རྒྱུན་ལས་ཀུན་དགའ་གནས་ལོ། ཡོན་ཏན་རྒྱ་མཚོ། དེ་མིན་མང་མོས་འོས་བསྡུ་བརྒྱུད་སྐྱ་བོ་གཅིག་རྗེས་སྣོན་ཡོང་རྒྱུ་དང་ལས་གནས་གོ་རིམ་ནང་ཁུལ་ནས་བསྐོ་བཞག་གནང་རྒྱུ་བཅས་གཏན་ཁེལ་ཐག་གཅོད་བྱེད་ཐུབ་པ་བྱུང་ཡོད།

ཕྱི་ཚེས་ ༢༢ ཉིན་སོ་ལན་བོན་གཞིས་སུ་ཆེད་བཅར་བྱས་ཡོད་ལ་ཉིན་དེར་༧དཔལ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་༧སྐྱབས་རྗེ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་ལ་ཆེད་དུ་མཇལ་བཅར་གྱིས་མདོ་སྨད་ཀྱི་ལས་དོན་ཆེ་ཕྲ་༧སྙན་སེང་ཞུས་པ་དང་འབྲེལ། བོད་བསྟན་སྲིད་ལ་སྨན་པའི་ལམ་སྟོན་བཀའ་སློབ་ཡང་བསྩལ་གནང་མཛད་ཅིང་། དེ་ག་བོན་གཞིས་ཁུལ་བཞུགས་མདོ་སྨད་སེར་སྐྱ་ཡོངས་འདུ་འཛོམས་ཀྱིས་ཚོགས་འདུ་སྐོང་འཚོགས་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལོ་རྒྱུས་བྱུང་རིམ་དང་། དཔལ་ལྡན་རང་གཞུང་དང་༧གོང་ས་༧སྐྱབས་མགོན་རིན་པོ་ཆེ་མཆོག་གི་དགོངས་གཞི་དང་འབྲེལ་བའི་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གཏམ་བཤད་ཀྱིས་ས་གནས “བོན་གཞིས་མདོ་སྨད་ས་གནས་རྒྱུན་ལས་ཁང” གསར་འཛུགས་ལེགས་འགྲུབ་དང་། མང་མོས་འོས་བསྡུའི་ལམ་ནས་རྒྱུན་ལས་གསར་འདེམས་བྱུང་ཡོད་། ས་གནས་རྒྱུན་ལས་གསར་པའི་ཁོངས་སུ་སྨན་རི་དགོན་གྱི་གྲྭ་ཁྲི་གཡུང་དྲུང་དང་། གྲྭ་ཟླ་བ་དར་རྒྱས། གྲྭ་བསྟན་པ་ཡེ་ཤེས། གཞིས་གྲོང་དོན་འགྲུབ། གཞིས་གྲོང་བཀྲ་ཤིས་མཚོ་མོ་སོགས་ཚོགས་མི་ལྔ་བསྐོ་བཞག་གནང་ཡོད་ལ་ལས་གནས་གོ་རིམ་ནང་ཁུལ་ནས་འོས་འདེམས་བྱ་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

ཆུ་ཚོད་ ༦ སྔོན་ལ།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

ཆུ་ཚོད་ ༡༣ སྔོན་ལ།
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

ཆུ་ཚོད་ ༡༨ སྔོན་ལ།
སྐུ་སྒེར་དྲ་བའི་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

༢༠༢༦/༠༨/༢༤
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག  པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

༢༠༢༦/༠༨/༢༤

མཆན། 5

  1. འཇམ་དབྱངས says:
    ལོ་ 17 སྔོན།

    བཟང་གི་རྟེན་འབྲེལ་ཞུ་མུ་མཐུད་དུ་འབད་རྩོན་བྱོས།

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 17 སྔོན།

    མདོ་སྨད་ས་རྒྱུན་རིན་པོ་ཆེ༎
    མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །
    སྐྱེས་པ་ཉམས་པ་མེད་པར་ཡང་༎
    གོང་ནས་གོང་དུ་འཕེལ་བར་ཤོག །
    མདོ་སྨད་པ་ཚོས་སྨོན་ལམ་འདི་ཚར་འབུམ་རེ་གསུང་རོགས་ཞུ།
    ཀུ་རེ་ཡིན། དགོངས་དག

    Reply
  3. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    མི་ནི་སྤྱི་ཚོགས་སེམས་ཅན་ཞིག་ཡིན་པས། དེ་ལ་སྤྱི་ཚོགས་ཀྱི་འགྲོ་ལུགས་ཤིག་ཡོད་དགོས་པ་རེད། མདོ་སྨད་རྒྱུན་ལས་ནས་འདི་ལྟའི་བྱ་བ་བསྒྲུབས་པར་རྟེན་འབྲེལ་ཡོད། ཁ་འཐོར་དུ་གནས་པའི་མདོ་སྨད་མི་མང་ཡོངས་རྫོགས་ཚོགས་འདུས་ཀྱི་ངོ་བོར་བསྒྱུར་དགོས་པ་རེད། སྡོད་གནས་ཁ་འཐོར་དུ་སོང་བ་ཡིན་ན་སྟོབས་ཤུགས་ཁ་འཐོར་དུ་འགྲོ་བ་རེད། ང་ཚོས་མི་སྒེར་ནས་ཁྱིམ་ཚང་དང་། ཁྱིམ་ཚང་ནས་གྲོང་སྡེ། གྲོང་སྡེ་ནས་ཆོལ་ཁ། ཆོལ་ཁ་ནས་རྒྱལ་ཁབ་ཀྱི་ཕྱོགས་སུ་གོམ་གང་མདུན་སྤོས་ཀྱིས་ཆིག་སྒྲིལ་བྱེད་དགོས་པ་རེད། རྟེན་འབྲེལ་ཞུ།

    Reply
  4. གནམ་ལྕགས། says:
    ལོ་ 17 སྔོན།

    ཨོ་ཡ་ར། ད་འདི་མོ་འདི་སོ་འཛུགས་དགོ་གི་མ་རེད། གཙོ་བོ་ག་རེ་བྱེད་མིན་དེ་རང་ལ་ཐུག་ཡོད་དུས། འདི་མོ་འདིས་རྗེས་མར་ཉོག་དྲ་བཟོ་སྲིད། དཔེར་ན་ཆུ་བཞི་སྒང་དྲུག་ཚོགས་པ་དང་། ཆོལ་ཁ་སོ་སོའི་སྐྱིད་སྡུག་ཚོགས་པ་ཁག་ལ་ལྟོས་དང་། དེས་ཚང་མ་གསལ་བཤད་བྱེད་ཀྱིན་འདུག

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    རྟེན་འབྲེལ་ཞུ་རྟེན་འབྲེལ་ཞུ། ང་ས་འཐུས་ཤིག་མིན་རུང་ས་རྒྱུན་གཅིག་གིས་མི་ཚད་གཉིས་རེ་བཙུགས་ན་རྟེན་འབྲེལ་ལོས་ཞུས། བྱ་བ་ལམ་འགྲོ་ཡོང་བར་སྨོན། ཁ་བཤད་དོན་ཐོག་ཏུ་འགྲོ་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese