མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༦/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༧ ཚེས་ ༢ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དཀར་མཛེས་ཁུལ་ཏྲེ་ཧོར་རྫ་ཁོག་སྨད་མར་དམ་དྲག་ཆེན་པོ་བྱས་དང་བྱེད་མུས་ཡིན་འདུག

རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ། ལྷ་སའི་དཔྱིད་ཀ་ཞེས་པའི་སྟེགས་བུའི་པར།

དེ་འབྲེལ་རྒྱ་རིགས་གཞོན་སྐྱེས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྟེ། བོད་རྒྱ་གྲོས་མོལ་གྱི་སྟེགས་བུ་ལྷ་སའི་དཔྱིད་ཀ་ (Lhasaspring) ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༧ ཚེས་ ༢ ནས་བཟུང་རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་རྫ་ཁོག་གྲོང་ཚོ་དང་དེའི་ཉེ་འཁྲིས་སུ་དྲག་ཆས་སྤྲས་པའི་རྒྱལ་ཁབ་བདེ་འཇགས་དང་སྤྱི་བདེ་མི་སྣ་མང་པོ་འགྲེམས་འཇོག་བྱས་ཏེ། ས་གནས་མི་མང་གི་འགྲོ་འོང་དང་འབྲེལ་མཐུད་སོགས་ལ་དམ་དྲག་དང་བཀག་སྡོམ་བྱས་ཡོད་ཅིང་། ད་ལྟའི་ཆར་ས་གནས་མི་མང་ལྟ་ཞིབ་དྲག་པོ་འོག་བཅུག་ཡོད་སྟབས། མི་མང་རྣམས་ཞེད་སྣང་དང་དངངས་འཚབ་འོག་གནས་མུས་ཡིན་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་བཙན་བློ་དགའ་ལགས་ཀྱིས། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་རང་དབང་གང་ཡང་མེད་པ་ནི་བོད་རང་བཙན་ཤོར་བའི་རྒྱུ་མཚན་ལ་ཐུག་བསྡད་ཡོད་པར་བརྟེན་བོད་རང་བཙན་རྩོད་དགོས་པ། བཙན་བྱོལ་གཞུང་མང་གི་བོད་མི་ཡོངས་ནས་ཆོལ་གསུམ་མཐུན་སྒྲིལ་བགྱིས་ཏེ་བོད་མི་རིགས་ཀྱི་འཐབ་རྩོད་རྒྱུན་སྐྱོང་བྱེད་དགོས་པ། བོད་རྒྱལ་ཁབ་སླར་གསོ་དགོས་པ་སོགས་ཀྱི་ཁ་ཆེམས་བཞག་སྟེ། རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཡོད།

ཡང་ཕ་ཡུལ་གསར་ཁང་ལ་མིང་བརྗོད་འདོད་མེད་པའི་མི་ཞིག་གིས། ད་ལྟ་ས་གནས་དེར་དམ་དྲག་དང་བཀག་སྡོམ་ནན་པོ་བྱས་ཡོད། ང་ཚོས་ཁོང་ཚོ་དང་འབྲེལ་བ་བྱེད་ཐབས་འཚོལ་བཞིན་ཡོད། ཡུལ་མི་ཚོ་ཞེད་སྣང་དང་འཇིགས་སྣང་འོག་གནས་ཡོད་སྟབས། རང་བཙན་བློ་དགའ་ལགས་ཀྱི་ནང་མི་དང་གཉེན་ཉེ་ཚོའི་གནས་ཚུལ་རག་ཐབས་ཧ་ཅང་དཀའ་ངལ་ཆེ་བར་གྱུར་ཡོད་ཅེས་བརྗོད་འདུག ད་ལྟ་ས་གནས་དེར་ལྟ་སྲུང་ནན་མོ་བྱེད་བཞིན་ཡོད་སྟབས། ས་གནས་ཀྱི་ཡུལ་མི་རྣམས་རང་བཙན་བློ་དགའ་ལགས་ཀྱི་ནང་མིར་ཐུག་འཕྲད་བྱ་རྒྱུ་དང་ཐ་ན་ཁ་པར་ཙམ་ཡང་གཏོང་ཕོད་ཀྱི་མེད་པ་རེད།

རང་བཙན་བློ་དགའ་ལགས་ནི་བོད་མདོ་ཁམས་ཏྲེ་ཧོར་རྫ་ཁོག་ཀྱི་གད་ཁ་ཚང་གི་ཁྱིམ་རྒྱུད་ཀྱི་པ་བདོས་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་ཀྱི་བུར་སྐྱེས། གད་ཁའི་བཀྲ་ལོས་གཙོས་པའི་ཁོང་གི་ཁྱིམ་རྒྱུད་ཀྱི་མིང་སྲིང་གསུམ་ཡང་རྒྱ་ནག་དམར་པོའི་བཙོན་ཁང་དུ་སྐུ་སྲོག་ཤོར། ཕྱི་ལོ་ ༡༩༩༢ ལོར་འཕགས་ཡུལ་རྒྱ་གར་དུ་འབྱོར་རྗེས། དགའ་ལྡན་བྱང་རྩེ་གྲྭ་ཚང་དུ་མི་ལོ་བཅུ་གསུམ་ཙམ་གྱི་རིང་ལ་གཞུང་ཆེན་སློབ་གཉེར་གནང་བ་དང་། དེའི་རིང་གྲྭ་ཚང་གི་ལས་སྣེ་འདྲ་མིན་ཡང་ཁུར་རྗེས་ཨ་རིར་ཕེབས་ཏེ། ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་ཐུགས་འགན་བཞེས། ད་ཆར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐུགས་འགན་བཞེས་མུས་ཡིན་འདུག་ལ། ཁོང་ནི་རྒྱུན་དུ་བོད་དོན་ལ་སེམས་ཤུགས་དང་སྤྱི་སེམས་ཆེན་པོ་ཡོད་མཁན་ཞིག་ཡིན་འདུག 

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

སྐར་མ ༡༣ སྔོན་ལ།
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

སྐར་མ ༢༢ སྔོན་ལ།
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་ཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

ཆུ་ཚོད་ ༤ སྔོན་ལ།
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་ཀྱི་སློབ་མ་ཚོར་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་ཡི་གེ་འབྲི་རུ་འཇུག་གི་ཡོད་འདུག

༢༠༢༦/༡༠/༡༢
མིས་བཟོས་རིག་ནུས་ཀྱི་བསྒྲིགས།
Editorials

མི་རབས་གསར་པའི་ངར་ཤུགས།

༢༠༢༦/༡༠/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese