མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནམ་ས་གོ་འབྱེད།

བོད་ཀྱི་དུས་བབ།
༢༠༡༠/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

དུས་རབས་གཉིས་ཀྱི་དཀྱོགས་མཚམས་ཀྱི་བོད་པའི་མི་རབས་གསར་བར་རྟོག་སད་ཀྱི་ཀི་རིང་འདེབས་མཁན། གསར་རྙིང་གཉིས་ཀྱི་སྣོལ་མཚམས་ཀྱི་བོད་པའི་རིག་གནས་སྣང་ཚུལ་ལ་དོགས་སློང་གི་སྙིང་སྟོབས་སྤེལ་མཁན། ཤར་ནུབ་གཉིས་ཀྱི་སོ་མཚམས་ཀྱི་བོད་པའི་བསམ་བློའི་རིན་ཐང་ལ་དཔྱོད་ཤེས་ཀྱི་རྒྱང་འབོད་གཏོང་མཁན། ལྷ་མི་གཉིས་ཀྱི་དབྱེ་མཚམས་ཀྱི་བོད་པའི་མི་ཆོས་ཀུན་སྤྱོད་ལ་གསར་བརྗེ་ཡི་བསྒྲགས་གཏམ་སྤེལ་མཁན་རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ངམ། མིང་དངོས་ལ་བཀྲ་རྒྱལ་ལགས་ཀྱིས་ ༢༠༠༨ ལོའི་བོད་མིའི་ཞི་བའི་འོས་ལངས་ཆེན་མོར་བསྐྱར་དུ་བསམ་གཞིགས་གཏིང་ཟབ་བྱས་ཏེ། དོ་རྐྱེན་དེ་ལ་ས་བྱི་ཞི་བའི་གསར་བརྗེ་ཞེས་པའི་ངོས་འཛིན་ཐོག ཁ་བྱང་ལ་༼ གནམ་ས་གོ་འབྱེད ༽ ཞེས་པའི་དཔེ་དེབ་ཅིག་གསར་དུ་བརྩམས་ཡོད་འདུག

 

དཔེ་དེབ་དེའི་སྔོན་གླེང་ནང་རྩོམ་པ་པོ་རང་ཉིད་ཀྱིས་བོད་མིའི་ཞི་རྒོལ་ལ་ངོས་འཛིན་སྟངས་དང་། མིང་འདོགས་སྟངས་སྐོར་རགས་ཙམ་བཀོད་དོན། ༢༠༠༨ ལོའི་བོད་ཀྱི་ཞི་བའི་གསར་བརྗེ་འདིར་དབང་སྒྱུར་བའི་ ༣ , ༡༤ དོན་རྐྱེན་དང་། ལྷ་སའི་དོན་རྐྱེན། ལྷ་སའི་ ༣ , ༡༤ དོན་རྐྱེན། ༣ , ༡༤ ལྷ་སའི་ཟིང་ཆ། ལྷ་སའི་ ༣ , ༡༤ རྡུང་གཅོག་འཕྲོག་སྲེག་དོན་རྐྱེན་སོགས་བཏགས་འདུག་པ་དང་། བོད་ཀྱི་གསར་ལམ་ཁག་དང་རྩོམ་པ་པོའི་ཁྲོད་དུ། ཞི་རྒོལ་ལས་འགུལ་ཆེན་མོ་དང་ས་བྱི་ཞི་རྒོལ་ཆེན་མོ། ཞི་བའི་འོས་འངས། སྒེར་ལངས། སྡེབ་ལངས་སོགས་བཏགས་མིང་གང་མང་འདུག་མོད། ཁོ་བོས་མིང་དེ་ལྟར་འདོགས་དོན་ནི། དབང་སྒྱུར་བའི་བཏགས་མིང་རྣམས་ཁྱབ་ཆུང་བ་དང་། ངོས་བཟུང་མེད་པ། ཕྱོགས་རེ་བའི་སྐྱོན་འདུག་ཅིང་། ཕལ་ཆེ་བ་ཕྱོགས་རེས་འཐེན་འཁྱེར་དང་གླེང་ཕྱོགས་ངན་དམོད་ཀྱིས་བཏགས་ཕྱིར། བཏགས་མིང་དོན་ལ་མི་གནས་པས་དབྱུགས། བོད་མིས་བཏགས་པ་ལྟར་ན། ཞི་བའི་གསར་བརྗེ་འདིར་རྩ་འཛུགས་ཡོད་པ་དང་། དམིགས་ཡུལ་ཡོད་པའི་དོན་ཅན་གྱི་ལས་འགུལ་གྱི་ཁྱད་ཆོས་མེད་པ་དང་། གཉའ་གནོན་པ་ལ་ངོ་རྒོལ་བྱས་པ་ཙམ་མ་ཡིན་པར་གྱེན་ལོག་གི་ཁྱད་ཆོས་འདུག་པ་དང་། ལོག་སྤྱོད་དབང་སྒྱུར་ལ་རྒོལ་ཕྱིར་ཐུན་མོང་གིས་དྲག་པོས་སྦྱོར་བ་བརྩམས་པའི་དོན་ཅན་གྱི་འོས་ལངས་མ་ཡིན་པར་ཞི་བའི་ཁྱད་ཆོས་འདུག་ཕྱིར། བཏགས་མིང་དེ་རྣམས་ཀྱང་དོར། ཁོ་བོས་དུས་ས་བྱི་དང་རྣམ་པ་ཞི་བ། ངོ་བོ་གསར་བརྗེ་སྟེ། རང་བྱུང་ཁམས་བཅོས་སྒྱུར་དང་སྤྱི་ཚོགས་བཅོས་སྒྱུར་ཁྲོད་གསར་བཅོས་ཆེན་པོ་བྱས་པ་དང་། སྤྱི་ཚོགས་ལམ་ལུགས་རྙིང་བ་གཏོར་ཏེ། སྤྱི་ཚོགས་གསར་བ་གཞི་ཚུགས་པར་བྱེད་པ་དང་། སྤྱི་ཚོགས་མདུན་སྐྱོད་འཕེལ་རྒྱས་གཏོང་བ་ཡིན། ཞེས་པའི་ཐ་སྙད་ཀྱི་མཚན་ཉིད་ལྟར་དང་། བོད་ཀྱི་གདགས་སྟངས་ལྟར་དང་། རྒྱལ་སྤྱིའི་ཡོངས་གྲགས་ཁྱབ་སྤྱོད་ཀྱི་བརྗོད་པ་དང་ཡང་བསྟུན་ཏེ། ས་བྱི་ཞི་བའི་གསར་བརྗེ་ཞེས་བཏགས་པ་ཡིན། ཞེས་བཀོད་འདུག

 

དཔེ་དེབ་འདིའི་ནང་དོན་ཚན་པ་བཞི་རུ་བགོས་ཡོད་པ་དང་། ཚན་པ་དང་པོ། དགའ་བའི་སྙིང་སྟོབས་ས་བོན་དགུ་འགྱུར་ཞེས་པའི་ནང་། ༼ གསར་བརྗེའི་དོན་སྙིང ༽ དང་། ༼ གསར་བརྗེའི་ཤུགས་རྐྱེན ༽ ༼ གསར་བརྗེའི་དམིགས་ཡུལ ༽ ༼ བདེན་མཐའ་གསལ་རྒྱུའི་རྟགས་མཐོང་བ ༽ སོགས་རྩོམ་ཡིག་བཞི་བཀོད་ཡོད་པ་དང་། ཚན་པ་གཉིས་པ། སྐྱོ་བ་དམ་དྲག་ལྕགས་ཐག་དགུ་སྒྲོག་ཅེས་པའི་ནང་། ༼ དབང་མཐའ་སྒེར་གཅོད་རིང་ལུགས་ཀྱི་ཁྱད་ཆོས ༽ དང་། ༼ བོད་ཡུལ་གཤིན་རྗེའི་བཤས་རར་བསྒྱུར་ཚུལ ༽ ༼ བོད་ཡུལ་བདུད་ཀྱི་བཙོན་རར་བསྒྱུར་ཚུལ ༽ ༼ བོད་ཡུལ་དམྱལ་བའི་ཁྲིམས་རར་བསྒྱུར་ཚུལ ༽ ༼ བོད་ཡུལ་འཇིགས་སྐུལ་འཐབ་རར་བསྒྱུར་ཚུལ ༽ བཅས་རྩོམ་ཡིག་ལྔ། ཚན་པ་གསུམ་པ། འཇིགས་པ་སྒེར་གཞུང་ཐལ་མཐའ་དགུ་འགྲིལ་ཞེས་པའི་ནང་། ༼ སྒེར་གཅོད་རིང་ལུགས་པའི་སྲིད་ཀྱི་གདུག་རྩུབ་དྲན་པས་འཇིགས་པ ༽ དང་། ༼ མི་རིགས་རིང་ལུགས་ཐལ་མཐའ་བར་ལྟུང་ཉེན་ལ་འཇིགས་པ ༽ ༼ ཁོ་བོ་མི་སྒར་གྱི་བདེ་སྡུག་ལ་དཔགས་པས་འཇིགས་པ ༽ ༼ མ་འོངས་སྔོན་རྟོག་གིས་འཇིགས་པ ༽ བཅས་རྩོམ་ཡིག་བཞི། ཚན་པ་བཞི་བ། བསླབ་པ་ཞི་བའི་ཐབས་ལམ་དགུ་གྲོལ་ཞེས་པའི་ནང་། ༼ སྤྱི་དམངས་ཀྱི་མི་རྟོན་པའི་ཐོབ་ཐང་ ༽ དང་། ༼ བདེན་པའི་ཨུ་ཚུགས་ཀྱི་ལྟ་སྤྱོད ༽ ༼ འཚེ་མེད་བསྟུན་མེད་ཀྱི་ལས་འགུལ ༽ ༼ མཐའ་དོན་གསལ་བཤད ༽ ༼ མཇུག་བསྡུ་བ ༽ བཅས་རྩོམ་ཡིག་ལྔ་བཅས་བཀོད་ཡོད་པ་དང་། གཞན་ཟུར་བཀོད་དང་པོར་༼ ཡོངས་ཁྱབ་རིན་ཐང ༽ དང་། ཟུར་བཀོད་གཉིས་པར་༼ འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས ༽ བཅས་ཁྱོན་བསྡོམས་རྩོམ་ཡིག་ ༢༠ དང་ཤོག་ངོས་ ༢༦༠ ལྷག་ཡོད་པ་གསལ་འདུག 

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༤ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 11

  1. TENZIN TSERING says:
    ལོ་ 16 སྔོན།

    རེད། ཚང་མས་ཤེས་ཀྱི་ཡོད་རེད། རྒྱལ་ཁབ་གང་ཞིག་གི་ཁྲིམས་དང་འགལ་ན་ཁྲིམས་ཆད་ཡོད་པ།ཡིན་ཀྱང་ཤེས་བཞིན་འཇུག་མཁན་ལ་རིགས་གཉིས་ཡོད་དེ་གཅིག་ནི་བསམ་མེད་དགའ་དང་གཅིག་ཤོས་ནི་བློ་སྤོབས་རྒྱས་ཤིང་དཔའ་དངར་ཆན་དེ་རེད། ངའི་བསམ་ངོའི་ནང་ཞོགས་དུང་ཁོང་ཆོས་བྱེད་མཁན་དང་ཆོས་ཀྱི་ངོ་བོ་མ་འབྱེད་མཁན་ཞིག་དུ་མཐོང་གྱི་ཡོད་ཀྱང་ད་རེས་ཀྱི་དོན་རྐྱེན་དེས་ངའི་སེམས་ནང་ཁོ་ལ་རླབས་ཆེན་གྱི་མི་སྣ་ཞིག་གི་མཐོང་སླེབས་བྱུང་།

    Reply
  2. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    འདིས་དཔེ་དེབ་འགང་ཆེན་འདི་ཇི་ལྟར་ང་ལ་རག་ཐུབ་བམ།
    ཀློག་འདོད་ཀྱི་འདུན་མ་ཧ་ཅང་ཆེན་པ་འདུག་

    Reply
  3. ཕུན་ཚོགས ། says:
    ལོ་ 17 སྔོན།

    བདེན་པ་ཁྲི་ལོར་ཤོག་་བདེན་དོན་ཁྲི་ལོར་ཤོག

    Reply
  4. ཕུན་ཚོགས ། says:
    ལོ་ 17 སྔོན།

    ཡིན་ནའང་དོན་དངོས་ལ་ངེས་ལེན་ཀྱི་ཀི་རིང་འདེབས་ཐུབ་མཁན་ང་ཚོར་ག་ཚོད་ཡོད་དམ།
    ཚུལ་འཆོས་ཀྱི་གདོང་འབག་ཧར་ཀྱིས་གྱོན་ཏེ་ཨུ་ཚུགས་ཀྱི་སྨ་ར་ཤར་སེ་དཔྱང་མཁན་ཤིན་ཏུ་མང་བས།་བཀྲ་རྒྱལ་ལགས་ཀྱི་ལག་ཟུང་གཉིས་ཀྱང་ལྕགས་ནག་གི་ཐོ་བ་ཆུང་ཆུང་ཞིག་ཏུ་བསྒྱུར་ཚར་འདུག་ཨང་།

    Reply
  5. ཕུན་ཚོགས ། says:
    ལོ་ 17 སྔོན།

    ྀམི་རིགས་ཀྱི་མདུན་མཆོངས་པ་ནི་དུས་གཏན་ཏུ་མི་རིགས་ཀྱི་ཤི་གསོན་འབྲི་མཁན་ཁོ་ནོའོ།
    མི་རིགས་ཉམས་རྒུད་ཀྱི་སྐབས་སུ་ཀི་འདེབས་ཐུབ་མཁན་ཚོས་ཀུ་ཐོབས།་ཤེདའདོན་ཐུབ་མཁན་ཚོས་ཤེད་ཐོན།དྲོད་ཅི་ཙམ་ཡོད་ན་འོད་དེ་ཙམ་སྤྲོས་ཤིག་་་་་་ལུའུ་ཞུནགྱིས།

    Reply
  6. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    རྒན་བཀྲ་རྒྱལ་ལགས་ཀྱིས་མི་སྒེར་གྱི་མདུན་ལམ་དང་ལས་གནས་སོགས་ལྟོ་གོས་གཏམ་གསུམ་རིང་དུ་དོར་དེ་མི་རིགས་ལ་འགན་འཁུར་བའི་
    ཤེས་ཡོན་ཅན་ཞིག་གི་ལས་འགན་ཁྲག་ཏུ་བླངས་ཏེ་རྩོམ་ཡིག་བྲིས་པས་དགའ་བསུ་དང་རྗེས་སུ་ཡི་རངས་ཡོད། འདི་ལ་བརྟེན་ནས་སྐུ་ཉིད་རྒྱ་གཞུང་གིས་བསུན་བཅིར་མི་ཡོང་བའི་སྨོན་འདུན་ཤུགས་དྲག་ཏུ་ཞུ་རྒྱུ་དང་། ཚེ་རབས་ཀུན་ཏུ་མགོན་པོ་གང་གིས་རྗེས་སུ་འཛིན་པའི་གསོལ་བ་སྨོན་ལམ་ཡང་འདེབས་རྒྱུ་ལགས་སོ།།

    Reply
  7. ནགས་མེ། says:
    ལོ་ 17 སྔོན།

    གསེར་རྟ་བླ་རུང་སྒར་ནས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་གཙོ་སྒྲིག་འོག་རྒྱ་བོདདབྱིན་གསུམ་གྱི་གསར་བྱུང་རྒྱུན་བཀོལ་མིང་མཛོད་ཅིག་ཐོན་ཡོད་པ་དེར་དུས་བབ་དྲ་ངོས་སུ་བཞག་སྟེ་རྒྱ་ཆེའི་ཀློག་པ་པོ་ཚོར་རིག་པ་འདོན་དུ་བཅུག་ན་ཡག་པོ་ཡོད་པ་རེད། མིང་མཛོད་དེ་ནི་ཞིང་ལྗོངས་ལྔའི་མཁས་པ་ལྔ་བཅུ་ཙམ་གྱིས་ལོ་མང
    དཀའ་ལས་བརྒྱབ་ཏེ་དེང་དུས་གསར་བྱུང་ཐ་སྙད་གཙོས་བྱས་པའི་སྐྱེས་དངོས་དང་གྱོན་ཆས་ཀྱི་རིགས་སོགས་ས་བཅད་སུམ་ཅུ་སོ་གྲངས་དགར་ཏེ་ཐ་སྙད་གསར་པ་ཆིག་ཁྲི་བརྒལ་བ་ཞིག་བསྒྲིགས་འདུག་པས་ང་ཚོས་དེ་འདྲ་བའི་ལས་དོན་རླབས་ཆེ
    ན་བསྒྲུབས་མ་ཐུབ་རུང་དོ་སྣང་ངེས་པར་བྱ་དགོས་པ་རེད།

    Reply
  8. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    རླབས་ཆེན་རེད། རྗེས་སུ་ཡི་རང་ཡོད།
    དེབ་འདི་ལམ་སེང་ལག་ལ་རེག་རྒྱུ་ཁག་པོ་རེད། དེ་བས་དྲ་གྲོགས་ཚོས་དྲ་ཐོག་ནས་དེབ་འདི་ལྟ་ཀློག་ཐུབ་ཚེ་ལམ་སེང་དྲ་གྲོགས་ཚོ་ལ་གསལ་བརྡ་ཞིག་གཏོང་རོགས།

    Reply
  9. ནགས་མེ། says:
    ལོ་ 17 སྔོན།

    སྐུ་ཞབས་ཞོགས་དུང་ལགས་ཀྱི་གནམ་ས་གོ་འབྱེད་ཅེས་པའི་དཔེ་དེབ་འདིའི་ཁ་བྱང་ལ་མཉམ་འཇོག་བྱས་ན་གནམ་ས་གཉིས་སྟེ་རྒྱ་བོད་གཉིས་ཀྱི་གནད་དོན་ལ་གོ་རིམ་འཁྲུགས་ཏེ་ཡོད་པ་རྣམས་མ་འདྲེས་པ་སོ་སོར་འབྱེད་པའི་གསར་ཐོན་དཔེ་དེབ་ཐུ་མོ་ཞིག་ཡིན་པའི་བཟོ་ལྟ་འདུག་ལ་དེ་ལྟར་ཡིན་ཀྱང་ཡིན་པར་ཤོག

    Reply
  10. ནོར། says:
    ལོ་ 17 སྔོན།

    དེབ་དེ་བཙན་བྱོལ་ཏུ་འབྱོར་ཡོད་དམ།
    ཅི་ལྟར་བྱས་ན་ལག་སོན་འབྱུང་ཐུབ།

    Reply
  11. aonca says:
    ལོ་ 17 སྔོན།

    ཧ་ཅང་ལེགས་བྲིས་འདུག་བཀའ་དྲིན་ཆེ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese