མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་ཡུལ་དུ་བོད་ཀྱི་ལྷ་རྩེ་གྲོང་གསེབ་འཛུགས་འཆར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ ལོན་ནལ་ལུ་ཁ་ ལགས་ཀྱིས་ཡུལ་དེར་བོད་པའི་གྲོང་གསེབ་སྟེ། བོད་ཀྱི་གྲོང་ཚོའམ། བོད་ཀྱི་སྡེ་བ་ཞེས་པ་ཞིག་གསར་སྐྲུན་བྱ་རྒྱུའི་ལས་འགུལ་དངོས་སུ་རྩོམ་མགོ་བཙུགས་ཡོད་འདུག

ལས་འགུལ་འདིའི་མགོ་འཛུགས་དང་དྲིལ་བསྒྲགས་ནི་ལོ་གཅིག་གི་སྔོན་ལ་ཧྥ་རན་སི་བོད་དོན་རྒྱབ་སྐྱོར་ཚོགས་པས་བརྩམས་ཡོད་ཀྱང་། ལས་འགུལ་དངོས་གཞི་ཟླ་འདིའི་ཚེས་ ༡༠ ཉིན་མགོ་བཙུགས་ཡོད་པ་རེད།

ལས་འགུལ་འདིར་ཐོག་མར་རྒྱབ་སྐྱོར་གནང་མཁན་ནི་ཧྥ་རན་སིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ Salles sur Garonne ཞེས་པའི་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Jean Louis Halioua ཡིན་ཞིང་། ཁོང་གི་གྲོང་ཁྱེར་གྱིས་ཧྥ་རན་སིའི་ཡུལ་དུ་བོད་པའི་གྲོང་གསེབ་ཅིག་འཛུགས་རྒྱུར་འོས་ཤོག་འཕངས་པ་མ་ཟད། གྲོང་ཁྱེར་དེའི་མིང་ལ་བོད་ལྗོངས་གཞིས་རྩེ་ཉེ་འགྲམ་གྱི་ལྷ་རྩེ་ཞེས་པའི་གྲོང་བརྡལ་དེའི་མིང་འདོགས་རྒྱུའི་མོས་མཐུན་བྱས་ཡོད་པ་རེད།

སྐུ་ཞབས་ ལོན་ནལ་ལུ་ཁ་ ལགས་ཀྱིས་འདི་ལ་རྒྱབ་སྐྱོར་གནང་སྐབས་གསུངས་དོན། ཁོང་དང་ཁོང་གི་ལས་རོགས་རྣམས་ཀྱིས་འདི་ལ་རྒྱབ་སྐྱོར་ཆ་ཚང་ཞུ་རྒྱུ་ཡིན་པར་བཤད་ཚུལ་བཙན་བྱོལ་བོད་གཞུང་གི་ཡུ་རོབ་སྐུ་ཚབ་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་གསུངས་ཡོད་པ་རེད།

གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ Jean Louis Halioua ལགས་ཀྱིས་གསུངས་དོན། ཁོང་དང་ཁོང་གི་ས་གནས་མཐུན་ཚོགས་ཀྱི་ངོས་ནས་ལས་འཆར་འདི་ཁུལ་རིམ་པར་ཕུལ་ཡོད་པ་མ་ཟད། དེར་གོང་རིམ་ནས་ངོས་ལེན་ཡང་གནང་ཡོད་འདུག དེར་བརྟེན་ཡང་དང་བསྐྱར་དུ་ཞུ་འབོད་བྱས་པར་བརྟེན་སྲིད་གཞུང་གི་མི་སྣ་དག་གིས་འདི་ལ་ངོས་ལེན་བྱ་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མཐོང་གི་མི་འདུག་ཟེར།

ཧྥ་བོད་མཐུན་ཚོགས་ཐོག་མར་འཛུགས་མཁན་དང་དེའི་ཚོགས་གཙོ་ལྕམ་ Marcelle Roux ལགས་ཀྱིས་གསུངས་དོན། འབྱུང་འགྱུར་གྱི་ཟླ་བ་དག་གི་ནང་ལ། གྲོས་ཚོགས་འཐུས་མི་དང་གྲོང་ཁྱེར་སྤྱི་ཁྱབ་པའི་འབྲེལ་མཐུད་བརྒྱུད་ལམ། གྲོས་ཚོགས་གོང་མ་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གི་ནང་དུ་མཉམ་ལས་ཀྱི་སྒོ་ནས་ལས་འགུལ་སྤེལ་རྒྱུ་ཡིན་ཟེར།

ཡུ་རོབ་སྐུ་ཚབ་དོན་གཅོད་བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས། འདི་ནི་བོད་ནང་གི་གཞིས་ལུས་མི་དམངས་རྣམས་ཀྱིས་རང་དབང་ལུང་བར་ཡོད་པའི་འཛམ་གླིང་གི་མི་དམངས་ཀྱིས་ཁོང་ཚོ་བརྗེད་མེད་པའི་བརྡ་ལན་ཤུགས་ཆེན་པོ་ཞིག་ཡིན། བོད་པའི་གྲོང་གསེབ་འདི་གསར་འཛུགས་ཀྱི་ལས་རིམ་འདི་བརྒྱུད་དེ། བོད་ནང་གི་གཞིས་ལུས་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆག་འཇིག་དེ་ཧྥ་རན་སིའི་ཡུལ་དང་ཡུལ་ལུང་གཞན་གྱི་མི་དམངས་རྣམས་ལ་ཐག་ཇེ་ཉེ་རུ་གཏོང་ཐུབ་པའི་རེ་བ་ཡོད་ཅེས་གསུངས་འདུག

འབྲེལ་ཡོད་གསར་འགྱུར།

བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

སྐར་མ ༣༧ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༡ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དབུ་འཁྲིད་པའི་ཞུ་གཏུག་ཚོགས་ཆུང་གིས་རྒྱ་གར་གྱི་དབུས་བློན་ཆེན་ཀེ་རིན་རི་ཇི་ཇུ་(Shri. Kiren Rijiju)མཆོག་དང་མཇལ་བ།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གིས་བོད་དོན་ཞུ་སྐུལ་གནང་བཞིན་པ།

༢༠༢༥/༡༢/༡༧

མཆན། 15

  1. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    ཨོ་་་་་་་་་དངོས་གནས་སྤོབས་པ་རེད།་་་་་་འདི་འདྲའི་བྱ་ཞིག་སྒྲུབ་པར་ང་ཚོས་ཐུགས་རྗེ་ཆེ་ལོས་ཞུ།་་་་་་་་དེ་སྔོན་བོད་ཕྱི་རྒྱལ་དང་མ་ཟད་བལ་ཡུལ་ཁུལ་སྒྲོལ་མ་མགྲོན་ཁང་དང་བྱམས་པ་ཁང་གསར་སོགས་བོད་ཀྱི་སྐུ་འདྲ་རྙིང་རྣམས་བཙོངས་ཏེ་དེའི་མཚན་རྣམས་དེའི་བེད་སྤྱོད་བྱེད་ཀྱི།་་་་་་་་་ཁྱེད་ཀྱི་སྐྲུན་བཞིན་པའི་ལྷ་རྩེ་གྲོང་གསེབ་དེར་དེ་འདྲ་བའི་ཤུགས་རྐྱེན་མེད་པ་ང་ཚོར་ཡིད་ཆེས་་ཡོད།

    Reply
  2. མིག་དམར་ཚེ་རིང་ says:
    ལོ་ 16 སྔོན།

    ཨོ་་་་་་་་་དངོས་གནས་སྤོབས་པ་རེད།་་་་་་འདི་འདྲའི་བྱ་ཞིག་སྒྲུབ་པར་ང་ཚོས་ཐུགས་རྗེ་ཆེ་ལོས་ཞུ།་་་་་་་་དེ་སྔོན་བོད་ཕྱི་རྒྱལ་དང་མ་ཟད་བལ་ཡུལ་ཁུལ་སྒྲོལ་མ་མགྲོན་ཁང་དང་བྱམས་པ་ཁང་གསར་སོགས་བོད་ཀྱི་སྐུ་འདྲ་རྙིང་རྣམས་བཙོངས་ཏེ་དེའི་མཚན་རྣམས་དེའི་བེད་སྤྱོད་བྱེད་ཀྱི།་་་་་་་་་ཁྱེད་ཀྱི་སྐྲུན་བཞིན་པའི་ལྷ་རྩེ་གྲོང་གསེབ་དེར་དེ་འདྲ་བའི་ཤུགས་རྐྱེན་མེད་པ་ང་ཚོར་ཡིད་ཆེས་་ཡོད།

    Reply
  3. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    སྤོབས་པ་ལགས། ངོ་མ་ཁྱེད་ཀྱིས་གླིང་ཕྲན་ཞིག་ཉོས་ཡོད་ན་དེ་ལ་འགྲོ་སོང་མི་ཉུང་བ་ཞིག་སོང་ཡོད་རྒྱུ་རེད།

    Reply
  4. གཞིས་ལུས་བོད་པ། says:
    ལོ་ 16 སྔོན།

    སྤོབས་པ་ལགས། ངོ་མ་ཁྱེད་ཀྱིས་གླིང་ཕྲན་ཞིག་ཉོས་ཡོད་ན་དེ་ལ་འགྲོ་སོང་མི་ཉུང་བ་ཞིག་སོང་ཡོད་རྒྱུ་རེད།

    Reply
  5. འདྲེ་ཡར་ལངས། says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་ཇོ་ཁང་དང་པོ་ཏྰ་ལ་གཉིས་ཀ་བཀྱགས་ཡོང་ནས་གླིང་ཕྲན་དེའི་སྒང་དུ་འཇོག་འཆར་ལ་ཐུགས་རྗེ་ཆེ་ཞུ།    ཡིན་ན་ཡང་སེ་འབྲས་དགེ་གསུམ་པོ་གཅིག་ཀྱང་སྤོར་མ་ཡོང་རོགས།     ཡང་ནང་གསོད་དང་དོལ་རྒྱལ་གྱི་རྙོག་དྲ་སླེབས་ཡོང་གི་རེད།

    Reply
  6. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་པེ་ཅིང་ལམ་དང་ཅང་སུའུ་ལམ་དེ་ཚོ་ལྷ་སར་སྤོས་ཡོང་གིན་ཡོད་དུས་ལྷ་རྩེ་ཧྥ་རན་སི་ལ་ཕར་སྤོས་པ་རེད། ངས་ཀྱང་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཞིག་བོད་མི་འཁྱམས་པོ་ཚོ་འདུག་སའི་ཆེད་དུ་ཉོས་ཡོད། དུས་བཟང་སྐར་བཟང་ཞིག་ལ་ང་སོང་ནས་ཇོ་ཁང་དང་པོ་ཏྰ་ལ་གཉིས་ཀ་བཀྱགས་ཡོང་ནས་གླིང་ཕྲན་དེའི་སྒང་ལ་འཇོག་འཆར་ཡིན། ཁྱེད་ཚོས་ལྟོས་སྡོད་ད།

    Reply
  7. སངས་རྒྱས་རིན་ཆེན། says:
    ལོ་ 16 སྔོན།

    དེ་འདྲ་ཞིག་གོ་བས་ཧ་ཅང་དགའ་བོ་བྱུང་། བྱ་བ་གལ་ཆེན་དེ་ལམ་ལྷོངས་ཡོང་བའི་སྨོན་ལམ་ཞུ།

    Reply
  8. karma dorje says:
    ལོ་ 16 སྔོན།

    འཛུགས་མཁན་ཚང་མར་༇བོད་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ།

    ཧྥ་བོད་མཐུན་ཚོགས་ཚུགས་ས།
    ཕཱ་བོད་འབྲེལ་མཐུད་བྱེད་ས། །
    ཕའ་བོད་མི་རིགས་སྡོད་ས། །
    ཕྭ་བོད་མི་རིགས་འདྲེས་ས། །

    ༜སྡོད་མཁན་ཕུན་སུམ་ཚོགས་པ་དང་། ༁། ཨེ་མ། གཞན་རྣམས་བག་བྲོ་༸སྐུ་ཁམས་བཟང་། །

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གྲོགས་པོ་བྱམས་རྒྱལ་དང་ཟ་ལེ་རྒྱ་གཉིས་ཀྱིས་འདིའི་སྐོར་ཤེས་ཚད་རེད། ལྷོ་ཕྲུག་གི་དྲི་བ་རྣམས་ལ་ཁྱེད་གཉིས་ཀྱིས་ལན་འདེབས་རེ་གནང་རོགས་ཞུ།

    Reply
  10. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    ཧ་ཅང་ཡག་པོ་འདུག་་་་་བོད་པའི་གྲོང་ཚོ་བཙུགས་ན་དེར་བོད་པ་འདུག་དགོས་པས་བོད་པ་གང་ནས་ལེན་འཆར་ཡོད་པ་རེད།

    Reply
  11. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས་ཀྱིས་གཙོས་དྲྭ་བའི་རིག་གནས་དང་འབྲེལ་ཡོད་ཡོངས་ལ་གནམ་ལོ་གསར་དུ་བཞད་པའི་དུས་སྟོན་ལ་འཚམ་འདྲི་ཞུ་བཞིན་ཡོད།
       
    གསལ་ཁ་མེད་པའི་གནས་ཚུལ་ཞིག་ལ་དྲི་བ་ཞིག་ཡོད།
    གྲོང་གསེབ་འདི་བོད་པའི་ས་ཁུལ་ཞིག་གི་མིང་ཐོག་ནས་རྨང་གཞི་འདིང་གིན་ཡོད་པ་འདྲ།
    འོ་ན་གྲོང་གསེབ་འདིའི་ནང་གནས་སྡོད་བྱེད་མཁན་རྣམས་བོད་རིགས་ཡིན་ནམ་ཧྥ་རིགས་ཡིན།       བོད་རིགས་ཡིན་ན་དེ་སྔོན་ཡུལ་དེར་འབྱོར་བསྡད་བྱས་ཟིན་གྱི་བོད་རིགས་ཁག་ཡིན་ནམ་ཡང་ན་ཕྱི་ལོགས་ནས་གསར་འཐེན་བྱ་རྩིས་ཡོད་པ་གང་ཡིན།

    ཡུལ་དེར་འབྱོར་བསྡད་བྱས་ཟིན་གྱི་རིགས་རྣམས་ཡིན་ན་སྐྱབས་བཅོལ་བའི་མིང་ཐོག་ནས་ཡོད་མཁན་རྣམས་ཡིན་ནམ་ཡང་ན་བོད་རིགས་སུ་གྱུར་ཚད་གང་ཡིན།
    གྲོང་སྡེའི་ས་ཁྱོན་གྱི་ཚད་ཇི་ཙམ་ཡིན། གྲོང་མི་གྲངས་ཇི་ཙམ་སྤོ་བསྐྱོད་བྱ་འཆར་ཡོད་པ་རེད།            
    མིའི་སྡོད་ཁང་ཙམ་ཞིག་གསར་བསྐྲུན་བྱེད་ཀྱི་ཡོད་པ་རེད་དམ་ཡང་ན་སློབ་གྲྭ་དང་སྨན་ཁང་སོགས་ཀྱི་མཐུན་རྐྱེན་ཁག་ཀྱང་བསྐྲུན་འཆར་ཡོད་པ་གང་རེད།         

    ཨ་ཙི་ད་དུང་དྲི་བ་མང་པོ་ཞིག་འདུག
    ལོ་གསར་པའི་གྲ་སྒྲིག་བྱེད་སྒང་ལ་དྲི་བ་མང་དྲགས་ན་་་་་་་་་་་རེད་རེད་སྐུ་རླུང་བཞེངས་སྲིད།

    Reply
  12. ཕྱོགས་གླང། says:
    ལོ་ 16 སྔོན།

    ཕ་རན་སི་ནས་བོད་ཀྱི་ལོ་གསར་ལ་བོད་མིའི་ངོ་བོ་དང་། སྐད་ཡིག། གོམས་གཤིས་སོགས་འཚོ་གནས་ཐུབ་ཐབས་ཀྱི་ཕྱག་རྟགས་ཆེན་པོ་ཞིག་གནང་རྩིས་འདུག་ག། ཁ་དྲོ། བཀྲ་ཤིས། ལས་དོན་ལམ་ལྷོངས་ཡོང་བར་བོད་མིའི་ཕྱོགས་ནས་རང་དོན་རང་གཅེས་ཀྱིས་རྒྱབ་སྐྱོར་གནང་རྒྱུ་གལ་ཆེན་པོ་རེད་དོ།། ཁེ་ན་ཌ་ནས།།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཧྥི་རན་སི་རྒྱལ་ཁབ་འདི་བོད་ཀྱི་ཆེད་དུ་དུས་རྒྱུན་དུ་ནས་ཡག་པོ་ཡོད། ཐུགས་རྗེ་ཆེ་ཧྥི་རན་སི་མི་དམངས་དང་རྒྱལ་ཁབ་ཀྱིས་བོད་འདི་ཉམ་ཕྲ་བའི་སྐབས་སུ་བོད་ཀྱི་གྲོང་ཁྱེར་རེ་འཛུགས་རོགས་བྱེད་པར་དགའ་པོ་བྱུང་།
    མ་ཟད་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚང་མའི་ནང་དུ་བོད་ཀྱི་གྲོང་ཁྱེར་རེ་དང་བོད་མི་འཁོར་ས་རེ་བཟོ་ཐུབ་ན། བོད་མི་དང་བོད་ཀྱི་རིག་གཞུང་འཛམ་གླིང་འདིར་གནས་ཐུབ་པར་ཕན་ཐོག་ཡོང་བ།
    འཛམ་གླིང་ག་ས་གང་དུ་ཡོད་པའི་བོད་མི་རྣམས་ཀྱིས་རང་རང་གི་ས་ཕྱོགས་དེར་བོད་མི་དང་བོད་ཀྱི་རིག་གཞུང་གནས་སའི་གྲོང་ཁྱེར་རེ་བཟོ་ཐུབ་པར་འབད་བརྩོན་གནང་རོགས་ཞུ།

    Reply
  14. སྟག་རྩེ་དཔལ་ལྡན says:
    ལོ་ 16 སྔོན།

    ངས་འདི་ནས་ལས་གཞི་འདི་ཉིད་མགོ་འཛུགས་གནང་འཁན་སྐུ་ཞབས་ Jean Louis Halioua མཆོག་དང་ཁོང་གི་ལས་རོགས་རྣམས་ལ་གཞེས་ལུས་རྒྱ་ཆེ་མི་མང་གི་ཚབ་བྱས་བོད་ཀྱི་གནམ་ལོ་གསར་ཏུ་བཞད་པའི་དགའ་སྟོན་མཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་ཞུ།
    ལས་རིགས་འདི་དག་གིས་ཅི་ཞིག་མཚོན་གྱི་ཡོད་ཞེ་ན། གངས་ཅན་བོད་པ་ཚང་འཛམ་གླིང་འདིར་རླག་མི་ཐུབ་པ་དང་། འཛམ་གླིང་མི་མང་གི་ཆེས་རིན་ཐང་ཅན་གྱི་མི་རིགས་ཞིག་ཡིན་པར་མཚོན་ཡོད།

    Reply
  15. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དོན་རྐྱེན་འདི་ཡང་ཉིན་ཤས་སྔོན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་འཇར་མན་དང་ཧྥ་རན་སིར་ཡོང་སྐབས། ཁོས་ཟླ་ཤས་རྗེས་སུ་ཧྥ་རན་སིའི་སྲིད་འཛིན་སར་ཁོ་རྫེ་མཆོག་རྒྱ་ནག་ལ་ཕེབས་འཆར་ཡོད་ཚུལ་བརྗོད་པ་དང་། རྒྱ་ནག་གིས་དེར་དགའ་གུས་ཀྱི་རྣམ་པ་ཅི་ཡང་སྟོན་བཞིན་པའི་སྐབས་ཐོག་ཅིག་ཏུ་འཁེལ་ཡོད་སྟབས། སྲིད་དོན་གྱི་ཆ་ནས་ད་ལོ་ཚོར་བ་རྣོ་རྒྱུ་རེད་འདོད།

    གསར་འགྱུར་འདི་ནི་ང་ལ་མཚོན་ལོ་གསར་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese