མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ངས་རྒྱུན་དུ་རང་གིས་ལ་འདི་ལྟར་དྲིས་པ་ཡིན། མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད་ཅེས་འདྲི་བཞིན་ཡོད་ཀྱང་། ད་ལྟའི་བར་དུ་རང་ཉིད་མ་ཤི་གོང་དུ་གང་ཞིག་བྱེད་དགོས་མིན་དང་། གང་ཞིག་བྱས་པ་ཡིན་ན་དོན་སྙིང་ལྡན་མིན་སོགས་ཀྱི་ཐད་དུ་ལན་དོན་མཐུན་ཞིག་གཏན་ནས་རྙེད་ཀྱི་མི་འདུག་ལ། ངོ་ཤེས་ཚད་ཀུན་ལ་མི་ཟེར་བ་འདི་མ་ཤི་གོང་དུ་ག་རེ་བྱེད་དགོས་མིན་སྐོར་ལ་སྐད་ཆ་མང་བོ་ཞིག་དྲིས་ན་ཡང་། ཁོང་ཚོས་ཀྱང་བསམ་ཕྱོགས་ནི་དངོས་ནས་མི་གཅིག་པ་དེ་ནི་མི་སུམ་བཅུ་བསམ་པ་སུམ་བཅུ་དང་། མཛོ་སུམ་བཅུ་ར་ཁ་དྲུག་བཅུའི་དཔེ་ལས་མ་འདས་ཀྱང་། མང་ཤོས་ཤིག་གིས་མི་མ་ཤི་གོང་དུ་ག་རེ་བྱེད་དགོས་མིན་སྐོར་ལ་བསམ་བློ་ཞིབ་མོ་ཞིག་གཏན་ནས་གཏོང་མྱོང་མེད་ཟེར་མཁན་ཡང་འདུག

ངས་སྐད་ཆ་དེ་དག་གོ་དུས་སུ། ངས་རང་གིས་རང་ལ་རང་གི་དྲན་པ་ནི་འདྲེ་རེད། ཚོར་བ་ནི་དུག་རེད་ཟེར་ནས་བཤད་པ་ཡིན་ཡང་། དྲན་པས་གཏན་ནས་དེ་འདྲ་མིན་ལུགས་དང་། ཚོར་བས་ཀྱང་གང་ནས་ཡིན་ཟེར་བ་ལས། རྒྱུ་མཚན་དང་གནས་ལུགས་ཡང་དག་ཞིག་གཏན་ནས་ང་ལ་སྤྲོད་ཀྱི་མི་འདུག

ཉིན་མ་རེ་རེ་བཞིན་ངས་ལས་གསེང་གི་དུས་ཚོད་དང་། དགོང་མོའི་གཉིད་ཡུན་གྱི་དུས་ཚོད་མི་ཉུང་བ་ཞིག་དྲ་ཐོག་དུ་བེད་སྤྱད་དེ། རང་གི་རིགས་སུ་སྐྱེ་བའི་བོད་ཡིག་དང་བོད་སྐད་ལ་དོན་སྣང་ཆེ་བའི་དྲ་ཐོག་གི་སྤུན་ཟླ་དག་ལ་རང་གི་བསམ་ཚུལ་ཕྲན་པུ་རེ་ཡི་ཟུར་ངོས་སྟོན་གང་ཐུབ་བྱོས་ཀྱང་། དྲ་ངོས་ཀྱིས་སྤུན་ཟླ་དག་གིས་ཀྱང་སྐབས་རེར་ཁ་ཡག་རེ་དང་། སྐབས་རེར་ངོ་འཚང་རེ་འདྲི་བ། ལན་རེ་ཁྲེལ་རྒོད་བྱེད་པ། དུས་རེར་སྙིང་རྗེ་ཟེར་བ། མཚམས་རེར་སེམས་གསོ་གཏོང་བ་ལས། མི་མ་ཤི་གོང་དུ་གང་དུ་ལས་ཀ་གང་ཡོད་མེད་ཐད་དུ་སུས་ཀྱང་ལན་དོན་མཐུན་དང་རྒྱུ་མཚན་ཚད་མ་ཞིག་རང་གིས་རང་ལ་དྲིས་པ་ལྟར་ལན་མི་འདུག

དེ་ལྟར་ཡིན་ཡང་། རང་གི་སེམས་ནས་མ་ཤི་བར་དུ་ཤུ་རེ་བྱེད་དགོས། མ་ཤི་གོང་དུ་ལག་རྗེས་ཕྲན་པུ་ཞིག་འཇོག་ཐུབ་ངེས་ཡིན། ལག་རྗེས་དེས་རང་གི་འཚོ་གནས་ལ་རིན་གོང་ཞིག་མི་སྤྲོད་ཀྱང་། རང་གི་སྙན་གྲགས་དང་གོ་གནས་ལ་འགྱུར་བ་ཞིག་འགྲོ་འདོད་སོགས་མིན་པས། རང་གི་ངོ་གདོང་ཡོད་པའི་འདྲ་དཔར་ཞིག་གཏན་ནས་ང་རང་ནི་འདི་ཡིན་ཟེར་ནས་བརྫིག་ཉམས་ཤིག་སྟོན་འདོད་སོགས་མེད་པར། གང་དྲན་དང་གང་ཤེས་པ་ནས་ག་ལེར་ཡར་རྒྱས་སུ་སོང་ཤུལ་གྱི་ལམ་ཕྲན་ཆུང་ཆུང་ཞིག་བྱུང་བ་ཡིན་ན། དེ་ཡང་མི་མ་ཤི་གོང་དུ་བྱས་པའི་ལས་ཀ་ལྟ་བུར་བསམ་ནས་ཉིན་མཚན་གང་ཡོད་ལ། དུས་ཚོད་མང་བོ་ཞིག་དྲ་ཐོག་ནས་གཏོང་ཁུལ་བྱེད་ཀྱི་ཡོད་པ་དེ་ཡིན།

འོན་ཀྱང་། མཐར་ཐུག་གི་ལན་ནི། མི་མ་ཤི་གོང་དུ་ལས་ཀ་གང་ཡོད་པ་རེད་ཟེར་བའི་ལན་དེ་ནི་ད་དུང་ཡང་། ངས་དྲན་པའི་ནང་དུ་ནག་འཐོམ་མེར་འདུག

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 24

  1. sha tak ri sim says:
    ལོ་ 16 སྔོན།

    འཇིགས་བྲལ་ལགས་ཉིད་ཀྱིས་བསམ་ཚུལ་ཀློག་ཟིན་པ་ཡིན། མི་ཆོས་སྨྲ་བའི་བག་ཆགས་ཡོད་མཁན་འུ་ཅག་གིས་རང་གི་བདེ་བ་ཟེར་ཤེས་པ་ནས་གཞན་གྱི་བདེ་ལ་ཡང་དེ་མཚུངས་ཀྱིས་འགན་ལེན་དང་བརྩི་བཀུར་བྱེད་ཀྱི་ཡིན་ཟེར་མྱོང་ལ། མི་གཞན་ལ་ཡང་དེ་ལྟར་སྒྲོག་པ་ཡིན་མོད། དོན་དངོས་ཐོག་རང་གི་བདེ་བ་ཙམ་ཡང་འགྲུབ་མེད་པ་འདི་ནི་གང་ཞིག་གི་ནོར་འཁྲུལ་ཡིན་མིན་ཐད་དུ་བསམ་བློ་ཞིབ་མོ་ཞིག་གཏོང་རོགས་ཞུ། འོན་ཀྱང་། མཐར་ཐུག་མི་ཡོད་ཚད་ཀྱིས་ཐ་ན་རང་གི་ལུས་ཀྱི་བ་སྤུ་རྐང་གཅིག་ཀྱང་འཁྱེར་དབང་མེད་པར་གཏན་ནས་རྒྱུས་མངའ་མེད་པའི་གནས་ཤིག་དུ་འགྲོ་བ་ནི་ལྡོག་མེད་ཡིན་ན་ཡང་། ད་དུང་མི་ཟེར་བའི་སྲོག་ཆགས་འདི་ལས་ཧམ་པ་ཚ་བ་དང་ཞེ་སྡང་ཆེ་བ། འདོད་རྔམ་ཆེ་བ་ཞིག་གང་དུ་ཡང་མེད་པ་དེ་ཡི་རིགས་མཐོང་དུས་ཉིད་ཀྱིས་སེམས་ཁོང་དུ་སྙིང་རྗེ་རེ་བསམ་གྱི་འདུག་གམ།

    Reply
  2. jigdal says:
    ལོ་ 16 སྔོན།

    སྔ་དྲོ་ཟད་སོང་ཕྱི་དྲོ་སླེབས་སོང་། །
    མི་ཚོས་མི་ཚེ་བཞུད་ནས་ཕྱིན་སོང་། །
    རང་གི་འདོད་པའི་ལམ་གཞུང་དེ་ལ། །
    འཇུས་ན་མ་གཏོགས་དུས་ཚོད་མི་འདུག །

    རེ་བས་མི་ཚེ་སྡུག་ལ་གཏད་ཡོང་། །
    དོགས་པས་མི་ཚེ་ཁེར་བུར་གཏང་ཡོང་། །
    སོ་སོ་གཅིག་པུར་ལུས་ཉེན་ཡོད་པས། །
    རེ་དོགས་ཚེར་མས་མི་ཚེ་བརླག་ཡོང་། །

    གྲོགས་པོ་དམ་པ། འདི་ཚོ་ལ་བསམ་ཚུལ་གང་ཡོད།

    Reply
  3. jigdal says:
    ལོ་ 16 སྔོན།

    བདེ་བ་ཞིག་ཐོབ་ཐབས་བྱ་རྒྱུ་རེད་ཅེས་པར་བཅོས་རོགས།

    Reply
  4. jigdal says:
    ལོ་ 16 སྔོན།

    མི་རྣམས་སྐྱེ་སྐབས་ངས་འདི་བྱེད་བསམ་པ་གང་ཡང་ཡོད་པ་མ་རེད་ལ། མི་རྣམས་ཤི་བ་ཟེར་བའི་འཇིགས་སུ་རུང་བ་དེའི་སྐབས་སུ་ཅི་ཡང་ཁུར་རྒྱུ་ཡོད་མ་རེད། དོན་འདི་ཆོས་ཁས་ལེན་མིན་དང་། ཕོ་མོ་སོགས་གང་གི་ཁྱད་པར་མེད་པར་ཚང་མས་ཁས་ལེན་གྱི་རེད་སྙམ་གྱི་འདུག དེ་བཞིན་ད་བར་བདེ་བ་མི་འདོད་མཁན་གྱི་སྐྱེ་བོ་སུ་ཡང་བྱུང་མེད་པ་ཡང་ང་ཚོས་ཚིགས་ཐག་གཅོད་ཆོག་པ་ཞིག་རེད། གལ་ཏེ་དོན་དངོས་འདི་བདེན་པ་ཡིན་ན་ང་ཚོས་གསོན་པའི་རིང་སོ་སོའི་འདོད་པའི་བདེ་བ་ཞིག་ཐོབ་ཐང་བྱ་རྒྱུ་དེ་རེད། དེ་ནི་མི་རྣམས་མ་ཤི་སྔོན་དུ་སྒྲུབ་དགོས་པའི་བྱ་བ་ཞིག་རེད། བདེ་བ་སྒྲུབ་ཚུལ་ལ་རྩོད་པ་མང་པོ་རེད། དེ་ལ་ང་ཚོས་རྩོད་ཀྱང་ཐག་ཆོད་རྒྱུ་གང་ཡང་མེད་པས་སོ་སོས་ཐག་གཅོད་དགོས་པ་རེད།

    དེར་བརྟེན་སོ་སོའི་མི་ཚེ་ལ་བདེ་བ་ཞིག་སྒྲུབ་རྒྱུ་འདི་བྱེད་ཐུབ་ན་བྱེད་དགོས་པའི་ལས་ཀ་རེད་བསམ་གྱི་འདུག

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    བསྟན་འཛིན་ཤེས་རབ་ལགས། ཉིད་ནས་གསུངས་པ་དེར་ཡིད་དུ་འཛིན་རྒྱུ་ཞིག་ཡིན་མིན་ད་མི་ཤེས་ཀི འོན་ཀྱང་། ཉན་ཡོད། སྐུ་ཉིད་ཡང་ཡང་འདི་རུ་ཕེབས་པ་དེར་དགའ་ཡོད།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    རྨ་དུག་ལྕེ་ལགས། ང་མཛེས་མ་ཞིག་གི་སྐྱེ་བ་བླངས་མེད་པ་དེ་དངོས་ནས་འཕངས་པོ་རེད། དེ་མིན་ན་ངས་ཁྱེད་རང་གི་ཚེ་གྲོགས་མ་ཉན་རང་། ཞག་གཅིག་གི་ཉལ་རོགས་ད་བྱེད་ཁོ་ཐག་ཡིན་ནི་རེད། ཧཧཧཧཧཧཧ

    Reply
  7. ttensher says:
    ལོ་ 16 སྔོན།

    ཨ་རོ། ཨོ་ན་ད་ངས་ཁྱོད་ལ་བཤད། མི་མ་ཤི་གོང་དུ་རང་གིས་ཅི་ཞིག་བསྒྲུབ་འདོད་ན་དེ་སྒྲུབས་དང་ད་འགྲིག་ནས་ཡོད་ནི་རེད། དཔེར་ན་ང་དྲ་ཚིགས་སུ་མ་ཐོན་མ་ཐོན་པར་དོ་དགོང་གློ་བུར་དུ་ཐོན་དང་བ་ལྟ་བུ་རེད། ཨེ་གོ

    Reply
  8. jamyang tenzin says:
    ལོ་ 16 སྔོན།

    གུས་པར་འོས་པའི་སྐུ་ཞབས་བོད་ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱི་དྲི་བ་འདི་ལྗིད་ཁོག་ཆེ་དྲག་པའི་དབང་གི་དྲ་གྲོགས་ཚོས་ལན་ཅི་ལྟར་རྒྱག སྤྱིར་མི་རེ་རེ་ལ་སྐྱེ་སའི་ཁོར་ཡུག་དང་ཡུལ་ལུང་། ཕ་མའི་གནས་སྟངས། སློབ་སྦྱོང་གི་དྲག་ཞན་སོགས་ཀྱི་དབང་གིས་མ་ཤི་སྔོན་ལ་བསྒྲུབ་བྱ་མི་འདྲ་བ་མང་པོ་ཡོད། འོན་ཀྱང་ཁྱེད་ང་ལྟ་བུ་ལ་མཚོན་ན་མ་ཤི་སྔོན་ལ་བསྒྲུབ་དགོས་པའི་ལས་ཀ་སྤྱིར་མང་པོ་ཡོད་མོད་མཐར་གཏུག་ན་གཉིས་རང་ལས་མེད། ཐོག་མར་རང་གི་ལྟོ་གོས་ལ་སེམས་ཁྲལ་མེད་པ་ཞིག་བྱས་རྗེས་བོད་མི་རིགས་ལ་སྲི་ཞུ་བསྒྲུབ་རྒྱུ་དེ་རེད། དེ་ཡང་སྲིད་ཞུ་བསྒྲུབ་སྟངས་ཐད་གོང་དུ་བཤད་པ་ལྟར་མི་རེ་རེ་ལ་རིགས་མི་འདྲ་རེ་རེ་ཡོད། གལ་སྲིད་ཁྱེད་རང་ཁྲིམས་རྩོད་པ་ཞིག་ཡིན་ན་ཁྲིམས་ཐོག་ནས་བོད་ནང་གི་རྒྱ་མིས་ཁྲིམས་འགལ་བྱ་སྤྱོད་རིགས་བཀག་སྡོམ་དང་ཐེར་འདོན་བྱེད་ཆོག གལ་སྲིད་ཁྱེད་རང་སྨན་པ་ཞིག་ཡིན་ན་བོད་མི་རིགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཆོག གལ་སྲིད་ཁྱེད་རང་དགེ་རྒན་ཞིག་ཡིན་ན་བོད་ཀྱི་ཡིག་རྨོངས་པའི་གྲངས་འབོར་ཇེ་ཉུང་དུ་གཏོང་ཆོག གལ་སྲིད་ཁྱེད་རང་འབྱོར་ལྡན་ཞིག་ཡིན་ན་བོད་སྡོད་རྒྱ་མི་གནས་སྤོར་བའི་ལག་ནས་ས་དང་ཁང་པ་སོགས་ཕྱིར་ཉོས་ཏེ་གཏན་ཁེལ་སྡོད་གནས་མེད་པ་བྱས་ཆོག གལ་སྲིད་ཁྱེད་རང་ཁྱེད་རང་མཛེས་མ་ཞིག་ཡིན་ན་ལང་ཚོའི་མེ་ཏོག་ང་ལ་ཕུལ་ཆོག ཧ་ཧ་ཧ་ཧ་ཧ་ ཀུ་རེ་ཡིན། གང་ལྟར་ཁྱེད་ཀྱི་དྲི་བ་དེས་དྲ་གྲོགས་ཚོའི་ལྕི་ཡང་སྲང་ཐོག་ལ་བཞག་སོང་པས། བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཁ་དྲོ་མུ་མཐུད་ནས་ཟིན་བྲིས་སྤེལ་རོགས།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    བསང་ཆུ་འབྲུག་བྷེ་ལགས། ཉིད་ཀྱིས་རྩོམ་ཡིག་དེར་སྒུག་ནས་འདུག དངོས་ནས་མི་ཟེར་བ་འདི་ཤི་མ་རན་གོང་དུ། མ་ཤི་གོང་དུ་གང་ཞིག་བྱེད་ཐུབ་མིན་ཐད་དུ་བསམ་བློ་རེ་གཏོང་བ་དེ་ཡང་ནོར་འཁྲུལ་འདྲ་མིན་པར་རེ་བ་ཡོད། དེ་ཡིན་དུས་ནོར་འཁྲུལ་མིན་པའི་བྱ་བ་དེར་བསམ་ཚུལ་ཞིག་གསུང་རོགས་ཞུ།

    Reply
  10. durkbey says:
    ལོ་ 16 སྔོན།

    རླབས་ཆེ་བའི་མི་ཞིག་གི་མཛད་རྗེས་ཤི་རྗེས་མ་གཏོགས་ཤེས་ཁག་ནི་རེད།
    གྲོགས་པོ། སང་ཉིན་ངས་རྡེ་ར་རྡོ་ནས་གུང་ཐང་ཚུལ་ཁྲིམས་དྲན་པ་ཞེས་པའི་སྙན་ངག་ཅིག་སྤེལ་རྩིས་ཡོད་པས། ཉིད་ཀྱིས་བསམ་འཆར་ལྷུག་ལྷུག་རེ་བརྗོད་རྒྱུ་མཁྱེན།

    Reply
  11. sha tak ri sim says:
    ལོ་ 16 སྔོན།

    ཁྲི་གཡུང་དྲུང་ལགས། དགེ་བ་ཚད་ལྡན་ནི་བོད་པའི་ཆོས་ལུགས་ཀྱི་བཤད་རྒྱུན་དང་འགྲོགས་ནས་ཁས་ལེན་བྱེད་དགོས་ཀྱི་ཡོད་དམ། ཡང་ན། འཛམ་གླིང་གི་ཆོས་ལུགས་གཞན་དག་གི་བཤད་ཚུལ་བསྟུན་དགོས། དེ་མིན་ཆོས་ལུགས་ཁས་མི་ལེན་པའི་འཛམ་གླིང་གི་སྐྱེ་འགྲོའི་མང་བོ་ཞིག་གི་འདོད་པའི་དགེ་བ་དེར་ཁས་ལེན་བྱེད་དགོས།

    Reply
  12. triyungdrung says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།
    ངས་ལྟོས་ན་མ་ཤི་སྔོན་ལ་དགེ་བ་ཚད་ལྡན་ཞིག་བསྒྲུབ་རྒྱུ་དེ་གལ་ཆེན་པོ་རེད་བསམ་གྱིན་འདུག

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    རུ་གསར་ཚང་ལགས། ལྟོས་འཇོག་གི་དོན་སྙིང་ལྡན་པ་ཟེར་བ་དེ་ནི་འུ་ཅག་གིས་གང་འདྲ་ཞིག་ངེས་འཛིན་བྱས་པ་ཡིན་ན་འགྲིག་གི་ཡོད་པ་རེད་དམ། མི་རང་རང་ལ་བལྟས་ནས་ལྟོས་ས་ལྟོས་འཇོག་ཞིག་ལ་ངེས་འཛིན་བྱས་པ་དེ་འགྲིག་གི་ཡོད་དམ།

    Reply
  14. sha tak ri sim says:
    ལོ་ 16 སྔོན།

    མཐོ་སྒང་བུ་ལགས། སྐྱེ་ཁར་འགྱོད་སེམས་མེད་པ་ཞིག་བྱེད་པ་ལ་མི་རང་རང་དངོས་ནས་ལས་ཀ་གང་ཞིག་བྱེད་དགོས་ཀྱི་ཡོད་པ་རེད་དམ།

    Reply
  15. sha tak ri sim says:
    ལོ་ 16 སྔོན།

    གཡག་ལགས། མ་མ་ཤི་གོང་དུ་རང་བཙན་ལེན་རྒྱུ་དེ་ནི་སྐུ་ཉིད་ནས་གཟིགས་ཀྱིན་པའི་མི་ཚེ་ཡི་དོན་སྙིང་དུ་འདོད་ཀྱི་ཡོད་ན་ནི། རང་བཙན་ལེན་སྟངས་ག་འདྲ་ཞིག་ཡིན་པ་རེད་དམ། ལྷག་པར་དུ་ནུབ་ཕྱོགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་བསྡོད་མཁན་བོད་རིགས་སྤུན་ཟླ་དག་གིས་ཕྱི་གླིང་ཡུལ་གྲུ་ཁག་ན་གཙང་གཅོད་གཙང་མ་བཟོ་བ་ལས་ལས་ཀ་གཞན་དག་གང་འཇོན་གྱི་མེད་པར་དགོངས་ཀྱི་ཡོད་དམ།

    Reply
  16. sha tak ri sim says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། རྒན་མོ་འཐད་པ་བྱུང་ན་བྱིས་པ་མང་ཙམ་བཟོ་རྒྱུ་དེ་ནི་ཉིད་ཀྱིས་མི་ཚེའི་དོན་སྙིང་དུ་ངེས་འཛིན་བྱེད་ཀྱི་ཡོད་ན་ནི། འུ་ཚང་གིས་དགེ་འདུན་པ་དང་བཙུན་མ་དེ་དག་གི་མི་ཚེ་ལ་སྙིང་བོ་མེད་པ་ཆགས་ཡོད་པ་རེད་དམ་ཅི།

    Reply
  17. sha tak ri sim says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། དངུལ་འཛིན་ལག་དེབ་སྟེང་གི་ཀླད་ཀོར་ཇེ་མང་དུ་སོང་དུས། བསམ་བློ་དེ་ཡང་ཀླད་ཀོར་གྱི་རྗེས་སུ་ཤོར་རྗེས་སུ། ད་གཟོད་མི་ཚེ་འདི་ཀླད་ཀོར་ཆགས་པ་མ་རེད་དམ། ཧཧཧཧཧ

    Reply
  18. snowwind says:
    ལོ་ 16 སྔོན།

    མི་མ་ཤི་གོང་ལས་ཀ་མང་ནི་རེད། འོན་ཀྱང་ལས་ཀ་དོན་སྙིང་ལྡན་པ་ཅི་ཞིག་ཡོད་པ་རེད་ཟེར་ན་དྲི་བ་ཞིག་རེད། ལས་ཀ་དོན་སྙིང་ལྡན་མིན་གྱི་ཐད་ལ་ཡང་ཆོས་ལུགས་ཡོད་པ་དང་མེད་པ། ཆོས་ལུགས་ཡོད་པའི་ནང་ནས་ལྟ་བ་ལང་ཕྱོགས་མི་འདྲ་བ། དེ་ནས་མཁས་པ་དང་བླུན་པོ་སོགས་ཀྱི་ལྟ་གཅིག་མཚུངས་ཤིག་མི་འདུག གཅིག་གིས་དོན་སྙིང་ལྡན་པར་འདོད་པ་གཞན་ཞིག་གིས་མི་འདོད། ཡང་གཅིག་གིས་དོན་སྙིང་ལྡན་པར་འདོད་པ་དེ་གཞན་ཞིག་གིས་མ་རབས་སུ་འདོད་པ་སོགས་རེད། དེ་བས་ལས་ཀ་དོན་སྙིང་ལྡན་མི་ལྡན་དེ་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པར་འདུག ཤ་ཁྲག་ལགས་དོན་སྙིང་ཟེར་བ་དེ་ཡང་ལྟོས་འཇོག་ཅིག་ཡིན་པར་འདུག དེ་བས་ཁྱོད་ཀྱིས་ལྟོས་འཇོག་གི་དོན་སྙིང་གདམས་ན་མི་འགྲིག་གམ། ཧ་ཧ་ཧ་ཧ་ཧ་་་

    Reply
  19. togangbu says:
    ལོ་ 16 སྔོན།

    སེམས་པ་བཟང་པོ། དྲང་ཚུགས་བརྟན་པོ། འཆི་དུས་མི་རྣམས་ལ་ཕངས་སེམས་སྐྱེས་པའི་བྱ་བ་ཞིག་ལས་དགོས་སོ།

    Reply
  20. yakbod says:
    ལོ་ 16 སྔོན།

    མ་ཤི་གོང་ལ། རང་བཙན་རྩོད་དགོས་པ་མ་ཡིན་ནམ། དགོས་མེད་ཀྱི་གཏམ་ཚོགས་སྤེལ་ནས་ག་རེ་གནང་གི་ཡོད། ལྷག་པར་༸སྐྱབས་མགོན་ཕྱག་ན་པདྨོ་མ་གྲོངས་སྔོང་ཚུད་དུ་རང་བཙན་རྩོད་དགོས་པ་མ་ཡིན་ནམ། ནུབ་ཕྱོགས་ཀྱི་གསང་སྤྱོད་འཁྲུད་ཞོར་སྐྲ་སེར་མ་ཚོའི་མཚན་པ་ལྡག་ཞོར་ལ་ཁ་ནས་རྫིག་པོ་བཤད་བསྡད་ན་བོད་རང་བཙན་སྤྲད་ཡོང་གི་མ་རེད། ང་ཚོ་ཕྱི་ཡུལ་དུ་འཁྱམས་དོན་ཡང་དེ་མ་རེད།
    ཁོ་བོ་ཅག་གིས་མ་ཤི་སྔོན་ལ་རང་བཙན་ངེས་པར་དུ་ཤུགས་ཆེན་རྩོད་དགོས་པ་རེད།

    Reply
  21. chentsasopa says:
    ལོ་ 16 སྔོན།

    ངས་རྟག་ཏུ་འདི་འདྲ་ཞིག་བསམས་ཡོད། མི་མ་ཤི་གོང་ལ་རང་གི་ཨ་ཡེ་ལ་འཆམ་པོ་བྱེད་རྒྱུད་དང་བྱིས་པར་མིག་དཔེ་ལེགས་པོ་ཞིག་སྟོན་རྒྱུ། ད་དུང་ཨ་ཡེ་འཐད་པ་བྱུང་ན་ཞ་ཡེ་མང་ཙམ་བཟོ་ཨེ་ཐུབ་ལྟ་རྒྱུ་དེ་ཡིན།

    Reply
  22. Pobpathaye says:
    ལོ་ 16 སྔོན།

    དངུལ་འཛིན་ལག་དེབ་སྟེང་དུ་ཀླད་ཀོར་ཅི་ཙམ་མང་བ་དེ་ཙམ་གྱིས་དངུལ་བདག་ཁོ་རང་གི་མི་ཚེའི་སྙིང་པོ་དེ་ཡང་ཀླད་ཀོར་དུ་འགྱུར་འགྲོ

    Reply
  23. sha tak ri sim says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས། སྒོར་མོའི་ཁ་གྲངས་ག་ཚོད་ཅིག་ལོན་དགོས་ཀྱི་ཡོད་པ་རེད་དམ། དེ་ཤེས་ཀྱི་ཡོད་དམ། ཧཧཧཧ

    Reply
  24. Pobpathaye says:
    ལོ་ 16 སྔོན།

    མི་མ་ཤི་གོང་ལ་སྒོར་མོ་བསག་དགོས། སྒོར་མོ་བསག་དགོས། སྒོར་མོ་བསག་དགོས།

    སྒོར་མོ་ཡོད་ན་ས་དང་ལམ་ཡང་བཟང་༎
    སྒོར་མོ་མེད་ན་ས་དང་ལམ་ཡང་ངན༎
    ཐམས་ཅད་སྒོར་མོ་དག་ལ་རག་ལས་པས༎
    རྟག་པར་སྒོར་མོ་བསག་ལ་ནན་ཏན་བྱ༎

    ཀུ་རེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese