མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་བོད་འབྲེལ་མོལ་ལ་ཡང་བསྐྱར་གོ་ནོར་ཐེབས་འདུག དཔལ་ལྡན་རྒྱལ

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

དཔལ་ལྡན་རྒྱལ་གྱི་ཟིན་བྲིས་ལས།

བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བའི་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱ་ ནག་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་སྒྲོམ་གཞི་འོག་ནས“བོད་ རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཞེས་པའི་ཡིག་ཆ་དེ་གཞི་ལ་བཞག་ནས་གྲོས་མོལ་བྱེད་ཐུབ་པའི་རེ་བ་བཅིངས་ཡོད་ནའང༌། རྒྱ་ནག་གཞུང་གིས་ཡིག་ཆ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པས་རྒྱལ་ཁབ་ཀྱི་བདག་དབང་ སྐོར་ལ་སྐད་ཆ་བྱེད་རྒྱུ་གང་ཡང་མེད་ཞེས་ལན་འདེབས་བྱས་འདུག

འདས་པའི་ལོ་ཉི་ཤུ་དང་། དམིགས་བསལ་གྱིས་འདས་པའི་ལོ་དགུའི་རིང་བཀའ་བློན་ཁྲི་བས་ནུས་ཤུགས་གང་ཡོད་བཏོན་ནས་བོད་རྒྱ་ནག་ནས་ཁ་བྲལ་རྒྱུ་མིན་པ་དང༌། རྒྱ་ནག་གི་རྩ་ཁྲིམས་འོག་བོད་དོན་ཐག་གཅོད་བྱེད་འདོད་པ་དེ་དོན་དངོས་ཡིན་པ་རྒྱ་ནག་གཞུང་ལ་བདེན་དཔང་སྤྲོད་གང་ཐུབ་བྱས་པའི་རྗེས། བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་བའི་སྐབས་བཙན་བྱོལ་བོད་གཞུང་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཞེས་པ་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་རེད། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་འདུག་ཟེར་ནས་ངོས་ལེན་བྱས་མི་འདུག ད་ནི་བཙན་བྱོལ་བོད་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་ལ་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་ཞིག་ཡིན་ཚུལ་རྒྱ་ནག་གཞུང་ལ་འགྲེལ་བརྗོད་ཁྲོད་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བའི་དུས་ཡུན་མཇུག་རྫོགས་རྒྱུ་ཡིན་ནམ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༢ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༤ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༢༤ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 9

  1. བསང་ཆུ་འབྲུག་བྷེ། says:
    ལོ་ 16 སྔོན།

    ནམ་རྒྱུན་ཁྱེད་ཚོས་བརྗོད་གཞི་འདི་འདྲ་ཁ་འཁྱེར་ནས་གསར་འགྱུར་འདྲ་མིན་མ་གླེང་རོགས། ང་སུན་གི

    Reply
  2. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ཚོ།་

    ངས་དྲི་བ་ཞིག་འདོན་རྒྱུ་ཡོད་པས་ཁྱེད་རྣམས་ལན་འདེབས་གནང་བའི་རེ་བ་ཡོད།

    དྲི་བ་དང་པོ།་་་་བཙན་བྱོལ་བོད་གཞུང་ཞབས་པ་ཚོའི་ནང་་་་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།་་་ཡིག་ཆ་དེར་དོ་སྣང་གིས་བལྟ་ཀློག་བྱ་མཁན་ག་ཚོད་བྱུང་ཡོད་དམ།

    དྲི་བ་གཉིས་པ།་་་་དྲ་གྲོགས་རྣམ་པ་ཚོས་བོད་རྒྱ་འབྲེལ་མོལ་ཐད་སྐད་ཆ་མང་པོ་བཤད་ཀྱང་།་་དོན་དུ་ཡིག་ཆར་དོ་སྣང་གིས་བལྟ་ཀློག་གནང་མཁན་ག་ཚོད་ཡོད་དམ།

    དྲི་བ་གསུམ་པ།་་་རང་དབང་ལུང་པར་གནས་པའི་བོད་མི་ག་ཚོད་ཀྱིས་ཡིག་ཆར་དེར་དོ་སྣང་གིས་བལྟ་ཀློག་བྱས་ཡོད་དམ།

    དྲ་གྲོགས་རྣམས་ངེས་པར་ཐུགས་བསམ་བཞེས་ནས་ལན་འདེབས་གནང་བའི་རེ་བ་ཆེ།་ཐུགས་རྗེ་བཀའ་དྲིན་ཆེ།།

    Reply
  3. དོན་གླིང་བུ། says:
    ལོ་ 16 སྔོན།

    ངོ་མ་རྒྱ་ནག་གི་དུས་ཚོད་འདི་ལྟར་བྱེད་ནས་སྐྱེལ་རྩིས་ཡོད་པར་འདྲ། ཡིན་ནའང་ང་རང་ཚོའི་ངོས་ནས་སེམས་ཤུགས་མ་ཆགས་པར་ང་རང་ཚོའི་ཕྱོགས་ནས་གང་བྱེད་དགོས་པའི་རིགས་རྣམས་ལ་འཐུས་ཤོར་མེད་པར། མུ་མཐུད་ནས་བྱ་དགོས་པ་ཤིན་ཏུ་ནས་གལ་ཆེ། ལྷག་པར་༸གོང་ས་མཆོག་སྐུ་འཚོ་བཞུགས་ཡོད་པའི་རིང་ང་རང་ཚོས་མཉམ་སྦྲེལ་གྱི་ནུས་པ་ཞིག་བཏོན་པ་ཡིན་ན། མི་འགྱངས་པར་ངེད་ཚོ་གཞིས་དང་བྱེས་ཀྱི་སྤུན་ཟླ་བོད་རིགས་རྣམས་མཇལ་བའི་ཉི་མ་ཞིག་ཤར་རྒྱུ་ཉག་གཅིག་ཡིན།
    མུ་མཐུད་ནས་སྐུ་ཚབ་རྣམས་ཕེབས་ཀྱང་དང། འབྲེལ་བ་ཇེ་བཟང་དུ་གཏོང་དགོས་པ་ཤིན་ཏུ་ནས་གལ་ཆེ། ལ་ལས་འབྲེལ་བ་བྱེད་ནས་གྲུབ་འབྲས་མེད་པར་དགོངས་སྲིད་ཀྱང། དེ་ཚོའི་འབྲས་བུ་ནས་ཉིན་མ་ཁ་ཤས་དང་ཟླ་བ་ཁ་ཤས། ཡང་ན་ལོ་ཁ་ཤས་ཙམ་ནས་ཐོན་རྒྱུ་ཞིག་མིན་པར། ལོ་མང་འགོར་རྒྱུ་ཡིན་པ་བཤད་དགོས་མེད།

    Reply
  4. རྭ་ལོ། says:
    ལོ་ 16 སྔོན།

    ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་འོག་ལ་ཡོང་རྒྱུར་ཅི་ཙམ་གྱི་འབད་བརྩོན་བྱས་ཀྱང་། རྒྱ་ནག་གཞུང་གིས་ད་དུང་ཁས་མི་ལེན་ན་ང་ཚོས་ཐབས་ཤེས་མཐའ་མ་དེ་འཐེན་དགོས་པ་རེད།

    འདི་ཏོག་ཙམ་ནག་པོ་ཡོད་ལ། ཧ་ཅང་དམར་པོ་ཡང་ཡིན།

    དེ་ནི་རྒྱ་ནག་རྩ་ཁྲིམས་ཁུར་ཡོང་ནས་ང་ཚོའི་བཅའ་ཁྲིམས་ཀྱི་ཚབ་ལ་འཇོག་དགོས་པ་རེད། གཞུང་ཞབས་ལས་བྱེད་ཚོ་ཏང་གི་ནང་དུ་ཞུགས་དགོས་པ་རེད། རྒྱ་ནག་གི་རྒྱལ་དར་སྐར་ལྔའི་དར་དམར་དེ་གངས་སྐྱིད་དང་གཙུག་ལག་ཁང་དུ་བསྒྲེངས་དགོས་པ་རེད། དེ་ནས་སློབ་གྲྭ་ཁག་གི་སློབ་དེབ་ཀྱི་ནང་དུ་མར་ལེ་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིན་ཞའོ་ཕིན་གྱི་རིག་པའི་གཞུང་ལུགས། ཅང་ཙེ་མིན་གྱི་མཚོན་བྱེད་གསུམ་དང་ཧོ་ཅིན་ཐོ་ཡི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་གྱི་སློབ་གསོ་སོགས་འཇུག་དགོས་པ་རེད། ཞོགས་པ་སྔ་མོ་རྒྱ་ནག་གི་རྒྱལ་གླུ་ལེན་དགོས་པ་རེད། ད་དུང་ལོ་ཆུང་གདུང་ལེན་རུ་ཁག་གི་སྐེ་རས་དམར་པོ་དེ་ཚོ་ཡང་བོད་ཁྱིམ་དང་གཏན་སློབ་ཁག་གི་བྱིས་པ་ཚོའི་སྐེར་འདོགས་དགོས་པ་རེད།

    འདི་མཐའ་དག་ཡང་དག་པར་ལག་ལེན་དུ་བསྟར་བ་ཡིན་ན་རྒྱ་ནག་གཞུང་གིས་ཁས་མི་ལེན་ཐབས་མེད་ཆགས་འགྲོ་གི་རེད། འདི་ངའི་བསམ་ཚུལ་ཡིན།

    Reply
  5. རིག་འཛིན། says:
    ལོ་ 16 སྔོན།

    ᪠ᨙ᫕᫞ᨵ᫥་᫐ᨑ᪄་

    Reply
  6. རིག་འཛིན། says:
    ལོ་ 16 སྔོན།

    ᪠ᨙ᫕᫞ᨵ᫥་᫐ᨑ᪄་

    Reply
  7. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    མི་ཉག་འདི་མི་ཡ་མཚན་ཞིག་འདུག

    Reply
  8. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་སྟེང་ལ་ཕེབས་པའི་དྲ་གྲོགས་མང་ཆེ་བར་བསམ་བློའི་ཁ་ཕྱོགས་ཅི་ཡང་མེད་པ་དང་སྐབས་རེ་མི་དེ་ཚོ་ཕྲུ་གུ་ཆུང་ཆུང་བཞིན་གྱིས་སྐད་ཆ་ལ་རིན་ཐང་མེད་པར་སྐད་ཆ་རློན་པས་དོན་མེད་ཀུ་ཅོ་རྒྱག་མཁན་ཇེ་མང་རེད། དུག་སྦྲུལ་དང་རུས་སྦལ། སྦལ་པ་ལྟ་བུའི་ཁྱད་ཆོས་རེ་ཁོང་ཚོར་ལྡན་ཡོད། དཔེར་ན་དྲ་གྲོགས་བློ་གྲོས་རྒྱལ་པོ་དང་གཅན་བཟོད་རྒྱམ་ལྟ་བུ་རེད། དྲང་པོ་ཞུ་ན་མི་དེ་ཚོར་སོ་སོའི་འཇོན་ཐང་དང་གྲུབ་འབྲས་ཐིགས་པ་ཞིག་ཀྱང་སྟོན་རྒྱུ་མེད་པར་མི་ལ་ཁ་རྡུང་དང་དཀྲུག་ཤིང་གཏོང་དགོས་ན་ཨང་དང་པོ་རེད། བསམ་བློ་ཞིབ་ཏུ་ཐོངས་དང་། བཤད་འདོད་པའི་སྐད་ཆ་རེ་ཤོད་རྒྱུ་ཡོད་ན་རྒྱ་གཞུང་གིས་བོད་རིགས་ཚོར་གཉའ་གནོན་དང་མཐོང་ཆུང་ཁོ་ནའི་སྐད་ཆ་དེ་དག་ལ་ལན་ཚ་པོ་རེ་རྒྱག་བ་དང་བཙན་བྱོལ་ནང་གི་ཤེས་ཡོན་ཅན་ལོ་ན་གཞོན་གཞོན་ཚོ་དང་༧གོང་ས་མཆོག་གིས་དབུ་འཁྲིད་བའི་བོད་གཞུང་ལ་གཞོགས་འདེགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུའི་ཐབས་ལམ་རེ་འཚོལ་སྒྲུག་གྱིས་དང། བོད་མིའི་སྐྱིད་སྡུག་མཉམ་མྱོང་ཡིན་པ་དེ་དྲན་པར་གནང་རོགས

    Reply
  9. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    རེད་ཡ། དུས་ཀྱི་འགྱུར་འགྲོས་དང་གནས་བབ། ཕ་རོལ་བའི་བྱེད་སྟངས་སོགས་ལ་བལྟས་ནས་ཐབས་ཤེས་ཟུང་འབྲེལ་ལམ་དེང་དུས་ཀྱི་བརྡ་ཆད་སྲིད་ཇུས་ཞེས་པ་འཛིན་དགོས་པ་ལས་ ༧༩ ལོར་ཏིན་གྱི་འདི་ལྟར་བཤད་སོང་ཟེར་བ་ལྟ་བུ་ཚིག་གི་བམ་རོ་དེ་དག་ལ་ཤི་འཐམ་རོ་འཐམ་བྱས་ནས་གྲོས་མོལ་གྱི་འབྲས་བུ་ཞིག་ཡོང་རྒྱུ་མེད་པ་ད་ལྟ་གསལ་བོ་ཆགས་ཟིན་པ་རེད་ལ། བོད་གཞུང་གི་ད་ལྟའི་འཛིན་སྐྱོང་དང་སྐུ་ཚབ་ཚོགས་པར་མཚོན་ནའང་དེ་ལས་ལྷག་པའི་འཇོན་ནུས་མེད་པ་གསལ་བོ་ཆགས་ཟིན་པ་རེད། ད་ནི་ཕན་ཚུན་ལ་ལན་འདེབས་བྱེད་རེས་བྱས་བསྡད་པ་ལས་སྐབས་དང་དུས་ལ་བབ་པ་དང་མ་འོངས་པའི་བོད་དོན་གྱི་འཆར་གཞི་ཞིག་བཟོས་དགོས་པའི་དུས་ལ་བབས་འདུག་པར་མ་ཟད་འཕྱིས་ཀྱང་དྲགས་གྲབས་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese