མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་སྤྱི་འཐུས་མི་དགོས་པའི་གནས་ལུགས་དམར་ཧྲེང་མ། བོན་རྒྱ་བསྟན་འཛིན་རབ་རྒྱས།

བོད་ཀྱི་དུས་བབ།
༢༠༡༠/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

འདས་ལོར་སྤྱི་འཐུས་གྲོས་ཚོགས་ནང་རྙོག་དྲ་བྱུང་བ་ནས་བོད་རྒྱ་གཉིས། གཞིས་བྱེས་གཉིས། སྐྱ་སེར་གཉིས་བཅས་ཁ་ཞིག་ཐོགས་ཚད་ཀྱིས་ས་ཐོག་དྲ་ཐོག་གཉིས་ནས་ཁོང་ཚོར་སྡིགས་དམོད་དང་འཕྱ་སྨོད་ཚད་ལས་བརྒལ་བ་བྱས་ཡོད་ལ། ལྷག་པར་ཆོས་བརྒྱུད་སྤྱི་འཐུས་ཚོའི་ཁ་ལས་རླུང་རྟ་ཆག་སྟེ་བླ་རྒན་དེ་ཚོར་རྡུང་དགོས་པ་རེད་ཅེས་པའི་གཏམ་ཡན་ཡང་མཚམས་རེར་གོ་རྒྱུ་འདུག ཡིན་ནའང་། བདག་གིས་ད་ལྟ་བར་ཏུ་འཕྱ་དམོད་བྱས་མེད་ལ་ཁ་རྡུང་ཡང་བཏང་མེད། ཁོང་ཚོ་འོས་ཤོག་གིས་བཟོས་ཤིང་འོས་ཤོག་ནི་ཕལ་བའི་སྤྱི་ཚོགས་ང་ཚོས་བཟོ་བཞིན་ཡོད་པས་ང་ཚོས་བསམ་གཞིག་གསར་བ་དང་གྲ་སྒྲིག་གསར་བ་བྱེད་རྒྱུ་ནི་ཁ་རྡུང་གཏོང་བ་ལས་ཀྱང་གལ་ཆེ་བ་རེད། ལྷག་པར་བདག་གིས་སྤྱི་འཐུས་སྐབས་བཅུ་བཞི་འདི་འོས་འདེམས་ཀྱི་འུར་ལངས་བཞིན་པའི་སྐབས་སུ《ཕྱོགས་འཐེན་གྱི་རྒྱལ་ཕམ་དང་འབྲེལ་བའི་མ་འོངས་སྤྱི་འཐུས》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཏེ་ཆོས་བརྒྱུད་སྤྱི་འཐུས་ཚོ་ཡོང་སྟེང་འགྲིག་མེད་པ་བཤད་ཡོད་པ་མ་ཟད། ཚོགས་ཆེན་སྐབས་ཀྱི་བསམ་འཆར་བསྡུ་ལེན་ཁྲོད་དུའང་ཡིག་ངག་གཉིས་ཐོག་ནས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་མི་དགོས་པའི་བསམ་འཆར་ཤུགས་ཆེན་བཏོན་ཡོད། ཡིན་ནའང་། དེ་དུས་ངའི་ཁོར་ཡུག་ནས་མིག་ལོག་ཀེར་ནས་བསྟན་འཛིན་རབ་རྒྱས་སྨྱོ་བ་ལ་ཟེར་གྱིན་འདུག་པས། ཆོས་བརྒྱུད་སྤྱི་འཐུས་ཚོའི་རང་གཟུགས་མཐོང་མེད་ཚོད་འདུག་ནའང་། ད་ལྟ་ཕལ་ཆེར་གནས་ལུགས་འདི་བཤད་པའི་དུས་ལ་བབ་ཡོད་པ་འདྲ་བས་དེ་རིང་རྒྱུ་མཚན་ནམ་ཕྱོགས་སྣ་མི་འདྲ་བ་བདུན་གྱི་སྒོ་ནས་གནས་ལུགས་དེ་དམར་འགྲེལ་གྱི་ཕྱོགས་ལ་ཞུགས་པ་ཡིན།

རྒྱུ་མཚན་དང་པོ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ད་ལྟའི་བར་ཏུ་དྲང་བདེན་གྱི་ལམ་ནས་འདེམས་ཐུབ་མེད་ལ། མ་འོངས་པར་ཡང་འདེམས་མི་སྲིད། དེ་ནི་དཔེ་གཅིག་སྟེ་དགེ་ལུགས་པ་ལ་ཆ་བཞག་ནས་བལྟས་ན་གསལ་བོར་ཤེས་ཐུབ། འདས་མ་ད་གསུམ་གྱི་སྐབས་གང་ཡིན་ཡང་དགེ་ལུགས་སྤྱི་འཐུས་ཡིན་ན་བློ་གླིང་དང་སེར་བྱེས་གང་རུང་གི་གྲྭ་བ་ཞིག་ཡིན་པའི་ཁྱབ་བ་ཡོད། དེ་ནི་དགེ་ལུགས་སྤྱི་འཐུས་ཀྱི་ཤེས་ཚད་ཅན་གྲྭ་ཚང་དེ་གཉིས་མ་གཏོགས་གཞན་ལ་མེད་སོང་བ་མིན། དགེ་ལུགས་སྤྱི་འཐུས་ནི་འོས་ཤོག་གིས་བཟོ་དགོས་ལ་འོས་འདེམས་མཁན་གྱི་གྲྭ་བ་གྲྭ་ཚང་དེ་གཉིས་ལས་མང་ཅན་གྱི་དགོན་པ་ཞིག་དགེ་ལུགས་པ་ཚང་ལ་མེད་པའི་ཆ་ནས་ཡིན། དེ་བཞིན་རྙིང་མ་ལ་མཚོན་ནའང་གཅིག་རྣམ་གྲོལ་གླིང་གི་ཡིན་པའི་ཁྱབ་ལ། ཕལ་ཆེར་བོན་པོ་ལའང་གཅིག་སྨན་རིའི་གླིང་གི་ཡིན་པའི་ཁྱབ་བ་ཡོད།

རྒྱུ་མཚན་གཉིས་པ། ཆོས་བརྒྱུད་སྤྱི་འཐུས་ནི་ཆོས་བརྒྱུད་དེའི་གྲུབ་མཐའ་ལ་མཁས་ཚད་རྒྱས་པ་དང་ལྷག་བསམ་གྱི་ཆ་ནས་འོས་འདེམས་བྱེད་ཀྱིན་མེད། ཁ་བདེ་བོ་དང་། སྣོག་བརྒྱབ་ནས་གྱོང་མི་རེག་པ་ཞིག མགོ་བདེ་བོ་དང་དྲན་རིག་རྒོད་པོ་ཅན་གྱི་མི་སྣ་ཞིག་བཙལ་གྱིན་ཡོད་པས་འདི་ལྟར་ཆོས་བརྒྱུད་སྤྱི་འཐུས་འདེམས་པས་ཆོས་བརྒྱུད་སྤྱི་འཐུས་ཚོས་ཆོས་བརྒྱུད་རང་གི་མཚན་སྙན་སྲུང་མ་ཐུབ་པ་རེད།

རྒྱུ་མཚན་གསུམ་པ། ཆོས་བརྒྱུད་སྤྱི་འཐུས་ནི་བོད་བསྟན་སྲིད་གང་ལའང་མི་ཕན། ད་ལྟའི་བར་ཏུ་ཕྱིར་བལྟས་ཤིག་གནོངས་དང་། དགེ་ལུགས་སྤྱི་འཐུས་ཀྱིས་དགེ་ལུགས་པར་ཕན་མེད་ལ། རྙིང་མའི་སྤྱི་འཐུས་ཀྱིས་རྙིང་མ་བར་ཡང་ཕན་མེད། སྲིད་ཕྱོགས་ནས་དེ་ལས་ཀྱང་ཞུ་མ་དགོས་པ་ཞིག་རེད། ཆོས་སྲིད་གང་ལའང་མི་ཕན་བཞིན་དུ་ད་དུང་ཁྲི་ཐོག་ལ་བཙུགས་བཞག་ན་གླེན་རྟགས་ཤིག་མ་རེད་དམ།

རྒྱུ་མཚན་བཞི་བ། ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་མ་འོངས་པར་ཉེན་ཁ་ཞིག་ཆགས་ཡོད། ང་ཚོའི་འདས་པའི་ལོ་རྒྱུས་ནང་དུ་ཆོས་ལུགས་དང་གྲུབ་མཐའ་ཁ་ལ་ཁྱེར་ནས་སྲིད་དོན་གྱི་ལས་ཀ་བྱས་ཏེ་ནང་འཁྲུག་ལངས་པ་དང་། ཤི་རྨས་བྱུང་བ། སྲིད་དབང་ཤོར་བ་སོགས་ཀྱི་གནས་ཚུལ་མང་དུ་བྱུང་ཡོད་པ་བཞིན། ཕྱོགས་ཞེན་ཤ་སྟག་གིས་བཟོ་སྐྲུན་ལས་འོང་གིན་པའི་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་འདི་ཡང་མ་འོངས་པར་ཉེན་ཁ་ཞིག་ཆགས་སྲིད་པ་རེད།

རྒྱུ་མཚན་ལྔ་བ། མང་གཙོ་སྲིད་གཞུང་སྐད་གྲགས་ཅན་དང་། ཚད་མཐོ་བོ་ཅན་ཨ་རི་དང་རྒྱ་གར་ལྟ་བུའི་ནང་དུའང་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་ལ་ཆོས་དད་རང་དབང་ཡང་ཚད་ཧ་ཅང་མཐོ་མོད། ཆོས་བརྒྱུད་སྤྱི་འཐུས་དང་ཆོས་ལུགས་སྤྱི་འཐུས་ཟེར་བ་ཞིག་མེད།  ཡོད་ཚད་དེ་དག་ལ་བསྟུན་དགོས་མེད་ནའང་དགོས་པ་ལྷག་པོ་མེད་ས་ནས་དམིགས་བསལ་ཞིག་བྱས་པ་ལ་དགོས་པ་མེད། དེའི་ཕྱིར་ང་ཚོ་ལའང་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་དགོས་དོན་མེད། གལ་སྲིད་དགོས་ན་དགོས་ཟེར་མཁན་གྱི་ཆོས་བརྒྱུད་ཡོད་ཚད་ལ་ཆ་སྙོམས་ཀྱིས་གོ་སྐབས་སྤྲད་དགོས་པ་ཞིག་རེད།

རྒྱུ་མཚན་དྲུག་པ། ཆོས་ལུགས་པ་ལ་ལས་དེ་ནི་ཐོབ་ཐང་ཞིག་ལ་ངོས་འཛིན་གྱིན་འདུག་ལ། མི་སྐྱ་ཁ་ཤས་ཀྱིས་ཀྱང་ཆོས་ལུགས་པ་ཚོ་འོས་ཤོག་གཉིས་ཡོད་པ་རེད་ཅེས་དེ་ནི་ཆོས་ལུགས་པས་དབང་ཡོད་ཆེན་པོ་ཞིག་བྱས་པ་དང་། དེ་ལ་བརྟེན་ནས་ཆོས་ལུགས་པས་ཁེ་བཟང་ཆེན་པོ་ཞིག་ཟ་བཞིན་ཡོད་པའི་ལྟ་ཚུལ་ཞེ་ཐག་པ་ནས་ཡོད། ཡིན་ནའང་། དེ་ནི་ཐོབ་ཐང་ཞིག་མིན་ལ་དེ་ལ་བརྟེན་ནས་ཆོས་ལུགས་པར་ཕན་པ་ལྟ་ཞོག ཆོས་བརྒྱུད་སྤྱི་འཐུས་སུ་འོས་ཐོན་པ་དག་ལའང་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད། དཔེར་ན། རྒན་བེ་རི་འཇིགས་མེད་ནི་ཀུན་གྱིས་ངོས་ལེན་ཚད་མཐོ་བྱེད་པའི་རྒན་རབས་ཤེས་ཡོན་པ་ཞིག་རེད། འདས་པའི་ལོ་རྒྱུས་ནང་བཙན་བྱོལ་རྩོམ་རིག་གི་གཞི་རྐང་འཛིན་མཁན་གྱི་མི་སྣ་ཞིག་ཡིན། ཡིན་ནའང་དེའི་རྐྱེན་བྱས་ནས་དྲ་ཐོག་ནས་ཁ་རྡུང་ཚད་མེད་པ་ཞིག་རེག་ཡོད། ཁོང་ལ་གནོད་ཀྱིན་ཡོད་མེད་མི་ཤེས་མོད། ངས་བལྟས་ན་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ནི་བདག་ཕུང་གཞན་ཕུང་ཞིག་རེད།

རྒྱུ་མཚན་བདུན་པ། ང་ཚོའི་ཆོས་བརྒྱུད་སྤྱི་འཐུས་ནང་ན་ཆོས་བརྒྱུད་རང་གི་ལྟ་གྲུབ་ལ་བྱང་ཆ་ཆེ་བ་ཕར་ཞོག ཆོས་བརྒྱུད་རང་གི་བསླབ་ཁྲིམས་ཡང་གཙང་ཉར་གནང་མེད་པའི་མི་སྐྱ་རྒད་པོ་ཁ་ཤས་ཐོན་ཡོད། འདི་ནི་ཡ་མཚན་ལ་བསམ་བཞིན་སྲིད་དོན་གྱི་དགོས་དབང་ཞིག་གིས་རྩེད་མོ་རྩེས་ཀྱིན་པ་གསལ་བོར་ཤེས་ཐུབ།
 

སྤྱིར་བཏང་ཆོས་བརྒྱུད་སྤྱི་འཐུས་ཁོང་ཚོས་དྲང་ཚུགས་མི་ཐུབ་པ་ལ་ཁག་མི་འདུག ཁོང་ཚོ་ཕྱོགས་ཞེན་གྱིས་བཟོ་བཞིན་ཡོད་ལ། ཕྱོགས་ཞེན་གྱིས་བཟོ་བ་ནི་དགོས་མཁོ་ཞིག་གི་ཆེད་ཡིན་ཡིན་ལ་དགོས་མཁོ་དེ་ནི་ཕྱོགས་ཁག་ཅིག་གི་དགོས་མཁོ་ལས་བོད་སྤྱི་བའི་དགོས་མཁོ་ཞིག་གཏན་ནས་མིན་ལ་ཆོས་བརྒྱུད་རང་གི་དགོས་མཁོ་ཡང་གཏན་ནས་མིན་པས་སྤྱི་འཐུས་ཀྱི་ཐག་གཅོད་དག་ལ་དེ་ཙམ་དྲང་བདེན་ཡོང་གི་མེད་པའང་གནད་འགག་དེ་ཡིན། ཕྱོགས་གང་ནས་བསམ་བློ་བཏང་ནའང་ང་ཚོར་ཆོས་བརྒྱུད་སྤྱི་འཐུས་ཤིག་དགོས་དོན་མི་འདུག་པས། འདི་མཚམས་ངེས་པར་འཇོག་དགོས་ཤིང་མཚམས་འཇོག་པའང་ཆོས་བརྒྱུད་སོ་སོའི་ཆོས་ལུགས་པ་ཚོས་ཐག་བཅད་ནས་མཚམས་འཇོག་པ་ལས་༸གོང་ས་མཆོག་གིས་བཀའ་གཏོང་རྒྱུ་མེད་ལ། བཀའ་བློན་ཁྲི་བས་ཐག་གཅོད་དང་སྤྱི་འཐུས་ལྷན་ཁང་གིས་འོས་འདེམས་ཀྱིས་ཁྲིམས་བཟོ་བྱེད་རྒྱུའང་དཀའ་མོ་ཡིན། དེའི་ཕྱིར་ཆོས་ལུགས་པ་སོ་སོས་འདིའི་ཐད་བསམ་བློ་ཞིབ་ནན་གཏོང་དགོས། མ་འོངས་པར་ང་ཚོས་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་གི་འོས་ཤོག་ལ་ལག་པ་འཆང་མི་དགོས་པ་ཞིག་ལ་བསམ་བློ་གཏོང་དགོས། ལྷག་པར་རྩོམ་པ་པོ་ཚོས་ཀྱང་འདིའི་ཐད་ལ་ཁ་གྲག་ཚད་ཡིན།

འབྲེལ་ཡོད་གསར་འགྱུར།

Former Pakistan prime minister Imran Khan, gestures as he speaks with Reuters during an interview, in Lahore, Pakistan March 17, 2023. REUTERS/Akhtar Soomro
Mobile App

པཱ་ཀི་སི་ཐན་གྱི་གྲོས་ཚོགས་འཐུས་མི་ཟུར་བ་ ༡༠༨ ལ་ལོ་བཅུ་རེའི་ཁྲིམས་ཐག་བཅད།

ཆུ་ཚོད་ ༩ སྔོན་ལ།
ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག
Mobile App

ལྷོ་སོག་གི་མགོ་ཁྲིད་ཟུར་བ་ཏུའུ་ཙེ་ལ་མི་ལོ་ ༡༥ ཡི་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ལོ་ངོ་ ༡༢༧ རྗེས་ནས་སངས་རྒྱས་ཀྱི་རིག་དངོས་ཕྱིར་སློག་བྱས།

༢༠༢༥/༠༧/༣༡
Flood in Bhotekoshi river washes away Nepal-China border bridge-at-Rasuwagadhi
Mobile App

བོད་མཐོ་སྒང་གི་འཁྱག་རོམ་བཞུས་རྐྱེན་བལ་ཡུལ་ནང་ཆུ་ལོག་འབྱུང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༥/༠༧/༣༡
སྲིད་སྐྱོང་མཆོག་གིས་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་། ༢༠༢༥།༠༧།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་གནས་སྡོད་མངའ་སྡེ་ལྔའི་ནང་ཕྱོགས་ཕེབས་གནང་བཞིན་པ།

༢༠༢༥/༠༧/༣༡
ཨ་རུ་ན་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཏ་ཕིར་གྷའོ་མཆོག་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༤།༠༩།༠༦
Mobile App

འཚེ་མེད་ཞི་བདེའི་གནས་མཆོག་རྒྱ་གར་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞི་བདེའི་རླབས་ཆེན་མཛད་པར་ཆེ་བསྟོད་གཟེངས་རྟགས་དབུལ་དགོས་པའི་འབོད་སྐུལ་ཞུས།

༢༠༢༥/༠༧/༣༡

མཆན། 81

  1. lobsang says:
    ལོ་ 15 སྔོན།

    དྲ་གྲོགས་ཚོས་ད་དུང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་སྐོར་མུ་མཐུད་དུ་རྩོད་རོགས་གནང།

    Reply
  2. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 16 སྔོན།

    ང་ཚོ་བོད་པའི་མི་ལས་ལྷག་པའི་བོད་པའི་ཁྱི་ཞིག་བྱུང་འདུག http://tibetanmastiff.com/main_files/breed_files/breed.htm

    Reply
  3. khaaba says:
    ལོ་ 16 སྔོན།

    བོན་རྒྱ་སྟན་འཛིན་རབ་རྒྱས་ཁྱོད་ཀྱིས་བཤད་པ་དེ་དངོས་ནས་བདེན་པ་རེད་་ཆོས་ལུགས་ཁག་གི་སྤྱི་མཐུས་རྣམས་མེད་པར་བྱེད་ནས་དགེ་ལུགས་གཅིག་པའི་སྤྱི་མཐུས་ཡོད་ན་འགྲིག་ས་རེད་

    Reply
  4. ཐུབ་བསྟན། says:
    ལོ་ 16 སྔོན།

    བོན་རྒྱ་བླ་རྒན་གྱི་སྐད་ཆ་འདི་ལ་གནས་ལུགས་འདུག རྒྱལ་ཁབ་སུ་གཅིག་ལ་མེད་པའི་ང་ཚོར་ཆོས་ལུགས་སྤྱི་འཐུས་ཟེར་བ་ཞིག་ཡོད་པ་འདི་དག་གིས་ད་བར་བོད་ཀྱི་ཆབ་སྲིད་ལ་གང་ཞིག་ཕན་ཡོད་དམ། ཕན་ཐོགས་བྱུང་ཡོད་ན་འདི་རེད། ཅེས་ཀུན་ཀྱིས་ཤོད་དང། དེ་བཞིན་ཆོས་རྒྱུན་རང་རང་ལ་གང་ཞིག་ཕན་ཐོགས་བྱས་འདུག་གམ། དངོས་གནས་ཕན་གྱི་ཡོད་ན་འདི་འདྲ་རེད། ཅེས་གསུངས་རོགས་གནང། དེ་མིན་ང་ཚོས་ཞེན་ཁོག་བྱས་ནས་ཕན་པ་མེད་ལ་རྨོངས་དད་བྱས་ནས་ཕན་ཐོགས་གང་ཡང་མེད་ངེས་ཡིན། སྤྱི་དོན་རང་ལ་དགོངས་པ་བཞེས་རོགས་གནང། དཔེར་ན་དགེ་ལུགས་ནང་དཀའ་ངལ་ཆེ་ཤོས་དོལ་རྒྱལ་གྱི་དཀའ་རྙོག་བྱུང་སྐབས་ཆོས་ལུགས་སྤྱི་འཐུས་ཚོ་དང། ལྷག་པར་དགེ་ལུགས་སྤྱི་འཐུས་ཚོ་སྐབས་དེར་ཤི་སོང་བ་རེད་དམ། གྲགས་འགུར་ཙམ་ཡང་མེད་པར་འཇམ་ཐང་ངེར་རང་སོ་སོར་འགན་འཁྲི་གང་ཡང་མེད་མདོག་གིས་བསྡད་པར་བརྟེན་མཐར་དགའ་ལྡན་ཤར་རྩེ་གྲྭ་ཚང་སོག་པ་ཁང་ཚན་ནས་ཡིན་པའི་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་དོལ་རྒྱལ་སྐོར་གྱི་མང་མོས་འོས་བསྡུའི་འགན་ཁུར་ཏེ། ཚོགས་འདུ་གང་མང་སར་དོལ་རྒྱལ་སྐོར་གྱི་གཏམ་བཤད་བྱེད་བཞིན་པ་ཡོངས་གྲགས་རེད། དངོས་གནས་སྐབས་དེར་དགེ་ལུགས་སྤྱི་འཐུས་གཙོས་ཆོས་རྒྱུན་སྤྱི་འཐུས་ཚོས་འགན་བླངས་ནས་དོལ་རྒྱལ་ཚོགས་པས་བྱེད་སྟངས་གསར་འགོད་གསར་བསྒྲགས་དང། མང་ཚོགས་ལ་ལམ་སྟོན་དང། དཀའ་ངལ་ལ་གདོང་ལེན་ག་རེ་བྱས་ནས་མ་བྱས་པ་རེད་དམ། དེར་བརྟེན་ཆོལ་ཁས་སྤྱི་འཐུས་ཚོས་མ་འཇོན་པ་ཞིག་ཆོས་ལུགས་སྤྱི་འཐུས་ཚོར་གང་ཡང་བྱེད་ཡ་མི་འདུག་པས་དངོས་གནས་ཆོས་རྒྱན་སྤྱི་འཐུས་ཟེར་བ་ཟུར་དུ་དགོས་དོན་མི་འདུག་ལ་འདི་ཚོ་གཞུང་གིས་འགྲོ་སོང་འཕར་མ་འགྲོ་ས་ཞིག་དང། མང་ཚོགས་ནང་རྙོག་དྲ་འཕར་མ་བཟོ་མཁན་ཙམ་དང། ཆོས་རྒྱུན་སོ་སོར་ཞབས་འདྲེན་ཞུ་མཁན་ཙམ་ལས་ཕན་ཐོགས་གང་ཡང་མེད་ཐག་ཆོད་ཡིན་པ་དེང་སྐབས་གདན་ས་ཆེན་པོས་དགེ་འདུན་པ་ཚོས་ཀྱང་ཤེས་བཞིན་པ་རེད།དཔེར་ན་༢༠༠༩ལོའི་ཟླ་༡༢པའི་ནང་གདན་ས་ཆེན་པོ་སེ་ར་རུ་གདན་ས་གསུམ་དང། རིས་མེད་དགོན་སྡེ་གང་མང་འཇང་དགུན་ཆོས་ཆེན་མོ་འཚོགས་ཡོད་པ་དང། ཟླ་༡༢པའི་ཚེས་༡༠ཉིན་གྱི་དགོང་མོའི་ཆུ་ཚོད་༦པར་སེར་བྱེས་ཆོས་རའི་ནང་ཞི་བེའི་གཟེངས་རྟགས་ཀྱི་དུས་དྲན་ལ་ཆེད་དུ་དམིགས་སྲོང་བཙན་སློབ་གྲྭས་བགྲོ་གླེང་ཞིག་གོ་སྒྲིགས་བྱས་པའི་ཐོག་སེ་ར་བྱེས་སྨད་ཀྱི་མཁན་པོ་རྣམ་གཉིས་དང། དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས་བཅས་གདན་འདྲེན་གྱིས་མཁན་རིན་པོ་ཆེ་རྣམ་གཉིས་ཀྱིས་གསུངས་བཤད་གྲུབ་རྗེས་དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ཀྱིས་གཏམ་བཤད་མགོ་འཛུགས་གྲབས་སྐབས་དགེ་འདུན་པ་བརྒྱ་ཕྲག་མང་པོས་ངོ་རྒོལ་གྱིས་ཉན་སྙིང་མ་སྤྲོ་བར་ཡར་ལང་ནས་ཕྱིན་སོང་བར་བརྟེན་ཤུལ་དུ་གྲྭ་བ་དྲུག་ཅུ་བདུན་ཅུ་ཙམ་ལས་ཉན་མཁན་བྱུང་མེད་པ་ལྟ་བུ་རེད། དེའི་ཕྱིར་ངས་ཀྱང་ཆོས་རྒྱུན་སྤྱི་འཐུས་འདི་ཚོ་དངོས་གནས་གཟིགས་ལྤགས་གྱོན་པའི་བོང་བུ་རང་རེད། འདི་ཚོ་མི་དགོས་པ་ཞིག་ཡིན་པ་ཤེས་སོང།

    Reply
  5. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གནས་ལུགས་བཤད་ཀྱི་མེད་ན་མ་བཞག་རང་བཞག་རེད་ཆུ་ཐིགས་ལགས།
    སྤྱི་ཚོགས་ནང་དུ་སྐད་ཆ་བཤད་དུས་ཧམ་པ་སུ་ཚ་མ་རེད་ད།
    གཅིག་རྒྱབ་གཅིག་ལངས་ལ་ཡང་རྒྱུ་མཚན་མེད་ན་ཕན་ལེ་མ་རེད་དོ།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཡ་ཡ་ལྷ་ཆབ་སྤྱིན་པ་ལགས་རི་མཐོ་པོའི་འགོ་ནས་ཀུ་རྒྱག་ན་མ་གོ་ཟེར་མཁན་དེ་འོན་པ་རེད། ཐང་བདེ་མོའི་སྟེངལ་རྟ་རྒྱུགས་ན་མ་མཐོང་ཟེར་མཁན་དེ་ལོང་བ་རེད།ཞེས་ཟེར་སྲོལ་ཡོད་པ་བཞིན་དུ་ཁྱེད་ཚོ་བོན་རྒྱའི་རྗེས་འབྲངས་པ་རྣམས་ཀྱི་བོན་རྒྱ་ཡིས་བོད་མང་སྤྱི་འཐུས་ཡོད་པ་རྣམས་ཀྱི་ནང་ནས་ཆོས་རྒྱུད་ཁག་གི་སྤྱི་འཐུས་བཀག་འགོག་བྱེད་དགོས་དོན་དམིགས་ཡུལ་ཁྱེད་ཚོས་ཧ་གོ་གིན་རེད། ཁྱེད་ཚོའི་དམིགས་ཡུལ་སྒྲུབ་ཆེད་དུ་གྲྭ་ས་ཁག་གི་འོས་འདེབས་དྲང་བདེན་མི་འདུག་ཟེར་ནས་ཆོས་རྒྱུད་ཁག་གི་སྤྱི་འཐུས་བཀག་འགོག་བྱེད་སྟངས་དེར་ཤ་ཚ་ཁྱེད་ཚོ།
    མ་ཟད་གཟིག་སྤགས་གྱོན་པའི་བོང་བུ་ཞེས་ཆོས་རྒྱུད་ཁག་གི་སྤྱི་འཐུས་ལ་སྐྱོན་བརྗོད་བྱས་པ་འདི་ཚོ་དངོས་གནས་ངོ་ཚ་མེད་པའི་གྲྭ་ལོག་རང་རེད་ད།
    ཨ་རོ་ལྷ་ཆབ་སྤྱིན་པ་ལགས་ཁྱེད་ཀྱིས་ཁ་བདེ་མདོག་དང་ཁུར་ཚུར་སུ་ཡོད་ལྟ་གྱིན་ཡིན་ཟེར་བ་འདི་དངོས་གནས་དགོད་མོ་ཤོར་ཡ་གཅིག་རེད་ཡ་ཡིན་ཡང་ཁྱེད་ཀྱིས་འདོད་པ་རེད།
    བོན་རྒྱ་བླ་རྒན་གྱི་རྩ་བའི་དམ་བཅའ་ཁྱེད་ཀྱིས་རྩིས་ལེན་བྱེད་ཀྱིན་ཡིན་ནམ།
    ངའི་ཁ་པ།0041 798595875
    ངའི་skype name is nyima9
    མ་ཟད་བོན་རྒྱའི་རྗེས་རྒྱུགས་པ་ཆུ་ཐོགས་དང་མི་ནག་པོ་ཕུན་ཚོགས་ལ་སོགས་པས་བོན་རྒྱའི་རྩ་བའི་དམ་བཅའ་ཁྱེད་ཚོས་ངོས་ལེན་བྱས་ཀྱིན་ཡིན་ནམ།
    ཁྱེད་ཚོ་ལ་ཆོས་རྒྱུད་ཁག་གི་སྤྱི་འཐུས་མི་དགོས་འདུག་ཟེར་བའི་རྒྱུ་མཚན་དེ་ལས་མེད་ན་ཁ་ཁར་སྡོད་རོགས།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཅོ་རི་གཉའ་མ་ཟེར་བའི་ཚིག་ལ་ཡིད་རྟོན་བྱེད་འོས་པ་ཞིག་མ་རེད་་་་་མི་འདི་འདྲའི་རིགས་ལ་ཁ་རྩོད་བྱས་ན་ཆུ་ཚོད་གཏོང་ཟད་ལས་མེད་པས་ཁོ་ཚོ་རང་དགར་བཞག་ན་ཡག་ཤོས་སུ་འཁུམས། ནམ་ཡིན་ཡང་སྤྱི་ཚོགས་ནང་དཀྲིགས་ཤིང་མཁན་རེ་ཡོད་པས་དེ་ལ་ཧང་སང་དགོས་དོན་མེད་་་་་་མིའི་སྤྱི་ཚོགས་ནང་མི་འདྲ་མིན་ཡོད་པ་རེད་་་་་ང་ཚོའི་དྲ་ཚིགས་འདིར་དྲ་བ་བརྒྱ་ལྷག་ཡོད་པའི་ནང་མི་འདི་འདྲ་རེ་ཟུང་ལོས་ཡོད་་་་སྣང་མེད་བཞག་ན་ཡག་ཤོས་རེད་་་་་་ཁ་གླེང་ན་ཇེ་སྡུག་ལས་མི་འདུག་པ་ནི་ཁྱི་ངན་གྱི་ཁ་གསེ་བ་དང་གཅིག་མཚུངས་རེད་ཡ

    Reply
  8. blackman says:
    ལོ་ 16 སྔོན།

    རྩོམ་ཡིག་ཅིག་སྤེལ་དུས། མི་དེ་ཡིན་་གཅིག་མིན་གཉིས་དམིགས་ཡུལ་གཞན་ཞིག་ཁུར་མཁན་དེ་འདྲ་ཡིན་མི་དགོས་ཀི། ཆེས་བློ་དམན་གྱི་ལྟ་སྟངས་ཀྱི་འོག་ནས་ནམ་ཡང་བསམ་ཚུལ་སྤེལ་མཁན་དེ་ག་འདྲ་ཡིན་མིན་ལ་ཧོབ་ཏེ་བསམ་བློ་གཏོང་བ་ལས་བསམ་ཚུལ་དེ་ལ་གནས་ལུགས་ཅི་ཞིག་ཡོད་མེད་ལ་དེ་ལྟར་མི་ལྟ་གི། དེ་བས་ནམ་རྒྱུན་བསམ་ཚུལ་གྱི་མཇུག་ཏུ་ཁ་རྩོད་ཤུགས་ཆེན་པོ་རེ་ཡོང་་གི་ཡོད་པ་ལས། གནད་དོན་གྱི་ཟབ་ས་ཞིག་གླེང་ཐུབ་ཀི་མེད་ཀི།
    དཔེར་ན། དགེ་འདུན་པ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་སྤེལ་བའི་བསམ་ཚུལ་གྱི་ནང་ན་ཆོས་ལ་དགའ་མོས་ཡོད་མེད་ཀྱི་་གནས་ཚུལ་ཅི་ཡང་མེད་པར། ཐད་ཀར་སྤྱི་ཚོགས་ཀྱི་གནས་ཚུལ་ཞིག་བཤད་ཀི་ཡོད་ན། ད་དུང་ཨུ་ཚུགས་ཀྱིས་ཆོས་ལ་མ་དགའ་བའི་ཚུལ་བཤད་འདུག་པར་སྒྲོ་བཏགས་ནས་ཁོང་གྲྭ་ལོག་ཅིག་ཡིན་པར་བཤད་པ་ནི་རྒྱུ་མཚན་ཅི་ཡང་མེད་པའི་ཀུ་ཅོ་རང་རེད་འདུག་ན། ཐད་ཀར་རྩོམ་ཡིག་གི་དོན་འཇུག་རྒྱུ་དེ་གནད་དོན་ཞིག་རེད།

    Reply
  9. ཕུན་ཚོགས ། says:
    ལོ་ 16 སྔོན།

    བོན་རྒྱ་ལགས་ཀྱི་སྐད་ཆ་འདི་ནི་དུས་ལ་བབ་པའི་སྐད་ཆ་ཞིག་རེད།ཁ་ཕྱོགས་འདིའི་རིགས་ལ་ང་ཚོ་མི་རབས་འདིས་ཅིས་ཀྱང་ཀ་གྲགས་དགོས་པའི་གནད་འགག་ཆེན་པོ་ཞིག་ཡིན་པས་སུས་གནད་ལ་རེག་པའི་སྐད་ཆ་རེ་བརྗོད་རྒྱུ་ཤིན་ཏུ་གལ་ཆེ་ཨང་།ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་འདི་ལྟ་བུའི་སྐད་ཆ་མི་ཉུང་ཞིག་ཡོང་ཐུབ་རྒྱུ་ན་ཧ་ཅང་བཟང་གི་་་་
    སྤྱིར་ཡིན་ནགནས་ལུགས་སུ་ལ་ཆེ་ན་དེ་ནི་བདེན་པའོ་ཞེས་པའི་མོས་མཐུན་འཇོག་དགོས་མོད།ཟིན་བྲིས་འདིར་ཞུགས་མཁན་མང་ཤས་ཙམ་ལ་དེ་འདྲའི་གོམས་གཤིས་དང་བློ་ཁོག་མེད་པ་ཚིག་བབ་ལ་བལྟས་ན་ཧ་གོ་ཡོང་གི་་་
    བོན་རྒྱ་ལགས་ཀྱིས་དངོས་ཡོད་དཔང་ལ་བཞག་སྟེ་ཚིག་སྣེ་མང་པོ་དྲང་ཡོད་པ་དེ་ནི་གནས་ལུགས་ཡོད་མེད་གང་ཡིན་ཡང་གུ་ཡངས་པའི་བསམ་བློ་ཞིག་དང་ཁོད་ཡངས་པའི་སྤྱི་ཚོགས་ཤིག་གི་འགྲོ་སྟངས་ལས་ངན་ཁག་དཀྲུ་སའི་ཞེ་འཁོན་ལྟ་བུ་ཞིག་ཏུ་འཁྲིད་དགོས་དོན་ག་ལ་ཡོད་མོད།འཁོས་ཆུང་བ་ཁ་ཤས་ཤིག་ལ་ནི་ཨ་ཕའི་མགོ་ལ་རྡོ་གཞུས་པ་ལས་ཀྱང་ཞེ་འཁོན་མི་བཟོད་པ་རེ་འབྱུང་གིན་ཡོད་ས་རེད།

    ལྷག་པར་ཏུ་ཅོ་རི་ཉི་མ་ཟེར་བའི་མི་འདི་ལ་ཅི་ཞིག་བྱུང་བ་ཡིན་ནམ།དོན་མེད་པའི་ཁོང་ཁྲོ་དང་གནས་ལུགས་ཀྱིས་སྟོང་བའི་སྐད་ཆ་དེ་དག་གིས་ནི་ཁྱོད་རང་ཉིད་ལའང་མི་ཕན་པ་ཐག་གིས་གཅོད་ཐུབ་པས།ཁྱོད་ཀྱིས་གནས་བབ་ལ་བསམ་བློ་ཞིག་གཏོང་རྒྱུ་དང་གནས་ལུགས་ལ་བསམ་གཞིགས་རེ་བྱེད་རྒྱུར་གོམས་གཤིས་བཟོ་དགོས་པ་ནི་ཁྱོད་རང་ཟིན་བྲིས་འདིར་ཞུགས་པའི་ཐོག་མའི་ཆ་རྐྱེན་ཡིན་ན་འགྲིག་་སྐད་ཆ་གསར་པ་གང་ཞིག་ཐོས་ཀྱང་བློ་ཐོག་ལ་བླངས་ཏེ་གནས་ལུགས་ལ་སྦྱོར་རྒྱུ་ནི་ཤིན་ཏུ་གལ་ཆེ་ཡ།ཁྱོད་ལྟ་བུའི་མི་ནི་ང་ཚོའི་སྤྱི་ཚོགས་ལ་མང་མེད་ན་ཉུང་ག་ལ་ཡོད།

    Reply
  10. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ཡ་ཁོ་རེ་ཅོ་རུ་ཉི་མ་ལགས། ཁྱོད་ཀྱིས་ཆོལ་ཁའི་འཐེན་འཁྱེར་བྱེད་ཀྱིན་མེད་ན། ཁྱོད་ཀྱིས་ཆོས་ལུགས་ཀྱིས་འཐེན་འཁྱེར་བྱེད་ཀྱིན་མེད་ན། ཁྱོད་ཀྱིས་ཁ་མ་དལ་བར་ཆོས་བརྒྱུད་སྤྱི་འཐུས་མི་དགོས་པར་གསུང་མཁན་ལ་དེ་འདྲའི་ཞེ་སྡང་བྱེད་དོན་ག་རེ་འདུག ད་དུང་ཁྱོད་ཀྱིས་རང་ཉིད་ནི་དྲང་བདེན་སྐྱོང་མཁན་ཡིན་སྣང་སྐྱེས་འདུག སྙིང་རྗེ། དེས་མི་ཚད་བོན་རྒྱ་ལ་གྲྭ་ལོག་དང་ངར་ངར་རྫིག་རྫིག་གི་འཇིགས་སྐུལ་རིམ་པས་གནང་སྟངས་ལས་ཁྱོད་ནི་ཅི་འདྲ་ཞིག་ཡིན་མིན་ཤེས་ཐུབ་པ་ཞིག་རེད། དེ་རིང་འུ་གཉིས་ཀྱིས་རྩོད་མི་དགོས་པ་ཞིག་རྩོད་དོན་མི་འདུག དེ་བས་ཁྱོད་ཀྱིས་ཁ་པར་ཨང་གྲངས་ཤིག་སྤྲོད་དང་ངས་ཁྱོད་ལ་ཁ་ཐུག་གིས་འབྲེལ་བ་བྱེད་ཆོག དེ་དུས་འུ་གཉིས་ཀྱི་གཏམ་དང་ཁ་ལྕེ་སུ་བདེ་དང་བློ་དང་ཁོག་པ་སུ་ཆེ། དཔའ་དང་སྤོབས་པ་སུར་ཡོད། ངར་དང་ཁུ་ཚུར་སུར་ཡོད་ཅིག་བལྟ། དེ་བྱེད་མི་ཐུབ་ན་ཁ་རོག་སྡོད། སྤྱི་ཚོགས་ལ་དཀྲུགས་ཤིང་མ་འཕེན་རོགས།

    Reply
  11. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཁྱད་མཚར་་་་རང་ཉིད་ལ་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་ཀྱང་ཨུ་ཚུགས་མཐའ་སྐྱེལ་བྱེད་ཀྱི་འདུག་པས་དངོས་གནས་དགོད་བྲོ་པ་ཞིག་རེད་ཡ། ད་བར་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོས་ཆོས་རྒྱུད་ཁག་ལ་ཕན་ཐོགས་ཇི་འདྲ་ཞིག་བྱུང་ཡོད་པ་རེད། བྱུང་ཡོད་པ་མ་རེད་་་་་་རང་ཉིད་གང་གི་ཁོངས་སུ་གཏོགས་པའི་ཆོལ་ཁ་ཕྱོགས་སུ་འཐེན་པ་ལས་སྐབས་བབ་ཀྱི་ཆོས་རྒྱུད་སོ་སོར་ཕན་ཐོགས་ཨེ་ཡོང་སྙམ་པའི་བསམ་བློ་གཏོང་མཁན་ཡོད་མེད་མཐོང་གསལ་རེད། གལ་སྲེད་ཆོས་རྒྱུ་ཁག་ལ་སྤྱི་འཐུས་ཤིག་དགོས་ན་ཆོས་དོན་ལྷན་ཁང་གི་སྔ་ཞབས་སུ་ཆོས་རྒྱུད་སོ་སོའི་སྤྱི་འཐུས་བདམས་ཏེ་དགོན་སྡེ་ཁག་གི་གནས་སྟངས་ལ་ལྟ་རྟོག་བྱས་པ་འོས་འཚམ་ལས་་་་་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་གཞུང་གི་གྲོས་ཚོགས་ནང་ལ་སོང་ན་དཀྲིགས་ཤིང་ཞིག་ལས་ཆབ་སྲིད་ལ་ཕན་ཐོགས་ཅི་ཡང་མི་འདུག་པས་རྗེས་ཕྱོགས་འདིའི་སྐོར་ལ་ང་ཚོས་བསམ་བློ་ཡག་པོ་གཏོང་དགོས་པ་ལས་གཡམ་རྒྱུག་དང་ཁ་བཤད་མཁས་པོ་བྱས་ན་བོད་སྤྱིའི་ལས་དོན་མ་འཁུར་བ་ཡིན་པས་ཚང་མས་སྔ་ས་ནས་བསམ་བློ་གཏོང་བ་ཧ་ཅང་གི་གལ་ཆེན་ཡིན།་་་་་་སྔ་ལོ་ལྟར་སྤྱི་འཐུས་སྐོར་ལ་གནས་ཚུལ་སྡུག་པོ་རེ་བྱུང་རྗེས་འགྱོད་པ་དང་བསམ་འཆར་བཏོན་ཀྱང་ཕན་ཐོགས་དེ་ཙམ་འབྱུང་མི་སྲིད་་་་དེ་ལས་སྔ་ས་ནས་བསམ་བློ་ཐོངས།

    Reply
  12. བོད། བདེ་སྐྱིད་ལྷ་མོ། says:
    ལོ་ 16 སྔོན།

    བོན་རྒྱ་འདི་ངས་སྔོན་ནས་དགེ་འདུན་པ་ཞིག་རེད་དྲན་ན་འང་རྗེས་སུ་མ་ཡིན་པ་ཤེས་བྱུང་ལ་
    དེ་ནི་དངོས་གནས་སྔོན་གྱི་ཁ་དཔེ་ཡོད་པ་བཞིན་གྲ་ལོགས་གྲ་པའི་གཉེན་པོ་ཟེར་བ་བཞིན་
    ད་ཡིན་ན་གྲ་ལོགས་འདིས་ནི་རྒྱུད་ཁག་གི་གཉེན་པོ་ཡང་འགྱུར་གྱི་འདུག་ལ་
    མ་འོང་ཉིན་ཤས་ཀྱི་རྗེས་སུ་༧གོང་ས་མཆོག་དང་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ལའང་མཚན་སྨད་བྱེད་པ་ནི་བཤད་ཅི་དགོས།

    ད་ཁོ་རང་ལ་དགོས་པའི་སྤྱི་འཐུས་དེ་ཕར་ཆེར་སྒྲོན་མ་མཚོ་མོ་རང་ཡིན་པ་འདྲ།

    Reply
  13. སྨྱུག་རྒོད། says:
    ལོ་ 16 སྔོན།

    ཨ་ཁུ་བོན་རྒྱས་མྱི་ཁ་སོགས་ཅི་ལའང་བསམ་བློ་མ་བཏང་བར་ང་ཆོ༹འི་སྤྱི་ཆོ༹གས་འདིའི་ནང་གི་ཐེར་འདོན་བྱེད་དགོས་པ་དང་བསྒྱུར་བཅོས་བྱེད་དགོས་པ་དག་འདི་ལྟར་གླེང་དུས།མང་པོ་ཞིག་གིས་ཨ་ཁུ་བོན་རྒྱའི་རང་དོན་ཞིག་གླེང་གི་འདུག་བསམ་ནས་གོང་གི་རྕོ༹མ་འདི་དང་འབྲེལ་བ་མེད་པ་རྐྱང་གླེང་གི་འདུག
    ཞོར་ཏུ་རང་ཉིད་ཀྱི་ནང་སྙིང་དག་འང་ཕྱོ་ལོགས་སུ་ངོམས་འདུག་ཡ།

    Reply
  14. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་ཀྱི་ལོ་རྒྱུས་ཐོག་ནས་ཕྱི་དྲན་ཞིག་བྱས་ན་༡༩༥༩ཡི་གོང་དུ་བོད་ནང་དུ་བུད་མེད་དང་མི་སྐྱ་མང་ཆེ་བ་ཡིག་རྨོངས་ཡིན་ཟེར་ན་ཇོ་མོ་ཉུང་ཤོས་ཤིག་དང་མི་སྐྱ་བརྒྱ་ཆ་ནས་གཅིག་གཉིས་ཙམ་རེ་མ་གཏོགས་ཚང་མ་ཡིག་རྨོངས་ཡིན།
    བོད་པའི་སྤྱི་ཚོགས་ཀྱི་འགོ་ཁྲིད་མཁན་དང་སྤྱི་ཚོགས་ཀྱི་འགན་ཁུར་མང་ཆེ་བ་བླ་སྤྲུལ་དང་གྲྭ་པ་ཁག་ཡིན་པ་མ་ཟད་བོད་ཀྱི་མཁས་དབང་རྣམ་པ་དང་བོད་ཀྱི་རྩོམ་པ་པོ་བརྒྱ་ཆ་དགུ་བཅུ་ཐམ་པ་གྲྭ་པ་ཡིན་པས་ཕྱིར།།།།། དེང་སང་༡༩༥༩་ཡི་རྗེས་སུ་ཕ་ས་དགྲ་ལག་ཤོར་ནས་བཟུང་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་སྐྱ་ཕོ་མོ་ཚོ་ལ་སློབ་སྦྱོང་གི་གོ་སྐབས་ཐོབ་པ་ཙམ་མ་གཏོགས་ཆོས་རྒྱུད་ཁག་གི་ཆོས་པ་ཚོ་ལས་འཇོན་པ་ཞིག་དང་མཁས་པ་ཞིག་སུ་ཡོད་དམ།
    སྤྱི་ཚོགས་རིག་གནས་ཡོད་ས་ཞིག་དང་དྲང་བདེན་ཡོད་ས་ཞིག་ནས་སྤྱི་འཐུས་ཡོང་གིན་ཡོད་དེ་བཀག་འགོག་བྱེད་ནས་སྤྱི་ཚོགས་རིག་གནས་མེད་ས་ཞིག་དང་དྲང་བདེན་མེད་ས་གཡོ་རྒྱུ་ཆེ་ས་ཞིག་ནས་སྤྱི་འཐུས་མང་པོ་སླེབས་ན་བོད་རྒྱ་ཁྱེད་ལ་ཅི་ཞིག་སྤྲད་ཀྱི་ཡོད་དམ།
    བོན་རྒྱ་ལགས་ང་རང་ཚོ་གངས་ཅན་པའི་སྙིང་ནོར་བོད་ཀྱི་མཚོན་ཉིད་རིག་པ་དང་ཐུན་མོང་མ་ཡིན་པའི་མཐའ་ཐུག་གི་བདེ་བ་སྒྲུབ་བྱེད་ཀྱིས་ནང་ཆོས་སྐད་ཡིག་ལ་སོགས་པ་ཆོས་རྒྱུད་ཁག་གིས་བཟུང་ནས་སྡོད་ཡོད་པ་རེད་མ་གཏོགས་དེང་སང་བོད་པའི་མི་སྐྱ་ཕོ་མོ་མང་པོ་ཞིག་ལ་བོད་མིའི་མཚོན་ཉིད་མ་ཚང་པའི་དཀའ་ངལ་རེད་ད།

    Reply
  15. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ལྷག་བསམ་གངས་ལྟར་དཀར་བའི་སྤྱི་འཐུས་ལ།
    ལྷག་པ་ནག་པོའི་རླུང་གིས་སྐྱོན་འཛུགས་དང་།
    ལྷག་བསམ་དྲང་བདེན་ཕྱུག་པའི་གདན་ས་ལ།
    ལྷག་པ་གྲྭ་བས་སྐྱོན་བརྗོད་བྱས་འདི་མཚར།

    Reply
  16. lobsang says:
    ལོ་ 16 སྔོན།

    ལྷག་བསམ་གངས་རི་དཀར་པོའི་འདབ་མ་ལ།།
    ལྷག་པ་ནག་པོའི་རླུང་གིས་དཀྲུགས་མེད་ན།།
    ལྷག་བསམ་ལྡན་པའི་སྤྱི་འཐུས་སྐྱ་སེར་ཚོགས།།
    ལྷག་བསམ་ཆེ་མིན་གླེང་ལ་དགོས་པས་སྟོང།།

    Reply
  17. lobsang says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་མྱི་མི་དགའ། །དབྱུག་པ་འཕྱར་ན་ཁྱི་མི་དགའ། །བདེན་དུ་ཆུག་ཀྱང་ཟིན་བྲིས་སྤེལ་ས་འདིའི་ནང་ཆེ་ས་ཆོལ་ཁ་དང་ཆོས་ལུགས། སྡེ་པ་དང་ལུང་ཚན། ཆུང་ས་ཁྱོད་ཀྱི་ཁ་དང་ངའི་སྣ་ཞེས་རང་མཚང་དམར་རྗེན་ཕྱི་རུ་འདོན་རེས་བྱས་ན་དགེ་མཚན་ཞིག་གང་ན་ཡོད། ད་དུང་ཁྱི་རྒན་ཞེས་དམའ་འབེབས་སྣ་ཚོགས་བྱེད་པ་ནི་བསམ་བློ་གུ་དོག་པའི་གཏམ་འབའ་ཞིག་ཡིན། རིགས་ལམ་ལ་བྱང་བའི་མཁས་པ་རེ་ཡིན་ན་རྒྱུ་མཚན་གྱིས་བདེན་པ་མཐོང་བར་བྱེད་དགོས་པ་ལས་དམའ་འབེབས་དང་མནའ་བསྒགས་ནས་བདེན་པའི་ཁུངས་འཁྱོལ་བ་ཞིག་དེང་གི་དུས་དཀའ་བའི་ཚོད་དུ་གདའ་འོ།།

    Reply
  18. lobsang says:
    ལོ་ 16 སྔོན།

    དྲང་མོ་བཤད་ན་མྱི་མི་དགའ། །དབྱུག་པ་འཕྱར་ན་ཁྱི་མི་དགའ། །བདེན་དུ་ཆུག་ཀྱང་ཟིན་བྲིས་སྤེལ་ས་འདིའི་ནང་ཆེ་ས་ཆོལ་ཁ་དང་ཆོས་ལུགས། སྡེ་པ་དང་ལུང་ཚན། ཆུང་ས་ཁྱོད་ཀྱི་ཁ་དང་ངའི་སྣ་ཞེས་རང་མཚང་དམར་རྗེན་ཕྱི་རུ་འདོན་རེས་བྱས་ན་དགེ་མཚན་ཞིག་གང་ན་ཡོད། ད་དུང་ཁྱི་རྒན་ཞེས་དམའ་འབེབས་སྣ་ཚོགས་བྱེད་པ་ནི་བསམ་བློ་གུ་དོག་པའི་གཏམ་འབའ་ཞིག་ཡིན། རིགས་ལམ་ལ་བྱང་བའི་མཁས་པ་རེ་ཡིན་ན་རྒྱུ་མཚན་གྱིས་བདེན་པ་མཐོང་བར་བྱེད་དགོས་པ་ལས་དམའ་འབེབས་དང་མནའ་བསྒགས་ནས་བདེན་པའི་ཁུངས་འཁྱོལ་བ་ཞིག་དེང་གི་དུས་དཀའ་བའི་ཚོད་དུ་གདའ་འོ།།

    Reply
  19. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    སྣང་བ་སྐྲིད་པོ་ལ་བཅོས་རོགས

    Reply
  20. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    མདང་དགོང་ང་རང་ཚ་འཕྲུལ་ལ་སོང་སྟེ་མ་བསམ་ས་ནས་གྲུ་ཟུར་ཚོར་དོན་མེད་ལ་སྐད་ཆ་མི་རན་པ་འགའ་བཤད་འདུག་པས་དེ་ལ་དགོངས་དག་ཞུ།
    དྲ་མོར་བཤད་ན་ད་ནང་དེ་འགྱོད་པ་སྐྱེས་སོང་།

    Reply
  21. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོན་རྒྱ་མཆོག་ལགས།

    ངས་བསམ་ཚུལ་བྱས་ན་ཁྱེད་ནི་གྲྭ་སར་སྡོད་ནས་དཔེ་ཆ་ཡང་མ་ཤེས་ཕྱི་ལ་སླེབས་ནས་བྱ་བྱིའུ་སྙན་ངག་རེ་བྲིས་ནས་སྙང་བ་སྐྱིད་པོ་ཡོང་བྱས་མ་ཤེས་འོ་ན་གྲྭ་པ་ལོག་ནས་བོད་ཀྱི་བུ་མོ་མཛེས་མ་ཞིག་གི་མཉམ་དུ་བརྩེ་དུང་གི་འཚོ་བ་ཤིག་དང་མི་རིགས་ཡར་རྒྱས་ཀྱི་ཆེད་དུ་བུའུ་བུ་ཕྲུག་རེ་གཉིས་བཟོ་མ་ཐུབ་པ་དེ་ནི་མི་ཚེ་སྟོང་ཟད་ནང་གི་ཡང་ཟད་ཤིག་རེད་འདོད།
    མ་ཟད་ལྷག་པ་དུ་ང་ཅོ་རི་ཁྱེད་ལ་ཁོང་ཁྲོ་ཟ་ཡོང་དོན་ནི་ཁྱེད་ཉིད་གྲྭ་སར་སྡོད་མྱོང་ཡོད་པའི་མི་ཞིག་གིས་གྲྭ་སར་ཁག་གིས་འོས་འདེབས་དྲང་བདེན་མི་འདུག་ཞུ་པ་ཡིན་ན།
    འོ་ན་བཙན་བྱོལ་སྤྱི་ཚོགས་གང་འདྲ་ཞིག་ལ་དྲང་བདེན་འདུག་གམ། གསུངས་དང།མེད་ན་ཁ་མ་བཙུམ་རང་བཙུམ་རེད་ད།
    གྲྭ་སར་ཁག་ལས་ལྷག་གི་དྲང་བདེན་ཡོད་ས་སྤྱི་ཚོགས་ཤིག་འཛམ་གླིང་འདིའི་སྟེང་དུ་དཀོན་པོ་རེད་འདུག་དྲན་གྱིན་འདུག
    བོན་རྒྱ་སྐྱ་མིན་སེར་མིན་ཁྱེད་ཀྱིས་རྒྱུ་མཚན་དེ་ཙམ་གྱིས་ཆོས་རྒྱུད་ཁག་གི་སྤྱི་འཐུས་དགོས་ཀྱིན་མི་འདུག་ཟེར་ན་འགྲིག་གིན་མི་འདུག
    རྒྱུ་མཚོན་མང་པོ་ཡོད་ན་ཁུར་ཤོག

    Reply
  22. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོན་རྒྱ་མཆོག་ཁྱེད་ཀྱི་རྩོམ་ཉོག་འདིར་བདག་པོ་རྒྱག་རྒྱུ་ཡིན་དང་མིན་ནམ། ཁྱེད་ཀྱི་རྩ་བའི་དམ་བཅའ་ཆོས་རྒྱུད་ཁག་གི་སྤྱི་འཐུས་དགོས་ཀྱིན་མི་འདུག རྒྱུ་མཚན་ཆོས་རྒྱུད་ཁག་གི་འོས་འདེབས་དེར་དྲང་བདེན་མི་འདུག་ཞེས་པ་འདི་ཁྱེད་ཀྱི་རྩ་བའི་དམ་བཅའ་རེད། ཁྱེད་ཀྱི་རྗེས་འབྲངས་པ་གནམ་ལྕགས་ཟེར་བའི་ཨ་ཕྲུག་ཅིག་གིས་ཆོས་ལུགས་ཁག་གི་ཆབ་སྲིད་པ་ཚོ་གཟིག་སྤགས་གྱོན་པའི་བོང་བུ་རེད་ཞེས་སྐྱོན་བརྗོད་བྱེད་དང་བྱེད་བཞིན་པ་རེད། རྩ་བའི་དམ་བཅའ་འདི་བདག་པོ་རྒྱག་ན་དགའ་ལེ་རེད།
    གལ་སྲིད་རྩ་བའི་དམ་བཅའ་འདི་ཚོ་བདག་པོ་མ་རྒྱག་ན་ཁྱེད་ཀྱི་རྩོམ་ཉོག་འདི་སྤྱི་ཚོགས་ནང་དུ་བཀྲུག་ཤིང་རྒྱག་རྐྱེན་ཡིན་གྱིན་མ་རེད། མཆན་བུ་རྣམས་ཀྱི་ནང་དུ་དགག་པ་རྒྱག་ཡོད་པ་རྣམས་ལ་ལེན་ཁུར་ཤོག
    ཁྱེད་ཀྱི་རྗེས་འབྲངས་གནམ་ལྕགས་ཟེར་འདིར་དངོས་སྟོབས་རིག་པའི་སྒྲུབ་བྱེད་དང་གནས་ལུགས་ཡོད་པའི་རྩོད་པ་རྒྱག་རིན་མི་འདུག
    མ་ཟད་ཁོས་ང་ཅོ་རིས་ཨ་མདོ་བ་དེ་ཚོ་ཟེར་ནས་དབྱུག་པས་ལེབ་བརྡུང་བྱས་ཀྱིན་འདུག་ཞེས་བྲིས་འདུག
    གནམ་ལྕགས་ཁྱི་རྒན་ཁྱེད་ཀྱིས་ང་ཅོ་རིའི་གོང་གི་མཆན་བུ་ནང་ནས་ཨ་མདོ་བ་ཞེས་་གཅིག་ཚིག་ཅིག་བྲིས་ཡོད་པ་སྟོན་དང་། ཁྱོད་བྱ་ར་རེད་དམ་འོ་ན་ལོང་བ་རེད་དམ། ཁྱོད་སྙིང་རྗེ་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཚོ་ལ་གཟིག་སྤགས་གྱོན་པའི་བོང་བུ་ཟེར་ཁུལ་བྱས་ནས། ཁ་ཁར་སྡོད།
    ་གྲྭ་ས་ཁག་གི་དྲང་བདེན་མེད་པའི་འོས་འདེབས་བྱས་སོང་ཟེར་འདི་དང་གཟིག་སྤགས་གྱོན་པའི་བོང་བུ་ཞེས་པ་འདི་གཉིས་ཁ་གསལ་པོ་བཟོ་དགོས་ཡོད།
    གོ་བྱུང་བས་བོན་རྒྱ་ལགས།

    Reply
  23. དོན་འགྲུབ་ says:
    ལོ་ 16 སྔོན།

    ༄༅། ད་བར་གྱི་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཀྱི་ཡོང་སྟངས་ཆོལ་ཁ་ཆོས་ལུགས་ཀྱི་ཐོག་ནས་བཅའ་ཁྲིམས་ནང་གཏན་འབེབས་གནང་བ་འདིར་དགོས་པ་རྒྱུ་མཚན་ངེས་ཅན་ཞིག་གི་ཆ་ནས་བཞག་ངེས་རེད་བསམ་གྱི་འདུག་ལ་ཆོས་ལུགས་སྤྱི་འཐུས་འཇོག་དགོས་སྐོར་བཅའ་ཁྲིམས་གཏན་འབེབས་སྐབས་འགྲོ་གླེང་ལྷུག་པོ་བྱུང་ཡོད་ཤག་རེད། བཅའ་ཁྲིམས་གཏན་འབེབས་བྱེད་པའི་སྐབས་ཀྱི་གནས་སྟངས་དང་དེང་སྐབས་མང་གཙོ་ཚད་མཐོ་རུ་གཏོང་བའི་སྐབས་ཀྱི་གནས་སྟངས་དང་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད། བཅའ་ཁྲིམས་དེ་མི་མང་གི་བསམ་འཆར་གཞི་ཟུང་འགྱུར་བཅོས་གཏོང་རྒྱུའི་ལམ་ཡོད་པ་ཞིག་རེད་ལ་བཙན་བྱོལ་མང་གཙོའི་གཞུང་འདི་མང་གཙོ་ཚད་ལྡན་གྱི་ཕྱོགས་སུ་བསྐྱོད་བཞིན་པར་རིམ་པས་མང་གཙོའི་བལྟ་གྲུབ་དང་མཐུན་པ་ལེགས་བཅོས་གནང་བཞིན་པ་ནི་བཀའ་བློན་དང་བཀའ་བློན་ཁྲི་པའི་འོས་འདེམ་གྱི་དཔེ་རེད། ད་ལམ་དགོངས་འཆར་འདིར་བྱུང་བ་བཞིན་སྤྱི་འཐུས་ཀྱི་ཡོངས་སྟངས་ལ་འགྱུར་བ་དགོས་ངེས་རེད། བོན་རྒྱ་བསྟན་འཛིན་རབ་རྒྱལ་གྱིས་ཆོས་ལུགས་སྤྱི་འཐུས་མི་དགོས་པའི་རྒྱུ་མཚན་གསུངས་པ་ཕལ་ཆེ་བ་ཆོལ་ཁའི་སྤྱི་འཐུས་ལ་རིག་འགྲེ་བཏང་ན་མ་འཐུས་པ་ཅང་མ་མཐོང་།
    སྤྱི་འཐུས་ཀྱི་འོས་བསྡུ་གནང་ཕྱོགས་སྐོར་མང་གཙོའི་འགྲོ་ལུགས་དང་མ་མཐུན་པ་དང་། ཟོར་ཡངས་པའི་ཆེད་དང། མི་མང་གི་ངོ་ཚབ་དོན་དངོས་ཀྱིས་མཚོན་ཐུབ་ཕྱིར་གནད་དོན་གཉིས་ལ་འགྱུར་བ་ངེས་པར་གཏོང་དགོས།
    ༡) སེར་མོ་བ་རྣམས་ཆོལ་ཁ་དང་ཆོས་ལུགས་གཉིས་ཀའི་སྤྱི་འཐུས་ལ་འོས་འཕེན་རྒྱུའི་ལས་རིམ་ཆ་མ་སྙོམ་པ་དེ་འགྱུར་བཅོས་ངེས་པར་གཏོང་དགོས།
    ༢) སྤྱི་འཐུས་དངོས་གཞིའི་འོས་བསྡུ་སྐབས་ཆོལ་ཁ་སོ་སོའི་འོས་གཞི་ཉི་ཤུ་ཐམ་པ་ལས་སྤྱི་འཐུས་བཅུ་རེར་འོས་དམ་རྒྱབ་དགོས་པ་འདི་ནི་ལམ་ལུགས་དང་མ་མཐུན་པ་ཡར་ཡོར་བརྗིད་ཁོག་ཆེ་བ་ཞིག་རེད། རྒྱ་གར་བྱང་ཕྱོགས་བོད་མིའི་གནས་ཁུལ་རྡ་ས་དང། རྡི་ལླི། བདེ་སྐྱིད་གླིང་། བལ་ཡུལ་ལྟ་བུའི་སྤྱི་ཚོགས་ཀྱི་མི་རྣམས་ཤེས་ཡོན་དང་མཐོང་ཐོས་ཀྱི་གོ་སྐབས་བཟང་བ་དང་མཐུན་རྐྱེན་འཛོམས་པ་ཡོད་པའི་ཆ་ནས་མང་ཆེ་བར་སྤྱི་འཐུས་མི་བཅུ་འོས་ཤོག་བཅུག་རྒྱུར་སྐུ་ངལ་ཡོད་ཀྱི་མ་རེད། ཡིན་ཡང་སོ་ནམ་གཞིས་ཆགས་ཆེ་ཁག་ནང་ཡོད་པའི་གཞི་རིམ་མི་མང་རྣམས་ལ་ཆབས་སྲིད་ཐོག་འགན་འཁུར་དང་དོ་སྣང་ག་ཚོད་ཡོད་ཀྱང་རང་ངོས་ནས་སྤྱི་འཐུས་མི་གཅིག་གམ་གཉིས་གསུམ་ཙམ་ལ་ཡིད་ཆེས་བློ་བཏད་ཀྱི་ཐོག་ནས་འོས་འཕེན་ཐུབ་པ་ལས་དེ་ལས་མང་བ་འོས་འཕེན་ཡོད་ན་གཞན་གྱི་བསྐུལ་དེད་དང་བཀོད་བྱུས་འོག་སོང་བར་ངོ་འཛིན་བྱས་ན་ཐལ་ཆ་ཆེར་ཡོད་མདོག་མ་རེད། ལམ་ལུགས་འདིས་སྤྱི་འཐུས་ཚད་ལྡན་མི་ཡོང་བ་དང་མི་མང་ལ་ཐད་ཀར་འགན་འཁུར་མི་དགོས་པ་འདྲ་པོ་ཡིན་ཙང་ཉེ་སྔོན་ཕྱི་ཟླ་ ༩ པའི་གྲོས་ཚོགས་ནང་སྤྱི་འཐུས་མང་པོས་འཛེམས་ཟོན་སྤུ་ཙམ་མེད་པའི་བཀའ་མོལ་གནང་རྒྱུའི་བློ་ཁོག་རྙེད་ཀྱི་ཡོད་རེད། གོང་དུ་ཟ་ལེ་རྒྱལ་མཆོག་གིས་ “མིའི་གྲངས་འབོར་ལ་བལྟན་ནས་ས་གནས་སྤྱི་འཐུས་འདེམས་སྟངས་ཞིག་”གི་སྐོར་དགོངས་ཚུལ་གསུངས་འདུག་པ་དགོངས་པའི་དཔྱད་གཞི་ཞིག་རེད་ལ་འདི་ལྟར་བྱུང་ཚེ་རང་གཞུང་གིས་ཐུགས་ཚབས་གནང་བཞིན་པའི་གཞིས་ཆགས་བསྲ་བརྟན་ཡོང་ཐབས་ལ་བཟང་ཕྱོགས་ཀྱི་ཕན་ཐོག་ཡོང་རྒྱུ་གོར་མ་ཆག་པ་རེད།

    Reply
  24. ལྷ་ཆབ་སྦྱིན་པ། says:
    ལོ་ 16 སྔོན།

    ཨ་རོགས་དབྱིན་མིང་བ་ལགས། ངས་ཁ་སང་དེའི་སྐོར་རྩད་གཅོད་བྱས་པ་ཡིན་མོད། ལྷག་པར་དུ་ང་རྒྱ་གར་ཚགས་ཤོག་སྟེང་གི་བོད་པའི་ཕོ་གསར་དེ་གཉིས་ལ་དངོས་སུ་ཐུག་སོང་། དེ་ནི་དོན་དངོས་མིན་པ་འདི་ལྟར།
    དབྱིན་ཇི་མ་དེ་བཟི་སྨན་སྤྱོད་མཁན་ཞིག་ཡིན་པ་མ་གཏོགས་བོད་པའི་ཕོ་གསར་དེ་གཉིས་དང་སྔ་མོ་ནས་ངོ་ཤེས་ཡིན་འདུག རྗེས་སུ་ཁོང་མོ་རྒྱ་གར་གྲོང་གསེབ་པའི་ཁང་བ་དེའི་ནང་དུ་སྡོད་སྐབས་ཕལ་ཆེར་སྨན་གྱིས་བཟི་དྲགས་ནས་ཉིན་གཉིས་ཙམ་ལ་ཁ་ལག་རེག་མི་འདུག དོན་གྱིས་ཁ་ལག་ཟ་བྱེད་ཀྱི་སྒོར་མོ་ཡང་མེད་པ་འདྲ། མཐར་ཐབས་སྡུག་ནས་འཇར་མན་དོན་དུ་ཕར་བསྐྱལ་ཆེད་ཉེན་རྟོག་ལས་ཁུངས་སུ་འཛུལ་ནས་ང་ལ་བོད་པའི་ཕོ་གསར་གཉིས་ཀྱིས་བཙན་གཡེམ་བྱས་སོང་ཞེས་བསྐུར་བ་བཏབ་འདུག ཉེན་རྟོག་པས་ངོ་ཤེས་སམ་ཟེར་སྐབས་འདི་རེད་ཅེས་སྔ་མོ་ནས་ཤེས་ཤིང་ཤག་མཚེས་ཡིན་པའི་བོད་པའི་ཕོ་གསར་དེ་གཉིས་ཀྱི་པར་སྤྲད་ཡོད་པ་འདྲ། དེ་ནས་ཉེན་རྟོག་པ་རྣམས་ཀྱིས་གང་ཡིན་འདི་ཡིན་མེད་པར་ཁོང་གཉིས་འཛིན་བྱས་འདུག་མོད། དེའི་རྗེས་སུ་སྨན་ཁང་ནས་བཙན་གཡེམ་བྱས་མེད་པ་ར་འཕྲོད་རྗེས་ཕོ་གསར་གཉིས་མངགས་ནས་དབྱིན་མོ་དེ་བཀག་འདུག

    རྡོག་རྡོག་བཤད་ན། དབྱིན་ཇི་མོ་རྡོ་དེ་ཕལ་ཆེར་བཟི་སྨན་གྱི་ནུས་པས་སྨྱོན་པ་ཆགས་ཡོད་པར་སྨྲ་ལ། རྡ་ས་ནས་འདུག་ཡུན་རིང་བ་དང་འགྲོ་སོང་ཆེ་སྟབས་དངུལ་ཚང་མ་རྫོགས་ཡོད་པ་འདྲ། དེའི་སྟབས་ཀྱིས་ཕྱིར་འགྲོ་ན་གྲོན་དངུལ་མེད་པ་དང་། འདུག་བསམ་ན་ཡང་བཀོལ་དངུལ་མེད་པར་ཕྱིར་རང་གི་རྒྱལ་ཁབ་ཀྱི་དོན་གཅོད་ལ་རྩིས་སྤྲོད་ཆེད་དེ་འདྲའི་སྟུ་ཐུག་པའི་བྱ་སྤྱོད་སྤེལ་བ་འདྲ། གང་ལྟར་བོད་པ་མ་དགོས་མི་སུས་ཀྱང་བཙན་གཡེམ་བྱས་མེད་པ་སྨན་ཁང་ནས་ར་སྤྲོད་བྱས་འདུག

    མ་གཞི་རྒྱ་གར་གྱི་ནང་ཁུལ་ཚགས་ཤོག་ཆུང་ཚགས་དེའི་རིགས་ཀྱིས་ནམ་རྒྱུན་བོད་པའི་སྐོར་གྱི་འཆལ་གཏམ་འདྲ་མིན་སྤེལ་གྱིན་ཡོད། ཐ་ན་རྡ་སའི་ཁྲོམ་གཞུང་ན་བོད་པ་བཟི་བོ་ཞིག་འགྲོ་ཡི་ཡོད་ནའང་སྨྱོན་པ་ཞིག་འགྲོ་ཡི་འདུག་ཅེས་སྤེལ་ངེས། བོད་གཞུང་དང་གཞུང་འབྲེལ་མ་ཡིན་པ་དག་གི་གསར་འགོད་གསལ་དེ་འདྲའི་སྒང་ནས་ཀྱང་གནས་ཚུལ་ཞིབ་ཚགས་མི་ལེན་པར་ཁ་འཁྲུག་འདྲ་མིན་བཤད་ཀྱིན་ཡོད་པ་ང་ལ་འདས་པའི་ཉམས་མྱོང་མང་བོ་ཡོད། ད་དུང་སྤོ་ལོ་རྩེད་ས་ནས་ཁ་རྩོད་ཅིག་བརྒྱབ་པ་ཡིན་ནའང་བོད་པས་རྒྱག་རེས་བརྒྱབ་སོང་ཟེར་ངེས་ཡིན། དེ་འདྲ་རེད། འདིའི་སྐོར་ལ་སྐུ་ཉིད་ཀྱིས་ཐུགས་ཚབ་གནང་བར་ང་བོད་པ་ཞིག་ཡིན་པའི་ངོས་ནས་ཐུགས་རྗེ་ཆེ་ཞུའོ།།

    Reply
  25. lenpa says:
    ལོ་ 16 སྔོན།

    དེང་སང་སྡ་ས་ནས་བོད་རིག་གཞོན་སྐྱེས་གཉིས་གྱི་ཕྱི་རྒྱལ་བ་དགེ་མོ་ཞིག་ལ་གཙན་གཡེམ་བྱས་པའི་སྐད་ཆ་གང་སར་ཆབ་འདུག་ངས་བསམ་ན་བོད་རིག་གཞོན་སྐྱེས་དེ་གཉིས་ལ་ངེས་པར་དུ་རོག་བྱེད་དགོས་པ་སྣང།
    འབྲེལ་ཡོད་རྣམ་པ་ཁྱེད་རྣམས་པས་གལ་སྲིད་ཁོ་གཉིས་སྐྱིས་ཁ་པར་ཨང་གྲང་དང་E_mail ཁ་བྱང་ཤེས་ན་ང་ལ་སྤྲད་རོག་གནང་ངས་ཁོ་གཉིས་ལ་སྐད་ཆ་ཞིག་བཤད་ན་འདོད།
    གནས་ཙུལ་འདི་གསལ་བོ་བཟོ་ཐབ་ཞིག་ཡོད་ན་མ་གཏོག་དེང་སང་མི་དེ་དག་གི་གཞོན་སྐྱེས་རྣམ་ལ་མཐོང་ཆུང་ཤ་ཏག་བཏང་གི་ཁོ་བོའི་ནི་དེ་ནོར་འཕྲུལ་ཁོ་ན་ཡིན་པར་སེམ། my E_mail tashit24@yahoo.in

    Reply
  26. lenpa says:
    ལོ་ 16 སྔོན།

    དེང་སང་སྡ་ས་ནས་བོད་རིག་གཞོན་སྐྱེས་གཉིས་གྱི་ཕྱི་རྒྱལ་བ་དགེ་མོ་ཞིག་ལ་གཙན་གཡེམ་བྱས་པའི་སྐད་ཆ་གང་སར་ཆབ་འདུག་ངས་བསམ་ན་བོད་རིག་གཞོན་སྐྱེས་དེ་གཉིས་ལ་ངེས་པར་དུ་རོག་བྱེད་དགོས་པ་སྣང།
    འབྲེལ་ཡོད་རྣམ་པ་ཁྱེད་རྣམས་པས་གལ་སྲིད་ཁོ་གཉིས་སྐྱིས་ཁ་པར་ཨང་གྲང་དང་E_mail ཁ་བྱང་ཤེས་ན་ང་ལ་སྤྲད་རོག་གནང་ངས་ཁོ་གཉིས་ལ་སྐད་ཆ་ཞིག་བཤད་ན་འདོད།
    གནས་ཙུལ་འདི་གསལ་བོ་བཟོ་ཐབ་ཞིག་ཡོད་ན་མ་གཏོག་དེང་སང་མི་དེ་དག་གི་གཞོན་སྐྱེས་རྣམ་ལ་མཐོང་ཆུང་ཤ་ཏག་བཏང་གི་ཁོ་བོའི་ནི་དེ་ནོར་འཕྲུལ་ཁོ་ན་ཡིན་པར་སེམ།

    Reply
  27. གཡག says:
    ལོ་ 16 སྔོན།

    བོན་རྒྱ་ཚང་།
    ཁྱོད་ཀྱིས་ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་ཚིག་དེས།
    ཕག་ན་ག་རེ་ཡོད། རང་ཉིད་གྲྭ་ས་ཁག་ནས་ཕྱིར་སྤྱུགས་ཟིན་པ་དེས་ད་རུང་མི་འགྲིག་གམ། ད་བོད་རིགས་ཀྱི་གྲས་ནས་ཡང་བསྡད་འདོད་མི་འདུག་གས
    ང་བྲེ་སེར་འབྲོང་གི་ཚ་བོ་ཡིན།
    ཁ་བཙུམས་ནས་སྡོད་དང་དགའ་རྒྱུ་རེད་མ་གཏོགས།

    Reply
  28. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་རིང་འདིར་རྣམ་དཔྱོད་ལྡན་པའི་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་བསམ་ཚུལ་ཐུང་ཐུང་ཞིག་གསུང་ཡོད་པར་མི་ཁ་ཤས་ཀྱིས་རྒྱབ་སྐྱོར་དང་ཁ་ཤས་ཀྱིས་དགག་ཁུལ་བྱེད་ཀྱིན་འདུག་མོད། དེའི་ཁྲོད་ཀྱི་ཅོ་རུ་ཉི་མའི་མིང་ཅན་ཞིག་ནི་རྡོ་ཚ་བོའི་ཐོག་གི་གྲོག་མ་མིག་མེད་ནང་བཞིན་ས་ལྡིང་གནམ་ལྡིང་བྱེད་ཀྱིན་པ་ནི་ཅི་འདྲའི་དགོད་བྲོ་བ་ཞིག་རེད་ཨང་། དོན་དངོས་ཐོག་འདི་ནི་བོད་སྤྱི་བ་ལ་ཕན་ཀྱང་མ་ཕན་རུང་མི་སྒེར་བ་ཞིག་གི་བསམ་ཚུལ་རེད། གལ་སྲིད་ཁྱོད་ཀྱིས་མི་འདོད་ན་དེར་བསམ་ཚུལ་རང་གི་སྟེང་ནས་བགྲོ་གླེང་བྱེད་འོས་ཀྱང་། དེ་ལྟ་མ་ཡོང་བར་བསམ་ཚུལ་གྱི་བདག་པོ་ཁོང་ལ་གྲྭ་ལོག་སོགས་ཀྱི་ཐ་ཚིགས་བསྒྲགས་པ་ནི་དོན་གྱིས་རང་ཉིད་བྱབ་ཆུང་ཡིན་པར་སྒྲུབ་པ་ལས་མ་འདས། ད་དུང་རང་ཉིད་གྲྭ་ལོག་ཅིག་ཡིན་པར་ཁས་བླངས་པ་ལྟར་རྟགས་གསལ་གྱི་བཟོ་འདྲ་ཞིག་གཏོང་ཁུལ་བྱེད་པར་འབད་འདུག་ན། བོན་རྒྱ་བསྟན་རབ་ནི་ཁྱོད་ཀྱི་རྟགས་གསལ་འདྲ་བོ་དེ་འདྲ་ཞིག་རྣ་བས་མ་ཐོས་པ་ཞིག་རེད་བསམ་སོང་ངམ། ཁྱོད་ཤིན་ཏུ་ནོར་རོ།།

    ཁྱོད་ལ་རྨོངས་དད་ཡོད་པ་ནི་དགའ་བསུ་ཞུ། ཡིན་ནའང་ཁྱོད་ཀྱིས་དད་པ་དེ་ཆབ་སྲིད་ཀྱི་སྟེགས་བུར་འཁུར་འོང་ན་དེ་ནི་གཞན་ཉིད་ཁྲེལ་བའི་རྒྱུ་དང་། གཞན་ད་ཐེངས་ཉིད་ཀྱིས་དྲ་ཐོག་ནས་བགྲོ་གླེང་བསམ་ཚུལ་མང་བོ་བཏོན་ཏེ་བྱས་རྗེས་བཞག་ཡོད་སྙམ་པའི་ང་རྒྱལ་སྐྱེས་ཡོད་སྲིད་ཀྱང་། ཐོག་མར་ཚིག་མཛོད་ཅིག་བཟུང་ནས་རང་ཉིད་ཀྱི་ཡིག་ནོར་ལ་རྩིས་བཤེར་ཞིག་བྱོས་དང་། མིའི་གདོང་བ་ཅན་ཞིག་ཡིན་ན་དེ་དུས་གཞི་ནས་ཚ་བེར་བ་ཞིག་ཡོང་ངེས་ཡིན། ཁྱེད་ཉིད་ཁམས་པ་ཞིག་ཡིན་མིན་གང་ལྟར་ཀྱང་། ཁམས་སྐད་བཤད་ཁུལ་བྱས་ནས་སྤྱི་ཚོགས་ལ་དཀྲུགས་ཤིང་མ་འཕེན་རོགས། ད་དུང་ཨ་མདོ་བ་དེ་ཚོ་ཟེར་ནས་དབྱུག་པས་ལེབ་བརྡུང་བྱས་ཚུལ་ལ་ལྟོས་ན་ཁྱེད་ནི་དངོས་གནས་གཟིག་ལྤགས་གྱོན་པའི་བོང་བུ་ཞིག་ཡིན་པ་ཤེས་ནུས།
    ད་དུང་ཞུ་རྒྱུ་ཞིག་ལ། གལ་སྲིད་ཉིད་ལ་ཆོས་བརྒྱུད་སྤྱི་འཐུས་དགོས་ན་དགོས་པའི་ཡོན་ཏན་ཤོད། དེ་མིན་ཆོས་འདོན་སར་གྲི་དང་ལུག་བཤའ་སར་རྔ་འཁུར་མ་ཡོང་ན་ལེགས། འདི་ནི་ངའི་བསམ་ཚུལ་ཡིན། ལྷག་བསམ་རྣམ་དག་ཡིན།

    Reply
  29. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    འདི་ན་ལ་ལ་ཞིག་གིས་གྲྭ་ལོག་ཟེར་བའི་མིའི་ཚོགས་སྡེ་གཅིག་ལོགས་སུ་བཀར་ནས་གཤེ་ཞིང་སྐུར་བ་དེ་ལེགས་པོ་མ་རེད་སྙམ། གྲྭ་ལོག་ཟེར་བའི་ཚིག་འདིར་སྲོལ་རྒྱུན་གྱི་གོ་བ་ལེན་སྟངས་ལྟར་ན་རང་ཤུགས་ཀྱིས་གྲྭ་བ་བྱེད་མྱོང་མཁན་ཚོར་མཐོང་ཆུང་ལྟ་བུའི་མི་སྙན་པའི་མིང་ཚིག་གདུག་པ་ཅན་ཞིག་ཏུ་གྱུར་ཡོད། མིའི་འདྲ་མཉམ་བརྩི་བསྲུང་དང་ཆེ་མཐོང་ལ་བརྩི་འཇོག་མཚོན་ཆེད་དུ་སུས་ཀྱང་གྲྭ་ལོག་ཟེར་བའི་མིང་ཚིག་འདི་ཁ་ནས་མི་འདོན་ཞིང་ཚིག་མཛོད་ནང་ནས་ཕྱིར་འཐེན་བྱེད་པའམ་བརྡ་རྙིང་གི་གྲས་སུ་བཞག་ན་ག་འདྲ་འདུག

    Reply
  30. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    གྲྭ་ལོག་འདི་ཚོའི་ངོ་རྫོགས།
    ཆོས་ཕྱོགས་ནས་ཅི་ཡང་མ་འཇོན་པར་མི་སྐྱའི་འཇིག་ལ་རྔ་མ་གཡུག་གིན་ཡོང་སྟེ་འདི་ནས་མི་ཞིག་གི་མིང་ལེན་པར་འབད་བརྩོན་བྱས་ནའང་རང་གི་རྔ་མ་དེ་གང་ས་གང་ནས་འཇུར་ཡོང་གིན་འདུག མཁས་བས་མཁས་བཤད་དང་། བླུན་པོས་བླུན་བཤད། འཇིག་རྟེན་པས་འཇིག་རྟེན་པའི་གཏམ། འཇིག་རྟེན་ལས་འདས་བ་རྣམས་ཀྱིས་དེ་ཚོད་ཀྱི་སྐད་ཆ་ཤོད་དང་། དེ་ནི་རང་རང་གི་གནས་བབ་དང་མཐུན་པའི་སྐད་ཆ་རེད། གཏམ་རྒད་པོའི་བཤད་རྒྱུ་རྒན་མོས་བཤད། ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་ཅེས་བ་བཞིན་མ་བྱེད་རོགས། ངོ་མ་སུན་སོང་། བོད་བཙན་བྱོལ་གཞུང་འདི་དཀྲུགས་མཁན་ཚང་མ་གྲྭ་ལོག་ཚོ་དང་དམ་ཉམས་ཚོ་ཡིན། སྟོན་པ་བཅོམ་ལྡན་འདས་དང་རང་གི་མཁན་པོར་སྐྱག་རྫུན་གླང་ཆེན་གྱིས་མི་ཐེག་པ་རེ་གཏམ་རྗེས་ད་དུང་རང་ཉིད་མིའི་གྲལ་མཐར་འཚང་ནས་རང་ཉིད་མི་གྲལ་ལ་འཇུག་འདོད་ཁོ་ནས་མིའི་སྤྱི་ཚོགས་འདར་པར་བྱས་བ་རེད།

    Reply
  31. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ལྷན་རྒྱས་སུ་བསམ་ཚུལ་ཞུ་འདོད་པ་ནི་དབུ་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མཆོག་གིས་གསུངས་དོན་དུ་ཨ་མ་དང་མནའ་མ་མ་ནོར་བ་ཆབ་སྲིད་བཙན་པ་དང་སྤྱི་འཐུས་མ་ནོར་བ་དགོས་ཀྱིན་འདུག་ཞེས་གསུངས་འདུག
    དགེ་བཤེས་གཡུ་དྲུང་རྒྱལ་མཚན་གྱིས་བལ་ཡུལ་ས་གནས་ས་ཁུལ་གྱི་བོད་མི་ཉམ་ཐག་རྣམས་ཀྱི་དཀའ་སྡུག་སྤྱི་འཐུས་གྲོས་ཚོགས་ར་བ་ནང་དུ་གསལ་བཤད་ཞུ་སྐབས་སུ་དངོས་གནས་སྤྱི་འཐུས་ཚོད་དང་ལྡན་པ་ཞིག་འདུག་བསམ་པས་ཡིད་སྨོན་ཞིག་ཀྱང་ཤོར་སོང་།
    དྲ་ཐོག་ཏུ་ཐུག་པའི་སྤྱི་འཐུས་དགེ་བཤེས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ཡང་བོད་མི་མང་འདིར་སྤྱི་འཐུས་ཡག་པོ་གཅིག་འདུག་བསམ་བཞིན་ཡོད་ལགས།

    མ་ཟད་ཆོས་རྒྱུད་ཁག་གི་སྤྱི་འཐུས་བེ་རི་གཙོ་སྤྱི་འཐུས་ཚོ་ནི་མི་སྐྱ་ཕོ་མོ་ཚོ་དང་བསྡུར་པ་ཡིན་ན་བོད་ཡིག་གི་ཤེས་ཚོད་མཐོ་བ་དང་རྟོག་གེ་རིག་པའི་འགྲོ་ལུགས་མཁས་པ་རྒྱ་བོད་གཉིས་སྨན་གྱི་ལམ་དབུ་མའི་ཁྱད་ཆོས་ལ་མཁས་པ་ཚོ་ནི་ཆོས་རྒྱུད་ཀྱི་སྤྱི་འཐུས་ཚོ་མིན་འགྲོ་སྙམ།
    སྔོན་མ་བཙན་བྱོལ་སྤྱི་ཚོགས་ནང་དུ་བཤད་སྲོལ་ཞིག་ཡོད་ལྷག་བསམ་ཅན་གྱི་ལས་བྱེད་པ་སྡོད་མ་ཐུབ་པ་བྱས་སྟངས་ནི་ལྷག་བསམ་ཅན་གྱི་མི་ལ་སྐྱོན་བརྗོད་བྱེད་ན་མི་དེ་ཁོང་ཁྲོ་མ་བཟོད་པ་སྤྱི་ཚོགས་ནང་ནས་ཐོན་འགྲོ་ནི་རེད་ཞེས་ཟེར་སྲོལ་ལྟར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་ཆང་བཟི་དང་བེ་རི་ལ་འདྲེ་འབོད་གསེར་རྟ་ལ་དམ་ཉམས་ཞེས་འདྲ་མིན་སྣ་ཚོགས་ཐབས་ཤེས་བྱེད་བཞིན་པ་འདི་ཡག་པོ་ཞིག་མ་རེད་དྲན་གྱིན་འདུག

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese