མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སྒོར་འབུམ་ ༡ གི་ཞལ་འདེབས།

བོད་ཀྱི་དུས་བབ།
༢༠༡༠/༠༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཟླ་སྔོན་མར་ས་ཡོམ་གྱི་གོད་ཆག་བྱུང་བའི་ཧེ་ཐིའི་མི་མང་ལ་སུད་སྒོར་འབུམ་ ༡ གི་ཞལ་འདེབས་གནང་ཡོད་འདུག

ཕྱི་ཚེས་ ༥ ཉིན་བོད་གཞུང་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་ ༡ ཚེས་ ༡༢ ཉིན་ཧེ་ཐིར་ས་ཡོམ་ཤུགས་ཆེས་བརྒྱབས་ཏེ་མི་འབུམ་ ༢ རྐྱེན་འདས་དང་ས་ཡ་བརྒལ་བར་རྨས་སྐྱོན་ཚབས་ཆེན་ཕོགས་ཡོད་པ་མ་ཟད།  ད་ལྟ་ཡང་མི་གྲངས་ས་ཡ་མང་པོར་སྡོད་གནས་མེད་པར་ལྷག་ཡོད་འདུག  ས་ཡོམ་གྱི་གོད་ཆག་བྱུང་བའི་ཧེ་ཐིའི་མི་མང་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཉེ་ཆར་༧གོང་ས་མཆོག་གིས་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་བརྒྱུད་དེ་ཧེ་ཐིའི་མི་མང་ལ་སུད་སྒོར་ ༡༠༠༠༠༠ གི་ཞལ་འདེབས་གནང་ཡོད་འདུག་ལ། དེའི་ཐད་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་སྤྱི་ཁྱབ་དྲུང་ཆེ་བྷེ་ཁེ་ལེ་  ཇེ་ལེ་ཊ་ Bekele geleta མཆོག་གིས་༧གོང་ས་མཆོག་ནས་ཞལ་འདེབས་གསོལ་རས་གནང་བར་ཐུགས་རྗེའི་འཕྲིན་ཡིག་ཅིག་ཕུལ་འདུག་ལ།  འཕྲིན་ཡིག་དེའི་ནང་བཀོད་དོན་དུ། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་མཐུན་ཚོགས་དང་རྒྱ་གྲམ་དམར་པོའི་ཚོགས་པ་ Red Crescent Socities གཉིས་ཀྱི་ཚབ་ཞུས་ཏེ་ངས་སྐུ་ཉིད་ཀྱིས་ང་ཚོའི་ཧེ་ཐིའི་ནང་རོགས་སྐྱོར་གྱི་ལས་གཞིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་ཧེ་ཐིའི་ནང་ང་ཚོའི་རོགས་རམ་ལས་གཞིར་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་དེར་ང་ཚོས་རྗེས་སུ་ཡིད་རངས་ཞུ་རྒྱུ་ཡིན་ལ། སྐུ་ཉིད་ཀྱིས་གདུང་སེམས་མཉམ་སྐྱེད་མཛད་པ་དེ་ཧེ་ཐིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོ་དང་དེར་ཡོད་ང་ཚོའི་ལས་རོགས་རྣམས་ལ་གསལ་བཤད་བྱ་རྒྱུ་ཡིན་ཞེས་བཀོད་འདུག

ཧེ་ཐིའི་ཡུལ་དུ་ས་ཡོམ་གྱི་གོད་ཆག་བྱུང་མ་ཐག་༧གོང་ས་མཆོག་གིས་ཐུགས་སྐྱོའི་ཕྱག་འཕྲིན་ཡང་བསྐུར་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

ཆུ་ཚོད་ ༤ སྔོན་ལ།
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

ཆུ་ཚོད་ ༦ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣

མཆན། 8

  1. ནགས་མེ། says:
    ལོ་ 16 སྔོན།

    ཁོ་རེ་ཁྱོས་དྲང་པོ་དང་ཚུགས་ཐུབ་ཀྱི་སྐད་ཆ་བཤད་པའི་ལོ་རྒྱུས་ཨེ་ཡོད། ག་དུས་ཡིན་ན་་་་་་་་་་་་་་་་་་་་་་་་་་་

    Reply
  2. lenpa says:
    ལོ་ 16 སྔོན།

    སྐུ་ཚབ་ཚོ་
    ཚུགས་ཀ་མེད་ཀྱང་སྡོག་པ་བྱས་ནས་ས་ཡ་དྲུག་གི་སྐུ་ཚབ་དག།

    བོད་ལྭ་གོན་ནས་བོད་ཚུགས་བཏོད་དེ་བོད་ཀྱི་རྒྱལ་ས་གཉིས་བ་ནས།།

    ༧ཡིད་བཞིན་ནོར་བུར་མགོས་ཕྱག་འཚལ་སྟེ་དམ་བཅའ་ཁས་ལེན་བྱས་བ་དང་།།

    ཟ་དང་འཐུང་དང་ཡིན་དང་མིན་སོགས་རྒྱ་སྐད་ཁ་ཤས་སློབ་ཞོར་ལ།།

    བོད་ལྭ་ཕུད་ནས་རྒྱ་ལྭ་གོན་ཏེ་མཁའ་ལམ་བརྒྱུད་ནས་ཕེབས་སོང་ཟེར།།

    གཞིས་བྱིས་གཉིས་ཀྱི་རེ་བ་ཤི་ཡང་རྣ་བས་ཡང་ཡང་ཉན་པ་ན།།

    ཤ་རྩ་དཀར་ལ་ཤ་ཚུགས་ལེགས་པའི་རྒྱ་མོ་འགའ་ཡི་བསུ་བ་བཅས།།

    རྒྱ་མཁར་སྨུག་པོའི་ནང་ལ་འཛུལ་རྗེས་ཟ་འཐུང་སྡེར་མའི་ཁྲོག་སྒྲ་ལས།།

    བོད་མིའི་བདེ་སྡུག་བཤད་པའི་སྐད་ཆ་སུ་དང་གང་གིས་མ་གོ་ཟེར།།

    ༧ཡིན་བཞིན་ནོར་བུའི་གསལ་བཤད་བདུན་པོ་ཕར་ལ་འཕྲོད་པའི་བརྡ་ཙམ་དང་།།

    མི་རུང་ཁ་ཤོར་བཞི་ཡི་ཐོག་ལ་ཐུགས་རྗེ་ཆེ་ཞུ་ཕུལ་བ་དང་།།

    ལག་པ་གཉིས་ཀས་ཕོ་བ་སྐྱོར་ནས་ཟ་འཐུང་བླུགས་པའི་སྒྱེ་མོ་བཞིན།།

    པེ་ཅིང་མཁར་ན་ཡོད་པ་འདྲ་པས་བདེ་མོ་སྐྱིད་པོ་ཡིན་པར་སྨོན།།

    ཆབ་སྲིད་འཐབ་ཕྱོསག་གཅིག་གྱུར་པུའུ་ཡིས་ཁྱོད་ཚོར་སྐད་ལོག་ཨེ་བྱས་ཐལ།།

    པུའུ་ཀྲང་གཞོན་པས་དཔའ་སྐད་འཐེན་སྐབས་ཆོས་སྐྱོང་སྲུང་མ་ཨེ་དྲན་ཐལ།།

    སྐུ་ཚབ་རྣམས་ལ་སྐྲག་སྣང་སྐྱེས་ནས་རྒྱུད་པ་གཉིས་ཀ་ཨེ་འདར་ཐལ།།

    བདག་དབང་བཤད་སྐབས་མགོ་བོ་རྨོངས་ནས་༧ཡིད་བཞིན་ནོར་བུ་ཨེ་དྲན་ཐལ།།

    སྲིད་ཇུས་བཤད་སྐབས་མགོ་ཡོམ་འཁོར་ནས་རྔུལ་ཆུ་མང་བོ་ཨེ་བཞུར་ཐལ།།

    རྒྱལ་ཁབ་ཞིག་གི་སྐུ་ཚབ་ཡིན་པས་རྒྱ་ཆེན་རྒྱས་བ་ཨེ་ཐུབ་ཐལ།།

    ཡ་ཡ་ལེགས་སོ་ཐུགས་རྗེ་ཆེ་ལས་གཞན་པའི་ཚིག་འགའ་ཨེ་ཤོད་ཐལ།།

    ༧གོང་ས་མཆོག་ལ་མཚན་སྨོད་བྱེད་སྐབས་སྐྱུ་མོ་གཉེར་ནས་ཨེ་དཀའ་ཐལ།།

    རྒྱ་མོ་ཚོ་ལ་རྒྱ་རྒྱོ་བརྒྱབས་ནས་གུང་གསེང་སྐྱིད་པོ་ཨེ་བྱུང་ཐལ།།

    མོ་ཐེ་འཐུང་སྐབས་མི་རིགས་ཤིག་གི་བཀའ་དྲིན་ཡིན་པ་ཨེ་ཚོར་ཐལ།།

    ཁྱོད་ཚོར་རྟག་ཏུ་རྙོག་དྲ་མི་འདུག་རྒྱུན་དུ་ཕེབས་ཞེས་ཨེ་བཤད་ཐལ།།

    མྱི་བཟང་རེད་ཅེས་མྱི་ཆེན་དག་གིས་བསྟོད་པའི་མཐེ་བོང་ཨེ་བསྒྲངས་ཐལ།།

    སྒེར་བདག་ཁ་པར་ཨང་གྲངས་སྤྲོད་དང་སྒེར་དོན་བསྒྲུབ་ཞེས་ཨེ་བཤད་ཐལ།།

    ང་ཚོ་ཚང་མ་བཟང་ས་ཡིན་པས་ནང་གཏམ་བཤད་ཅེས་ཨེ་བསྐོར་ཐལ།།

    ཅི་གསུངས་བཀའ་ལ་ལེགས་སོ་ཙམ་ལས་རང་གི་འདོད་འདུན་ཨེ་ཤོད་ཐལ།།

    བོད་པའི་སྐུ་ཚབ་ཡིན་པའི་རྟགས་ལ་བོད་དོན་ཚིག་འགའ་ཨེ་ཁྲོལ་ཐལ།།

    ས་མཚམས་ལོ་རྒྱུས་གྲོས་མོལ་བྱེད་སྐབས་ས་རྒྱུས་མེད་པས་ཨེ་མྱངས་ཐལ།།

    དྲང་མོར་བཤད་ན་འཕྲིན་སྐྱེལ་ཙམ་ལས་བོད་པའི་སྐུ་ཚབ་ཨེ་ཉན་ཐལ།།

    རྡ་རམ་ས་ལའི་ཉེ་སར་འབྱོར་དུས་ཅི་བཤད་བསམ་ནས་ཨེ་སྐྲག་ཐལ།།

    བཀའ་བློན་ཁྲི་བའི་བཀའ་བཀྱོན་དྲན་ནས་སྐྱག་རྫུན་བཤད་པྭ་ཨེ་འདོད་ཐལ།།

    ༧ཡིད་བཞིན་ནོར་བུ་ཡིད་ལ་ཤར་ནས་དགོངས་དག་ཞུ་པྭ་ཨེ་དྲན་ཐལ།།

    སྐྱབས་བཅོལ་བ་ཚོ་སེམས་ལ་ཡོང་ནས་རྒྱ་ཆེན་བཤད་པྭ་ཨེ་འདོད་ཐལ།།

    གསར་འབྱོར་བ་ཚོས་དྲི་བ་འདྲི་ན་དབྱིན་སྐད་རྒྱག་པྭ་ཨེ་དྲན་ཐལ།།

    ཁ་ཤས་གསང་ནས་ཁ་ཤས་བཤད་སྐབས་རང་གིས་འཇོན་སོང་ཨེ་འདོད་ཐལ།།

    པེ་ཅིང་ཁོ་ཡ་ཁོག་ནས་ཞུས་ཏེ་མོ་ཐེའི་བཟི་ཁ་དྭངས་བ་ན།།

    དྲི་བ་འདི་ཚོར་ལན་ཞིག་གནོངས་ཞེས་གུས་མི་ཤེས་བའི་གུས་ལྡན་པ།།

    ས་ཡ་དྲུག་གི་དམའ་ཤོས་དེ་ཡིས་ས་ཁུང་ཞིག་གི་ཡ་ཕུགས་ནས།།

    ལག་པའི་ཐལ་མོ་ཐོད་ལ་སྦྱར་ཏེ་པུས་མོ་ས་ལ་བཙུགས་ནས་ཞུས།

    Reply
  3. སྟོབས་ says:
    ལོ་ 16 སྔོན།

    སྣོད་ས་ཡི་གོ་ལ་དང་བཅུད་ནང་ཀི་སེམས་ལྡན་གང་ཡིན་རུང་༧་གོང་མཆོག་གི་བརྩེ་བའི་མ་གཟིགས་ས་ཤིག་གང་ན་ཡོད་

    Reply
  4. གངས་ཅན་གྱི་བུ་ཆུང་། says:
    ལོ་ 16 སྔོན།

    ༧་གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུ་ཁོང་གིས་བྱམས་བརྩེ་ལྷད་མེད་འགྲོ་ཀུན་ཕྱོགས་རེས་མེད་པའི་སྟེང་ནས་འཛམ་གླིང་ཡོངས་སུ་སྐུ་ངལ་ཚད་མེད་གནང་།
    བླ་མ་མེད་པའི་གང་རུང་དུ། སངས་རྒྱས་བྱ་བ་ནམ་ཡང་མེད།
    བླ་མ་སྐུ་གཞི་གངས་རི་ལ། མོས་གུས་ཀྱི་ཉི་མ་མ་ཤར་ན། བྱིན་རླབས་ཆུ་རྒྱུན་མི་འབྱུང་བས། སེམས་མོས་གུས་དེ་ལ་ནན་ཏན་མཛོད།

    Reply
  5. བསེ་རུ། says:
    ལོ་ 16 སྔོན།

    ངའི་ལུག་དེ་བརླག་ནས་ཡུན་རིང་འགོར་སོང་། དེ་རིང་འདིར་བསླེབས་འདུག གླེན་པ་ལུག་འདི་གླེན་རྟགས་སྟོན་མཁན་གྱི་ལུག་དེ་མིན་པ་ངས་སྔར་ནས་རྟོགས་ཡོད།
    གླེན་པ་ལུག་གིས་བཤད་པ་ལྟར། ང་ཚོས་མཆན་འབྲི་དགོས་དང་མི་དགོས་དེར་ཡང་བསམ་གཞིགས་ངེས་པར་བྱེད་དགོས་འདུག དོན་ཕན་ལྡན་པ་ཞིག་ཡིན་ན་ངེས་པར་འབྲི་དགོས་ཀྱང་། ཡར་དཀྲུག་མར་དཀྲུག་བྱེད་མཁན་གྱི་སྐྱ་བ་ལྟ་བུའི་མཆན་བུ་འདེབས་མཁན་གྱི་རིགས་བྱུང་ན། དེ་དག་ནི་རང་ཉིད་ཀྱི་རིན་བྲལ་གྱི་དུས་ཚོད་ཆུད་ཟོས་གཏོང་མཁན་ཞིག་ཅི་ལ་མིན།།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དྲ་གྲོགས་གླེན་པ་ལུག་ལགས། ང་ལ་བཤད་ཀིན་ཡོད་ན་རྗེས་མ་ནས་ངས་ཟིན་བྲིས་འབྲི་རྒྱུ་དང་་མཆན་བུ་འདེབས་པ་ཉུང་དུ་གཏོང་གི་ཡིན། དྲ་གྲོགས་ཚང་མར་དགོངས་དག་ཞུ།

    Reply
  7. གླེན་པ་ལུག says:
    ལོ་ 16 སྔོན།

    མཆན་འདེབས་མཁན་རྣམས་ཀྱིས་གསར་འགྱུར་མཐོང་ཚོད་ལ་གང་ཡིན་འདི་ཡིན་མེད་པའི་ཡིག་ཉོག་སྤུངས་ཡོང་བ་ནི་ཡག་པོ་ཞིག་མ་རེད།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    སྙིང་རྗེ་ཡོད་ན་དེ་ཚོ་ཅིག་སྟེར་དགོས་ཀི་ཡ། ༸རྒྱལ་བའི་བྱམས་བརྩེ་ནི་ཨ་མའི་བྱམས་བརྩེ་ལས་ཀྱང་ལྷག་རེད།
    ཇི་སྲིད་ནམ་མཁའ་གནས་པ་དང་།།
    འགྲོ་བ་ཇི་སྲིད་གནས་གྱུར་བ།།
    དེ་སྲིད་ཁྱོད་ཀྱང་གནས་གྱུར་ཏེ།།
    འགྲོ་རྣམས་སྡུག་ལས་སྐྱོབས་པར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese