མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩ་ཁྲིམས་ ༠༨ གླེང་བ། གངས་ལྷ་མོ།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་དང་འབྲེལ་ནས་གླེང་བ།
གངས་ལྷ་མོ།

སྔོན་གླེང༌།

དེང་སྐབས་རྒྱ་ནག་གི་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་མ་ལག་བཅོས་བསྒྱུར་ཡོང་ཐབས་སུ། ཆེས་མངོན་གསལ་ཅན་དང་མི་སེམས་ལ་འགུལ་ཤུགས་ཆེན་པོར་སྦྱིན་ཐུབ་པ་དེ་ནི། རྒྱ་ནག་གི་ཆེད་མཁས་མི་སྣ་ལེའུ་ཞོ་སྤོ་ལགས་ཀྱིས་རྩོམ་བྲིས་གནང་བའི་ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ཅེས་པ་དེ་ཡིན་ཞིང༌། དེར་དགའ་གུས་ཡི་རང་དང་རྒྱབ་སྐྱོར་བྱེད་མཁན་ནི་རྒྱ་ནག་སྐམ་ས་ཆེན་མོའི་ཤེས་ཡོན་སྡེ་ཁག་གཙོས་པའི་བདེན་པར་རྒྱབ་ལངས་བྱེད་མཁན་གྱི་མི་དམངས་རྣམས་རེད། གཙོ་བོར་གནད་དོན་དེས་རྐྱེན་བྱས་ཏེ་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༢༥ ཉིན། པེ་ཅིང་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་པོས་ལེའུ་ཞོ་སྤོ་ལ་བཙོན་ཁྲིམས་བགྲང་བྱ་བཅུ་གཅིག་གི་ཁྲིམས་ཐག་བཅད་ཅིང༌། ད་ཆ་ཁོང་སྲིད་དབང་དྲག་འཛིན་པས་ཁྲིམས་མུན་དུ་བརྫངས་ཟིན་ཡང༌། ཉིས་སྟོང་བརྒྱད་ལོར་ཁོང་འཛིན་བཟུང་བྱས་ནས་ཉིས་སྟོང་བཅུ་ལོའི་བར་ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ཅེས་པའི་རྩོམ་དེར་ཤར་ནུབ་རྒྱལ་ཁབ་དང་ཡུལ་གྲུ་ཁག་ནས་མིང་རྟགས་བཀོད་མཁན་མི་མང་ཁྲི་ལ་བརྒལ་ཡོད་ཅིང༌། ད་དུང་ཡང་སོ་སོའི་སྒེར་གྱི་ཉེན་ཁ་སྣ་ཚོགས་ལ་མ་འཛེམས་པར་མ་རྩོམ་དེར་རྒྱབ་སྐྱོར་བྱེད་མཁན་གྱི་སྡེ་ཚོགས་འཛམ་གླིང་ཡུལ་གྲུ་གང་ས་ནས་ཉིན་རེ་བཞིན་མང་དུ་འགྲོ་བཞིན་པ་རེད། དེའང་རྒྱ་གཞུང་གི་མཁྲེགས་བཟུང་ལངས་ཕྱོགས་དང་ཆབ་སྲིད་སྒེར་གཅོད་ལ་ཁ་གཏད་གཅོག་མཁན་གྱི་དཔུང་ཚོགས་ཆེན་མོ་ཞིག་རེད།

དང་པོ། ལེའུ་ཞོ་པོའི་ལོ་རྒྱུས་མདོར་བསྡུས།

༡༩༥༥ ལོའི་ཟླ་ ༡༢ ཚེས་ ༢༨ ཉིན། ལེའུ་ཞོ་པོ་རྒྱ་ནག་ཅི་ལིང་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་དུ་སྐྱེས། རིག་གནས་གསར་རྗེའི་རིང་སྲིད་གཞུང་གིས་ཁོང་དང་ཕ་མ་གཉིས་མཉམ་དུ་ནང་སོག་གི་གྲོང་ཁུལ་དུ་བཏང་ཞིང༌། དེར་ཨར་ལས་བཟོ་པའང་བྱེད་མྱོང༌ཡོད།

༡༩༧༧ ལོར་ཅི་ལིང་སློབ་ཆེན་རྒྱ་ཡིག་སྡེ་ཚན་དུ་བཞུགས། དེ་རྗེས་པེ་ཅིང་དགེ་འོས་སློབ་ཆེན་དུ་ཧྲོའི་ཧྲི་ཞེས་པའི་ཤེས་ཡོན་རབ་འབྱམས་པའི་གནས་ཚད་ཐོབ་རྗེས་སློབ་ཆེན་རང་དུ་དགེ་རྒན་བྱས། དེ་ནས་ཆེད་ལས་མཁས་དབང་འབུམ་རམས་པའམ་པོ་ཧྲིའི་གནས་ཚད་ཐོབ་ཅིང༌། དེ་རྗེས་ཀྱང་ཐེངས་མང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་འཁྲིད་དུ་བསྐྱོད།

 ༡༩༨༩ ལོར་དྲུག་བཞི་དོན་རྐྱེན་བྱུང་སྐབས་སུ། གཞན་མི་ཀྲུའུ་ཏོ་དང་ཀའོ་ཤིང༌། དེ་མིན་ཐའེ་ཝན་གྱི་གཞས་པ་ཧུ་ཏའེ་ཀྱེན་དང་མཉམ་དུ་པེ་ཅིང་གནམ་སྡེ་སྒོ་མོའི་ཐང་ཆེན་དུ་ཟས་བཅད་ངོ་རྒོལ་ནང་ཞུགས་ཏེ་སློབ་ཆེན་པ་ཚོའི་འོས་ལངས་ལ་རྒྱབ་སྐྱོར་བྱས། དེ་ནས་སྲིད་གཞུང་གིས་གསར་རྗེ་ངོ་ལོག་པའི་ཉེས་མིང་འོག་བཀག་ཉར་བྱས་ཅིང༌།  ༡༩༩༡ ལོར་སློད་གྲོལ་ཐོབ་རྗེས་གཞུང་ཞབས་ཀྱི་ལས་གནས་ནས་ཕྱི་ཕུད་བཏང༌། དེ་ནས་མུ་མཐུད་རྩོམ་འབྲིའི་ལས་སྒོར་ཞུགས་པ་དང༌། ༡༩༩༦ ལོར་དྲུག་བཞི་དོན་རྐྱེན་ལ་དག་སེལ་ཡོང་ཐབས་སུ་འབོད་བསྐུལ་བྱས་རྐྱེན་སྲིད་གཞུང་གིས་སླར་ཡང་འཛིན་བཟུང་བྱས་པ་མ་ཟད། ངལ་རྩོལ་བསྒྱུར་བཀོད་ལོ་གསུམ་གྱི་ཁྲིམས་ཐག་བཅད། ༢༠༠༨ ལོའི་ཟླ་ ༡༢ ཚེས་ ༡༠ ཉིན། ལེའུ་ཞོ་པོས་རྩོམ་འབྲི་གཙོ་བོ་བྱས་པ་དེ་གཞན་མི་ཁག་ཅིག་གིས་སྟོང་ལོ་བརྒྱད་ཀྱི་རྩ་ཁྲིམས་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་སྤེལ་ནས་ལོ་ ༦༠ འཁོར་བའི་དུས་དྲན་སྐབས་དང་བསྟུན་ནས་སྤྱི་ཁྱབ་ཀྱིས་འགྲེམས་སྤེལ་བྱས། ཁོང་རང་རྩོམ་དེ་མ་སྤེལ་སྔོན་གྱི་ལོ་དེའི་ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གཞུང་འབྲེལ་ཡོད་སྡེ་ཚན་མི་སྣས་བཙན་འཁྲིད་ཀྱིས་ ༢༠༠༩ ལོར་ཁྲིམས་ཐག་ལོ་ངོ་ ༡༡ མ་བཅད་བར་བཀག་ཉར་དང༌། ཁྲིམས་ཐག་བཅད་རྗེས་དངོས་སུ་འཛིན་བཟུང་བྱས།

སྟོང་ལོ་བརྒྱད་ཀྱི་རྩ་ཁྲིམས་ཅེས་པའི་བསམ་བློའི་ལངས་ཕྱོགས་ནང་པེ་ཅིང་སྲིད་གཞུང་ནས་སྤྱི་ཁྱབ་ཀྱི་སྒོ་ནས་སྲིད་གཞུང་འགོ་དཔོན་མི་སྣ་འོས་འདེམས་དང༌། སྲིད་གཞུང་གིས་དམག་དཔུང་དང་ཁྲིམས་ཁང༌། སྲིད་གཞུང་རང་ངོས་བཅས་ལ་དོ་དམ་བྱེད་པ་དེ་མཇུག་སྒྲིལ་དགོས་པ་དང༌། རྒྱ་ནག་ནང་ཁུལ་དུ་ཚོགས་པ་ཁག་བགོས་ཀྱི་དམངས་གཙོའི་རྩ་ཁྲིམས་ལག་བསྟར་དགོས་པ་སོགས་ཀྱི་དོན་ཚན་བཏོན་ཡོད་པ་རེད། རྩོ་ཁྲིམས་དེར་ཐོག་མར་ཤེས་ཡོན་ཅན་སོགས་རྒྱ་ནག་སྐམ་ས་ཆེན་མོའི་མི་གྲངས་ ༣༠༣ མཉམ་བཞུགས་ཀྱིས་མིང་རྟགས་བཀོད་དེ་རྒྱབ་སྐྱོར་བྱས་པ་དང༌། བརྗོད་གསལ་ལྟར་ན་ད་བར་མིང་རྟགས་བཀོད་མཁན་གྲངས་འབོར་ཁྲི་ཚོ་བརྒལ་ཚར་འདུག

༢༠༠༩ ལོའི་ཟླ་ ༡༢ ཚེས་ ༢༥ ཉིན། པེ་ཅིང་འབྲིང་རིམ་ཁྲིམས་ཁང་དང་པོས་ཁོང་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་སྟོང་སློག་པར་ངན་བསྐུལ་བྱས་ཚུལ་གྱི་ཉེས་མིང་འོག་ཁྲིམས་ཆད་ཐོག་མར་ཕོག་ཅིང༌། ཁྲིམས་བཅད་ཡིག་ཆའི་ནང་ལེའུ་ཞོ་སྤོས་སྟོང་ལོ་བརྒྱད་ཀྱི་རྩ་ཁྲིམས་རྩོམ་འབྲི་དང་དེ་འབྲེལ་གྱི་རྩོམ་ཡིག་ཁག་ཕྱི་རྒྱལ་ཁག་གི་དྲ་ལམ་དུ་སྤེལ་ལུགས་། དེ་བཞིན་ ༢༠༠༥ ལོ་ནས་བཟུང༌སྔ་རྗེས་ BBC རྒྱ་ཡིག་གསར་ལམ་དྲ་རྒྱ་སོགས་སུ་ངན་བསྐུལ་གྱི་རྩོམ་ཡིག་གང་མང་བྲིས་ཚུལ་བརྗོད་ཅིང༌།  རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་དབང་སྒེར་འཛིན་ལ་ཉེས་མེད་གཡོ་འགེབས་ཟེར་བ་བྱས་ཚུལ་སོགས་གསལ་ཡོད།

ཁྲིམས་ཁང་ནས་ད་དུང༌། ལེའུ་ཞོ་སྤོས་རྒྱལ་ཁབ་ཀྱི་སྲིད་དབང་དང་སྤྱི་ཚོགས་ཀྱི་ལམ་ལུགས་མགོ་སྟིང་སློག་པའི་དམིགས་ངན་བཅངས་པ་དང༌། འབྲེལ་མཐུད་དྲ་རྒྱ་ཁག་གི་ཁྱབ་ཚད་ཆེ་ཞིང༌། སྤྱི་ཚོགས་སུ་ཤུགས་རྐྱེན་ཆེ་བ་བཅས་ཀྱི་ཁྱད་ཆོས་བེད་སྤྱོད་དེ་ཕ་རོལ་པོར་རྒྱལ་ཁབ་ཀྱི་སྲིད་དབང་གཏོར་དགོས་པའི་ངན་བསྐུལ་བྱས་པ་མ་ཟད། ཉེས་པ་བསགས་པའི་དུས་ཡུན་རིང་བ། བསམ་བློར་ངན་ཕྱོགས་ཀྱི་ཆ་མང་བ། ཤུགས་རྐྱེན་ངན་པ་ཐེབས་པ། ཉེས་པ་ཆེས་ཆེར་བསགས་པའི་གྲལ་ཡིན་པར་དཔང་རྟགས་གསལ་རྟོགས་ཡོད་པའི་ཐོག་ནས་ཉེས་མིང་གཏན་འཁེལ་བྱས་ཚུལ་སོགས་གསལ་ཡོད་པ་རེད།

གཉིས་པ། ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ཀྱི་ལངས་ཕྱོགས་གཙོ་བོ་ཁག་སྙིང་བསྡུས།

རྩ་ཁྲིམས་ལ་མིང་རྟགས་བཀོད་མཁན་ཚོས་རྒྱ་ནག་ནི་འཛམ་གླེང་ཐོག་གི་རྒྱལ་ཁབ་ཆེ་ཤོས་གྲལ་དང༌། མཉམ་འབྲེལ་རྒྱལ་ཚོགས་ནང་གི་རྒྱུན་ལས་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས། འགྲོ་བ་མིའི་རིགས་ཀྱི་ཞི་བདེའི་ལས་དོན་དང་འགྲོ་བ་མའི་ཐོབ་ཐང་འཕེལ་རྒྱས་ཡོང་ཆེད་སྒེར་ངོས་ནས་ལེགས་སྐྱེས་ཕུལ་དགོས་ཚུལ་གསལ་ཡོད་པ་རེད།འོན་ཀྱང་བློ་ཕངས་པ་ཞིག་ལ་རྒྱ་ནག་ནི་ད་དུང་ཡང་སྒེར་བཙན་ལམ་ལུགས་ཀྱི་ཆབ་སྲིད་གནས་སྟངས་སུ་ཚུད་ཡོད་པའི་རྐྱེན་གྱིས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ཕམ་ཉེས་དང་སྤྱི་ཚོགས་ཀྱི་ཉེན་ཁ། དེ་བཞིན་ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་མི་རིགས་རང་ངོས་འཕེལ་རྒྱས་ཡོང་ཐབས་ལ་འགོག་རྐྱེན་འཕྲད་དེ་མིའི་རིགས་ཀུན་ཁྱབ་ཀྱི་དཔལ་ཡོན་འཕེལ་རྒྱས་ཐད་ཉམས་རྒུད་འགྲོ་བའི་གནས་སྟངས་དེར་ངེས་པར་དུ་བཅོས་བསྒྱུར་དགོས་ཤིང༌།ད་དུང་འདི་ལྟར་ཕྱི་འགྱང་རྩ་བ་ནས་བྱ་མི་ཉེན་པའི་བརྡ་ལེན་གསལ་པོ་སྤྲད་ཡོད་པ་རེད་ལ།དེའང་སྟོང་ལོ་བརྒྱད་ཀྱི་རྩ་ཁྲིམས་ཀྱི་ལངས་ཕྱོགས་གཙོ་བོའི་དོན་ཚན་ཁག་བཅུ་དགུ་བཏོན་ཡོད་པ་དེ་དག་ཚིག་བརྗོད་རེ་ཡིས་སྙིང་བསྡུས་གཤམ་གསལ།
 
གཅིག  རྩ་ཁྲིམས་བཅོས་བསྒྱུར།  
གཉིས།  དབང་ཆ་ཁག་བགོས་ཀྱིས་དོ་དམ་ཡོང་ཐབས།
གསུམ། དམངས་གཙོའི་ལུགས་ནས་ཁྲིམས་ལུགས་གཏན་འབེབས།
བཞི། ཁྲིམས་སྒོ་རང་བཙན།
ལྔ། ཚོགས་པ་དབྱེ་མེད་ཀྱིས་འགོ་འཛིན་མི་སྣ་འདེམས་བསྒྲུབ།
དྲུག འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང༌།
བདུན། གཞུང་གི་ལས་གནས་ཁག་ལ་འོས་འདེམས།
བརྒྱད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཐོབ་ཐང་འདྲ་མཉམ།
དགུ། ཚོགས་སྡེ་འཛུགས་པའི་རང་དབང༌།
བཅུ། འདུ་འཛོམས་རང་དབང༌།
བཅུ་གཅིག སྨྲ་བརྗོད་རང་དབང༌།
བཅུ་གཉིས། ཆོས་ལུགས་དད་མོས་ཀྱི་རང་དབང༌།
བཅུ་གསུམ། སྤྱི་དམངས་སློབ་གསོ་ལག་བསྟར།
བཅུ་བཞི།  སྒེར་གྱི་རྒྱུ་ནོར་གྱི་བདག་དབང་ལ་སྲུང་སྐྱོབ།
བཅུ་ལྔ། ནོར་སྲིད་དང་དཔྱ་ཁྲལ་བཅོས་སྒྱུར།
བཅུ་དྲུག དམངས་ཡོངས་ལ་སྤྱི་ཚོགས་ལམ་ལུགས་ཀྱིས་འགན་སྲུང༌།
བཅུ་བདུན། ཁོར་ཡུག་སྲུང་སྐྱོབ།
བཅོ་བརྒྱད། རྒྱལ་ཕྲན་མཉམ་འབྲེལ་དང་སྤྱི་མཐུན།
བཅུ་དགུ།  སྔོན་ཆབ་སྲིད་ཐད་ཀྱི་མ་ཉེས་ཁ་གཡོག་ཁག་ལ་ཡོ་བསྲང༌།
 
གསུམ་པ། བོད་མི་ཚོས་ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ལ་རྒྱབ་སྐྱོར་འོས་པའི་རྒྱུ་མཚན་འགའ།
 
དང་པོ། འགྲོ་བ་མིའི་རིགས་ལ་ཕན་པའི་བྱ་བཞག་ཅིག་ཡིན་ཚུན་ཆད་ཡོངས་རྫོགས་ལ་ཕན་ཐུབ་པའི་བདེན་དོན་ཇི་བཞིན། དཔེར་ན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསར་བསྒྲགས་ཀྱི་དོན་ཚན་ཁག་ནས་རྒྱལ་ཁོངས་དང་ས་ཕྱོགས་། མི་རིགས་བཅས་དབྱེར་མེད་མིའི་རིགས་ལ་སྤྱི་མཚུངས་ཀྱི་ཀུན་ཕན་རིན་ཐང་ལྡན་པར་བསྙོན་མེད་ལྟར། རྒྱ་ནག་སྐམ་ས་ཆེན་མོའི་ད་ལྟའི་སྲིད་དབང་སྒེར་སྡོམ་དེར་བཅོས་བསྒྱུར་མ་འབྱུང་ན། བོད་མི་ཚུད་པའི་ད་ཡོད་རྒྱ་ཁོངས་ཀྱི་མི་མང་དུང་ཕྱུར་བཅུ་བཞིར་མ་ཟིན་ཙམ་ལའང་གཅིག་མཚུངས་ཀྱིས་གསབ་ཏུ་མེད་པའི་གྱོང་གུད་ཚབས་ཆེན་རག་ངེས་ཡིན། ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ལེགས་འགྲུབ་འབྱུང་ན་རྒྱ་ཁོངས་ཀྱི་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་ཐབས་ཀྱི་སྔོན་འགྲོའི་ཆ་རྐྱེན་རེད་ལ་དེ་ནི་དོན་དམ་གྱི་རིན་ཐང་དང་སྙིང་པོའང་རེད།

གཉིས་པ།  བཙན་བྱོལ་བོད་མི་གཙོས་གཞིས་བྱེས་གཉིས་འཁོད་གངས་ཅན་པ་ཡོད་དོ་ཅོག་ལ་ཐུགས་དགོངས་མཛད་དེ་༸གོང་ས་རྒྱལ་བ་རིན་པོ་ཆེས་གནད་ལ་འཁེལ་ཞིང་བོད་རང་ངོས་ཀྱི་ད་ཡོད་ཆབ་སྲིད་གནས་སྟངས་དངོས་ལ་གཞིགས་ཏེ་མཛུབ་སྟོན་གནང་བའི་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་ཚད་མཐོའི་རང་སྲིད་རང་སྐྱོང་དང༌། རྒྱ་བོད་གཉིས་སྨན་གྱི་དབུ་མའི་ལངས་ཕྱོགས་ཀྱི་སྙིང་དོན་ལྟར་རྒྱ་ནག་གཞུང་གི་ཆབ་སྲིད་སྒེར་གཅོད་ལ་ཡོ་བསྲང་ངམ། བཅོས་བསྒྱུར་ཐད་ཀར་འབྱུང་ན། བོད་དོན་རང་དབང་ཡོང་ཐབས་ལ་རྨང་གཞིའི་རྩ་འཛིན་ཞིག་ཆགས་ཐུབ་པ་མ་ཟད། ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ཀྱི་དོན་ཚན་བཅོ་བརྒྱད་པའི་འབྲུ་དོན་ལྟར་རྒྱལ་ཕྲན་མནའ་འབྲེལ་དང་སྤྱི་མཐུན་ཞེས་པའི་ནང་དོན་ཇི་བཞིན་བོད་དོན་རང་དབང་སླར་གསོ་དང༌། གཞན་ཡང་ཐེ་ཝན་དང་ཧང་ཁོང༌། དེ་བཞིན་ཤར་ཏུ་ཀི་སི་ཐན་མི་རིགས་བཅས་ཀྱི་གནད་དོན་ལའང་གུ་ཡངས་ཀྱིས་ཐག་གཅོད་ཡོང་ཐབས་ལ་རྩ་ཁྲིམས་ཀྱིས་འགན་སྲུང་ཡོད་པར་ནུས་ལྡན་གྱིས་ཕན་རླབས་ཤིན་ཏུ་ཆེ་བར་ཡོང་ཐུབ་པ་རེད།

གསུམ་པ། ད་ལྟའི་ཆར་རྒྱ་ནག་གི་རྩ་ཁྲིམས་ཀྱི་ནང་དོན་བཞིན་དངོས་སུ་ལག་བསྟར་ཐད་རྒྱ་ནག་སྲིད་གཞུང་གི་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟེན་ཁོ་ནར་ཁེ་སང་དང་སྲིད་དབང་སྒེར་སྡོམ་ལ་སྲུང་སྐྱོར་ཡོང་ཐབས་བྱས་པ་ལས། རྩ་ཁྲིམས་ཀྱི་འབྲུ་དོན་ལྟར་དངོས་སུ་ལག་བསྟར་དང་དོན་འཁྱོལ་ཡོང་ཐབས་མེད་པར་དེར་རབས་དང་རིམ་པས་བཀག་འགོག་འཕྲད་པའི་དཀའ་ངལ་ཤུགས་ཆེར་ཡོད་པ་དང༌། དེའང་༸གོང་ས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་ངོས་ནས་རྒྱ་ནག་གཞུང་ལ་དོན་དམ་གྱི་རང་སྲིད་རང་སྐྱོང་དགོས་གསུངས་དགོས་པའི་རྒྱུ་མཚན་ཡིན་ཞིང༌། ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་དོན་འཁྱོལ་འབྱུང་ན། བོད་ཆོལ་གསུམ་གཅིག་སྒྲིལ་གྱི་ཚད་མཐོའི་རང་སྲིད་རང་སྐྱོང་ཡོང་བའི་ཐབས་ལའང་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་བཏོན་ཐུབ་པ་ཡིན།

བཞི་པ། རྩ་དོན་དེའི་དོན་ཚན་དགུ་པའི་མཉམ་འབྲེལ་རང་དབང་དང་ཆོས་དད་རང་དབང༌། སྤྱི་དམངས་སློབ་གསོ་ཅེས་དང༌། དེ་བཞིན་དོན་ཚན་བཅུ་བདུན་པའི་ནང་ཁོར་ཡུག་སྲུང་སྐྱོབ་ཅེས་ཀྱི་ནང་དོན་ནི་ད་ལྟའི་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་ཉམས་པར་སླར་གསོ་དང༌། མི་ཉམས་གོང་འཕེལ་དགོས་པའི་ཛ་དྲག་གི་གནས་སྟངས་ཐད་ལེགས་བཅོས་ཡོང་ཐབས་དང༌།  དེ་མིན་བོད་ཀྱི་ནང་བསྟན་ཆོས་ལུགས་དར་སྤེལ་གྱི་བྱ་བར་ཐད་ཀར་འབྲེལ་བ་ཡོད་པར་བརྟེན། འབྲུ་དོན་དོན་འཁྱོལ་དངོས་སུ་ཐུབ་ན་དུས་མཚུངས་སུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོར་ལ་རྩ་ཁྲིམས་ཀྱི་འགན་སྲུང་ཡོད་པའི་གལ་ཆེན་གྱི་དོན་སྙིང་ལྡན་པ་ཞིག་རེད།

རྒྱ་བོད་གཉིས་སྨན་དང༌། བོད་ཆོལ་གསུམ་གཅིག་ཏུ་སྒྲིལ་བའི་ཚད་མཐོའི་རང་སྲིད་རང་སྐྱོང་བརྩོན་ལེན་བྱེད་པའི་བྱ་བ་དང༌། ཆབ་སྲིད་ལངས་ཕྱོགས་འདི་ཁོ་ནའི་ཕྱོགས་ནས་བལྟས་ཚེ། རྒྱ་ནག་གཞུང་གི་ཆབ་སྲིད་སྒྲོམ་གཞི་ནས་ཁ་མི་བྲལ་བའི་སྒོ་ནས་མི་རིགས་ཁག་མནའ་འབྲེལ་གྱི་གནས་ལུགས་འོག་འཚོ་དགོས་ངེས་ལྟར་། ད་ལྟའི་ཆར་རྒྱ་ནག་གིས་ཕྱི་ནང་གསང་གསུམ་ནས་རང་ངོས་ཀྱི་སྒེར་གཅོད་དབང་ཆ་རྒྱུད་མཐུད་ཡོང་ཕྱིར། རྒྱ་ཁོངས་སུ་སྤྱི་ཁྱབ་ཀྱི་གྲངས་ཉུང་མི་རིགས་ང་དྲུག་གི་རྒྱ་ཆེའི་མི་དམངས་ཡོངས་ཀྱི་འདོད་དོན་ལ་མགོ་བསྐོར་དང་བསླུ་བྲིད། ཡང་ན་གཡོ་ཇུས་སྣ་ཚོགས་སྤེལ་བ་མ་ཟད། ད་དུང་བཙན་ཤེད་ཀྱིས་དྲང་དོན་ལ་སྦ་མོས་བཙན་བཀག་འདི་མཚམས་མ་བཞག་བར་། མི་མང་དུང་ཕྱུར་བཅུ་གསུམ་ལྷག་གིས་ད་དུང་ཡང་དྲག་གཞུང་གི་བཙན་ཤེད་ལ་ཉན་དགོས་པར་སོང༌། ང་ཚོས་བོད་རིགས་ངོས་ནས་ཀྱང་རང་རིགས་ཀྱི་ལྷག་བསམ་དང་སྙིང་སྟོབས་སོགས་བསྐྱེད་དེ། ཉིས་སྟོང་བརྒྱད་ལོའི་རྩ་ཁྲིམས་ཀྱི་འབྲུ་དོན་ལ་དཔྱད་ཞིབ་དང་དང་དོད་ནན་པོས་རྟོགས་དཔྱོད་གཏིང་ཟབ་ཅིག་དགོས་པ་མ་ཟད། འགྲོ་བ་མིའི་རིགས་ཀྱི་དྲང་བདེན་ལ་ཡིད་ཆེས་དང་བློ་འགེབས་གཅིག་མཚུངས་ཡོད་པའི་སྒོ་ནས་སྟོང་ལོ་བརྒྱད་ཀྱི་རྩ་ཁྲིམས་ལ་རྒྱབ་སྐྱོར་དགོས་ངེས་དང༌།དེའང་རྒྱ་འོག་ཏུ་འཚོ་བཞིན་པའི་མི་མང་ཡོངས་ཀྱི་ཆེད་དུ་ཡིན་ཕྱིན།རང་དབང་ལུང་པའི་བཙན་བྱོལ་སྤྱི་ཚོགས་གཙོས་མུ་མཐུད་རྩ་ཁྲིམས་དེར་མིང་རྟགས་བཀོད་པའི་རྒྱ་ཆེའི་ཞི་བའི་ལས་འགུལ་ཞིག་ཅི་ནས་ཀྱང་སྤེལ་དགོས་པ་ནི ་འོས་ཤིང་འཚམས་པའི་བྱ་བ་བཟང་པོ་ཞིག་ཡིན་ངེས་རེད།
 
  བཞི་པ། མིའི་རིགས་ཀྱི་ཀུན་ཁྱབ་རིན་ཐང་ལ་བརྩི་བསྐུལ་དང་རྒྱབ་སྐྱོར།

བོད་གངས་ཅན་པའི་ལོ་རྒྱུས་ནི་གྱ་གྱུར་ཆེ་བའི་ལེའུ་ཞིག་ཡིན་ཡང། འཛམ་གླིང་འདིར་བདེན་པའི་སྙིང་པོའི་ཆེད་དུ་ཡོངས་རྫོགས་བློས་བཏང་གནང་མཁན་གྱི་མི་རིགས་ཀུན་དང་མཚུངས་པ་ཡིན། འོན་ཀྱང་མགོ་མ་ཚོས་སྔོན་དུ་ལྕེ་ཟ་འདོད་ཆེ་བའི་དཔེ་ལྟར་བོད་ཀྱི་ནང་བསྟན་ཆོས་ལུགས་ནི་ནུབ་ཕྱོགས་གླིང་དུ་དར་ཁྱབ་ཀྱི་བྱ་བཟང་དེ་ད་ཆ་ཅུང་ཙམ་ལེགས་གྲུབ་བྱུང་བའི་དབང་དུ་བཏང་ནའང༌། མི་རིགས་སྲུང་སྐྱོབ་ཀྱི་ཕྱོགས་ནི་ད་དུང་ཡང་འཕེལ་རྒྱས་ཀྱི་གོམས་སྟབས་ཤིན་ཏུ་དལ་མོ་ལྟར་ལུས་ཡོད་ཅིང༌། གངས་ཅན་པ་ཚོས་འཛམ་གླིང་གི་གནམ་འཕང་གཅོད་རྒྱུ་བཞག་སྟེ། འཇིག་རྟེན་འདིའི་མི་རིགས་དབུས་སུ་རང་མགོའང་མ་ཐོན་པར་འདི་ལྟར་རྗེས་སུ་ལུས་ཡོད་པ་རེད། དེར་བརྟེན། རང་དབང་དང་དམངས་གཙོའི་ལས་དོན་གང་ཞིག་མི་རིགས་དང་ཚོགས་སྡེ་གང་ཞིག་གིས་སྤེལ་བ་ཡིན་ཡང༌། ང་ཚོས་ཀྱང་དོགས་པ་མི་དགོས་པའི་སྒོ་ནས་བདེན་པའི་རྒྱབ་ལངས་བྱ་རྒྱུ་ཧ་ཅང་གལ་། བོད་པའི་གནས་སྟངས་ཉག་ཕྲ་བའི་དུས་འདིར་རྒྱལ་སྤྱིའི་མི་མང་གིས་ང་ཚོའི་བདེན་དོན་སྒྲོག་ཅིང་། དེའི་ནང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གནས་པའི་རང་དབང་དང་དམངས་གཙོའི་ལྟ་བ་འཛིན་མཁན་གྱི་རྒྱ་རིགས་ཤེས་ཡོན་ཅན་གྱི་སྡེ་ཁག་བཅས་སོགས་ཀྱིས་རང་རིགས་ཀྱི་བདེན་དོན་ལ་རྒྱབ་ལངས་གནང་བ་ཇི་བཞིན་ང་ཚོ་ཡུལ་གྱར་རང་དབང་ལུང་པར་འཚོ་བཞིན་པའི་བོད་མི་རྣམས་ཀྱིས་ཀྱང་ད་ཐེངས་ཀྱི་ལས་འགུལ་འདི་འདྲར་ངེས་པར་དུ་རྒྱབ་སྐྱོར་བྱ་དགོས་པ་རེད་སྙམ།

ད་ལྟའི་ཆར་བོད་རྒྱ་དབར་གྱི་གྲོས་མོལ་ལ་ཐད་ཀར་གྲུབ་འབྲས་ཐོན་མིན་ལ་མ་ལྟོས་པར། གྲོས་མོལ་ཐེངས་བརྒྱད་ཙམ་སོང་ཟིན་པ་དང༌། ད་དུང་རྒྱ་བོད་དབར་གྱི་ཞི་བའི་གྲོས་མོལ་ནི་རྒྱུན་མཐུད་དགོས་ངེས་ཀྱི་བློ་གྲོས་ཅན་ཚོས་བཞེད་དགོངས་ལྟར། རྒྱ་རིགས་ཤེས་ཡོན་ཅན་གྱི་སྡེ་ཁག་གཙོས་དྲང་པོའི་གནས་ལུགས་རྟོགས་མཁན་རྣམས་ནས་རང་རིགས་ཀྱི་གནས་སྟངས་གང་འདྲ་ཡིན་ཡང༌། རྒྱབ་ལངས་ཡོང་ཐབས་ཀྱི་ཕྱོགས་ནས་བརྩོན་ལེན་དགོས་པའི་བྱ་བར་ནམ་ཡང་ལྷོད་དབྱིངས་གཏོང་མི་རུང༌། བོད་པའི་གནའ་དཔེར། གྲོགས་བརྒྱ་ཡོད་ཀྱང་ཉུང་དྲག་པ་དང༌། དགྲ་གཅིག་ཡོད་ཀྱང་མང་དྲག་པ་ཟེར་བ་ལྟར་། ཞི་བ་དང་འཚེ་མེད་ཀྱི་ཐབས་ལམ་ནས་རང་རིགས་ཀྱི་བདེན་དོན་གསལ་ཐབས་ལ་མེད་དུ་མི་རུང་བ་ཕྱོགས་གཅིག་ནི་ གཙོ་བོ་རང་ཕྱོགས་ཀྱིས་འབད་འབུངས་ལ་རག་ལས་པའི་རྩ་བའི་རྨང་གཞིའི་ཐོག་རྒྱ་རིགས་ཤེས་ལྡན་ཚོས་རོགས་སྐྱོར་དང་གཅིག་མཚུངས་ཀྱི་བརྩོན་ལེན་། དེ་བཞིན་ཕྱོགས་གང་ས་ནས་རོགས་རམ་དང་རྒྱབ་སྐྱོར་འཚོལ་དགོས་པ་རེད། 
                                                         ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༢༥ ཉིན།

འབྲེལ་ཡོད་གསར་འགྱུར།

Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༡༦ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་བྱང་ཕྱོགས་ཁུལ་དུ་གཞུང་འབྲེལ་གཟིགས་སྐོར་གནང་བཞིན་པ།

༢༠༢༦/༠༧/༡༥
Mobile App

མི་རིགས་ཀྱི་ཤུལ་བཞག་རིག་དངོས་རྩ་གཏོར་བྱེད་པ་ནི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན།

༢༠༢༦/༠༧/༡༤

མཆན། 8

  1. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 16 སྔོན།

    གངས་ལྷ་མོས་གསུང་པ་ལ་རྒྱུ་མཚན་འདུག

    གངས་ལྷ་ཕོ་དེ་ཚོ་ནི་ཕྱོགས་ཞེན་རང་རེད་འདུག

    Reply
  2. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་མཚམས་རེར་ནད་པ་ཟེར་བ་འདིས་སྐད་ཆ་ཤོད་སྟངས་དེར་ཡ་མཚན་པའི་སྣང་བ་རེ་ཡང་སྐྱེས་ཡོང་གིན་འདུག རྒྱ་ནག་བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཆེན་པོ་འདི་འདྲ་ཞིག་གིས་ང་ཚོའི་ཁྲོད་དུ་མགྲིན་ཚབ་པ་འདི་འདྲ་ཞིག་ལས་གཏོང་མ་ཐུབ་པར་བལྟས་ན་རྒྱ་ནག་གིས་ཀྱང་ཅང་འཇོན་ས་འདྲ་མ་རེད་བསམ་གྱིན་འདུག ནད་པ་ཟེར་བ་འདིས་བོད་ཡིག་འབྲི་སྟངས་ཀྱི་བཟོ་ལྟ་དེ་ལ་གཅིག་ལྟོས། དབྱིན་ཡིག་འབྲི་སྟངས་ཀྱི་ཁ་སྟབས་དེ་ལ་གཅིག་ལྟོས།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ངས་མཚམས་རེར་ནད་པ་ཟེར་བ་འདིས་སྐད་ཆ་ཤོད་སྟངས་དེར་ཡ་མཚན་པའི་སྣང་བ་རེ་ཡང་སྐྱེས་ཡོང་གིན་འདུག རྒྱ་ནག་བཙན་རྒྱལ་རིང་ལུགས་སྟོབས་ཤུགས་ཆེན་པོ་འདི་འདྲ་ཞིག་གིས་ང་ཚོའི་ཁྲོད་དུ་མགྲིན་ཚབ་པ་འདི་འདྲ་ཞིག་ལས་གཏོང་མ་ཐུབ་པར་བལྟས་ན་རྒྱ་ནག་གིས་ཀྱང་ཅང་འཇོན་ས་འདྲ་མ་རེད་བསམ་གྱིན་འདུག ནད་པ་ཟེར་བ་འདིས་བོད་ཡིག་འབྲི་སྟངས་ཀྱི་བཟོ་ལྟ་དེ་ལ་གཅིག་ལྟོས། དབྱིན་ཡིག་འབྲི་སྟངས་ཀྱི་ཁ་སྟབས་དེ་ལ་གཅིག་ལྟོས།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ནད་པས་དབྱིན་ཡིག་འབྲི་སྟངས་དེར་ལྟོས་དང་། འདི་འདྲ་ཞིག་ལས་འབྲི་མ་ཐུབ་ན་དབྱིན་ཡིག་འབྲི་རྒྱུའི་འབད་བརྩོན་མ་བྱས་ན་དགའ་ས་རེད། ”scular visiting”འདིའི་དོན་ག་རེ་རེད། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧscularཧ་ཧ་ཧ་ཧ་ཧ

    Reply
  5. དབྱངས་བུ། says:
    ལོ་ 16 སྔོན།

    གངས་ལྷ་མོ་ལགས།
    ཁྱེད་ཀྱི་དཔྱད་རྩོམ་ཕྱོགས་སྒྲིག་ཅེས་པའི་དཔེ་དེབ་ནང་གོ་རྒྱུ་ཆེ་བ་མི་འདུག་འདུག་ཀྱང་།་གོང་གསལ་གྱི་རྩོམ་ཡིག་ནས་གུས་པར་སློབ་སྐྱེད་མི་ཉུང་པ་ཐོབ་སོང་བས།ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    རྩོམ་ཡིག་གང་ཞིང་ནང་ཚིག་རྐང་མང་བ་ལས་ནང་དོན་ཕྱུག་པ་གཙོ་ཆེ་བས།་ཕྱིས་སུ་ནང་དོན་ཕྱུག་ལ་ཚིག་སྦྱོར་ཉུང་བ་གལ་ཆེ་སྙམ།༔

    སླར་ཡང་ཐུགས་རྗེ་ཆེ།

    Reply
  6. ནད་པ says:
    ལོ་ 16 སྔོན།

    མའོ་ཙེ་ཏུང་གིས་ཨ་རི་ནི་བཙན་རྒྱལ་རིང་ལུགས་པ་ཞིག་ཡིན་པ་དང་། གུང་ཁྲན་ཏང་ནི་སྤྱི་ཚོགས་རིང་ལུགས་པ་ཞིག་ཡིན་སྟབས་ག་དུས་ཡིན་ནའང་དེ་གཉིས་འཛམ་གླིང་ནང་མེ་དང་ཆུ་ལྟ་བུའི་རྣོ་ངར་ཆེ་བའི་ཁྱེད་ཤི་ང་གསོན་གྱི་འཐབ་རྩོད་ཀྱི་ངོ་བོར་གནས་ཡོད་ཅེས་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་གསལ་སྟོན་བྱས་ཡོད།

    སྐུ་ཞབས་ལེའུ་ཞོ་པོ་ ༡༩༨༩ ཡར་སྔོན་དུ་ཨ་རིར་ ”scular visiting”མཁས་དབང་མིང་ཐོག་ནས་ཕྱིར་བསྐྱོད་གནང་བར་བརྟེན་མཐར་གནམ་བདེའི་སྒོ་མོའི་ཐང་ཆེན་དུ་ཟས་བཅད་ཀྱི་ངོ་རྒོལ་ནང་མཉམ་བཞུགས་གནང་ཡོད།

    ཡིན་ནའང་གུང་ཁྲན་ཏང་གི་རྩ་དོན་བཞི་རྒྱུན་འཁྱོངས་བྱེད་དགོས་པ་དང་ལྷག་དོན་དེ་དག་གི་ནང་ནས་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཏང་གི་སྲོག་ཤིང་ངོ་མ་དེ་ཡིན་པ་བློ་མཐུན་ཏེང་ཞའོ་ཕིང་གིས་ལོ་རབས་ ༨༠ ནང་གསལ་སྟོན་བྱས་ཡོད།
    ལག་བསྟར་དངོས་ཀྱི་ཐོག་ནས་ལོ་ངོ་ ༢༠ དང་ ༣༠ ནང་ནས་དེང་རབས་ཅན་བཞི་ཞེས་ཞིང་ལས་དང་། བཟོ་ལས། རྒྱལ་སྲུང་། ཚན་རྩལ་བཅས་ཀྱི་སྒོ་ནས་རྒྱ་ནག་འདི་ད་ལྟ་འཛམ་གླིང་ནང་ཆེས་སྟོབས་ཆེན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད།

    ད་དུང་ལོ་ངོ་ ༢༠ དང་༣༠ རིང་ལ་མུ་མཐུད་རྒྱ་ནག་འཕེལ་རྒྱས་སུ་གཏོང་རྒྱུར་སྤྱི་ཚོགས་བརྟན་བརླིང་དང་དང་། རྒྱལ་ཡོངས་མི་རིགས་ཁག་གི་མཐུན་སྒྲིལ། འཛམ་གླིང་ཞི་བདེའི་སྐུལ་དེད་བཅས་ཀྱི་དར་ཆ་མཐོན་པོར་བབསྒྲེང་ཐུབ་པ་ཞིག་བྱུང་ན།

    རྒྱ་ནག་འཕེལ་རྒྱས་འགྲོ་ཐུབ་ལ་འཕེལ་རྒྱས་ཁྲོད་ནས་འཛམ་གླིང་ནང་ཆེས་བླ་ན་མེད་པའི་སྟོབས་ཆེན་གྱི་རྒྱལ་་ཁབ་ཅིག་ཆགས་རྒྱུར་ཐེ་ཚོམ་གང་ཡང་མེད་སྟབས་ག་དུས་ཡིན་ནའང་གུང་ཁྲན་ཏང་གིས་རྩ་དོན་དང་དང་བླ་སྲོག་ལ་འགྱུར་བ་གཏན་ནས་གཏོང་ཐབས་བྲལ་བ་ཞིག་རེད།

    Reply
  7. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    མཛངས་མ་གངས་ལྷ་མོས་དཔྱད་ཞིབ་གནང་བར་རིན་ཐང་རྨ་མེད་པ་འདུག་ལ། འདིའི་རིགས་མུ་མཐུད་དུ་གསུང་གནང་རྒྱུ་ཤིན་ཏུ་ནས་བཀའ་དྲིན་ཆེ་ཞུ། ཡིན་ནའང་ཡིག་ནོར་གྱི་ཕྱོགས་ལ་རྗེས་མར་གཟབ་ཙམ་གནང་ཐུབ་ན་ལེགས།

    Reply
  8. གསང་གཏོར། says:
    ལོ་ 16 སྔོན།

    གངས་ལྷ་རྒས་མོ་བཤད་པའི་དུས་བཤད་རྒྱུ་མེད་པ།་ད་དུང་བཀའ་ཁྲིའི་འོས་གཞི་རིན་ཐང་མེད་པ་བཟོ་མཁན་ད་ཡིན་ན་ཁྱེད་རང་ལ་ཅི་ཡོད་ཆ་ཚང་ཧ་གོ་སོང།་ཧ་ཧ་ཧཧ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese