མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད། {དངོས་སྒྲུང་།} རེ་གཅིག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༢/༡༣
Share on FacebookShare on TwitterShare on EmailShare on Whatsapp
་་་་་་་་་དངོས་སྒྲུང་འདི་བདག་ལ་རྒྱུས་མངའ་ཡོད་མཁན་གྱི་གྲྭ་བ་ཞིག་གི་ལོ་རྒྱུས་ཡིན།


བློ་བཟང་གི་གོན་པ་ཡོངས་རྫོགས་ཆར་བས་བརློན་པ་བཟོས་ཡོད་ཀྱང་། ད་དུང་ཕྱིར་དྲན་གྱི་ཁྲོད་དུ་རང་གི་ནང་དུ་སླེབས་དུས་སུ། དྲིན་ཆེན་མ་ལོ་སྒྲོལ་མ་འཚོས་རང་གི་བུ་ཆར་བའི་བརློན་པ་བཟོས་ཡོད་པ་མཐོང་མ་ཐག

བློ་བཟང་། ཆར་བ་མཚམས་འཇོག་རེག་བར་དུ་སྒུག་ནས་ཡོང་ན་མི་འགྲིག་ནས། ད་སོང་། མགྱོགས་པོ་བྱོས། གོན་རྒྱུ་བརྗེ་ནས་ཤོག་ཟེར་ནས་ཁོ་རང་གི་རྐང་འཁོར་ཨ་མས་ཁྱེར་ནས་འཆམ་འོག་དུ་སོང་།

བློ་བཟང་གིས། སྐྱོན་མེད་ཀི་ཟེར་ཞོར་དུ། གོན་པ་བརྗེ་རུ་ཕྱིན། དགོང་མོ་དེར་ཆར་བ་མུ་མཐུད་དུ་འབབ་བཞིན་ཡོད་པ་མ་ཟད། ནུ་མོ་མཚོ་མོ་སྐྱིད་དང་ཚ་བོ་རྡོ་རྗེ་རྒྱལ། ད་དུང་། ནུ་བོ་ཀླུ་འབུམ་རྒྱལ་ཁོང་ཚོ་ཚང་མས་ནུབ་ཚལ་འཐུང་རྗེས་སུ། བློ་བཟང་གིས་ཉིན་དེར་ཁོ་རང་ལ་ཞང་བོ་ཨ་ཁུ་ལགས་དང་གྲོགས་པོ་རྙིང་བ་གྲྭ་སྤྱིན་པ་གཉིས་ཀྱིས་སྒོར་མོ་སྤྲད་པ་སོགས་གླེང་བ་མ་ཟད། ཕྱིར་ཉིན་རང་གི་ཨ་མྱེ་བདེ་ཆེན་སར་སོང་ནས་གནས་ཚུལ་ཞིབ་དུ་ཞུ་རྒྱུར་ཁོང་ཚོས་གྲོས་ཁ་འཆམ།

ཨ་མྱེ་བདེ་ཆེན་གྱིས། བློ་བཟང་ལ། ད་ནི་ཁྱེད་རང་གིས་བསམ་ཐོག་ལ་ཕ་མ་གཉིས་ཀྱིས་བཞག་ཟིན་པ་ཡིན་དུས། ང་རང་ལ་དམིགས་བསལ་གྱིས་བསམ་འཆར་གང་ཡང་མེད། ད་ནི་ཁྱེད་རང་ཐག་རིང་དེ་འདྲ་ཞིག་ལ་བུད་སོང་བའི་ཕྱིར་ཉིན། ང་དང་ཁ་ངོ་ཨེ་ཐུག་ཤེས་ནི་མ་རེད། མ་ཐུག་ཡང་མི་སྐྱོན་གི ས་མཐའ་གང་ཞིག་ནས་བསྡད་ཀྱང་། རང་གི་བྱ་བ་འཕྱུག་དུ་མ་འཇུག སྒོར་མོ་ཆ་རེ་གསོག་ཨེ་ཐུབ་ལྟོས། ས་གང་དུ་སོང་ཡང་སྒོར་མོ་མེད་དུས་མི་གྲལ་ལ་ཚུད་ཁག་པོ་ཡིན་ནི་རེད། ཐ་ན་རང་གི་སྤུན་ཉེ་རིང་ཚོ་ཡིན་ཡང་རོགས་བྱེད་མཁན་ཡོད་ནི་མ་རེད་སོགས། བློ་བཟང་ཁོ་རང་ལ་འཇིག་རྟེན་མིའི་འགྲོ་ལུགས་མི་ཉུང་བ་ཞིག་གསུངས།

བློ་བཟང་གིས། ཨ་མྱེ་ལགས། གཅིག་བྱས་ན་ཉིན་མ་ཞིག་སླར་ཡང་ང་ཚོ་ཐུག་ན་ཐང་། ང་རང་ལ་རེ་བ་ཡང་དེ་འདྲ་ཞིག་ཡོད། ནུ་མོ་མཚོ་མོ་སྐྱིད་ངས་ཁྲིད་དེ་འགྲོ་རྒྱུ་ཡིན། དེ་ཡི་རྒྱུ་མཚན་ཚང་མ་ངས་ཁྱེད་རང་ལ་གོང་དུ་ཞུས་ཟིན་པ་དེ་རེད། ཁོ་མོ་ད་དུང་ལོ་ཆུང་བ་དང་བསམ་མི་ཤེས་པའི་སེམས་ནང་དུ་དཀའ་ངལ་ཡོད་པ་མ་རེད། ཆེན་པོ་ཆགས་ནས་གནས་ཚུལ་ཚང་མ་ཤེས་དུས། ད་དངོས་ནས་ཁག་པོ་ཆགས་ངེས་རེད། དེ་ཡིན་དུས་ངས་ཁོ་མོ་རྒྱ་གར་དུ་ཁྲིད་སོང་ནས་སློབ་སྤྱོང་ཡག་པོ་ཞིག་བྱེད་དུ་འཇུག་གི་ཡིན།

བློ་བཟང་གིས་རང་གི་ཨ་མྱེ་ལགས་ཀྱིས་རང་ཉིད་ལ་ད་ལྟ་ཡང་གྲྭ་བ་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་དེ་ཡི་སྐོར་ལ་བསམ་བློ་རེ་གཏོང་ཞོར་དུ་སེམས་པ་སྐྱོ་གདུང་གི་གཟུར་ནས་ཕྱིར་སྡེ་བའི་ནང་དུ་ལམ་ལ་ཆས་པའི་ལམ་ཁར། རྒྱ་གར་དུ་ངོ་ཤེས་པའི་གྲོགས་པོ་གྲྭ་བ་ཞིག་གི་མགྲོན་འབོད་བྱས་ཡོད་པ་དེ་ཡི་ནང་དུ་སོང་། གྲྭ་བ་དེས་ཁོ་རང་གི་གནས་ཚུལ་དག་བློ་བཟང་ལ་ཞིབ་དུ་གླེང་དུས། ཁོ་རང་ཡང་རང་ས་ནས་རང་དབང་མེད་པའི་ཁོར་ཡུག་ལ་སུན་སྣང་ཆེན་པོ་ཡོད་ཀྱང་། འགྲོ་འདོད་ཀྱང་འགྲོ་གྲོན་གྱི་དཀའ་ངལ་ཆེ་བ་དང་། ཕྱོགས་གཞན་ཞིག་ནས་ཕ་མ་གཉིས་ཀྱིས་གཏན་ནས་ཁོ་རང་ས་གཞན་དུ་འགྲོ་རྒྱུར་འདོད་པ་མེད་པ་སོགས་ཀྱི་གནས་ཚུལ་མང་བོ་ཞིག་བློ་བཟང་དང་ལྷན་དུ་ཁ་བརྡ་བྱས།

འདི་ན་རྒྱ་སྒོར་བརྒྱ་མ་གཏོགས་མེད་ཀྱང་ལམ་བར་ནས་ཁ་ལག་ཞིག་ཟ་བྱེད་བྱོས། གཅིག་བྱས་ན་ཉིན་ཞིག་ང་རང་སླར་ཡང་རྒྱ་གར་དུ་སླེབས་ཡོང་ན་ཐང་། དེ་དུས་ང་ཚོ་ཐུག་གི་རེད། གལ་ཏེ། རྒྱ་གར་དུ་ཡོང་མ་ཐུབ་པ་ཡིན་ན་རྒྱ་ནག་རྒྱལ་ས་པེ་ཅན་དུ་སློབ་སྤྱོང་ཞིག་བྱེད་དུ་འགྲོ་ཨེ་ཐུབ་བསམ་ནས་བསྡད་ཡོད། དེ་ཡང་ཕ་མ་གཉིས་དང་གྲོས་ཁ་བྱུང་དགོས་པ་རེད།

བློ་བཟང་གིས་རང་ཉིད་ཀྱི་ངོ་ཤེས་མི་ཉུང་བ་ཞིག་དང་ཐུག་འཕྲད་བྱས་ཀྱང་། རང་ཉིད་ཕྱིར་རྒྱ་གར་དུ་འགྲོ་བཞིན་ཡོད་པའི་སྐོར་རང་གི་བློ་གཏད་ཐུབ་སའི་གྲོགས་པོ་རེ་ཟུང་ཞིག་ལ་མ་གཏོགས་གཏན་ནས་མ་བཤད་ཀྱང་། དེ་དག་གི་ས་ནས་ཁོང་ཚོའི་སེམས་ནང་གི་རང་དབང་བྲལ་བའི་སྡུག་བསྔལ་དེ་དག་ལ་ཉན་ཐེངས་རེར། བོད་པ་ཟེར་བའི་མི་རིགས་འདིས་སེམས་གཏིང་དུ་ན་ཟུག་ཞིག་ཡོད་པ་དེ་ནི་ཟུར་བལྟས་ལེབ་མཐོང་དུ་གྱུར་བ་རེད།

ཕྱིར་སྡེ་བའི་ནང་དུ་ཡོང་བའི་ལམ་ཁ་ནས། ཆུང་དུས་ནས་རང་ཉིད་རྫོང་ཐོག་ནས་སློབ་གྲྭ་འགྲོ་དུས་སུ་བསྡོད་ཡུལ་ཨ་མྱེ་བདེ་ཆེན་གྱི་ནུ་མོ་ཨ་ནེ་རྟ་མགྲིན་འཚོ་ཡོད་སར་འཚམ་འདྲི་ཞིག་བྱེད་དུ་སོང་དུས། ཨ་ནེ་རྟ་མགྲིན་འཚོས། བློ་བཟང་ལ་རང་གི་སྐེ་རུ་འཕྱངས་པའི་དངུལ་ཁུག་ཚུལ་དྲགས་ཅན་པོ་དེ་ཡི་ནང་ནས་རྒྱ་སྒོར་བཅུ་ལོ་གཉིས་ཕྱིར་བཏོན་ནས། འདི་མཚོ་མོ་སྐྱིད་ཁྱེད་གཉིས་ཀྱི་ལམ་པར་ཟ་མ་ཞིག་ཟ་བྱེད་བྱོས། ཕྱིར་རྒྱ་གར་དུ་འབྱོར་ན་༧རྒྱལ་བ་རིན་པོ་ཆེ་ཚང་གི་མདུན་ནས་ང་ལ་སྐྱབས་འཇུག་ཞིག་ཞུ་རྒྱུ་མ་བརྗེད། ངས་ཀྱང་འདི་ནས་ཁྱེད་མིང་སྲིང་གཉིས་བདེ་བར་འབྱོར་བར་་སྨོན་ལམ་རྒྱུན་དུ་འདེབས་ཆོག་ཟེར་ནས་མིག་ཆུ་དང་ལྷན་དུ་གསུངས་དུས་སུ། བློ་བཟང་གིས་ལག་ཟུང་འདར་ཞོར་དུ། ཨ་ནེ་ལགས། དངོས་ནས་ཐུགས་རྗེ་ཆེ། སྤྱིར་བཏང་ཡིན་ན་ངས་ཁྱེད་རང་གི་སྒོར་མི་འདི་ལེན་སྲོལ་མེད་ཀྱང་། མ་བླངས་པ་ཡིན་ན་ཁྱེད་རང་གིས་སེམས་ཕམ་ངེས་ཡིན་པས་ངས་ལེན་ཆོག ང་རང་གིས་༧རྒྱལ་བ་རིན་པོ་ཆེ་ཡི་དྲུང་ནས་སྐྱབས་འཇུག་ཞུ་ཁོ་ཐག་ཡིན་ཞེས་ཁས་ལེན་བྱས།

བློ་བཟང་གིས་ནངས་ཉིན་ང་རང་ཕྱིར་རྒྱ་གར་དུ་ལམ་དུ་ཆས་རྒྱུ་རེད་མོད། ད་ལྟ་བན་སྡེ་འཚོས་གང་བྱེད་ཀྱི་ཡོད་དམ་སྙམ་བཞིན། ཕྱིར་དྲན་གྱི་ཀློང་དུ་བཞུད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་ལྗོངས་མདོ་སྨད་ཆོལ་ཁས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
 འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༧
Mobile App

འབུམ་རམས་པ་ལྷ་མོ་འཚོའི་དཔེ་དེབ་དབུ་འབྱེད་གནང་། 

༢༠༢༥/༠༦/༢༧
Mobile App

དབུས་གཙང་གཞོན་སྐྱེས་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག

༢༠༢༥/༠༦/༢༧
In this handout image released by the Chinese Embassy on June 26, 2025, the first batch of Indian pilgrims at the Manasarovar Lake, in Tibet.
Mobile App

རྒྱ་གར་གྱི་གནས་མཇལ་བ་ཚོ་དངོས་སུ་བོད་ནང་གནས་མཇལ་དུ་ཕྱིན།

༢༠༢༥/༠༦/༢༧
Close view of Chinese PLA combat helicopter in Tibet_January 05 2021
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཟིགས་ཞིབ་དགོས་པའི་རེ་སྐུལ་ཞུས། 

༢༠༢༥/༠༦/༢༦
Mobile App

མི་འགྱངས་བར་སྟོབས་ཆེན་རྒྱལ་ཁབ་ལྔ་ཡིས་ཚོགས་ཆེན་འཚོག་རྒྱུ་ཡིན་འདུག 

༢༠༢༥/༠༦/༢༦

མཆན། 7

  1. sha tak ri sim says:
    ལོ་ 15 སྔོན།

    ཡུལ་ལུང་གང་དུ་བསྡོད་ཀྱང་།།
    སེམས་ཀྱི་བཞུར་བའི་དབྱངས་རྟ།།
    རིགས་ཞེན་གདུང་བའི་འབོད་པ།།
    གངས་ཅན་བོད་དུ་སྐུར་ཡོད།།

    ལོ་དང་གསར་བའི་བར་ནས།།
    དུས་ཀྱི་ལང་ཚོ་ཟད་དེ།།
    མི་ཡུལ་ས་མཐའ་ཞིག་ནས།།
    རིགས་ཀྱི་སྙིང་གཏམ་འབྲི་འདོད།།

    བྲིས་དེ་རྫོགས་པ་མེད་ཀྱང་།།
    བཤད་ནས་ཚར་བ་མེད་ཀྱང་།།
    གླེང་དེ་རྫོགས་རྒྱུ་མེད་ཀྱང་།།
    ན་ཟུག་འཇགས་ཐབས་མི་འདུག།

    ལོ་འདི་སར་དང་མི་སར།།
    སེམས་ཀྱི་འཁྱེར་ཕྱོགས་ཤིག་རེད།།
    སྐྱིད་དང་གླུ་ལེན་ཡོད་མེད།།
    ཚང་མས་རང་ལ་དྲིས་ཤིག།

    ལོ་གཅིག་ཚུར་ལ་སླེབས་ཤིང་།།
    ཚེ་ཐག་ཇེ་ཐུང་ཕྱིན་སོང་།།
    ཐུང་བའི་མ་འོངས་འཚོ་བར།།
    ལས་ལ་བརྩོན་པར་སྐུལ་འདོད།།
    སྤུན་ཟླ་ཁྱེད་ཅག་སླེབས་ནས་རང་རང་གི་བསམ་ཚུལ་གསུངས་པ་དེར་དགའ་ནས་ཡོད། རྗེས་ཕྱོགས་ཀྱང་མུ་མཐུད་དུ་ཕེབས་པར་རེ་བ་ཡོད།

    Reply
  2. chokri nyima says:
    ལོ་ 15 སྔོན།

    སྤུན་གྲོགས་ཤ་རུས་ལགས། ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ།
    ༄༅། །་གླུ་ཨ་ལ་ངག་གི་འགུག་ལུགས་རེད། གླུ་ཐ་ལ་གླུ་ཡི་ལེན་ལུགས་རེད།
    གླུ་རེ་རེ་མི་ལེན་བཀའ་མེད་རེད། རེ་རེ་མི་ལེན་མཚར་མེད་རེད། སྐྱིད་ན་ཇ་ཆང་མཚར་གླུ་རེད།
    སྡུག་ན་རང་སེམས་གསོ་གླུ་རེད། ངས་དེ་རིང་གླུ་ཞིག་ལེན་དེ། ལོ་གསར་པའི་རང་སེམས་གསོ་གླུ་ཡིན།

    1.དབུས་གཙང་ཆོས་ཀྱི་ཆོལ་ཁ་ནས། ཕོ་བྲང་དམར་པོའི་གཞི་དཀྱུལ་ལ། རྗེ་དར་མ་འུག་སྡེ་བཙན་པོ་ལགས།
    བོད་ཁ་བ་ཅན་གྱི་མི་རིགས་འདིར། ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས། གཟིགས་ན་དགོང་པར་ཅི་འདྲ་ཡོད།
    2.མདོ་སྟོད་མི་ཡི་ཆོལ་ཁ་ནས། གླིང་དཔའ་རྟུལ་སུམ་ཅུའི་གཞི་དཀྱུལ་ལ། དཔའ་མི་འགྱུར་མདན་མ་བྱང་ཁྲ་ལགས།
    དགྲ་དམར་པོ་དཔང་ཤུགས་ཆེ་ལུགས་དེར། ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས། གཟིགས་ན་དཔང་རོགས་ཅི་འདྲ་ཡོད།
    3.མདོ་སྨད་རྟ་ཡི་ཆོལ་ཁ་ནས། རིག་པའི་དཔའ་བོའི་གཞི་དཀྱུལ་ལ། སྡུག་བཙོན་པ་དགེ་འདུན་ཆོས་འཕེལ་ལགས།
    བོད་གངས་ཅན་དབུ་མའི་གཞུང་ལམ་འདིར། ཐུགས་རྗེ་སྤྱན་གྱིས་ཨེ་གཟིགས་ལགས། གཟིགས་ན་ལམ་སྟོན་ཅི་འདྲ་ཡོད།

    ས་འདི་ཡི་ས་ངོ་ཨེ་མཁྱེན་་ལགས། ས་འདི་ཡི་ཡིན་ལུགས་ཞུ་པས་ན། ས་རང་ཡུལ་མ་རེད་མི་ཡུལ་རེད།
    མགོ་སེར་པོ་མི་ཡི་ས་ཆ་རེད། རྒྱུ་ལོངས་སྤྱོད་ཕུན་སུམ་ཚོགས་ས་རེད། མི་ཀུན་ལ་རང་དབང་ཡོད་ས་རེད།
    ང་འདྲ་ང་ངོ་ཨེ་མཁྱེན་ལགས། ང་འདྲ་ཡིན་ལུགས་ཞུ་པས་ན། བོད་གངས་ཅན་རང་དབང་ཡོད་པའི་དུས།
    ས་བདག་ཚང་གི་བུ་སྐལ་ཡིན། དུས་དེང་སང་བཤད་ན་ཡིད་རེ་མུག ས་མཐའ་འཁྱམས་བའི་སྐྱབས་བཅོལ་ཡིན།
    འདིར་ནས་གསན་་དང་བོད་མི་རྣམས། གསན་དང་ཞུ་རྒྱུ་འགའ་རེ་ཡོད། ཞུ་ཟེར་ལེ་དམ་ཆོས་མི་འདུག་སྟེ།
    ཚིག་གསུམ་འདྲ་མ་ཨེ་འདྲ་ཡོད།

    1.བོད་ཁ་བ་ཅན་གྱི་མི་རིགས་འདི། ལ་མཐོ་པོའི་རྩེ་གྱི་ཉི་མ་འདྲ། ཉི་མ་ལ་རྒྱབ་ནུབ་བཞིན་འདུག
    དེ་ལ་དགོངས་པ་ཅི་འདྲ་ཡོད། དེ་བསམ་བཞིན་ཅོ་རི་ཡིད་རེ་སྐྱོ། ཡིད་སྐྱོ་བ་དགུང་ཁའི་དར་ལྕེ་རེད།
    སེམས་སྐྱོ་བ་ལུང་སྟོང་ཤོག་ཁྱེར་རེད།
    2.བོད་ཁ་བ་ཅན་གྱི་སྐད་ཡིག་འདི། ཆུ་སྔོན་མོའི་དཀྱུལ་གྱི་ལྦུ་བ་འདྲ། ཡུན་མི་རིང་ལྦུ་བ་ཡལ་བཞིན་འདུག
    དེ་ལ་དགོངས་པ་ཅི་འདྲ་ཡོད། དེ་བསམ་བཞིན་ཅོ་རི་ཡིད་རེ་སྐྱོ། ཡིད་སྐྱོ་བ་དགུང་ཁའི་དར་ལྕེ་རེད།
    སེམས་སྐྱོ་བ་ལུང་སྟོང་ཤོག་ཁྱེར་རེད།
    3.བོད་གངས་ཅན་དབུ་མའི་གཞུང་ལམ་འདི། རི་མཐོ་པོའི་རྩེ་་གྱི་རྐང་ལམ་འདྲ། རི་མཐོ་པོའི་རྩེ་ལ་འགྲོ་མི་ལ།
    རྟ་འདོ་ལུ་རྡོག་རྩ་གཅིག་བསྒྲིལ་མེད། དེ་ལ་དགོངས་པ་ཅི་འདྲ་ཡོད། དེ་བསམ་བཞིན་ཅོ་རི་ཡིད་རེ་སྐྱོ།
    ཡིད་སྐྱོ་བ་དགུང་ཁའི་དར་ལྕེ་རེད།་སེམས་སྐྱོ་བ་ལུང་སྟོང་ཤོག་ཁྱེར་རེད།
    གླུ་གོ་ན་རྣ་བ་ཡུལ་ལ་གསོལ། མ་གོ་གླུ་ལ་ཡང་ཞུ་མེད། བོད་མིའི་ཡིད་ལ་དེ་ལྟར་ཞོགས། སྐུ་ཚེ་བརྟན་པའི་སྨོན་

    Reply
  3. Dre Sha Zen says:
    ལོ་ 15 སྔོན།

    ཡར་ལ་ལངས་ཤོག་་་་བོད།

    Reply
  4. hortsangdhondup says:
    ལོ་ 15 སྔོན།

    ལོ་གསར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  5. hortsangdhondup says:
    ལོ་ 15 སྔོན།

    ལོ་གསར་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  6. free sopu says:
    ལོ་ 15 སྔོན།

    བཀླགས་ཟིན་སང་ཉིན་མཇལ།

    Reply
  7. tseekhar says:
    ལོ་ 15 སྔོན།

    ངོ་མ་སེམས་འགུལ་ཐེབས་དགོས་པ་ཞིག་བྲིས་འདུག་་་་་་མུ་མཐུད་དུ་ཡིན་དཱ།་་
    མཚམས་འཇོག་མི་ཉན།་་་་་མཚམས་བཞག་ན་ཁྱེད་ཀྱིས་ཉེས་པ་བསག་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese