མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཚབ་ལས་ལྷག་པའི་བརྒྱུད་ལམ་ཕྱེ་ཤིག རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༧༣ པའི་སྟེང་གི་རྩོམ་སྒྲིག་པའི་གཏམ།

ད་བར་གྱི་མི་ལོ་དགུའི་རིང་པེ་ཅིན་དང་ངྷ་ས་གཉིས་ཀྱིས་གནད་དོན་ཅི་ཙམ་གྱི་སྟེང་གོ་བསྡུར་ག་ཚོད་བྱས་རུང་མདོར་བསྡུས་ན་ཕན་ཚུན་བར་ཡིད་ཆེས་མ་རྙེད་པ་དེས་ཕམ་ཞིང་། ད་ནི་ཡིད་ཆེས་བསྐྲུན་སྟངས་ཤིག་ཡོད་མེད་ཀྱང་བཤད་ཚོད་ཐིག་གི་མེད།

ཕྱོགས་གཉིས་ཀས་འཁང་ར་འདོན་སྐབས་ཅིག་ཤོས་ཀྱི་བཤད་སྟངས་དང་སྒྲུབ་སྟངས་བར་ན་འགལ་བ་སྟོང་ཕྲག་རེ་ཡོད་པར་བཤད་ཅིང་། ནམ་ཡང་ཡིད་ཆེས་བློ་གཏོད་མེད་ལུགས་བགྲངས། དེ་བས་ཕྱོགས་གཉིས་ཀས་ཁ་བཤད་ཀྱི་ལམ་ནས་ཕན་ཚུན་གྱི་ཡིད་ཆེས་འཚོལ་རྒྱུ་བཞག་སྟེ་ལག་ལེན་གྱི་ཐོག་ནས་ཕན་ཚུན་ལ་གོ་སྐབས་བསྐྲུན་རེས་བྱེད་དགོས་ཀྱི་འདུག

ང་ཚོའི་ངོས་ནས་བཤད་ན། གོ་སྐབས་འདི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་སྤྲོད་རེས་བྱས་ན་འགྲིག ཐོག་མ་དེར། ཆོལ་གསུམ་གཅིག་གྱུར་གྱི་ཚད་མཐོའི་རང་སྐྱོང་གི་གནས་བབ་དང་༧གོང་ས་མཆོག་རྒྱ་ནག་རི་བོ་རྩེ་ལྔར་ཕེབས་རྒྱུའི་དགོངས་ཚུལ་དེ་དག་སྐྱུར་ཏེ། པེ་ཅིན་དང་ངྷ་ས་གཉིས་ཐུན་མོང་གིས་གཉེར་བའི་ཏཱ་ལའི་བླ་མའི་དྲ་ཚིགས་ཤིག་གམ། ཡང་ན། དེ་མིན་གྱི་བརྒྱུད་ལམ་ཞིག་གང་མྱུར་བོད་ས་ཁུལ་གཙོས་རྒྱ་ནག་རྒྱལ་ཡོངས་ལ་སྒོ་ཕྱེ་དགོས་པར་འདུག དྲ་ཚིགས་དེ་བརྒྱུད་ནས་༧གོང་ས་མཆོག་གིས་ཁོང་གི་ལྷག་བསམ་ལ་རྨ་མེད་པའི་དབུ་མའི་ལམ་གྱི་དགོངས་གཞིའི་སྟེང་ནས་བོད་རྒྱ་གཉིས་མཉམ་གནས་ཡོང་ཐབས་དང་། བོད་རིགས་མི་དམངས་ཀྱིས་ཁ་བྲལ་དང་དྲག་པོའི་ལས་འགུལ་མི་སྤེལ་བར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་འགལ་བའི་ཐོག་ནས་བོད་རང་གི་རིག་གཞུང་དང་ཁོར་ཡུག་སྲུང་སྐྱོབ་གནང་ཕྱོགས་སྐོར་ལ་བཀའ་སློབ་དང་ལམ་སྟོན་གནང་དགོས་པར་འདོད། ད་དུང་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་འཆམ་མཐུན་སྤྱི་ཚོགས་ཀྱི་དགོངས་དོན་ཁག་ཀྱང་དྲ་ཚིགས་འདི་བརྒྱུད་དེ་སྤེལ་ཆོག

གོ་སྐབས་འདི་ནི་ད་གཟོད་ཡིད་ཆེས་ཀྱི་ཁོར་ཡུག་བསྐྲུན་ས་ལེགས་ཤོས་དེ་ཡིན་ལ། ཕྱོགས་གང་ཡིན་རུང་ཁ་བཤད་དང་ལག་ལེན་བར་དུ་འགལ་བ་ཡོད་མེད་ཀྱི་དོགས་པ་རྣམ་རྟོག་སེལ་སའང་བརྒྱུད་ལམ་འདི་ཡིན། པེ་ཅིན་ལ་འདི་ལྟའི་གདེང་ཚོད་ཅིག་ཡོད་དམ།

ད་དུང་འཐབ་ཕྱོགས་གཅིག་གྱུར་ཁང་དང་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཚོས་ཕན་ཚུན་ལ་གོ་བརྡ་འཕྲོད་ཀྱི་ཡོད་མེད་ལ་དོགས་པ་ཟ་མཁན་ཡང་ཡོད་སྟབས། ༧གོང་ས་མཆོག་སྐུ་དངོས་ཀྱིས་དྲ་ཐོག་གམ་བརྒྱུད་ལམ་གཞན་ནས་རྒྱ་རིགས་དང་བོད་རིགས་མི་དམངས་ཀྱིས་གཙོས་པའི་ཀྲུང་གོའི་མི་རིགས་ཚང་མར་བཀའ་སློབ་ལམ་སྟོན་གནང་སྟེ། ཧུའུ་ཅིན་ཐའོ་ཡི་འཆམ་མཐུན་གྱི་སྤྱི་ཚོགས་འཛུགས་སྐྲུན་གནང་ཕྱོགས་ལ་ཕྱག་ལས་གནང་རྒྱུ་ནི་ཐབས་ལེགས་ཤོས་དེ་ཡིན་ངེས།

ད་ལྟའི་ཆར་༧གོང་ས་མཆོག་གི་སྐུ་ཚབ་ཚོ་ནི་པེ་ཅིན་དང་ངྷ་སའི་བར་གྱི་བརྒྱུད་ལམ་དེ་ཆགས་ཡོད་མོད། ད་བར་གྱི་ཉམས་མྱོང་ལ་བལྟས་ན་བརྒྱུད་ལམ་འདིའི་གྲུབ་འབྲས་ཇེ་ཆུང་དུ་གྱུར་ཡོད། དེ་བས་སྐུ་ཚབ་ལས་ལྷག་པའི་བརྒྱུད་ལམ་གཞན་དེ་ཕྱེ་ན་ལེགས་པར་འདོད་དོ།།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

༢༠༢༦/༠༩/༠༤
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 23

  1. ལུང་རྟོགས། says:
    ལོ་ 17 སྔོན།

    ཆབ་སྲིད་ཀྱི་དགོས་མཁོའི་དབང་གི་འཕྲེད་འཛིན་བྱས་པ་ལས། རྒྱ་ནག་གཞུང་ནས་༸གོང་ས་མཆོག་གི་དགོང་གཞི་མ་རྟོག་པ་ག་ལ་ཡིན། དེས་ན་རྒྱུད་ལམ་དེ་འདྲ་ཞིག་ཕྱེས་ན་དེ་ནི་རྒྱ་ནག་མི་མང་ནས་༸གོང་ས་མཆོག་གི་དགོང་པར་རྒྱུས་ལོན་བྱེད་ས་ཞིག་ཡིན་དགོས་ལ། རྒྱ་ནག་གཞུང་ལ་འདི་འདྲའི་མདོད་པ་ཞིག་མེད་ངེས་རེད། གང་ལག་ཞེ་ན། རྒྱ་ནག་གཞུང་ནས་རྟག་ཏུ་༸གོང་ས་མཆོག་གི་དགོང་པར་འབྲེལ་བཤད་ལོག་པ་བརྒྱབ་ཏེ་མི་མང་ལ་མགོ་བསྐོར་གཏོང་གི་ཡོད་པ་མིན་ནམ།

    Reply
  2. བློ་གྲོས་རྒྱལ་པོ། says:
    ལོ་ 17 སྔོན།

    ༡ ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས། ༢༠༠༢ནས་ད་ལྟ་ཚུན་ལ་གནས་སྟངས་ལ་འགྲེལ་བཤད་དང་ཡིག་ཆ་ལ་རྒྱས་འགྲེལ་བྱས་ནས་བསྡད་འདུག ད་དུས་ཚོད་དེ་རྫོགས་འདུག
    ༢ ད་ཡོད་ཀྱི་བརྒྱུད་ལམ་འདིའི་སྟེང་ན། ང་ཚོའི་གཞུང་གི་ངོས་ནས། ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟེར་བ་དང་རྒྱ་ནག་གཞུང་གི་ངོས་ནས་ཏཱ་ལའི་བླ་མའི་སྐུ་ཚབ་ཟེར་བ་འདིའི་སྒང་ན་བསྡད་འདུག རིམ་པ་འདི་ལས་གོང་དུ་འཕགས་པའི་ལམ་ཁ་འགག་ནས་ཡོད།
    ༣ ད་ཡོད་ཀྱི་བརྒྱུད་ལམ་འདི་ལ་བརྟེན་ནས་བྱེད་དགོས་བའི་ལས་ཀ་དེ་ཕལ་ཆེར་བྱས་ཚར་འདུག དེ་ནི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རྒྱ་ནག་གཞུང་གི་མདུན་ལ་འཇོག་རྒྱུ་དེ་རེད། དེ་བཞག་པས་མ་ཚད་དེའི་འགྲེལ་བཤད་རྒྱས་པ་དེ་ཡང་སྤྲད་ཚར་ཡོད། བརྒྱུད་ལམ་འདི་ལ་དེ་ལས་ལྷག་པའི་ལས་ཀ་བྱེད་རྒྱུ་མེད།
    གོང་བཀོད་རྒྱུ་མཚན་གནས་བསྡུས་འདི་ཚོར་བརྟེན། བརྒྱུད་ལམ་ལ་འགྱུར་བ་གཏོང་དགོས་རེད་ལབ་ཀྱི་ཡོད།
    དེ་ནས་སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ཟེར་བའི་བསམ་ཚུལ་དེ་ཡིན།
    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་རེད་ཟེར་དོན་ནི་། སྐུ་ཚབ་ཀྱི་དགུང་ལོའི་བབ་དང་དུས་ཡུན་གྱི་གཉིས་ཀྱི་ཆ་ནས་ཡིན། དགུང་ལོ་བགྲེས་བ་དང་དུས་ཡུན་རིང་བའི་ཆ་ནས་ཡིན།
    གལ་སྲིད་ད་ཡོད་ཀྱི་སྐུ་ཚབ་མུ་མཐུད་དུ་བཞུགས་པ་ཡིན་ན་ཡང་། དམིགས་བསལ་ཡིན་པ་དེར་དམིགས་བསལ་གྱི་ཕྱག་ལས་གནང་རྒྱུ་ལྷག་མེད་འདོད།
    སྐུ་ཚབ་ལ་འགྱུར་བ་གཏོང་དགོས་བའི་ཐད་ཀྱི་བསམ་ཚུལ་ཞིག་འདི་རུ་ཡང་འདུག ཞོར་འཕྲོས་ཅུང་ཙམ་གླེང་ན། ད་ཡོད་ཀྱི་སྐུ་ཚབ་འདིས། ཕར་ཕྱོགས་ལ་ཕྱིན་ནས་ཁས་ལེན་འདྲ་བྱས། ཚུར་ཕྱོགས་ལ་སླེབས་ནས་ལག་ལེན་མ་བསྟར་བའི་གནད་དོན་ཁ་ཤས་ལ། སྔོན་མར་སྐྱོན་བརྗོད་ཡི་གེ་སླེབས་པའི་གནས་སྟངས་ཡང་འཕྲད་མྱོང་ཡོད། འོན་ཀྱང་། དེ་ཚོ་ང་ཚོའི་གཞུང་གི་ཕྱི་གསལ་ནང་གསལ་ཟེར་བའི་སྲིད་ཇུས་དེའི་རྒྱབ་ཀྱི་སྐད་ཆ་རེད།
    འབྲེལ་མོལ་མཐུད་རྒྱག་སྟངས་ལ་འགྱུར་བ་གཏོང་དགོས་རེད་ཟེར་དོན་ནི། ད་ལྟའི་འབྲེལ་མོལ་གྱི་མཐུད་རྒྱག་སྟངས་ནི། ཡིག་ཆ་འགའ་མཐུད་རྒྱག་པ་དང་ཡིག་ཆ་དེ་ཡང་གྲོས་མོལ་དངོས་ཀྱི་རྨང་གཞི་མེད་པའི་ཐོག་ནས་མཐུད་རྒྱག་བཞིན་ཡོད་ལ། མཐུད་དེ་ཡང་མཐུད་ཀྱི་སྣེ་མོ་འཇུ་ས་མེད་ས་ཞིག་ལ་རྒྱག་གིན་ཡོད།
    གང་ལྟར། མདོར་ན། འབྲེལ་མོལ་གྱི་བརྒྱུད་རིམ་ལ་འགྱུར་བ་ཕྱིན་ན། སྐུ་ཚབ་དང་འབྲེལ་མོལ་གྱི་མཐུད་རྒྱག་སྟངས་གཉིས་ལ་ཡང་འགྱུར་བ་འགྲོ་གི་རེད།
    བསམ་ཚུལ་འདིར་རྒྱབ་སྐྱོར་ཡོད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    འབྲེལ་མོལ་ཐེངས་དགུ་བའི་སྐོར་ལ་ངས་མགོ་ཚོད་ལ་མ་ཚོད་ཅིག་སློབ་སྦྱོང་བྱས་པ་ལྟར་ན།

    བོད་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་བའི་སྟེང་གཏན་འབེབས་བྱས་པའི་བོད་ཀྱི་སྲིད་བྱུས་དང་། བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ལ་ཕུལ་བའི་རང་སྐྱོང་སྐོར་གྱི་ཡིག་ཆ་གཉིས་རྩ་བའི་ཆ་ནས་ཐོ་ཐུག་སོང་ཟེར་བ་འདི་ད་རེབ་ཀྱི་བརྗོད་དོན་གཙོ་བོ་དེ་ཆགས་འདུག

    སྲིད་བྱུས་འདི་ཡང་དག་པར་ལག་ལེན་དུ་བསྟར་བ་ཡིན་ན་ད་ནི་དེ་ལས་ལྷག་གི་རེ་བ་ཞིག་ང་ཚོར་ཡང་མེད། ལག་བསྟར་བྱ་མིན་ལ་ང་ཚོས་ལྟ་གི་ཡིན་ཅེས་པ་འདི་ཐེངས་འདིའི་གྲོས་མོལ་གྱི་སྡོམ་འདྲ་བོ་ཆགས་འདུག

    Reply
  4. གནམ་ལྕགས། says:
    ལོ་ 17 སྔོན།

    ད་ང་ཚོ་བྱེད་རྒྱུ་གཅིག་ལྷག་ཡོད་པ་ནི། བཙན་བྱོལ་གཞུང་ལྟེབས་ནས་དུས་གཅིག་ལ་དགྱ་ནག་གི་ཕྱི་སྡོད་བོད་མིའི་མིང་ཐོག་ནས་ཆ་རྐྱེན་གང་ཡང་འདོན་རྒྱུ་མེད་པར་ཕར་ལོག་རྒྱུ་དེ་རེད།

    དགྱ་ནག་གི་ཕྱོགས་ནས་དེ་གཅིག་བུ་མ་གཏོགས་གཞན་གང་ལའང་སྐད་ཆ་བཤང་ཀྱིན་མི་འདུག

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    རྒྱ་གཞུང་ནི་རྡོ་ལྟ་བུ་རེད་ཅེས་བཤད་ན་འདོད་རུང་རྡོ་ལ་ཨི་ཁུང་བུག་ཐུབ་ཀྱིན་ཡོད། རྡོ་ལས་ཀྱང་མཁྲེགས་བའི་རྒྱ་གཞུང་ལ་དྲང་བདེན་དང་ཞི་བདེའི་གྲོས་མོལ་བྱེད་ས་མེད་ཅིང་། ཞི་མོལ་གྱི་ཐབས་ལམ་དང་དྲང་བདེན་གྱི་ཁ་ཕྱོགས་འཚོལ་བ་ནི་རྫུན་མ་རྫུན་རྐྱང་ལྟ་བུ་རེད། ད་ནི་ང་ཚོས་རྡོ་ཆེན་འདི་གཏོར་བར་ལྕགས་ཀྱི་ཐོ་བ་ཆུང་ཆུང་རེ་འཚོལ་སྒྲུག་བྱེད་པར་འགྲོ་དགོས་ཀྱིན་འདུག ད་ནས་བཟུང་ང་ཚོས་རང་ཐག་རང་གིས་ཆོད་ནས་བོིད་མི་སུ་འདྲ་ཞིག་དྲག་པོའི་ལམ་དུ་ཆས་འགྲོ་མཁན་ཡོད་དོ་ཅོག་རྣམས་གསང་བའི་སྒྲིག་འཛུགས་ཤིག་གི་འོག་ནས་ཕན་ཚུན་རྒྱུས་ལོན་གྲོས་བསྡུར་གྱིས་རྒྱ་ནག་གི་ས་ཁུལ་གང་ས་གང་དུའང་འ་ཆད་འུ་ཐུག་པའི་དྲག་པོའི་གཏོར་རྒོལ་གཏོང་དགོས་པའི་དུས་ལ་བབ་ཡོད། སྐྱེས་བའི་ཐ་མ་འཆི་རྒྱུ་ནི་ཆོས་ཉིད་ཙམ་དུ་མ་ཟད་མི་མཐོང་ལག་ཟིན་གྱི་ནང་ཆོས་དང་ཚན་རིག་གི་ལྟ་གྲུབ་ཐུན་མོང་བ་ཞིག་ཡིན་པ་རེད། ད་ནི་ང་ཚོས་དྲག་པོའི་ལྷ་དང་གདོན། བཙན། འདྲེ་མོ་ སྲུང་མ་གསོན་པོ་འཁྲབ་དགོས་པའི་དུས་ལ་བབ་ཡོད་པ་མཁྱེན་པར་གྱིས། ཉི་མ་དེ་རིང་ནས་བཟུང་ང་ནི་དྲག་པོའི་ལམ་དུ་ཆས་ཤིང་འགྲོ་མྱོང་བའི་མི་རྒན་རེ་གཉིས་སར་དྲག་པོའི་བཀའ་སློབ་ཞུ་ས་འགྲོ་ཐག་ཆོད་ཡིན།

    Reply
  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ངེད་ཀྱིས་འདི་འདྲ་བསམ། གནད་འགག་ཐུག་ས་ནི། རྒྱ་ནག་གཞུང་གི་ངོས་ནས་བོད་མིའི་མངོན་འདོད་དང་འཚམས་པའི་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཀྱི་ཐབས་ལམ་ཞིག་རྙེད་ཀྱི་མེད་པ་དེ་རེད། ཡིད་ཆེས་ཡོད་མེད་ཟེར་བ་དེ། ཡིག་ཆའི་སྒང་ནས་ཐག་གཅོད་དགོས་བའི་སྐད་ཆ་ཞིག་རེད་འདོད།

    Reply
  7. གནས་ཚང་། says:
    ལོ་ 17 སྔོན།

    རྒྱ་རི་ཕྱི་ལོ ༢༠༠༢ལོ་ནས་ཕྱི་ལོ ༢༠༡༠ལོར་སྐུ་ཚབ་གནང་བའི་འབྲས་བུ་བོད་དོན་ཏཱ་ལའི་ཅན་ནས་ཏཱ་ལའི་སྒེར་དོན་ཅན་ལ་བསྐུལ་འདེད་གནང་ཡོད་པས། བྱས་རྗེས་ཟེར་ན་འདི་འདྲ་དགོས། སྐུ་ཚབ་ཟེར་ན་འདི་འདྲ་དགོས། བོད་དོན་ཚར་རག་བར་དུ་སྐུ་ཚབ་གནང་བར་ཤོག བོད་པ་འཇིག་རག་བར་དུ་སྐུ་ཚབ་གནང་བར་ཤོག

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    བདེན་གི་ཡིད་ཆེས་མེད་པས་རེད། ཁ་སང་གི་ཟིན་བྲིས་དེ་རིག་ནས་འདིའི་ཕྱོགས་སུ་རེ་བ་མེད་པ་ཧ་གོ་སོང་། ཡིད་ཆེས་ཡ་ཡིད་ཆེས། ཁྱོད་ཇི་ལྟར་བྱས་ནས་ཡོང་གི་རེད། བོད་རྒྱ་དབར་དུ་གང་བྱས་ནས་སླེབས་ཀི་རེད། ལུང་རིགས་ལགས་ཀྱིས་འདི་འདྲའི་སྡོམ་ཚིག་ཅིག་བྲིས་པ་དགའ་ཡོད།

    Reply
  9. ཁ་བ་ནག་པོ། says:
    ལོ་ 17 སྔོན།

    ལུང་རིགས་ལགས། ཟིན་བྲིས་ནང་གི་རྩོམ་ཡིག་དག་གི་གཤམ་དུ་ཡང་རྩོམ་ཡིག་དེ་ཀློག་གྲངས་ཀྱི་ཨང་ཀི་དེ་དག་འཆར་ཐུབ་པ་ཞིག་བཟོ་རོགས་གནོངས། སྐུ་མཁྱེན།

    Reply
  10. འཇམ་དབྱངས says:
    ལོ་ 17 སྔོན།

    ལུང་རིགས་ལགས། འདི་འདྲའི་ཐབས་ལམ་འཚོལ་པར་བཀའ་དྲིན་ཆེ། རྒྱུ་མཚན་ལྡན་གི་འོན་ཀྱང་རྒྱ་རྒན་ཚང་ལ་དེའི་བློ་ཁོགས་ཡོད་མ་རེད།གང་ཡིན་ཟེར་ན་ཁོང་ཚོ་་ལ་གཡོ་སྒྱུ་དང་ཧམ་བཤད་བྱེད་རྒྱ་ལས་དྲངས་བདེན་དང་དངོས་ཡོད་ཀྱི་དྲ་རྒྱ་ཞིག་མཉམ་འབྲེལ་བྱེད་རྒྱུ་མ་རེད་འདོད། ད་སྐབས་བོད་ནང་ཁུལ་ན་དངོས་ཡོད་ཀྱི་གསར་འགྱུར་ {BBC ] CNN] ལྟ་བུ་ཡང་ལྟ་ཀློག་བྱེད་ཐུབ་གི་མེད་པ་དངོས་ཡོད་རེད་ དྲ་གྲོགས་ཚོ་་ད་དུང་ཐབས་ལམ་གང་ཞིག་འདུག་བསམ་གཞིགས་རེ་གནོང་དང།་བཀའ་དྲིན་ཆེ།།

    Reply
  11. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    སྔར་མོ་ཡིན་ན་བོད་ཀྱི་གཞོན་ནུ་ཚོགས་པ་དེ་ལ་ཡིད་ཆེས་ཆེན་པོ་ཡོད་ལ་རེ་བ་ཡང་དེ་ལྟར་ཡོད།ད་ལྟ་ཁོང་ཚོ་ཡང་འཚེར་མེད་ཞི་བའི་ལམ་དུ་སོང་བ་དང་།ཆུ་བཞི་སྒང་དྲུག་དམག་སྒར་ཞེས་སྐད་གྲགས་ཅན་དེ་ཡང་ད་ལྟ་ཉམས་པ་དང་ཨ་འབྲུག་ཚང་གི་དམག་གི་གོང་ས་དེ་ལ་དགེ་སློང་ཞིག་སླེབས་པར་མ་ཟད་ད་དུང་མིང་དེ་མདོ་སྟོད་གཅིག་བུ་ལ་གོ་རྒྱུ་བྱས་པ་སོགས་ཀྱི་བློ་ཕབ་ཆེན།ད་གང་དྲགས།

    Reply
  12. ཧོར་བུ་ཡེ་ཤེས says:
    ལོ་ 17 སྔོན།

    རྒྱ་ནག་གཞུངས་འཛིན་པ་ཚོ་ལ་དེ་ལྟ་བྱ་བའི་སྙིང་སྟོབས་ནམ་ཡང་ཡོང་མི་སྲིད།གང་ཡིན་ཟེར་ན་ཁོང་ཚོ་ལ་དྲང་བདེན་མེད་དོ།

    Reply
  13. རྨ་དུག་ལྕེ། says:
    ལོ་ 17 སྔོན།

    སྐུ་ཞབས་ལུང་རིག་ལགས་ཀྱིས་གསེར་ལས་ལྷག་པའི་བསམ་ཚུལ་བཏོན་པར་དགའ་གུས་ཡི་རངས་ཞུ། བོད་རྒྱའི་འབྲེལ་མོལ་སྐོར་ལ་ངའི་ཀྱང་བསམ་བློ་མང་པོ་གཏོང་མྱོང་། འོན་ཀྱང་ཐབས་ལམ་འདི་འདྲ་ཞིག་གཏན་ནས་དྲན་ཐུབ་མ་སོང་། གཅིག་བྱས་ན་སྐུ་ཉིད་ནས་བཙལ་བྱོལ་བོད་གཞུང་ལ་ཐབས་ལམ་གསར་བ་ཞིག་བསྟན་འདུག ངའི་རེ་བར་སྐུ་ཉིད་ནས་མུ་མཐུད་ནས་འདིའི་སྐོར་ལ་བསམ་ཚུལ་རྒྱས་པ་ཞིག་བསྐྱར་དུ་འབྲི་རོགས།
    ངའི་བལྟས་ན་ང་ཚོའི་ཞི་མོལ་འདིར་བསྟུན་མར་ཕམ་ཁ་རེག་པ་དེ་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་ཚུལ་ངོ་མ་འཕྲོད་པ་དེ་འདྲ་གཏན་ནས་མ་རེད་ལ། ༧གོང་ས་མཆོག་གིས་མ་འོངས་པར་རང་བཙན་ལས་འགུལ་སྤེལ་བར་དོགས་པ་འང་གཏན་ནས་མ་རེད་སྙམ། འོ་ན་ཅིའི་ཕྱིར་གྲུབ་འབྲས་མ་ཐོན་པ་རེད་ཟེར་ན། རྒྱ་ནག་གི་དབུ་ཁྲིད་ཚོར་དོགས་པ་ཆེན་པོ་གཉིས་ཡོད། དེ་ནི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་སྟེང་ནས་བོད་གཞིས་བྱེས་མཉམ་འཛོམས་བྱུང་ན། ཕ་མེས་ཀྱི་ཆོས་ནང་པ་ཡིན་པའི་རྒྱ་རིགས་མི་མང་གིས་༧་གོང་ས་མཆོག་གི་གསུང་ཐོས་ཞལ་མཇལ་གྱི་གོ་སྐབས་འཐོབ་བདེ་བ་དང་། དེར་བརྟེན་ནས་རྒྱ་ནག་མི་མང་གིས་གོང་ས་མཆོག་ལ་དགའ་གུས་ཆེན་པོ་འཐོབ་ཅིང་༧གོང་ས་མཆོག་གིས་གོ་སྐབས་དམ་འཛིན་གྱིས་རྒྱ་ནག་དམངས་གཙོར་རྒྱུར་བའི་ཐབས་ཤེས་གཏོང་སྲིད་པ་དེ་རེད། གཉིས་པ་ནི། བོད་ལ་ཚད་མཐོའི་རང་སྐྱོངས་སྤྲད་པ་ཡིན་ན་ཞིན་ཅང་དང་ནང་སོག་ནས་ཀྱང་ཚད་མཐོའི་རང་སྐྱོངས་བརྩད་དེ་རྒྱ་ནག་ཕྱོགས་ཡོངས་ནས་རྙོག་དྲ་ཆེན་པོ་ནང་ལྷུང་སྲིད་པ་དེ་རེད་སྙམ། དེས་ཕྱིར་རྒྱ་ནག་གི་དབུ་ཁྲིད་ཚོ་རྒྱ་ནག་མི་མང་ལ་ཡིེད་ཆེས་མེད་པའི་དབང་གིས་ང་ཚོར་ཕམ་ཁ་ཡང་ཡང་རེག་པ་རེད་སྙམ།
    གང་ལྟར་ཁྱེད་ཀྱི་བསམ་ཚུལ་དེར་སླར་ཡང་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང་།

    Reply
  14. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    རྒྱ་ནག་གིས་༸གོང་ས་མཆོག་གི་དགོངས་གཞི་མ་རྟོགས་པ་མ་རེད། གཙོ་བོ་བོད་པར་རང་དབང་དང་རང་བཙན་སྤྲོད་འདོད་མེད་པས་རེད། དེ་འདྲ་ཡིན་དུས་ང་ཚོས་ཀྱང་དེ་ལུགས་ཀྱི་ཁ་ཕྱོགས་ཤིག་འཚོལ་དགོས་པ་རེད།་ འདི་ལྟར་བསྡད་ན་ཐོབ་རྒྱུ་ཞིག་ཡོད་པ་ཕར་ཞོགས་་་་་་ནམ་ཞིག་བོད་མི་ཚོར་ཡང་སེམས་ཤུགས་ཆག་རྒྱུའི་ཉེན་ཁ་ཡོད་པ་རེད། སྐབས་དེར་ལས་དོན་བསྒྲུབས་ཀྱང་གྲུབ་འབྲས་ཤིག་ཡོང་མི་སྲིད་པས་དང་པོ་ནས་ཐབས་ཤེས་འདྲ་མིན་གཏོང་དགོས་པ་རེད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ད་ལོ་རྒྱལ་སྤྱིའི་དྲ་རྒྱའི་ཚོགས་ཆེན་འཚོགས་གི་ཡོད་པ་རེད། དེ་དུས་ཀྱང་གླེང་ཆོག་གི་རེད། གོ་སྐབས་གང་ན་ཅི་ཡོད་འཚོལ་དགོས་པ་རེད།

    ༼ལྐུག་པའི་ཨུ་ཚུགས་༽དང་༼ཆུ་སྣ་གར་ཁྲིད་༽བྱས་ནས་ཡོང་ས་མ་རེད།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་རྒྱའི་བརྒྱུད་ལམ་དེ་གྲོས་མོལ་གྱི་ལམ་ཁ་མ་རེད། དེ་ནི་ལག་ལེན་གྱི་ཐོག་ནས་སྒྲུབ་རྒྱུ་ཞིག་རེད། དྲ་ཐོག་ནས་༧གོང་ས་མཆོག་གིས་བོད་རྒྱ་མཉམ་གནས་དགོངས་ཚུལ་དེར་ཁོང་ཉིད་ཞལ་ཞེ་གཉིས་མེད་ཡིན་པ་རྒྱ་ནག་གཞུང་དང་མི་དམངས་ལ་ཁུངས་སྐྱེལ་ཆེད་རེད། ༧གོང་ས་མཆོག་གིས་ཁུངས་སྐྱེལ་གནང་ཐུབ་རུང་། རྒྱ་ནག་གཞུང་ལ་དེའི་བློ་ཁོག་གིས་འདང་གི་མ་རེད་འདོད།

    Reply
  17. གངས་རི་བ་བློ་གཏེར་རིག་མཛོད།་ says:
    ལོ་ 17 སྔོན།

    དྲ་རྒྱའི་བརྒྱུད་ལམ་དེ་རྒྱ་བོད་གདོང་དང་གདོང་ཐུག་ནས་གྲོས་མོལ་བྱེད་པའི་སྐུ་ཚབ་བརྒྱུད་ལམ་ལས་ལྷག་པ་ཞིག་ཨེ་ཡོད།་

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཕུན་ཚོགས་ལགས། སྐུ་སྒེར་ཡིག་ཚང་གིས་འདི་ལྟའི་བསམ་ཚུལ་བཏོན་མྱོང་ཡོད་མེད་བཤད་རྒྱུ་མེད།

    གཙོ་བོ་དེ་རྒྱ་ནག་ལ་འདི་ཙམ་གྱི་གདེང་ཚོད་ཀྱང་མེད་ཚེ་བོད་རྒྱ་ཞི་མོལ་གྱི་ལམ་ནས་ཐག་གཅོད་ཐབས་ཤིག་མི་འདུག ཏཱ་ལའི་བླ་མས་ད་བར་དུ་ཁོང་གི་དགོངས་གཞི་རྣམས་ཁ་ཐུག་ཏུ་འཛམ་གླིང་མི་དམངས་ལ་བསྒྲགས་པ་རེད། ཁོང་ཞལ་ཞེ་གཉིས་མེད་ཡིན་ཚུལ་གསུངས་པ་རེད། འཛམ་གླིང་མི་དམངས་ཀྱིས་ཡིད་ཆེས་བྱེད་ཀྱིན་ཡོད་པ་རེད། ད་ནི་རྒྱ་རིགས་དང་བོད་རིགས་ཚོར་ཡང་ཁོང་གི་ཞལ་ཞེ་གཉིས་མེད་ཀྱི་དགོངས་ཚུལ་འདི་གསུང་འོས་པ་ཞིག་རེད།

    རྒྱ་ནག་གི་དཔོན་རིགས་ཚོས་ཁོང་གི་དགོངས་གཞི་ཤེས་བཞིན་དུ་འཁྱོག་བཤད་བྱེད་ཀྱིན་ཡོད་པ་རེད། ད་ནི་གཞུང་དམངས་ཚང་མར་ཡོངས་ཁྱབ་ཀྱིས་ཁོང་གི་དགོངས་གཞི་བསྒྲག་རན་རེད་འདོད།

    Reply
  19. བཀྲ་ཤིས་ཟླ་བ། says:
    ལོ་ 17 སྔོན།

    གོང་ས་མཆོག་གི་དགོངས་གཞི་ངོ་མ་དེ་ནི་ང་ཚོ་ལས་ལྷག་པ་རྒྱ་ནག་དཔོན་རིགས་ཁག་གི་ཤེས་ཀྱི་ཡོད། རྒྱ་ནག་གི་ཡིད་ཆེས་མེད་པ་མ་ཡིན་པར་ཁ་གཞན་ལ་གཡར་ཏེ་དུས་ཚོད་བཀག་ཐབས་བྱེད་རྒྱུ་དེ་རེད། དོན་ངོ་མར་ཚད་མཐོ་རང་སྐྱོང་རྒྱ་ནག་གི་ང་ཚོར་སྤྲད་འདོད་པར་མ་མཐོང་ངོ།།

    Reply
  20. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ཕུན་ཚོགས་དང་དབྱངས་བུ་རྣམ་གཉིས་ཕེབས་ནས་བགྲོ་གླེང་གནང་བ་ཤིན་ཏུ་བཟང་།

    ལྷག་པར་དུ་དབྱངས་བུ་ལགས་ཀྱིས་དྲི་བ་གཉིས་ཕུལ་འདུག

    དང་པོ་དེར། ད་བར་གྱི་ཉམས་མྱོང་དེས་༧གོང་ས་མཆོག་ཀྱང་ཐུགས་ཕམ་དུ་བཅུག་ཡོད། ད་ནི་ཀྲུང་གོའི་སྲིད་གཞུང་ལ་རེ་བ་སྲབ་ནས་སྲབ་ཏུ་འགྲོ་གི་ཡོད་ཚུལ་ཁོང་གིས་ཐེངས་མང་གསུངས་སོང་། འདིར་བསམ་པ་ཙམ་གྱིས་ཀྱང་ཚད་གང་ཞིག་ལ་འགྲོ་གི་ཡོད་མེད་རྟོགས་ཐུབ་པར་འདོད།

    གཉིས་པ་དེར། ངས་བཤད་པའི་བརྒྱུད་ལམ་དེ་ནི་ཏཱ་ལའི་བླ་མའི་དྲ་ཚིགས་ལྟ་བུ་ཞིག་རྒྱ་ནག་རྒྱལ་ཡོངས་ལ་སྒོ་ཕྱེ་ཐུབ་ན་བསམ་པ་དེ་ཡིན། གལ་སྲིད་ཕྱེ་ཐུབ་སོང་ན་དེང་སྐབས་རྒྱ་ནག་ཏུ་དྲ་རྒྱ་སྤྱོད་མཁན་ས་ཡ་ ༣༦༠ ལྷག་ཡོད། དབུས་གཙང་དུ་ ༡༠༠༠༠༠ ཡོད་ཚུལ་ཉིན་ཤས་རིང་བོད་ལྗོངས་ཀྱིས་བཤད་ཀྱིན་འདུག

    ལྷག་པར་དུ། རྒྱ་ནག་གཞུང་དང་གཞུང་འབྲེལ་མིན་པའི་ལས་བྱེད་པ་དང་ཤེས་ཡོན་པ་ཕལ་ཆེ་བས་དྲ་རྒྱ་སྔོག་གི་རེད། དེར་བརྟེན། ༧གོང་ས་མཆོག་ཞལ་ཞེ་གཉིས་མེད་ཡིན་མིན་ཡང་གསལ་བོ་ཆགས་འགྲོ་གི་རེད། ད་བར་དུ་སེལ་མ་ཐུབ་པའི་དོགས་པ་རྣམ་རྟོག་གི་རྩིགས་གྱང་ཟད་རོ་དེ་དག་ཀྱང་གཏོར་ཐུབ་གི་རེད་འདོད་ཡོད།

    Reply
  21. དབྱངས་བུ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལུང་རིག་རྒྱལ་ལགས།

    སྐུ་ཉིད་ཀྱི་རྩོམ་ཡིག་གི་འཇུག་ལ་དེ་ལྟར་གསལ་འདུག་༼ད་ལྟའི་ཆར་༧གོང་ས་མཆོག་གི་སྐུ་ཚབ་ཚོ་ནི་པེ་ཅིན་དང་ངྷ་སའི་བར་གྱི་བརྒྱུད་ལམ་དེ་ཆགས་ཡོད་མོད། ད་བར་གྱི་ཉམས་མྱོང་ལ་བལྟས་ན་བརྒྱུད་ལམ་འདིའི་གྲུབ་འབྲས་ཇེ་ཆུང་དུ་གྱུར་ཡོད། དེ་་བས་སྐུ་ཚབ་ལས་ལྷག་པའི་བརྒྱུད་ལམ་གཞན་དེ་ཕྱེ་ན་ལེགས་པར་འདོད་དོ།།༽་

    གུས་པས་ཁྱེད་ལ་དྲི་བ་གཉིས་འདོན་ཆོག་པ་ཞུ།
    ༡།་སྐུ་ཚབ་ཕེབས་ནས་ད་བར་གྱི་ཉམས་མྱོང་ལ་གཟིགས་ཚེ་གྲུབ་འབྲས་ཇེ་ཆུང་དུ་གྱུར་ཟེར་བ་དེ་བདེན་ནམ།རྒྱུ་མཚན་གང་ཡིན་ནམ།
    ༢།་ཁྱེད་ཀྱི་སྟོན་པའི་སྐུ་ཚབ་ལས་ལྷག་པའི་བརྒྱུད་ལམ་གཞན་ཟེར་བ་དེ་དྲ་རྒྱ་ལ་གོ་དགོས་སམ།དྲ་རྒྱ་ལ་བརྟེན་ནས་མི་མང་ག་ཚོད་ལ་གོ་རྟོགས་སྤེལ་ཐུབ་བམ།ད་ལྟ་ཡོད་བཞིན་པའི་ཕྱི་ནང་གི་དྲ་རྒྱ་ཚད་ལྡན་རྣམས་བེད་སྤྱོད་གཏོང་ཐུབ་བམ་མཁན་ག་ཚོད་ཡོད་དམ།

    ཐུགས་རྗེ་ཆེ།།

    Reply
  22. ཕུན་ཚོགས ། says:
    ལོ་ 17 སྔོན།

    དོན་ངོ་མ་ང་ཚོས་རྒྱ་ནག་གིས་གོང་ས་མཆོག་གི་དགོངས་དོན་ངོ་མ་ཤེས་ཀྱི་མི་འདུག་ཟེར་གྱི་ཡོད་དམ།དཔེ་སྲིད་ཀྱི་མ་རེད།་དགོངས་དོན་ངོ་མ་དེ་རྒྱ་ནག་གིས་ང་ཚོ་ལ་བལྟས་ན་འང་ཤེས་ཡོད་ཁོ་ཐག་ཡིན་ནི་རེད།རྒྱུ་མཚན་རྒྱ་ནག་གིས་གོང་ས་མཆོག་གི་དགོངས་དོན་ལ་ཉམས་ཞིབ་བྱེད་མཁན་གཅིག་པུ་ལའང་ང་ཚོ་བཙན་བོད་གཞུང་གི་ལས་བྱེད་ལས་མང་ཙམ་ཞིག་གོ་སྒྲིག་བྱས་ཡོད་ཁོ་ཐག་ཡིན་ནི་རེད།ཡིན་ནའང་ཁོ་ཚོས་བསམ་བཞིན་ཆབ་སྲིད་ཀྱི་གཡོ་འགུག་བྱ་ཆེད་བརྗོད་སྟངས་འདི་བདམས་པ་ཙམ་རེད།དེ་ནི་ང་ཚོས་ཀྱང་གོ་དགོས་པ་ཞིག་རེད་ལ་གོ་ཡང་ཡོད་རྒྱུ་རེད།

    Reply
  23. ཕུན་ཚོགས ། says:
    ལོ་ 17 སྔོན།

    རིག་པ་འདི་སྔོན་མ་སྐུ་སྒེར་ཀྱིས་ཀྱང་བཏོན་ཡོད་རབ་ཟེར་མོད་བདེན་མིན་མི་ཤེས།གང་ལྟརའདི་ནི་རྒྱ་ནག་གི་གོམས་སྲོལ་ལའང་དར་མ་མྱོང་བའི་རིག་པ་ཞིག་ཡིན་པས།ད་ལྟའི་རྒྱ་ནག་གི་ངོ་མདངས་ལ་བལྟས་ན་དེ་ནི་དང་ལེན་བྱེད་ཐབས་མེད་པའི་ལབ་ལབ་ཙམ་དུ་བསྐྱུར་ཁོ་ཐག་རེད།
    གལ་སྲིད་རྒྱ་ནག་ཚང་ལ་འདི་འདྲའི་བློ་ཁོག་ཅིག་ཡོད་རྒྱུ་ན་བོད་དོན་ཟེར་བ་ཡང་རྩ་ཡེ་བསྡད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese