མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཀྱིས་ཤེས་ན་ང་ལ་འདྲི་དོན་ཅི་ཡིན།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༡/༣༡
Share on FacebookShare on TwitterShare on EmailShare on Whatsapp

ང་རང་གིས་ལོ་ངོ་གཅིག་གི་རིང་དུ་མགྲོན་ཁང་ཆེན་པོ་འདི་རུ་ལས་ཀ་བྱས་པ་ཡིན་ལ། རང་གི་ལས་ཀ་ནི་ཐེ་ལན་གྲའི་མ་བྱན་ཆེན་མོ་ཞིག་་གི་འགན་འཁུར་བ་དེ་ཡིན། གླ་ཆ་ནི་ཧིན་སྒོར་བརྒྱད་ཁྲི་ལྷག་རང་ལག་དུ་འབབ་ཀྱི་ཡོད་པ་རེད། ས་ཁུལ་འདི་ནས་ཧིན་སྒོར་བརྒྱབ་ཁྲི་ལྷག་གིས་ཁང་གླ་དང་ཟས་སོང་། རླངས་འཁོར་གྱི་སྣུམ་སོགས་ཀྱི་འགྲོ་སོང་མི་འགྲོ་སྟབས། ཟླ་ངོ་གཅིག་གི་སྔོར་དེར། ངས་མགྲོན་ཁང་འདིའི་སྤྱིའི་འགན་འཛིན་ལ་ཁོ་རང་གིས་ལོ་ངོ་གཅིག་གི་གོང་དུ་ང་ལ་ཁས་ལེན་བྱས་པ་དེར་ལག་ལེན་མ་བྱས་པ་ཡིན་ན། ང་རང་ཟླ་ངོ་གཅིག་གི་རྗེས་ཏག་ཏག་ལ་ལས་ཀ་ནས་དགོངས་པ་ཞུ་རྒྱུ་ཡིན་ཟེར་ནས་བཤད་ཀྱང་། ཁོས་ང་རང་ལ་ཉིན་འགའི་རྗེས་སུ་གླ་ཆ་ག་ཚོད་ཅིག་སྤར་ཐུབ་མིན་ཐད་ནས་ལན་གསལ་བོ་ཞིག་སྤྲོད་ཆོག་ཟེར་བས་ངས་ཀྱང་ཁོ་རང་གི་ལན་ཞིག་སྟེར་བར་བདུན་ཕྲག་གཉིས་རིང་དུ་སྒུག་པ་ཡིན།

བདུན་ཕྲག་གཉིས་ཙམ་བྱིན་ཡང་ལན་གང་ཡང་མ་སླེབས་སྟབས། ངས་ལས་ཁུངས་ལྟེ་བ་རུ་ལས་དགོངས་སྙན་ཞུ་བྲིས་པ་ཡིན། སྙན་ཞུ་སྤྲད་པའི་ཕྱིར་ཉིན་དེར། འགན་འཛིན་གཞོན་པ་ཞིག་ང་རང་གི་སར་ཡོང་ནས་ཁོང་ཚོས་ཁྱེད་རང་གི་གླ་ཆ་ཧིན་སྒོར་དགུ་ཁྲི་ལྷག་སྤྲོད་རྒྱུའི་ཐག་གཅོད་བྱས་ཟིན་ཟེར། སྐབས་དེར་ངས་ཁོང་ལ་ཐད་ཀར། དགོངས་དག ཐུགས་རྗེ་ཆེ། ད་ནི་ང་རང་འདི་ནས་ཐོན་རྒྱུའི་གྲྭ་སྒྲིག་ཚང་མ་བྱས་ཚར་ཡོད། ད་ནི་ངས་གླ་ཆ་འཕར་མིན་དེ་ལ་བལྟ་བཞིན་མེད་ཅེས་བཤད་པ་ཡིན།

འགན་འཛིན་གཞོན་པ་དེས། ཁྱེད་རང་ལ་་ང་ཚོས་གླ་ཆ་དེས་འདོད་པ་ཁེངས་ཀྱི་མི་འདུག་གམ་ཟེར་བས། ངས་དེ་འདྲ་མ་རེད། ད་ནི་ང་རང་ལ་དུས་ཚོད་གང་ཡང་མེད། ངས་འདི་ནས་ལས་ཀ་མི་བྱེད་རྒྱུའི་ཐག་བཅད་ཟིན་པ་ཡིན་ཞེས་ལན་བཏབ་དུས་སུ། འགན་འཛིན་གཞོན་པ་དེས་མགོ་བོ་འཕྲེད་དུ་གཡུགས་ཞོར་དུ། ད་ཁྱེད་རང་གིས་ནོར་འཁྲུལ་བྱེད་ཀྱི་འདུག་ཟེར་བཞིན་ཐབ་ཚང་ནས་ཕྱི་རུ་བུད་སོང་།

ཕྱིར་ཉིན་ཡང་འགན་འཛིན་གཞོན་པ་ཡོང་ནས་ཡང་བསྐྱར་ངས་ཁྱེད་རང་ལ་ཁ་བརྡ་ཞིག་བྱས་པ་ཡིན་ན། ཁྱེད་རང་ལ་བསམ་བློ་འདྲ་གཏོང་རྒྱུ་མེད་དམ་ཟེར་ནས་དྲིས་སོང་། ངས་དགོངས་དག ང་རང་གིས་ཐག་བཅད་ཚར་བ་ཡིན་ཞེས་བཤད་དུས་སུ། ཁོས། དེས་ན་ཁྱེད་རང་ག་དུས་ཕྱི་ལ་འབུད་རྒྱུ་ཡིན་ཟེར་བས། ངས་སུམ་བཅུ་སོ་གཅིག་ཉིན་ཞེས་བཤད་མ་ཐག ཁོ་བོས་བློ་ཕམ་གྱི་ངང་ཚུལ་དང་བཅས་དེ་ཐ་མག་རྐང་གཅིག་ལ་མེ་སྒྲོན་ནས་རྔུབ་འཐེན་བྱེད་ཞོར་དུ་བུད་སོང་།

ཉིན་མོ་དེ་ནས་བཟུང་། ཟ་ཁང་ནང་གི་ཞབས་ཞུ་མ་གསུམ་དང་ལས་རོགས་གཞན་པ། འགན་འཛིན་གཞན་དག་བཅས་ཀྱིས་ང་རང་ལ་སྐད་ཆ་རེ་འདྲི་བ་ནི། ཅིའི་ཕྱིར་འདི་ལས་འགྲོ་བཞིན་ཡོད། གཞན་དུ་ལས་ཀ་ཡོད་དམ། གང་དུ་འགྲོ་རྒྱུ་ཡིན་སོགས་དྲི་བ་སྣ་ཚོགས་ཤིག་ཡིན་ལ། ཞབས་ཞུ་མ་གསུམ་ནས་ང་རང་ལ་མ་འགྲོ་རོགས་ཟེར་ནས་ཡང་ཡང་ཞུ་བ་ཡང་འཐེན་སོང་།

གང་ལྟར། ང་རང་ནི་ལས་ཀ་འདི་ནས་ཐོན་རྒྱུའི་ཐད་དུ། ང་རང་གི་དགའ་རོགས་མ་དང་ལྷན་དུ་གྲོས་ཁ་བྱས་ཟིན་པ་དང་། ཁང་བ་ཡང་ཕྱིར་རྩིས་སྤྲོད་ཟིན་པ་ཡིན་སྟབས། ལས་ཀ་འདི་ནས་འབུད་རྒྱུ་ལས་གཞན་གང་ཡང་མེད། འོན་ཀྱང་། ཁོང་ཚོས་ཟ་ཁང་འདིར་ལས་ཀ་བྱེད་མཁན་གྱི་མ་བྱན་ཆེན་མོ་ཞིག ཤར་ཕྱོགས་ནས་ཡིན་པའི་མི་ཞིག་མ་རེག་སྟབས། ཨེས་སུ་རལ་རང་གི་མི་སེར་ཡིན་པ། ཤར་ཕྱོགས་ཀྱི་ཟ་མ་བརྔོས་སྤྱོར་བྱེད་སྟངས་ལ་གཏན་ནས་རྒྱུས་མངའ་མེད་མཁན་ཞིག་དང་ཅུང་ཙམ་ཤར་ཕྱོགས་ཉི་ཧོང་གི་ཁ་ལག་བཟོ་མཁན་གྱི་མ་བྱན་བྱེད་མྱོང་མཁན་གཉིས། ཉིན་འགའི་སྔོན་དུ་ང་རང་སར་འཁྲིད་དེ་ཡོང་ནས། ཁོང་གཉིས་ལ་བསླབ་རོགས་ཟེར་བ་ལྟར། ངས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་ཁྲིད་ཁུལ་བྱས་པ་ཡིན།

ཤར་ཕྱོགས་ཀྱི་ཟ་མ་གཏན་ནས་བཟོ་མི་ཤེས་པའི་མི་དེས་ངས་གང་བཤད་ལ་ཉམས་འཇོག་་བྱེད་ན་ཡང་། དྲི་བ་མང་བ་དང་དྲི་ལན་དེ་ལྟར་བཏབ་ན་ཡང་། སྐར་ཆ་ཁ་ཤས་ཀྱི་རྗེས་སུ་སླར་ཡང་དྲི་བ་དེ་རང་འཇག་འདྲི་བ་སོགས་བྱེད་པས་དངོས་ནས་སུན་སྣང་སྤྲོད་ན་ཡང་། ཉིན་ཁ་ཤས་ཀྱི་རིང་ལ་བཟོད་བསྒོམ་མི་ཐུབ་པ་གང་ཡོད་བསམ་ནས་ཁ་རོག་གེར་གང་ཐུབ་ཐུབ་ཅིག་བྱས་པ་ཡིན།

ཤར་ཕྱོགས་ཉི་ཧོང་གི་ཁ་ལག་ལས་ཤར་ཕྱོགས་ཀྱི་ཡུལ་ལུང་གཞན་གྱིས་ཁ་ལག་བཟོ་མི་ཤེས་པའི་མ་བྱན་ཆེན་མོ་ཡིན་ཟེར་མཁན་དེ་ནི། མི་དེ་ལས་ཀྱང་དྲི་བ་མང་བ་མ་ཟད། དྲིས་པའི་ལན་དུ་རང་གིས་གང་ཤེས་ཤིག་ལྷག་བསམ་རྣམ་དག་གིས་ཁྲིད་ཀྱང་། སྐད་ཆ་རེ་གཉིས་རེ་ཕར་འགྲེལ་བཤད་བརྒྱབ་དུས་སུ། ངས་ཤེས། ངས་ཤེས་ཟེར་ནས་ལན་རྐྱང་རྐྱང་འདེབས་སྟབས། བར་སྐབས་ཤིག་ལ་དངོས་ནས་ཚུགས་པ་ཟ་རུ་བཅུགས་སོང་། དེ་ནས་ངས་ཁོང་ལ། ད་དྲི་བ་མ་འདྲི། ངས་གང་བྱེད་ཀྱི་འདུག་པ་དེར་ལྟོས་ཤིག་ཟེར་ནས་བཤད་དགོས་ཐུག་སོང་། སྐབས་དེར་མི་རྒན་ལོ་ན་ལྔ་བཅུ་ལས་བརྒལ་བ་ཁོང་གིས་ཀྱང་ཁ་རོག་གེར་ཉན་ནས་ངས་གང་བྱེད་ལ་བལྟ་བཞིན་བསྡད་སོང་།

བདག་གི་སེམས་སུ་གློ་བར་དུ་བློ་འགྱོད་ཅིག་སྐྱེ་ཞོར་དུ། གདོང་ལ་འཛུམ་མདངས་ལྷད་མེད་ཅིག་བསུས་དེ། ཁོང་གཉིས་ལ་མུ་མཐུད་དུ་སློབ་ཁྲིད་བྱས་པ་ཡིན། དྲང་མོ་བཤད་པ་ཡིན་ན། མི་རྒན་ཁོང་གིས་ཀྱང་ཤར་ཕྱོགས་ཉི་ཧོང་གི་ཁ་ལག་རེ་ཟུང་བཟོ་ཤེས་སྲིད་ཀྱང་། ང་རང་གིས་བསླབ་པའི་ཐེ་ལན་གྲའི་ཁ་ལག་འདི་ཚོ་བཟོ་རྒྱུ་ཁག་པོ་རེད་འདུག དེ་ཡི་ར་སྤྲོད་ལྟ་བུ་ཞིག་ནི་ཚལ་སླང་གཡུགས་སྟངས་ཀྱང་ཡག་པོ་མི་ཤེས་པ་དེ་རེད། གང་ལྟར། ང་རང་ནི་ལས་ཀ་འདི་ནས་ཐོན་འགྲོ་མཁན་ཡིན་དུས། རང་གིས་ལྷག་བསམ་རྣམ་དག་གིས་ཁོང་གཉིས་ལ་གང་ཐུབ་ཞིག་ཁྲིད་ཁུལ་བྱས་པ་ཡིན།

མཇུག་དེར། ངས་ཁོང་གཉིས་ལ་ད་མ་ཤེས་པ་རེ་ཡོད་ན་ང་ལ་དྲིས་ཤིག་དང་། ངས་འདི་ནས་འགྲེལ་བཤད་བྱས་ཆོག་ཟེར་ནས་བཤད་དུས། རྒན་པོ་དེས་གདོང་ལ་འཛུམ་མདངས་ཤིག་བླངས་ཞོར་དུ། འདི་ག་རེ་རེད། གཤེར་ཁུ་འདི་ཇི་ལྟར་སྡེབ་སྤྱོར་བྱེད་དགོས་པ་རེད་སོགས་ནས་དྲི་བ་རེ་ཟུང་ཞིག་དྲིས་སོང་།

ཞབས་ཞུ་མ་ཚོས། ང་རང་ལ་སྐད་བཏང་ནས། དོ་ནུབ་ཁྱེད་རང་ཡིན་གཅིག་མིན་གཅིག་ང་ཚོ་ལྷན་དུ་བསྡད་ནས་ཟ་མ་ཟ་རོགས་བྱོས། ཁྱེད་ཀྱིས་ག་རེ་བཞེས་འདོད་འདུག་སོགས་མང་བོ་ཞིག་བཤད་པ་དེར་ངས་ཁས་ལེན་བྱས་དེ་ཁོང་ཚོའི་ལྷན་དུ་བསྡད་པ་ཡིན། ཁོང་ཚོས་ང་ཚོ་དངོས་ནས་ཁྱེད་རང་ལ་བརྩེ་བ་ཡོད། ཁྱེད་རང་བུད་སོང་ན་ང་ཚོས་དངོས་ནས་དྲན་ངེས་ཡིན། རྗེས་ཕྱོགས་ང་ཚོའི་འབྲེལ་བ་ཆད་དུ་མི་འཇུག ང་ཚོ་ཁྱེད་རང་དང་ལྷན་དུ་ལས་ཀ་བྱེད་རྒྱུ་བྱུང་བ་དེར་དངོས་ནས་དགའ་བོ་དང་སྐྱིད་པོ་བྱུང་ཟེར། སྐབས་དེར། ངས་ཁོང་ཚོ་ལ་ངས་ཀྱང་བྲེལ་བ་ཆེ་བའི་སྐབས་སུ་ཁྱེད་ཅག་ལ་ཚིག་རེ་ཟུང་སེམས་ལ་གནོད་པ་དེ་འདྲ་ཤོར་ཡོད་སྲིད་པ་རེད། དེ་འདྲ་བྱུང་ཡོད་ན། དེ་རིང་གི་གོ་སྐབས་འདི་བཟུང་དེ། ངས་ཁྱེད་ཚོ་ཚང་མ་ལ་དགོངས་དག་ཞུས་པ་ཡིན་ཞེས་བཤད་དུས། ཁོང་ཚོས་ཁ་གཅིག་གྲགས་ཀྱིས་དེ་འདྲ་གཏན་ནས་མེད་ཟེར། མཐའ་མཇུག་ངས་ཁ་པར་ཨང་གྲངས་སྟེར་རོགས་གནོང་ཟེར་བ་ལྟར། ངས་ཀྱང་རང་གི་ཁ་པར་ཨང་གྲངས་ཁོ་མོ་ཚོར་སྤྲད་པ་ཡིན།

ལས་ཀ་མཇུག་བསྡུ་རན་སོང་། སྐབས་དེར། མི་རྒན་ཁོང་གིས་དགེ་རྒན་ཁྱེད་ལ་བཀའ་དྲིན་ཆེ། ཁྱེད་རང་གང་དུ་སོང་ཡང་། བྱ་བ་ལམ་འགྲོ་ཡོང་བ་དང་བསམ་དོན་འགྲུབ་པར་རེ་བ་ཡོད་ཟེར། གཞོན་པ་དེས། ཁྱེད་རང་ལྟ་བུའི་མ་བྱན་ཞིག་ད་སྔ་ངས་མཐོང་མྱོང་མེད། དངོས་ནས་བསམ་ཤེས་ཡོད་མཁན། ལས་ཀ་ལ་འཇོན་ཐང་ཅན། མི་ལ་བསྟུན་མཁས་པ། སྤྱང་གྲོང་འཛོམ་པོ། ཁ་ཡག་ལུང་བ་བཀང་བཤད་པ་མ་ཟད། དངོས་ནས་ང་རང་ལ་སེམས་གཏིང་ནས་གང་དུ་སོང་ས་དེ་ནས་དོན་ཀུན་འགྲུབ་པར་རེ་བ་དང་སྨོན་ལམ་ཡོད་ཟེར། ངས་མཐའ་མཇུག་དུ་ཁོང་གཉིས་ལ་ཁྱེད་གཉིས་ཀྱི་འདོད་དོན་འགྲུབ་པར་རེ་བ་ཡོད་ཅེས་བཤད་པ་ཡིན།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 44

  1. kkunsang@yahoo.com says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས། ང་ངོ་མ་ཁྱེད་ལ་ཡིད་སྨོན་སྐྱེས་ཀྱི་འདུག
    རང་མི་རིགས་ཞིག་གི་ཆེད་དུ་ཟེར་ན་ཆོག་གི
    ཁྱེད་ཀྱིས་རང་གི་འཚོ་བའི་ཁྲོད་ནས་དུས་ཚད་ཡོངས་སུ་བཙལ་ཏེ་ཟིན་བྲིས་ལེགས་ཚད་རེ་སྤེལ་ཏེ་ཟིན་བྲིས་མཐའ་དག་གི་ཡོང་རྩེ་རུ་སླེབས་འདུག་ག

    Reply
  2. sha tak ri sim says:
    ལོ་ 15 སྔོན།

    རི་བོང་ལགས། རྨི་ལམ་དེ་བཏང་ནས་ལོ་ངོ་ཁ་ཤས་ཤིག་འགྲོ་བཞིན་འདུག ད་ནི་དངོས་ནས་བྲེལ་ཟིང་གི་བར་ནས་དུས་ཚོད་ཅིག་འཚོལ་འདོད་ཡོད། དེ་དུས་དྲ་ཐོག་ནས་སྤུན་ཟླ་དག་ལ་བཀའ་འདྲི་བྱེད་དགོས་ས་ཡང་ཡོད་ངེས་ཡིན།

    Reply
  3. sangsar says:
    ལོ་ 15 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས།
    དངོས་གནས་སྐུ་ཉིད་ཀྱིས་ཟ་མ་བཟོ་སྟངས་སྐོར་གྱི་དེབ་ཅིག་འབྲི་ཐུབ་ན་ཡག་པོ་འདུག

    Reply
  4. sha tak ri sim says:
    ལོ་ 15 སྔོན།

    ལི་ཐང་ངག་དབང་དབྱིག་གཉེན་ལགས། འདི་རུ་ཕེབས་ནས་བསམ་ཚུལ་ཐུང་ཐུང་ཞིག་གསུངས་ནས་འགྲོ་ཞོར་དུ་རེ་སྐུལ་ཞིག་བྱས་པ་དེར་བདག་གིས་གང་ཐུབ་ཐུབ་ཅིག་སྤུན་ཟླ་ཚང་མས་ནང་དུ་འགྲོ་བཞིན་ཡོད་པ་བཞིན། ཁྱེད་ཚང་དུ་འང་ཡོང་ངེས་ཡིན།

    Reply
  5. sha tak ri sim says:
    ལོ་ 15 སྔོན།

    རྨོག་རུ་བསྟན་པ་ལགས། སྐུ་ཉིད་བདག་གི་ཕ་མ་ཚོར་ཡོད་སར་ཕེབས་དོན་མི་ཤེས་ཀྱང་། དེ་རུ་སོང་བ་དེར་དགའ་ཡོད། ལོ་སར་གྱི་ལེགས་སྐྱེས་འདི་ལ་ག་ལེར་སྐོར་ཉུལ་བྱེད་ངེས་ཡིན།

    Reply
  6. sha tak ri sim says:
    ལོ་ 15 སྔོན།

    རས་པ་ལགས། ཉིད་ནས་བདག་གི་རེ་སྐུལ་བཞིན་ངོ་སྤྲོད་བྱས་པ་དེར་བཀའ་དྲིན་ཆེ་ལགས།

    Reply
  7. sha tak ri sim says:
    ལོ་ 15 སྔོན།

    གཡག་རྒན་ལགས། ཉིད་ཀྱིས་གསུངས་པ་དེ་བདེན་པ་རེད། ད་མི་འགྱངས་པར་ལས་ཀ་རང་ཉིད་གང་དུ་གནས་སྤོར་ཡོད་པ་དེ་ཡི་ཁུལ་ནས་ལས་ཀ་ཞིག་འཚོལ་ངེས་ཡིན།

    Reply
  8. sha tak ri sim says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། དྲ་གནས་འབྲེལ་ཐག་འདི་ངོ་སྤྲོད་བྱས་པ་བཀའ་དྲིན་ཆེ། ཁོམ་པ་བཙལ་ནས་ཀློག་ངེས་ཡིན།

    Reply
  9. beri Palden Namgyal says:
    ལོ་ 15 སྔོན།

    ཨ་རོ་ཤ་ཁྲག་ལགས་་་་་་དེ་རིང་ང་ཤི་མ་ཐུབ་པའི་སྔ་གཞུག་དུ་སྐུ་འགྲོན་ཞིག་བསླེབས་པ་ཡིན་ད་་་ཁྱེད་ཀྱིས་དངོས་གནས་ཟིན་བྲིས་ཡག་པོ་འབྲི་ཐུབ་ཀྱི་འདུག་་་་་་་་
    མུ་འཐུད་དེ་ཟིན་བྲིས་ཡག་པོ་འབྲི་རོགས་་་་་་་ཁྱེད་བདག་གི་ཟིན་བྲིས་སུ་ཡང་ཡང་ཕེབས་བ་
    དགའ་བསུ་ཡོད་ལོ་་་་་་་

    Reply
  10. mogrutenpa says:
    ལོ་ 15 སྔོན།

    བསམ་པ་དག་པའི་གྲོགས་པོ་ལགས།
    ལས་དོན་ཞིག་གི་ཆེད་ཁྱེད་ཀྱི་ཕ་མའི་ནང་སོང་བ་ཡིན་ལ།ཚང་མའི་གདོང་ལ་སྐྱིད་ཉམས་ཤིག་ཤར་ཏེ་ཧ་ཅང་བདེ་མོ་རེད།་ཁྱེད་ཀྱི་ཕ་རྒན་གྱིས་ཀྱང་ཁྱེད་ཀྱི་ལས་ཀར་འདོད་པ་ཚིམ་ནས་བསྡད་འདུག

    http://www.sm333.net་་་་་་་་་དྲ་ཚིགས་ཁ་བྱང་འདི་ལོ་གསར་བའི་ལེགས་སྐྱེས་ཡིན།རྡ་ས་ནས་རྒྱུན་རིང་སྡོད་རྩིས་ཡོད་པས་ཞིབ་ཁྲ་མཇལ་མོལ་སྐབས་ཞུས་ཆོག

    Reply
  11. མེ་ཆར། says:
    ལོ་ 15 སྔོན།

    སྐུ་བོད་ཤ་ཁྲག་རུས་གསུམ་ལགས།

    གེ་སེར་སྒྲུང་གི་གློག་བརྙན་སོགས་ནི་ཕྱི་ལོ་༢༠༠༥ཟླ་པར་ཁྲིན་ཏུའུ་ནས་བོད་རིག་པའི་ཚོགས་འདུའི་སྐབས་འཐུས་མི་རྣམས་ལ་བསམ་ཚུལ་བརྗེ་རེས་ཀྱིས་གློག་བརྙན་དང། མུ་འབྲེལ་བརྙན་འཕྲིན། འགུལ་རིས་སོགས་སུ་བཟོ་རྒྱུར་མོས་མཐུན་བྱུང་སྟེ་ཀྲེ་ཅང་ཨེ་ཤ་ཡ་དེང་རབས་གློག་བརྙན་རིག་གནས་ཁྱབ་སྤེལ་ཀུང་སིས་མ་དངུལ་བཏོན་སྟེ་སྤྱིའི་འགན་འཁུར་བ་སྐད་གྲགས་ཅན་གྱི་གེ་སར་རིག་གནས་ཆེད་ལས་པ་འཇམ་དཔལ་རྒྱ་མཚོ། འཁྲབ་མཁན་གཙོ་བོ་ཡང་ཐོ་ཀྲི། སྒྲིག་སྦྱོར་བ་ཐང་མིན་སོགས་ཀྱིས་ལས་ཀ་བྱེད་ཀྱིན་པ་གསལ།
    ས་གནས་མགོ་ལོག་དང་དཀར་མཛེས་ས་ཁུལ་ཁག་ཏུ་འཁྲབ་ཀྱི་ཡིན་པ་གསལ་བ་དང་། ཆེས་ཐོག་མའི་འཁྲབ་ཡུལ་ནི་མགོ་ལོག་ཏ་རུ་རྫོང་གི་གེ་སར་སེང་འབྲུག་དགོན་པ་(初步选定在果洛州达日县的“格萨尔狮龙宫殿)ནས་འཁྲབ་རྒྱུ་ཡིན་འདུག ལས་གཞི་འདི་ལ་ཕྱི་ལོ་༢༠༠༥ཟླ་༦ཚེས་༢༨ཉིན་བོད་རིགས་སྣེ་ཁྲིད་པ་རྒན་པ་ཞིག་གིས་ཧུའུ་ཅིན་ཐའོ་ཡི་དྲུང་ཡིག་ལ་འཕྲིན་ཡིག་ཕུལ་ཏེ་རྒྱབ་སྐྱོར་དང་ཐོབ་འདུན་ཡོད་པར་ཞུས་ཡོད་པར་ཡང་གསལ་འདུག།

    Reply
  12. yakbod says:
    ལོ་ 15 སྔོན།

    ལས་ཀ་ཚང་མ་གཡུག་ནས་དགའ་རོགས་མ་བང་ཁ་བླངས་ནས་བསྡད་ན། ཁྱོད་ལ་ཁ་ལ་དང་ཁང་རིན་སོགས་སྤྲོད་རྒྱུ་ཡོད་དམ། བླུན་རྒན།
    མགྱོགས་པོར་རྒྱུགས་ནས་ལས་ཀ་རེ་འཚོལ། བུད་མེད་ཚོའི་ཁ་ལ་ཞེ་དྲག་ཉན་རྒྱུ་ཡོད་པ་མ་རེད། སྐྲ་རིང་མ་དང་བློ་ཐུང་མ་ཟེར་བ་མ་ཤེས་སམ།

    Reply
  13. jigdal says:
    ལོ་ 15 སྔོན།

    http://www.state.gov/documents/organization/134445.pdf
    ༢༠༡༠/༠༡/༢༧ ཉིན་ཨ་རིས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་༢༠༠༩/༡༠/༢༦ ཉིན་འདོན་སྤེལ་བྱས་པའི་བོད་སྐོར་གྱི་ཆོས་ལུགས་རང་དབང་གི་སྙན་ཐོ་དེ་དབྱིན་སྐད་ནས་བོད་སྐད་ཐོག་ཕབས་བསྒྱུར་གྱིས་བཀྲམས་འདུག གོང་གི་དྲ་བྱང་དེ་ནས་གཟིགས་ཐུབ་ཀྱི་འདུག

    Reply
  14. sha tak ri sim says:
    ལོ་ 15 སྔོན།

    http://www.youtube.com/watch?v=3H0A3DEWNKY&feature=related
    རྨ་ཁ་མེད་པའི་གཅར་བརྡུང་འདི་ན་ཉན་རྒྱུ་ཡོད།

    Reply
  15. sha tak ri sim says:
    ལོ་ 15 སྔོན།

    http://www.youtube.com/watch?v=9J0hX_S7cEs
    སྤོབས་པ་མཐའ་ཡས་ཀྱི་གཙོ་བའི་སྤུན་ཟླ་ཚོ། གཅིག་བྱས་ན་ང་རང་ཉིན་ཁ་ཤས་རིང་དུ་དྲ་ཐོག་དུ་ཡོང་མི་ཐུབ་ན་ཐང་། ང་རང་འདི་ནས་གནས་སྤོར་བྱེད་ཀྱིན་ཡོད་པའི་སྐུ་ཉིད་ཀྱི་ལན་དེ་ཡང་ཉིན་ཁ་ཤས་ཀྱི་རྗེས་སུ་མ་གཏོགས་འབྲི་ཐུབ་ཀི འབྲེལ་ཐག་འདི་ཁྱེད་ཉིད་གཙོ་བའི་སྤུན་གྲོགས་དག་ལ་ཕུལ་བ་ཡིན།

    Reply
  16. Pobpathaye says:
    ལོ་ 15 སྔོན།

    ངས་ཁྱོད་ཀྱི་ཟིནབྲིས་སུ་བཀོད་པའི་མཆན་བུ་འདི་གཉིས་རང་གི་ཟིན་བྲིས་ཀྱི་གྲས་སུ་ཡང་འགོད་འདོད་བྱུང་།

    Reply
  17. Pobpathaye says:
    ལོ་ 15 སྔོན།

    ལོ་སྔོན་མའི་དགུན་ཁ་ཞིག་ཡིན་སྙམ། ང་ཚོས་འཛིན་གྲྭའི་ནང་དུ་མི་རེ་རེ་བཞིན་རང་རང་གི་ལུང་པའི་ཟ་མ་ངོ་སྤྲོད་ཀྱི་རྩོམ་ཡིག་འདྲ་བ་རེ་བྲིས་ནས་འཛིན་གྲྭའི་ནང་དུ་འགྲེལ་བཤད་རྒྱག་དགོས་བྱུང་སོང་། རང་རང་གི་ཟ་མ་བཟོ་སྟངས་བསླབ་དགོས་པའི་ཁུལ་རེད། དེ་ན་རྒྱ་ནག་པ་ཁ་ཤས་དང་ཐའེ། ད དུང་ཁོ་རེ་ཡ་པ་དང་ཉི་ཧོན་པ། ཧྥི་ལི་པན་དང་རྒྱ་གར་གཡས་གཡོན་གྱི་མི་མང་པོ་འདུག ཁོ་ཚོས་རང་རང་གི་ལུང་པའི་ཟས་སྣའི་མིང་ཐོ་འདྲ་བ་རེ་རེ་གཡོས་སྦྱོར་བྱེད་སྟངས་དང་སྦྱར་ནས་བྲིས་འདུག ངས་ཐོག་མར་དེ་རིང་ཡིན་ན་བོད་ཀྱི་ཐུན་མོང་མིན་པའི་ཁ་ཟས་དང་ལྷག་པར་ཡང་རྒྱ་ནག་གི་ཟས་རིགས་དང་གཏན་ནས་མི་འདྲ་བ་ཁག་གཅིག་ངོ་སྤྲོད་བྱེད་དགོས་བསམ། གང་གིས་ཕྱིར་ཞེ་ན། ང་ཚོའི་འཛིན་གྲྭའི་ནང་གི་རྒྱ་མོ་ཁ་ཤས་ཤིག་གིས་བོད་ཀྱི་སྐོར་མ་གོ་ན་གོ་མདོག་དང་གོ་ན་མ་གོ་མདོག་བྱས་ནས་རྒྱུན་དུ་རྒྱ་བོད་གཉིས་གང་ཅིའི་ཐད་ནས་འདྲ་བ་དང་གཅིག་ཡིན་ཚུལ་ལྟ་བུ་ཞིག་ངའི་རྣ་ལམ་དང་དགེ་སློབ་ཚོའི་རྣ་ལམ་ཤོད་འདུག་པ་དེ་ལ་ང་གཏན་ནས་མི་དགའ། དེར་བརྟེན་གལ་སྲིད་ངས་མོག་མོག་ཐུག་པ་ལྟ་བུ་ཞིག་བོད་ཀྱི་ཟས་རིགས་ཡིན་ཚུལ་བཤད་ན་རྒྱ་མི་ལ་ཡང་དེ་ཡོད་སྟབས་ངས་ངོ་སྤྲོད་མ་བྱས་ཚར་གོང་ནས་ཁོང་ཚོས་ཀྱང་ཟས་རིགས་དེ་ང་ཚོའི་ཐུན་མོང་གི་ཡིན་པ་ལྟར་དུ་འཛིན་གྲྭའི་ནང་ཚང་མ་ལ་འགྲེལ་བཤད་རྒྱས་ཐག་ཆོད་རྒྱག་གི་རེད།
    ཡིན་ན་ཡང་ངས་ནི་རྩམ་པ་དང་གྲོ་མ་མར་ཁུ་ལྟ་བུ་འགའ་ཞིག་ལས་ཅི་ཡང་བཤད་རྒྱུ་རྙེད་མ་སོང་། མཐའ་མཇུག་ཏུ་ངས་ཁོང་ཚོར་བོད་ཟས་ངོ་མ་དེ་ཚོ་ནི་མཐོ་སྒང་གཡག་ལུག་གི་ཤ་རིགས་དང་། འབྲི་འོ་ལས་བྱུང་བའི་མར་ཕྱུར། རང་བྱུང་དུ་སྐྱེས་པའི་རྩ་ལྡུམ་གྱི་སྡོང་ལོ་འབྲས་བུ་རྩ་བ་སོགས་ཡིན་སྟབས་ཟས་བཅུད་དང་བྲོ་བ་ཆེན་པོ་ཡོད། ཡིན་ན་ཡང་། བོད་འདི་བཙན་འཛུལ་བའི་འོག་དུ་ལྷུང་བ་བཞིན་བོད་ཀྱི་ཟ་མ་ཡིན་ཟེར་ནས་ཁྲོམ་དང་ཟས་ཁང་ནང་དུ་འཚོང་བཞིན་པ་དེ་ཚོ་ཡང་འཛམ་གླིང་ཤར་ལྷོ་ནུབ་བྱང་གི་བྲོ་རྫས་སྣ་ཚོགས་ཀྱིས་བཙན་འཛུལ་བྱས་ཟིན་པས་བོད་ཟས་ངོ་མ་དེ་ཕྱི་ལོགས་སུ་རྙེད་ཁག་པོ་ཡོད་ཅེས་སོགས་འགྲེལ་བཤད་རིང་པོ་ཞིག་རྒྱག་ཁུལ་བྱེད་དགོས་བྱུང་སོང་།
    ང་ཚོས་ཟ་མ་བཟོ་སྟངས་དང་ཟས་རིགས་ངོ་སྤྲོད་འདི་ཡང་ལོ་རྒྱུས་དང་རིག་གཞུང་གི་རང་བཙན་ཡོད་པའི་རྒྱལ་ཁབ་ཅིག་ངོ་སྤྲོད་བྱེད་པའི་ཆ་ལག་ཅིག་ཏུ་གྱུར་འདུག་པས་སྣང་མེད་དུ་འཇོག་མི་རིགས་པ་ཞིག་རེད།

    Reply
  18. Pobpathaye says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ཁྱོད་ནི་ངོ་མ་བོད་པའི་མ་བྱན་ཟེར་བ་དེ་ཡིན་ས་རེད། བོད་ལ་མེད་པའི་ཟས་རིགས་འདི་ཚོའི་མིང་ཡང་བོད་སྐད་དུ་འབྲི་ཤེས་འདུག ངས་ཁར་སང་དེ་ཚོ་ལ་བོད་མིང་རེ་ཡོད་མེད་བསམ་བློ་རེ་བཏང་ཡང་ཅང་ཟེར་རྒྱུ་རྙེད་མ་སོང་བས་དབྱིན་ཚིག་བྲིས་པ་ཡིན། ཁྱེད་ཀྱིས་ཐའེ་ཡི་ཟ་མ་བཟོ་བཞིན་ཡོད་གསུངས་པས་ངས་ཀྱང་ཐའེ་ཡི་ཟས་སྣའི་རྒྱུ་ཆ་ཁ་ཤས་ཤིག་དྲན་བྱུང་བས་དེ་ག་ཙམ་དུ་བྲིས་པ་ཡིན།
    ཁྱེད་ཀྱིས་དགོངས་ན་བོད་པའི་ཟ་མ་ངོ་མ་དེ་ཚོ་གང་དང་གང་ལ་ངོས་འཛིན་དགོས་ཀྱི་འདུག ཕྱི་མི་ཚོའི་ཁྲོད་དུ་བོད་པའི་ཟ་མ་གང་རེད་ཟེར་ནས་འདྲི་མཁན་བརྒྱ་སྟོང་ཞིག་ཡོང་གིན་འདུག་ཀྱང་ངས་ནི་གྲོ་མ་མར་ཁུ་དང་རྕམ་པ་གཉིས་ལས་གང་ཡང་ལབ་ཤེས་ཀྱི་མི་འདུག གལ་སྲིད་བོད་པའི་ཟས་ཁང་ངོ་མ་ཞིག་འཛུགས་དགོས་ན་ཟས་སྣ་གང་འདྲ་ཞིག་བཀོད་སྒྲིག་བྱས་ནས་ལེགས་སམ།

    Reply
  19. sha tak ri sim says:
    ལོ་ 15 སྔོན།

    བསེ་རུ་ལགས། ཉིད་ཀྱིས་གསུངས་པ་དེ་ལྟར་དུ་བདག་གིས་ཀྱང་རང་གི་གང་བྱེད་ཚང་མ་མི་རིགས་ཤིག་དང་འབྲེལ་བ་ཡོད་སྙམ་ནས་ཤུ་རེ་བྱས་པའི་ཁུལ་ཡིན་ལ། ཐ་ན་བུད་མེད་ཡག་མ་ཚོ་ལ་ཁ་བཙོག་ཡང་བཤད་འཕོད་ཀྱི་མེད། གཅིག་བྱས་ན། འཇིག་རྟེན་སྣང་བའི་གྱོང་རྒུད་ཅིག་ཡིན་སྲིད་ལ། འདི་ཁུལ་ནས་གྲོགས་པོ་རེ་ཟུང་གི་འཕྱ་དམོད་ཀྱང་ཉོ་དགོས་བྱུང་གི་འདུག ལྷག་པར་དུ་གྲོགས་པོ་རེ་ཟུང་གིས་ངའི་མིང་ལ་དགེ་སློང་ཟེར་གྱི་ཡོད་པ་རེད།

    Reply
  20. sha tak ri sim says:
    ལོ་ 15 སྔོན།

    ཇིང་སྲས་མིག་གསུམ་པ་ལགས། ང་ནི་མི་ཚེ་ནང་དུ་མ་བྱན་བྱས་དེ་འོང་བ་ཞིག་ཡིན་དུས། རང་གི་ཆེད་ལས་ལྟ་བུ་ཞིག་ཆགས་ནས་ས་ཁུལ་འདི་ནས་མ་བྱན་ཆེན་མོ་ཞིག་གི་གོ་གནས་རེག་པ་དེར་ལོ་གཅིག་གི་རིང་དུ་བྱས་པ་ཡིན།

    Reply
  21. sha tak ri sim says:
    ལོ་ 15 སྔོན།

    འཇིགས་བྲལ་བསྟན་འཛིན་ལགས། ཉིད་ནས་གསུངས་པ་དེ་ལྟར་དུ་ངས་ཀྱང་བསམ་བློ་མི་ཉུང་བ་ཞིག་གཏོང་མྱོང་ཡོད་ལ། གལ་སྲིད་དུས་ཚོད་ཀྱིས་འདང་མིན་སོགས་ལ་དཀའ་ངལ་མ་འཕྲད་པ་ཡིན་ན། ངས་ཁ་ལག་སྐོར་གྱི་དེབ་ཆུང་ཞིག་འབྲི་དགོས་བསམ་ནས་ལོ་ངོ་ཁ་ཤས་ཤིག་ཕྱིན་སོང་། རེད་དེ། བོད་པ་ཚོ་ད་དུང་ཁ་ལག་གི་དེབ་ཀློག་རྒྱུར་སྤྲོ་སྣང་མེད་པ་ཞིག་མཐོང་གི་འདུག་སྟབས། དེ་མུར་ལུས་སོང་བ་རེད། རྗེས་ཕྱོགས་ལྟ་ངེས་ཡིན།

    Reply
  22. samkhar says:
    ལོ་ 15 སྔོན།

    ངས་འདིའི་ནང་ནས་བོད་མི་གཅིག་གིས་བོད་མི་རིགས་ཀྱི་མཚན་སྙན་ཡང་ཅུང་མཐོར་འདེགས་བྱས་ཡོད་པའི་ཚོར་སྣང་བྱུང་། བོད་མི་གཅིག་གི་མི་གཤིས་ལ་དེ་ལྟར་ཚང་མས་དགའ་སྣང་དང་ཡིད་མོས་བྱེད་སྐབས། ཡུལ་དེའི་ནང་བོད་མིར་བག་ཆགས་གང་ཙམ་ཡག་པོ་ཡོད་པའི་རེ་བ་ཡོད། དེང་སྐབས་བོད་མི་རེ་ཟུང་གིས་བོད་མིར་མཚན་ཤས་ཡོང་བའི་ལས་ཀ་བྱས་རིགས་གོ་སྐབས། གོང་འཁོད་གནས་ཚུལ་ཆུང་ཆུང་དེ་རིགས་ནི་བསྟོད་འོས་པའི་ཡུལ་དུ་མི་འགྱུར་ཀ་མེད་རེད།།

    Reply
  23. free sopu says:
    ལོ་ 15 སྔོན།

    མ་མཇལ་ཡུན་རིང་འགོར་སོང་པས། ཁྱོད་རང་ཇ་མ་ཆེན་མོ་འགྱུར་འདུག་ག
    གང་ལྟར་བདེ་མོ་ཡིན་ན་འགྲིག་གི་ཡོད་རེད།

    Reply
  24. jigdal says:
    ལོ་ 15 སྔོན།

    མ་བྱན་ཤ་ཁྲག་རུས་གསུམ་ལགས། ངས་ཁ་ལག་ཡག་པོ་ཁྱོན་ནས་བཟོ་མི་ཤེས་ལ། དྲ་གྲོགས་མང་པོ་ཞིག་གིས་ཤེས་ཡོན་ཡོད་མདོག་གི་ང་རྒྱལ་རང་སྣང་དང་། མ་འོངས་ཤེས་ཡོན་ལ་བརྟེན་ནས་ཁ་ལག་བཟའ་སེམས་པའི་ཧམ་པ་དེས་ཁ་ལག་བཟོ་ཤེས་ཀྱི་མེད་པ་འདྲ། དེར་བརྟེན་ཟིན་བྲིས་སུ་ང་ཚོ་ལ་ཁ་ལག་བཟོ་སྟངས་སྐོར་ལ་སློབ་ཁྲིད་རེ་བྱས་ན་གང་འདྲ་འདུག
    དེ་བཞིན་དྲ་གྲོགས་གཅན་བཟོད་རྒྱམ་སོགས་མ་བྱན་ལ་འགྲོ་འདོད་མཁན་ཚོར་དམིགས་བསལ་ཁ་ལག་བཟོ་ཐབས་སྐོར་རོགས་རམ་རེ་བྱས་ན་གང་འདྲ་འདུག

    གྲོགས་པོ། དངོས་གནས་ཡིན། ཁྱེད་ཀྱི་ཟིན་བྲིས་འདིས་ང་གྲོད་ཁོག་ལྟོགས་བཅུག་བྱུང་ལ། ཁྱོད་ཀྱི་ལག་ཟས་ཟ་མྱོང་བ་དེ་ཚོ་མིག་ལམ་དུ་ཤར་བྱུང་ལ། ཁྱོད་ཀྱི་ལག་ཟས་དེ་ཚོ་ཟ་བཞིན་ཁ་རྒྱག་ལུང་པ་གང་བཤད་པ་དེ་སེམས་ལ་དྲན་ཡོང་།
    ཕྱིན་ཟིན་པའི་མི་ཚེ་དེ་སྤྲོ་སྣང་གི་ངང་ནས་ཕྱིར་དྲན་བྱེད་འདོད་ཡོད་པ་ཞིག་རེད་འདུག་ཡཱ།

    ཟིན་བྲིས་འོག་མ་ན་བསམ་ཚུལ་འགའ་བྲིས་ཡོད། དེར་ལྟོས་ལོ།

    Reply
  25. sha tak ri sim says:
    ལོ་ 15 སྔོན།

    བསྟན་འཛིན་ཤེས་རབ་ལགས། ཁ་གཡང་བརྗོད་པ་དེར་བཀའ་དྲིན་ཆེ། རྗེས་ཕྱོགས་ད་ཟ་མ་ཞིམ་པོ་རེ་བཟོ་དགོས་ན་ང་སྐད་གཏོང་རོགས། ཡིན་ཡང་། གླ་ཆ་ཆུང་ཆུང་ཡིན་ནི་མ་རེད། ཧཧཧཧཧ

    Reply
  26. ttensher says:
    ལོ་ 15 སྔོན།

    སྔོན་ནས་མི་བཤད་ར་ཅི་བྱེད་རྒྱུ།

    Reply
  27. ttensher says:
    ལོ་ 15 སྔོན།

    ཨ་ཨ་ཨ་་་་ དེ་རིང་བར་དུ་མ་ཤེས་ཐལ། ཁྱོས་ཟས་ཞིམ་པོ་གཡོ་སྐོལ་བྱེད་ཀྱིན་པ། སྔོན་ནས་བཤད་ར་ཅི་བྱེད་རྒྱུ། ཟ་འདོད་ཀྱི་མཆི་མས་མུད་པ་འགག་གྲབས་བྱེད་ཀྱིས།
    ཡ་་་་ ད་གར་སོང་གར་སྡོད་ས་ནས་བཀྲ་ཤིས་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ།

    Reply
  28. sha tak ri sim says:
    ལོ་ 15 སྔོན།

    གངས་རིའི་གླིང་བུ་ལགས། དེ་རིང་ནས་བཟུང་སླར་ཡང་མཉམ་ཟ་མཉམ་འཐུང་བྱེད་རྒྱུར་གྲ་སྒྲིག་བྱས་པ་དེར་དགའ་ཡོད། བལྟས་ནས་འདུག རེ་བ་ཡོད།

    Reply
  29. sha tak ri sim says:
    ལོ་ 15 སྔོན།

    སྨྱུག་རྒོད་ལགས། སྐུ་ཉིད་ནས་རྒྱབ་སྐྱོར་བྱས་པ་དེར་བཀའ་དྲིན་ཆེ། ང་ཚོས་རང་ཉིད་ནས་འགོ་འཛུགས་དགོས་ཟེར་ནས་རྟག་དུ་གླེང་བཞིན་པ་ལྟར། བདག་གིས་ཀྱང་དེ་ཁུལ་བྱེད་ཀྱི་ཡོད་པས་ཁུལ་གྱི་འབད་བརྩོན་བྱེད་ཀྱི་ཡོད་པ་ལྟར། སྤུན་ཟླ་གཞན་དག་གིས་ཀྱང་དེ་ལྟར་གནང་བར་རེ་སྐུལ་ཡོད།

    Reply
  30. ajamyang says:
    ལོ་ 15 སྔོན།

    དྲ་གྲོགས་རྒན་རབས་པ་ལགས།དུས་ཚོད་ཀྱི་དབང་གིས་ཡུན་རིང་ཞིག་ལ་དྲ་ཐོག་ཡོང་མ་ཐུབ་པས་དྲ་གྲོགས་ཁྱེ་ཚོ་དྲན་ནི་ཞིག་རེད།དེ་རིང་བཟུང་ཁྱེད་ཚོ་དང་མཉམ་མཉམ་ཟ་མཉམ་མཐུང་བྱེད་གི་ཡིན

    Reply
  31. ttshamba says:
    ལོ་ 15 སྔོན།

    བོད་ཤ་ཕྲག་ལགས།
    ཁྱེད་ཀྱི་ཉིན་ཐོ་འདི་དངོས་ནས་ཀློག་སྤྲོ་བོ་བྱུང་སོང་།
    བརྗོད་བྱ་ཁྱབ་ཆེ་ཆུང་དང་གླེང་རིན་ཡོད་མེད་སོགས་ལ་མ་ལྟོས་པར་འདི་ལྟར་ནམ་རྒྱུན་འཆོ༹་བའི་ཁྲོད་ཀྱི་བྱ་དངོས་ཡོད་ཆ༹ད་ཡིག་ཐོག་ཏུ་ཕེབས་ཐུབ་ན་ཧ་ཅང་བཟང་གི ངས་ཡང་འདིར་ཁྱེད་ཀྱི་ལས་གྲོགས་ཆོ༹་ནང་བཞིན་ཁྱེད་ནང་མི་ཡོངས་ཀྱི་བསམ་དོན་ལྷུན་གྱི་འགྲུབ་ཅིང་འཆོ༹་བ་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ།

    Reply
  32. sha tak ri sim says:
    ལོ་ 15 སྔོན།

    གསེར་ཞུན་ལགས། ཡོང་གི་བསྡོད། དགའ་བསུ་ཡོད།

    Reply
  33. sha tak ri sim says:
    ལོ་ 15 སྔོན།

    ནགས་ཕྲན་པ་བསོད་ནམས་ཚེ་རིང་ལགས། དེ་འདྲའི་གདེང་འཇོག་གནང་བ་དེར་བཀའ་དྲིན་ཆེ་ལགས། ལུས་ཕྱི་རྒྱལ་དུ་ཡོད་ཀྱང་། སེམས་བོད་དུ་ཡོད་དུས། བོད་ཡིག་གི་དྲ་ཚིགས་དག་ནི་རང་གི་ཕ་ཡུལ་ལ་སྲུ་ཞུ་བྱེད་མཁན་ཁྱེད་ཅག་དང་འགྲོག་ནས་ཤུ་རེ་བྱེད་ཀྱི་ཡོད་ཀྱང་། དངོས་ནས་ཡར་ཐོན་ཟེར་བ་ཞིག་མེད་ཀི་ཡ་་

    Reply
  34. doshin says:
    ལོ་ 15 སྔོན།

    དྲ་གྲོགས་ལགས་ཁམས་བདེ་རྗེས་མ་ཡོང་གི་ཡིན།

    Reply
  35. tseringg says:
    ལོ་ 15 སྔོན།

    སྤུན་ཟླ་ལགས།
    ཁྱེད་ཀྱི་ཟིན་བྲིས་མང་བའི་རྩེ་ཕུད་ཡིན་པ་དང་། བསམ་ཚུལ་མགྱོག་ཤོས་རེད། ངོ་མ། ཕྱི་རྒྱལ་ལུང་པར་ཡོད་ཀྱང་འདི་འདྲའི་བོད་པའི་ཟིན་བྲིས་དང་གནས་ཚུལ་ལ་དོ་སྣང་བྱེད་ཀྱིན་ཡོད་པར་བསྔགས་བརྗོད་ཡོད། བུ་རྒོད་པོ། ཁྱེད་ཁ་དྲོ།

    Reply
  36. sha tak ri sim says:
    ལོ་ 15 སྔོན།

    གཅན་བཟོད་རྒྱམ་ལགས། ས་ཁུལ་འདི་ནས་ཉི་ཤུ་སུམ་བཅུ་ཞིག་གི་མི་ཡོང་གི ཉུང་མཐར་བཞི་བཅུ་ལྔ་བཅུ་ཞིག་ཤར་ཕྱོགས་པའི་ཁ་ལག་བཟོ་ཤེས་པ་ཡིན་ན། ད་དངོས་ནས་གླ་ཆ་མི་ཆུང་གི་ཡ་་་

    Reply
  37. chentsasopa says:
    ལོ་ 15 སྔོན།

    ཨ་རོགས། ས་དེ་ཚོ་ནས་ཇ་མ་དགོས་ན་ངས་ར་ཟ་མ་སྣ་ཁ་ཉི་ཞུ་སུམ་ཅུ་རེ་བཟོ་ཤེས་གི་ཡོད་ཡ། སེམས་ལ་འཛིན་རོགས་གནོངས།

    Reply
  38. sha tak ri sim says:
    ལོ་ 15 སྔོན།

    བྲག་འགོ་དཀོན་མཆོག་དར་རྒྱས་ལགས། བོད་མི་མི་ཉུང་བ་ཞིག་གིས་ཕྱི་རྒྱལ་དུ་འགྲོ་རྒྱུར་རྨི་ལམ་གཏོང་བཞིན་ཡོད་པ་དེ་ཡི་གནད་འགག་དངོས་ནས་གླེང་རན་ཡིན་ཡང་། ད་རེབ་དུས་ཚོད་ཀྱང་བྲེལ་བ་ཆེ་བས་སྒང་ཡིན་སྟབས། བཞག་པ་ཡིན། རྗེས་སོར་དེ་ཡི་དགེ་སྐྱོན་སྐོར་ནས་གླེང་ངེས་ཡིན། དེ་དུས་བསམ་ཚུལ་གླེང་དུ་ཤོག

    Reply
  39. sha tak ri sim says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། བེ་ཏའི་ཁུ་བ་དང་ལེ་མན་དམ་སུལ་སྐྱུར། བྲོ་རྫས་ཁ་ཚའི་རིགས་ཡར་བསྲེས་མར་བསྲེས་ཟེར་སྲོལ་ཉན་དུས། སྐུ་ཉིད་ཀྱང་མ་བྱན་ཞིག་ཡིན་ནི་མིན་ན། དེ་མིན་ན་མ་བྱན་བྱས་མྱོང་མཁན་ཞིག་ཡིན་ནི་མིན་ན། གང་ལྟར། ཟ་མ་བཟོ་སྟངས་ལ་རྒྱུས་མངའ་ཡོད་པ་ཞིག་རེད་འདུག

    Reply
  40. sha tak ri sim says:
    ལོ་ 15 སྔོན།

    རྨེ་རུ་ལགས། ཁ་གཡང་དེ་བརྗོད་པ་བཀའ་དྲིན་ཆེ་ལགས།

    Reply
  41. Dre Sha Zen says:
    ལོ་ 15 སྔོན།

    ་་་་ནོར་འདུག་་་་་་རྨི་གཞིག་་་་་བསམ་གཞིག་་་

    Reply
  42. Dre Sha Zen says:
    ལོ་ 15 སྔོན།

    ༜༾࿋ བོད་།༛࿊ཤ་ཁྲག་རུས་གསུམ་ལགས་ནས་རང་གི་འཚོ་བའི་སྐོར་གླེང་འ༷དུག
    ཕྱི་རྒྱལ་འགྲོ་མ་ཉན་ཡ་མ་བསམ་ཨ།
    འདི་ན་ད་དུང་བོད་པ་མི་ཉུང་བ་ཞིག་ཉིན་མཚན་བར་གསུམ་དུ་རྨི་གཞིག་དང་རྨི་ལམ་གྲངས་མང་སྒྲིག་ནས་།
    སྡད་ཡོད་རེད་ད་ལོ།

    Reply
  43. Pobpathaye says:
    ལོ་ 15 སྔོན།

    coconut milk དང་ lemon grass དང་curry powderདེ་ཚོ་ཡར་བསྲེ་མར་བསྲེ་བྱས་བསྡད་ན་ད་ཞིམ་པོ་འདུག

    Reply
  44. mheru says:
    ལོ་ 15 སྔོན།

    ཤ་ཁྲག་ལགས། བཀླགས་ཟིན་པ་ཡིན་སྐུ་ཉིད་ལས་གནས་བརྗེད་གྱུར་གནང་བར་
    བྱ་བ་ལམ་འགྲོ་ཡོང་བ་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese