མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་གྲྭ་གཅིག་བསྡུ།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

མཚོ་བྱང་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ ༡༩༣ ལས་ ༡༥༡ ཇེ་ཉུང་དུ་བཏང་སྟེ། སློབ་གྲྭ་ ༤༢ ཙམ་ལ་གཅིག་བསྡུ་བྱས་ཡོད་འདུག

ཕྱི་ཚེས་ ༡༢ ཉིན་ཀྲུང་གོ་བོད་ཀྱི་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་མཐོ་འབྲིང་ཚད་མཐོན་པོས་གཅིག་བསྡུས་བྱེད་པ་དང་དམའ་འབྲིང་ལྟོས་བཅས་ཀྱིས་གཅིག་བསྡུས་བྱེད་པ། སློབ་ཆུང་འོས་འཚམ་གྱིས་གཅིག་བསྡུས་བྱེད་པའི་ལེགས་སྒྲིག་བྱེད་ཐབས་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཉེ་ལམ་ཁུལ་ཡོངས་ཀྱི་མཐོ་འབྲིང་དང་རྫོང་བཞིའི་སློབ་གྲྭའི་ཁྲོད་ཡུན་རིང་གི་སློབ་གསོའི་བཀོད་སྒྲིག་ལེགས་སྒྲིག་བྱེད་ཐབས་གཏན་འཁེལ་བྱས་ཤིང་། འཆར་འགོད་ལ་གཞིགས་ན། མཚོ་བྱང་ཁུལ་གྱིས་ཚད་གཞི་མཐོ་བའི་འཛུགས་སྐྲུན་དང་རིམ་པ་བགོས་ནས་བརྟན་བརླིང་ལ་སྐུལ་སྤེལ་བྱེད་པའི་རྩ་དོན་ལ་གཞིགས་ནས་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ ༡༩༣ ༼ ཆེད་ལས་སློབ་གྲྭ་དང་དམིགས་བསལ་སློབ་གྲྭ། བྱིས་གཉོར་ཁང་སོགས་འདུས་མེད། ༽ ཡོད་པ་དེའི་ནང་སློབ་གྲྭ་ ༡༥༡  ཇེ་ཉུང་དུ་བཏང་ནས་སློབ་གྲྭ་ ༤༢ ལ་ལེགས་སྒྲིག་བྱས།
 
ལེགས་སྒྲིག་བྱས་པའི་སློབ་གྲྭ་ཆུང་འབྲིང་ ༤༢ ནང་མཐོ་རིམ་སློབ་འབྲིང་ ༣ གསར་འཛུགས་བྱེད་རྒྱུ་ཡིན་པ་དང་། ནུབ་མཚོ་གྲོང་རྡལ་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་འཛུགས་རྒྱུ་དང་མིན་ཡོན་རྫོང་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གཉིས་པ་འཛུགས་རྒྱུ། མདོ་ལ་རྫོང་དུ་མཚོ་བྱང་ཁུལ་གྱི་མཐོ་རིམ་སློབ་འབྲིང་གསུམ་པ་རྒྱ་བསྐྱེད་དུ་གཏོང་རྒྱུ་བཅས་ཡིན་འདུག

ལེགས་སྒྲིག་བྱས་པའི་དམའ་རིམ་སློབ་འབྲིང་གི་ཁྱབ་ཚུལ་ནི། མིན་ཡོན་རྫོང་དུ་སློབ་གྲྭ་ ༤ དང་ཆི་ལེན་རྫོང་དུ་སློབ་གྲྭ་ ༢ ། རྐང་ཚ་རྫོང་དུ་སློབ་གྲྭ་ ༡། ཧེ་ཡན་རྫོང་དུ་སློབ་གྲྭ་ ༣ བཅས་དང་། ལེགས་སྒྲིག་བྱས་པའི་སློབ་ཆུང་གི་ཁྱབ་ཚུལ་ནི། མིན་ཡོན་རྫོང་དུ་སློབ་ཆུང་ ༡༢ དང་ཆི་ལེན་རྫོང་དུ་སློབ་ཆུང་ ༡༡། རྐང་ཚ་རྫོང་དུ་སློབ་ཆུང་ ༥ ། ཧེ་ཡན་རྫོང་དུ་སློབ་ཆུང་ ༤ བཅས་ཡོད།

མཚོ་བྱང་ཁུལ་གྱིས་མིག་སྔར་ཡོད་པའི་སློབ་གྲྭ་ཆུང་འབྲིང་ལེགས་སྒྲིག་བྱས་རྗེས། ཁུལ་ཡོངས་ཀྱི་སློབ་གསོའི་ཐད་སློབ་གྲྭའི་མལ་ཁང་དང་དགེ་རྒན། སྒྲིག་ཆས་མི་འདང་བ་དང་། མཐོ་འབྲིང་དུ་སློབ་སྦྱོང་བྱེད་དཀའ་བ་དང་སློབ་ཞུགས་སྔོན་གྱི་བྱིས་པ་བྱིས་གཉོར་ཁང་དུ་འགྲོ་དཀའ་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་བྱེད་དཀའ་བའི་ ༼ མི་འདང་བ་གསུམ་དང་དཀའ་ཁག་གསུམ་  ༽ གྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཡོད་སྐོར་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༤ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢༣ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༤ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༤ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

༢༠༢༦/༠༥/༡༤
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 8

  1. གྲྭ་རྒོད says:
    ལོ་ 16 སྔོན།

    ང་ནི་མདོ་སྟོད་དང་མདོ་སྨད་དབུས་ཟེར་བའི་དབྱེ་བ་བྱེས་པའི་མིང་འདི་དག་ལ་གཏན་ནས་དགའ་བོ་མེད་པའི་མི་ཞིག་ཡིན།བོད་མི་ཡོངས་སྡོག་རྩ་གཅིག་གྱུར་ཡོངས་པའི་འགོག་རྐྱེན་ཞིག་ཏུ་མཐོང་གི་ཡོད།

    Reply
  2. གྲྭ་རྒོད says:
    ལོ་ 16 སྔོན།

    དབྱངས་བུ་ལགས།ཁྱོད་ལ་གསལ་བྱེད་གང་བྱེད་དགོས་པ་རེད།ཁྱོད་ཀྱི་མདོ་སྟོད་དང་དབུས་ཁུལ་ཐོན་མི་འདུག་ཟེར་ནས་གསལ་བོར་བཤད་ཡོད་པ་དེའི་ཐོག་ནས་ངེས་ཁྱོད་ཀྱི་ཞེན་ཁོག་གི་སྐད་ཆ་རེད་ཟེར་བ་ཡིན།སྤྱིར་དུས་བབས་ཚང་དེ་ལྟར་མིན་ན་ཡང་མི་འགའ་རེ་ཡོད་སྲིད་པ་རེད་ཁྱོད་ལྟ་བུ་མེད་ཟེར་རྒྱུ་ཡིན་ནམ།

    Reply
  3. དབྱངས་བུ། says:
    ལོ་ 16 སྔོན།

    དྲ་གྲོགས་གྲྭ་རྒོད་ལགས།
    དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་མོད།གསལ་བཤད་ཞུ་རྒྱུ་འགའ་ཞིག་འདུག་པས་དགོངས་འཇགས་ཡོང་བ་ཞུ།

    ༡།་་་་་རང་གི་རིགས་ལ་ཞེན་པ་དགོས་ལ་ལྷག་པར་དུ་ཞེན་པ་དཀར་པོ་དགོས་ཀྱི་རེད།མདོར་ན་ལྐུགས་པ་ཞེན་པ་མི་དགོས་པ་ངས་ཤེས་ཀྱི་ཡོད།
    ༢།་་་་་སྤྱིར་དུས་བབ་ཚང་གི་རྩོམ་སྒྲིག་པས་གཙོས་པའི་ལས་བྱེད་པ་ཡོངས་ནི་ཆོས་གསུམ་དབྱེར་མེད་ཀྱི་བོད་དང་བོད་ཀྱི་ལས་དབང་ལ་ཞེན་པ་དཀར་པོའི་ཁ་ཏག་འཐེན་མཁན་ཡིན་པ་ང་ཚོ་ཚང་མས་མཁྱེན་གསལ་རེད།འོན་ཀྱང་སྐབས་རེ་མི་སུ་ཡིན་ནའང་དྲན་སྐུལ་དགོས་པས་ངས་དེ་སྔ་དྲན་སྐུལ་ཙམ་ཞུས་ཡིན།
    ༣།་་་་གྲྭ་རྒོད་ཁྱེད་ཀྱི་ངའི་མིང་ཐོག་ལ་མཆན་བུ་འདེབས་ཁུལ་བྱས་འདུག་ཀྱང།ངས་གོ་བས་ཀློག་པ་མ་གཏོགས་དག་ནོར་ཡིག་ནོར་གྱིས་གསལ་པོ་ཞིག་བྱུང་མ་སོང།ཁྱེད་ཀྱིས་ཡང་བསྐྱར་ལན་གཅིག་གཟིགས་ནས་དག་བཅོས་བྱེད་ན་ཕྱིས་སུ་མི་གཞན་ལ་མཆན་བུ་འདེབས་སྐབས་ཕན་ཐོགས་ཡོང་ངེས།

    ཐུགས་རྗེ་ཆེ།།

    Reply
  4. གྲྭ་རྒོད says:
    ལོ་ 16 སྔོན།

    སློབ་གྲྭའི་སྐོར་འདི་ཡག་པོ་རེད་བསམ་གི་འདུག་ཡིན་ཡང་དེའི་ནང་གི་འཛིན་སྐྱོང་ཐལ་གཙང་མ་ཞིག་དང་ཤེས་ཚུལ་སྤྲད་ཕྱོགས་ཐོག་ཡག་པོ་ཞིག་ཡོད་མེད་དེ་གནད་དོན་ཞིག་རེད་བསམ།འོན་ཀྱང་སློབ་མ་རྣམས་ཀྱིས་གྲུབ་འབྲས་ལེན་ཐུབ་པས་འཁོར་ཡུག་ཞིག་ཡིན་ན་དགེ་མཚན་ཞིག་རེད།

    Reply
  5. གྲྭ་རྒོད says:
    ལོ་ 16 སྔོན།

    དབྱངས་བུ་ཞེས་པ་ཞིག་གི་མདོ་སྟོད་སྨད་དབུས་གསུམ་གྱི་ཞེན་ཁོག་ཐོན་འདུག་པའི་བསམ་བློ་གཏོང་རོགས་ཞུ།ཞེན་ཁོག་བྱེས་ནས་ཕན་ཐོག་གང་ཡང་མེད་དེ་ལས་རང་ཉིད་ཀྱི་གནས་ཚུལ་ཞུ་བའི་ལམ་འགག་ཡོད་པ་མ་རེད་ལོ།

    Reply
  6. དབྱངས་བུ། says:
    ལོ་ 16 སྔོན།

    དུས་བབ་ཚང་ལ་གནམ་ལོ་གསར་ཚེས་ལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།

    དེ་དང་ལྷན་དུ་དྲི་བ་ཞིག་ཡོད་པ་ཡིན་ད་ཕན་ཁྱེད་ཚང་གི་མདོ་སྨད་དམ་ཨ་མདོ་ཁུལ་གྱི་གནས་ཚུལ་ཅི་རིགས་པ་མང་པོ་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་མོད།མདོ་སྟོད་དང་ལྷག་པར་དབུས་ཁུལ་གྱི་གནས་ཚུལ་སྤེལ་བ་ཧ་ཅང་ཉུང་དོན་དེ་གནས་ཚུལ་མི་ཐོབ་པ་རེད་དམ།་་་ཡང་ན་གང་རེད་ལན་འདེབས་གནང་རོགས་ཞུ།

    ཐུགས་རྗེ་ཆེ།།

    Reply
  7. དོན་གོ says:
    ལོ་ 16 སྔོན།

    ལས་གཞི་འདི་ལག་བསྟར་བྱས་པས་བོད་ཁུལ་གྱི་ལས་བྱེད་མང་པོ་ཞིག་ལས་མེད་ཆགས་ཀྱིན་ཡོད། འདི་ཡང་རྒྻ་ནག་གིས་བོད་མི་རིགས་ལ་སྤྲོད་ཀྱིན་པའི་དཀའ་ངལ་གྱི་ཟུར་ཞིག་རེད།

    Reply
  8. ཀ་ཉག་ཚེ་རིང་། says:
    ལོ་ 16 སྔོན།

    འགྲུལ་བཞུད་སྟབས་མི་བདེ་བའི་རྐྱེན་གྱིས་ས་གནས་མང་པོར་བྱིས་པ་སློབ་གྲྭར་གཏོང་རྒྱུའི་དཀའ་ངལ་ཡོད་པའི་བོད་ཁུལ་ལ་འདི་ལྟར་ལེགས་སྒྲིག་ལ་ཁ་གཡར་ནས་སློབ་གྲྭ་ཉུང་དུ་གཏོང་བའི་བྱ་འགུལ་དངོས་སུ་སྤེལ་བ་འདིས་ནི་འབྱུང་འགྱུར་བོད་ཕྲུག་སློབ་གྲྭར་འགྲོ་རྒྱུ་ཇེ་ཉུང་ལ་འགྲོ་སྲིད་པའི་ཉེན་ཁ་ཡོད་ངེས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese