མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་ཇོའི་རྣམ་ཐར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

གཞས་ཀྱི་སྦྱིན་པ་ཞེས་པ་ཨ་ཇོ་རྣམ་རྒྱལ་གྱི་རྣམ་ཐར་གཞི་ལ་བཞག་པའི་དངོས་འབྲིའི་གློག་བརྙན་དེ་ལོ་འདིར་འགྲེམ་སྤེལ་གནང་རྒྱུ་རེད།

ཕྱི་ཚེས་ ༡༢ ཉིན་འཁྲབ་ཁྲིད་པ་བསོད་ནམས་བཀྲ་ཤིས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། ཁོང་གིས་ལོ་ངོ་དུ་མའི་རིང་རྨི་ལམ་དུ་རྨིས་ཤིང་། དངོས་བྱུང་གནས་ཚུལ་ལ་ཞིབ་འཇུག་བྱས་པ་བརྒྱུད་བཟོས་པའི་གློག་བརྙན་གཞས་ཀྱི་སྦྱིན་པ། ཨ་ཇོའི་རྣམ་ཐར། ཞེས་པ་དེ་ལོ་འདིའི་ཕྱི་ཟླ་ ༡༠ པའི་ཚེས་ ༡༣ ཉིན་བཞུགས་སྒར་ངྷ་སར་ཐོག་མར་གཟིགས་འབུལ་ཞུ་རྒྱུ་རེད།

ཨ་ཇོ་རྣམ་རྒྱལ་ལགས་ནི་ཁྱིམ་ཚང་དབུལ་བོ་ཞིག་ཏུ་སྐྱེས་ཤིང་། དེའི་ཁར་མི་ཡུལ་ལ་མིག་ལོང་བར་བསླེབས་ཡོད་ལ། ཁོང་ནི་ ༡༩༣༠ སོ་གྲངས་ནང་སྐད་གྲགས་ཡོད་པའི་བོད་ནང་གི་གཞས་པ་ཞིག་ཡིན། རྒྱ་ནག་གཞུང་གིས་བོད་བཙན་བཟུང་མ་བྱས་པའི་སྔ་ནུབ་དེར་བོད་མི་རིགས་ཀྱིས་མཐོང་བའི་བོད་པའི་སྲོལ་རྒྱུན་གྱི་གཞས་པ་གྲགས་ཅན་མཐའ་མ་དེའང་ཁོང་ཡིན་འདུག

གཞས་ཀྱི་སྦྱིན་པ་ཞེས་པའི་དངོས་བྱུང་གློག་བརྙན་འདིའི་འཁྲབ་ཁྲིད་པ་ནི་བོད་གཞུང་ཟློས་གར་ཁང་གི་ཟློས་གར་པ་ཟུར་བ་དང་དེང་སྐབས་ཁེ་ན་ཌར་གནས་བཞུགས་སྐུ་ཞབས་བསོད་ནམས་བཀྲ་ཤིས་ལགས་ཡིན་འདུག

དངོས་བྱུང་གློག་བརྙན་འདིའི་པར་པ་ནི་སྐུ་ཞབས་ ཨེ་རིག་ ལགས་ཡིན་འདུག་ལ། ཁོང་ནི་གློག་བརྙན་གྱི་ཆེད་ལས་བཟོ་བ་ཞིག་ཡིན་འདུག དེ་བཞིན་བོད་གཞུང་ཟློས་གར་ཁང་གི་ཟློས་གར་པ་དང་འཁྲབ་ཇུས་པ་གང་མང་ཞིག་གིས་ཀྱང་གློག་བརྙན་འདི་དངོས་སུ་འགྲེམས་ཐུབ་པར་རོགས་རམ་གནང་ཡོད་འདུག

བོད་སྤྱིའི་བོད་དོན་ལས་འགུལ་ཁང་གི་རོ་ཝེལ་ཐེབས་རྩའི་རོགས་དངུལ་གྱི་མཐུན་འགྱུར་བསྩལ་བ་ལྟར། འདས་པའི་ལོ་ ༢ ཀྱི་རིང་ཨ་ཇོ་རྣམ་རྒྱལ་གློག་བརྙན་བཟོ་སྐྲུན་ཚོགས་ཆུང་གིས་ཨ་རི་དང་། སུད་སི། རྒྱ་གར་བཅས་ཉུལ་ནས་གློག་བརྙན་འདི་བཟོས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༢ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

མཆན། 9

  1. karma dorje says:
    ལོ་ 17 སྔོན།

    གློག་བརྙན་སྒྲ་འཇུག་སོགས་གཏན་འཁེལ་ཟིན་པ་ཡིན་ན། གཞིས་ཆགས་བུས་གསུངས་པ་ལ་བདེན་པ་འདུག དེ་མིན་ན་ཤ་ཚའི་ཁ་ནས་གཏམ་ངན་ཡིན་ཡང་ཁ་མ་བཀག

    Reply
  2. གཞིས་ཆགས་བུ། says:
    ལོ་ 17 སྔོན།

    དགུ་ཚིག་སྐྱ་མོ།
    གློག་བརྙན་མི་ཐོན་གོང་ནས་རྣམ་རྟོག་འདྲ་མི་ལོང། དེ་ནི་ཁྱེད་འདྲ་བའི་ཤེས་ལྡན་པ་འགས་གོམས་གཤིས་སུ་འཇགས་པ་ཞིག་རེད་འདུག ངོ་མ་ཉི་ཤུ་དགུའི་ཉིན་དེར་གཏོར་མ་མཉམ་དུ་དབྱུང་དགོས་པ་ཞིག་འདུག
    དང་པོ་གློག་བརྙན་ལྟོས། དེ་ནས་བསམ་འཆར་འདོན།
    ཕྲུ་གུ་མ་སྐྱེས་གོང་ནས་གོན་པ་ཉོ་མཁན་ཁྱེད་བཟོ་འདྲ་མང་དྲགས་ན་སྐྱོན་ཆེ།

    Reply
  3. གཡག་རྒོད says:
    ལོ་ 17 སྔོན།

    བོད་ཡིག་ཡག་པོ་མི་ཤེས་པའི་གློག་བརྙན་འཁྲབ་ཁྲིད་པ་ཚོས་བོད་ཡིག་ཡག་པོ་ཡོད་པའི་བོད་མི་ཚོ་དང་མཉམ་དུ་ལས་ཀ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་ཡིན་པར་སྣང་། ཡི་གེ་མ་དག་པ་དང་སྐད་མ་དག་པའི་གློག་བརྙན་དག་གིས་སྤྱི་ཚོགས་ནང་དུ་བག་ཆགས་ངན་པ་འཇོག་ངེས་པས། གློག་བརྙན་སྤོས་དག་ཡོང་བ་ལ་ཡིད་གཟབ་གནང་དགོས།

    Reply
  4. དགུ་ཚིགས་སྐྱ་མོ། says:
    ལོ་ 17 སྔོན།

    དབྱིན་བོད་ཧིན་གསུམ་བསྲེས་མའི་ཁ་སྐད། །
    སྐྱབས་བཅོལ་བོད་མིའི་བརྡ་སྤྲོད་བྱེད་སྟང། །
    རང་ཚུགས་ཤོར་མེད་པའི་ཁ་སྐད་འདྲེས་མ། །
    རང་གི་སྐད་ཡིག་བསྲུང་སྐྱོབས་ཕར་ཞོག །
    རང་གཞན་ཀུན་ལ་ཕོངས་པའི་སྣ་འདྲེན། །
    དེ་འདྲའི་ཨ་ཇོའི་རྣམ་ཐར་རྣམ་ཐར་མི་དགོས། །

    Reply
  5. karma dorje says:
    ལོ་ 17 སྔོན།

    ཨ་ཁ་བརྗེད་ཤག གློག་བརྙན་བཟོ་མཁན་འབྲེལ་ཡོད་ཚང་མར་བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. karma dorje says:
    ལོ་ 17 སྔོན།

    གློག་བརྙན་གཞས་ཀྱི་སྦྱིན་པ། ཨ་ཇོའི་རྣམ་ཐར་གྱིས་བོད་སྐད་ཀྱང་སྦྱིན་པགཏོང་བའི་་རེ་བའང་ཡོད།
    ཧི་མ་ལ་ཡི་གློག་བརྙན་གྱི་བོད་སྐད་ལས་ལྷག་པའི་སྤྱི་སྐད་དང་། ཡུལ་སྐད་དང་མཚར་གཏམ་སོགས་མ་བསྲེས་པར་སོ་སོར་སྟོན་ཐུབ་ལ། མ་དག་རྒྱུན་འཇགས་རྙིང་པས་མ་བསླད་ལ། ལོག་སྐད་གསར་པའི་མ་གོས་པ་ཅིག་ཡོང་བའིརེ་བ་དང་། རེ་སྐུལ་དང་རེ་སྨོན་ཞུ།

    Reply
  7. ལྷག་པ་ཚེ་རིང༌། says:
    ལོ་ 17 སྔོན།

    དེང་སྐབས་བོད་ཕྱི་ནང་གཉིས་ཀར་རང་སྐད་ཀྱི་ཆུ་བོ་འབྲི་བཞིན་པའི་སྐབས་འདིར་བོད་སྐད་ཐོག་གློག་བརྙན་བཟོ་སྐྲུན་གནང་ནས་མང་ཚོགས་ནང་འགྲེམས་སྤེལ་བྱ་རྒྱུ་ནི་རང་གི་སྐད་ཡིག་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གཏོང་བར་ཡང་ཕན་ཐོགས་ཧ་ཅང་ཆེན་པོ་ཞིག་ཡིན་པས་གོང་གི་བྱ་བ་དེར་དངོས་བརྒྱུད་ནས་འབྲེལ་ཡོད་ཀུན་ལ་བཀྲི་བདེ་ལེགས་དང་བཀའ་དྲིན་ཆེ་ཞུ། དེ་དང་ཆབས་ཅིག་ཞུ་རྒྱུ་གཞན་ཞིག་ཡོད་པ་ནི་ད་བར་གྱི་བཙན་བྱོལ་ནང་བཟོས་པའི་གློ་བརྙན་ཕལ་ཆེར་དེ་སྐད་ཡིག་གི་ཕྱོགས་ནས་ཀྱང་ཞན་ཆ་ཆེན་པོ་མཐོང་རྒྱུ་ཡོད་པས་ན། སྐབས་རེ་དེས་ཕན་པའི་ཚབ་ལ་གནོད་པའི་བྱ་བ་ཡང་བྱེད་པས་ན་ཐུགས་ཁུར་བཞེས་གལ་ཆེ་འོ༎

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    སྤྱི་ཟླ་བཅུ་པ་གཟིག་ཡིན་ད་ལྟ་ནས་གསལ་བསྒྲགས་ནས་སྔ་དྲག་པ་རེད། རེ་བས་འཆི་རྒྱུ་རེད་ཡ། ཧ་ཧ་ཧ།
    རྩེད་མོ་ཡིན། བྱ་བ་དེ་འམ་འགྲོ་ཡོང་བར་སྨོན།

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 17 སྔོན།

    ཨ་ཧོ་ཧོ་་་་་ད་དུང་ཟླ་བ་བརྒྱད་ལྷག་ཅིག་འདུག་་་་་སྒུག་ཡུན་ཅུང་རིང་འདུག་ཡ་་་་་སྐབས་དེར་ཡོད་མེད་སུས་ཤེས་་་་་ཅིག་བྱས་ན་ཨ་ཞང་སང་གིས་སྐད་གཏོང་བའི་ཉེན་ཁའང་འདུག་་་་་་མགྲོན་ཤོག་མ་སླེབས་ན་རྡ་སར་ལྟ་རུ་ཡོང་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese