ཟླ་འདིའི་ཚེས་ ༥ ཡས་མས་སུ་དེ་སྔོན་ལྷ་ས་ནས་འཛིན་བཟུང་བྱས་པའི་ཁམས་སོག་རྫོང་གི་གྲྭ་ཡེ་ཤེས་སྦྱིན་པ་དང་། མི་སྐྱ་བསྟན་འཛིན་དར་རྒྱས། ནོར་བུ་བཟང་པོ། ཨ་ནེ་ཆོས་སྒྲོན་བཅས་ལ་ལོ་ ༡ ནས་ ༣ བར་གྱི་ཁྲིམས་ཐག་བཅད་ཡོད་འདུག ཡེ་ཤེས་སྦྱིན་པ་དང་བསྟན་འཛིན་དར་རྒྱས་གཉིས་རྒྱ་གར་ལ་འགྲོ་མཁན་ཡིན་པར་བསྙད་ནས་འཛིན་བཟུང་བྱས་པ་དང་། བསྟན་འཛིན་དར་རྒྱས་ཀྱིས་ལོ་ཤས་སྔོན་བོད་རང་བཙན་གྱི་སྐད་འབོད་བྱེད་མྱོང་བར་བསྙད་དེ། ཁྲིམས་ཆད་ལོ་ ༣ ལ་བཅད་འདུག་ལ། ཡེ་ཤེས་སྦྱིན་པ་ལ་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སར་ཁྲིད་ཡོད་འདུག ཨ་ནེ་ཆོས་སྒྲོན་དང་ནོར་བུ་བཟང་པོ་གཉིས་ལ་ལོ་ ༡ རེའི་ཁྲིམས་ཐག་བཅད་དེ་ནག་ཆུའི་བཙོན་ཁང་དུ་བཞག་ཡོད་པ་དང་། ཡེ་ཤེས་སྦྱིན་པ་དེ་སྔོན་ནད་བཅོས་ཆེད་ལྷ་སར་ཡོང་བ་ཞིག་ཡིན་པས་དེང་སྐབས་ན་ཚ་སྡུག་ཏུ་ཕྱིན་ནས་སྨན་ཁང་དུ་ལུས་ཡོད་འདུག ཕྱི་ཟླ་ ༡༢ ཚེས་ ༢ ཉིན་སོག་རྫོང་ཙན་དན་དགོན་པའི་གྲྭ་ཡེ་ཤེས་སྦྱིན་པ་དང་། ན་གཞོན་བསྟན་འཛིན་དར་རྒྱས་གཉིས་ལྷ་སའི་ཇོ་ཁང་སྒོ་འགྲམ་དུ་ཕྱག་འཚལ་བཞིན་ཡོད་པ་དང་། བཙུན་མ་ཆོས་སྒྲོན་དང་ནོར་བུ་བཟང་པོ་གཉིས་ཀྱིས་ཁོང་གཉིས་ལ་ཁ་ལག་སྐྱེལ་བར་འགྲོ་སྐབས་གློ་བུར་དུ་འཛིན་བཟུང་བྱས་པ་ཞིག་རེད། ཟླ་དང་པོའི་ཚེས་ཤར་ནས་སོག་རྫོང་གི་གྲོང་སྡེ་ཁག་ལ་ལས་དོན་རུ་ཁག་ཅེས་པའི་མི་སྣ་ ༣༡ ཙམ་ཡོང་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་བསྒྲགས་དང་འབྲེལ། ཕྱིའི་རྒྱལ་ཁབ་ཏུ་ཕྱིན་པའི་མི་སྣ་སུ་ཡོད་ཞིབ་བཤེར་བྱེད་ཀྱིན་ཡོད་འདུག
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།
འདི་ལྟར་ང་ཚོའི་དཀའ་ངལ་གང་མང་རྒྱུན་ནས་རང་གི་གཅེས་པའི་ཕ་ཡུལ་དང་ཁ་བྲལ་དགོས་བྱུང་སོང་། འདི་ལྟར་ང་ཚོ་བཙོན་དུ་འགྲོ་དགོས་པ་ནི་ལས་དང་རྒྱུ་འབྲལ་ཡིན་རྒྱུ་རེད་དམ/?
དེ་རིང་རང་བོད་ལྗོངས་ཉིན་རེའི་ཚགས་པར་ཟེར་བ་ལས་༸གོང་ས་མཆོག་ལ་མཚན་སྨད་ཞུས་པ་བཀོད་འདུག་པས་གཤམ་གྱི་དྲ་བྱང་བརྒྱུད་གཟིགས་དང་།
http://tb.chinatibetnews.com/xzpinglun/baozhipl/2010-01/27/content_394327.htm
དུས་བབ་རྩོམ་སྒྲིག་པར་ཆེད་ཞུ། དུས་བབ་དྲྭ་རྒྱའི་མདུན་ངོས་ཀྱི་དཀེ་འདུན་པ་གསུམ་འཛིན་བཟུང་། ཞེས་པའི་ནང་དགོན་པའི་མིང་ལ་འཇོན་པོ་དགོན་ཞེས་བྲིས་འདུག་པར་འཇོ་ཕུ་དགོན་ཞེས་མྱུར་དུ་བཅོས་ན་ལེགས། ཡིག་ནོར་དེ་ཚོས་རྩོམ་སྒྲིག་པའི་ལས་ཀར་བློ་ཕམ་སྐྱེ་བཅུག་གི། ངས་ད་གིན་ནས་འབོད་བསྐུལ་ཞུས་ཀྱང་ད་དུང་བཅོས་མི་འདུག
དུག་སྤྲུལ་ལ་ཡིད་ཆེས་བྱེད་པ་ནི། རང་གི་ཚེ་སྲོག་གཅོད་པར་རེ་བ་བྱེད་པ་མཚུངས་སོ། བོད་ནང་ནས་གཅིག་བཟུང་འདུག གཅིག་གསད་འདུག གཅིག་ལ་བརྡུང་འདུག་ཟེར་རྒྱུའི་སྐད་ཆ་རྐྱང་རྐྱང་མ་གཏོགས་གོ་རྒྱུ་མེད་པ་འདིས། འུ་ཅག་ལ་ག་རེ་སྟོན་གྱི་ཡོད་པ་རེད། ངས་ཉིན་ལྟར་དུས་བབ་ཚང་གི་གསར་འགྱུར་གསར་ཤོས་དག་ཀློག་ཐེངས་རེར་་་་
ཨོ་ད་ཅི་རེད། སྐུ་ཚབ་ཚོ་རྒྱ་ལ་བུད་སོང་བས་ལན་པ་འདྲ་ཞིག་བྱེད་ཀྱིན་འདུག་གཱ རྒྱ་བརྩོག་འདི་ཚང་གིས། ཡང་ཆབ་སྲིད་ཀློག་ཇུས་ཅི་ཞིག་འཐེན་གྱིན་ཡོད་ན།