མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པེ་ཅིན་གྱི་འབྲེལ་མོལ་ཕམ་ཡང་། རེ་བ་ལ་འོད་ཟེར་འཕྲོས་འདུག

བོད་ཀྱི་དུས་བབ།
༢༠༡༠/༠༢/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁུ་ལོ་ཌེ་ ཨར་པེ། རིག་འཛིན་ལྷུན་གྲུབ་ཀྱིས་བསྒྱུར།

༧གོང་ས་ཏཱ་ལའི་བླ་མའི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང༌། ཁོང་གི་ཕྱག་རོགས་རྣམས་ཉེ་ཆར་པེ་ཅིང་དུ་ཕེབས་ཏེ་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་རྣམས་དང་ཐུག་འཕྲད་གནང་ཡོད། གྲོས་མོལ་སྐབས་དམིགས་བསལ་གྲུབ་འབྲས་གང་ཡང་བྱུང་མེད། ཡིན་ཡང་། དེ་ནི་རེ་ལྟོས་བྱེད་ས་དེ་ཡིན།

ཕྱི་ལོ་ ༡༩༨༠ གྱ་གྲངས་ཀྱི་མགོ་སྟོད་ནས་བཟུང་༧གོང་ས་ཏཱ་ལའི་བླ་མས་བསྟུད་མར་པེ་ཅིང་ལ་གྲོས་མོལ་སླད་སྐུ་ཚབ་བཏང་གནང་མཛད་ཀྱང་དམིགས་ཡུལ་ཆུང་ངུ་རེའམ་ཡང་ན་ཅི་ཡང་འགྲུབ་མེད། ལོ་འདི་དག་གི་རིང་། རྒྱ་ནག་གིས་མདུན་ཅོག་ཐོག་བརྗོད་གཞི་གཅིག་ཁོ་ན་འཁྱེར་བ་ནི་༧གོ་ས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནས་བབ་རེད། ཕྱི་ལོ་ ༡༩༨༠ གྱ་གྲངས་ནང་དེར་ཁོང་གིས། ཁོང་གི་ཐུགས་འདུན་ནི་བོད་མི་ས་ཡ་དྲུག་གི་ལས་དབང་ཡིན་པ་ལས་རང་གི་གོ་གནས་ཆེད་མིན་ཚུལ་གསལ་བཤད་གནང་ཡོད།

ཕྱི་ལོ་ ༡༩༨༡ ལོའི་ཟླ་ ༧ པའི་ནང་རྒྱ་ནག་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་ཧུའི་ཡོ་པང་གིས་སྐུའི་གཅེན་པོ་རྒྱ་ལོ་དོན་གྲུབ་ལ་པེ་ཅིང་གིས་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཡོད་པ་དང༌། “ཏཱ་ལའི་བླ་མ་དང་ཁོང་གི་སྐུ་ཚབ་རྣམས་ཀྱིས་གཡས་སྐོར་གཡོན་སྐོར་མེད་པར་དབུས་གཞུང་ལ་ལྷག་བསམ་རྣམ་དག་དང་ཁ་གསང་པོ་བྱེད་དགོས”ཞེས་བརྗོད།

དེ་དུས་རྒྱ་ནག་དབུས་འགོ་ཁྲིད་ཚོས་དམིགས་ས་གཙོ་བོ་ནི་༧གོང་ས་ཏཱ་ལའི་བླ་མ་ཕྱིར་མེས་རྒྱལ་དུ་ལོག་ཕེབས་རྒྱུ་དེ་རེད། ཧུའུ་ཡོ་པང་གིས། གྲོས་མོལ་འདི་ནི་རྒྱ་ནག་གི་གཅིག་སྒྲིལ་གོང་སྤེལ་དང་། ཧན་མི་རིགས་དང་བོད་མི་རིགས་བར་ལ་མཐུན་འབྲེལ་དམ་ཟབ་ཀྱི་མཐུན་འགྱུར་བསྐྲུན་པའི་རེ་བའི་རྨང་གཞིར་བརྟེན་པ་ཡིན་ཞེས་དང༌། དམིགས་བཀར་གྱིས་བོད་ཀྱི་དབུ་ཁྲིད་མཆོག་གིས་ཆབ་སྲིད་ཀྱི་གནས་བབ་དང་འཚོ་བའི་གནས་སྟངས་ཐད་ལྔ་བཅུ་ང་དགུའི་སྔོན་དང་གཅིག་མཚུངས་རོལ་ཆོག འོན་ཀྱང༌། ཁོང་ཉིད་པེ་ཅིང་རང་དུ་བཞུགས་དགོས་ཞེས་དང་། “ཡིན་དང་ཡིན། ཁོང་དུས་ནས་དུས་སུ་བོད་དུ་ཕེབས་ཆོག་”ཅེས་བརྗོད་ཡོད། སྟབས་མ་ལེགས་པ་ཞིག་ལ་གྲོས་མོལ་མུ་མཐུད་ནས་བྱེད་ཐུབ་མེད་པ་དང༌། ཕྱི་ལོ་ ༡༩༨༥ ལོར་བོད་ཀྱི་དབུ་ཁྲིད་རང་ཡུལ་དུ་ཕེབས་རྒྱུར་རྒྱ་ནག་དབང་འཛིན་པས་ཆོག་མཆན་སྤྲད་མེད།
    
ལོ་ངོ་ ༣༠ ཙམ་གྱི་རྗེས་ང་ཚོ་གང་དུ་ཡོད་དམ། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་བོད་ཀྱི་སྐུ་ཚབ་ཚོས་རྒྱ་ནག་ནང་དུ་མངོན་སུམ་གྱིས་བཟང་ཕྱོགས་འགྱུར་བ་མེད་པའི་ཚོགས་འདུ་ཐེངས་བརྒྱད་དང༌། སུད་སིར་གཅིག་འཚོགས་པ་རེད།

དེང་སྐབས་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གྱུར་ཟིན་པ་མ་ཟད་འཛམ་གླིང་ནང་དཔལ་འབྱོར་ཨང་གཉིས་པ་ཡང་ཆགས་ཡོད། པེ་ཅིང་གིས་གཟི་བརྗིད་ལྡན་པའི་ངང་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་བསྐོངས་འཚོགས་བྱས་ཤིང་། ད་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་སྙོག་ལ་གསོན་ཤུགས་སྦྱིན་མཁན་ཡིན་མ་ཟད་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་ཐད་ཁ་ཚ་དགོས་གཏུག་གིས་དོ་འཁུར་བྱ་མཁན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། རྒྱ་ནག་ལ་ཧང་སང་བའི་འཕོ་འགྱུར་འདི་དག་བྱུང་བར་མ་ལྟོས་པར་༧གོང་ས་ཏཱ་ལའི་བླ་མ་ནི་རང་འཇགས་སུ་པེ་ཅིང་གི་འགོ་ཁྲིད་ཚོར་མགོ་ཡི་ན་ཟུག་ཆེ་ཤོས་སུ་ལུས་ཡོད།

འདས་ཟིན་པའི་ལོ་འདི་དག་གི་ནང་རྒྱ་ནག་གི་ལངས་ཕྱོགས་ནི་ཇེ་མཁྲེགས་སུ་འགྲོ་བཞིན་ཡོད། དེང་གི་ཆར་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་བོད་ཀྱི་དབུ་ཁྲིད་ཀྱི་མཚན་ཙམ་ཡང་ཐོས་འདོད་མེད་ཅིང་། ཁོ་ཚོས་གོ་མི་འདོད་མཁན་དེར་”ཁ་བྲལ་པ་”ཞེས་འབོད་ཀྱིན་ཡོད། རྒྱ་རི་བློ་གྲོས་རྒྱལ་མཚན་གྱི་གཏམ་རོགས་ཀྲུང་དབྱང་འཐབ་ཕྱོགས་གཅིག་འགྱུར་ལས་ཁུངས་ཀྱི་བློན་ཆེན་གཞོན་པ་ཀྲུའུ་ཝེ་ཆུན་གྱིས་༧གོང་ས་ཏཱ་ལའི་བླ་མས་བོད་མིའི་”སྐུ་ཚབ་མཚོན་གྱི་མེད་”ཅེས་ཟེར།

རྒྱ་རི་བློ་གྲོས་རྒྱལ་མཚན་རྒྱ་གར་ལ་ཕྱིར་ལོག་ཕེབས་ཏེ་ཡོངས་ཁྱབ་ཀྱིས་བསྒྲགས་གཏམ་དེར་དགག་བྱ་གནང་ཡོད། “དེ་ནི་ཁས་ལེན་ཐབས་མེད་པ་ཞིག་རེད། ༧གོང་ས་ཏཱ་ལའི་བླ་མ་ནི་ཁྲིམས་འཐུན་གྱི་བོད་མིའི་སྐུ་ཚབ་རེད།”ཅེས་དང༌། ཁོང་གིས་པེ་ཅིང་ལ་”༧གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང༌། ཁ་བྲལ་པའི་མཚན་སྨོད་བྱེད་པ་མཚམས་འཇོག་དགོས་”པའི་མངགས་བྱ་བཏོན་ཡོད།

གནད་དོན་གསལ་པོ་ཞིག་ནི་ཇི་སྲིད་རྒྱ་ནག་དབང་འཛིན་པས་༧གོང་ས་མཆོག་ལ་བོད་ཀྱི་མ་འོངས་སླད་ཐུགས་འགན་ཆེན་པོ་ཡོད་པ་ངོས་འཛིན་བྱེད་རྒྱུའི་གྲ་སྒྲིག་མེད་པ་དེ་སྲིད་དུ་ “གྲོས་མོལ་ “ལ་མུ་མཐུད་ནས་གྲུབ་འབྲས་མེད་པར་ལྷག་ངེས། ཀྲུའུ་ཝེ་ཆུན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས་”སྐུ་སྒེར་གྱི་སྐུ་ཚབ་རྣམས་ལ་ང་ཚོ་དང་མཉམ་དུ་གྲོས་མོལ་བྱེད་རྒྱུའི་ཁྲིམས་མཐུན་གྱི་གནས་བབ་མེད། ཁོ་ཚོ་ནི་ཏཱ་ལའི་བླ་མའི་སྐུ་སྒེར་གྱི་སྐུ་ཚབ་རེད། དེར་བརྟེན༌། ཁོ་ཚོས་ཏཱ་ལའི་བླ་མའི་མདུན་ལམ་འབའ་ཞིག་གྲོས་མོལ་བྱེད་ཆོག”ཟེར། འདི་ནས་ང་ཚོ་གང་དུ་འགྲོ་འམ། ཕལ་ཆེར་འགྲོ་ས་མེད་པ་ལྟ་བུ་རེད།

མངོན་གསལ་དོད་པོའི་འགྱུར་ལྡོག་གཅིག་ནི་པེ་ཅིང་གིས་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་རྣམས་དང་ཐུག་འཕྲད་བྱས་ཚུལ་ངོས་ལེན་བྱས་པ་དེ་རེད། འདས་ཟིན་པའི་ནང་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་འདྲི་སྐབས། “ཕྱི་རྒྱལ་ཡུལ་གྲོགས་གཅིག་པ་”རེད་ཅེས་བརྗོད་ངེས། ཐེངས་འདིར་གཟིགས་སྐོར་ལ་ངོས་ལེན་དང་གཞུང་འབྲེལ་ཁྱབ་བསྒྲགས་བྱས་པ་ཙམ་མིན་པར། ཀྲུའུ་ཝེ་ཆོན་གྱིས་རྒྱ་ནག་དང་ཕྱི་རྒྱལ་གི་གསར་འགོད་པ་ཡོད་པའི་གསར་འགོད་གསལ་བསྒྲགས་ཞིག་ཀྱང་བསྐོངས་འཚོགས་བྱས་ཡོད།

སྐུ་ཞབས་ཀྲུའུ་ཝེ་ཆོན་གྱིས་པེ་ཅིང་གིས་”བཙན་བྱོལ་གཞུང་ཞེས་པར་ངོས་འཛིན་བྱེད་ཀྱི་མེད་པ་དང་མཉམ་དུ་རྒྱ་གར་གྱིས་རྒྱ་ནག་གི་གཞི་རྩའི་རྩ་ཁྲིམས་ལ་བརྩི་བསྐུར་མི་བྱེད་པའི་སྐྱོན་བརྗོད་”བསྐྱར་བཤད་བྱས་ཡོད། དེར་མ་ཟད་ཁོས་གསལ་བཤད་གང་ཡང་མེད་པར་ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༡ ནང་རྒྱ་རི་བློ་གྲོས་རྒྱལ་མཚན་གྱིས་ཕུལ་བའི་རྒྱ་ནག་གི་རྩ་ཁྲིམས་ལ་གཞི་བཅོལ་བའི་བོད་མི་ཡོངས་ལ་ཡང་དག་པའི་རང་སྲིད་རང་སྐྱོང་ཀྱི་གནས་བབ་ལོངས་སྤྱོད་ཀྱི་ཐབས་ལམ་གསལ་བའི་ཟིན་བྲིས་དེ་རྩིས་མེད་བཏང་ཡོད། མཇུག་མཐར་ཀྲུའུ་ཝེ་ཆོན་གྱིས་གསར་འགོད་བརྒྱུད་ལམ་དུ་ནོར་འཁྲུལ་གང་ཡིན་ཐོ་འགོད་ཁ་གསལ་མེད་པར་”ཏཱ་ལའི་བླ་མས་སོ་སོའི་ནོར་འཁྲུལ་ལ་ཡོ་བསྲང་བྱེད་དགོས”ཟེར།
   
བོད་རིགས་གཞོན་སྐྱེས་མང་པོ་ནི་འགུལ་སྐྱོད་མེད་པའི་གྲོས་མོལ་དེར་མ་དགའ་བ་ཙམ་མིན། སྐུ་ཚབ་རྣམས་པེ་ཅིང་དུ་སླེབས་པའི་ཉིན་དེར། ཞིན་ཧྭ་གསར་འགྱུར་ཁང་གིས་སྒྲུང་ཅིག་སྤེལ་བ་དེས་རྒྱུ་མཚན་ཅིའི་ཕྱིར་མི་དགའ་བ་བྱུང་མིན་ཤེས་པར་རོགས་པ་བྱེད་ཐུབ། རྩོམ་ཡིག་ནང་”བོད་རང་སྐྱོང་ལྗོངས་ཆ་འཕྲིན་དྲ་གནས་ལས་ཁུངས་ལ་གཞིགས་ན། འདི་ལོ་བོད་ནང་ཆ་འཕྲིན་དྲ་རྒྱ་བེད་སྤྱོད་གཏོང་མཁན་ ༡༠༠༠༠༠ ཡོང་བའི་རེ་བ་བྱེད་པ་དང༌། ཕྱི་ལོ་༢༠༠༩ ལོ་ལས་བརྒྱ་ཆ་ ༡༥ འཕར་གྱི་ཡོད་”ཅེས་འུད་སྒྲོག་བྱས། སྒྲུང་དེ་དང་མཉམ་དུ་ཇོ་མོ་གླང་མའི་ཉེ་འདབས་དིང་རི་ས་ཁུལ་གྱི་བོད་པ་གཞོན་ནུ་མ་གཉིས་ཀྱིས་སྤུས་ཚད་ཆེ་བའི་ལག་ཐོག་ཁ་པར་བེད་སྤྱོད་བྱེད་ཀྱིན་པའི་འདྲ་པར་བཀོད་ཡོད།

རྒྱ་ནག་གིས་བོད་ལ་ཡར་རྒྱས་ཆེན་མོ་བྱུང་ཡོད་པ་བརྗོད་ཀྱིན་ཡོད། འོན་ཀྱང་སུ་ཞིག་ལའང་མགོ་སྐོར་བཏང་ཐུབ་མེད་པ་ནི། དྲ་རྒྱ་འཚོལ་ཞིབ་བྱེད་སའི་ནང་མིང་ཚིག་དཔེར་ན་”བོད་”དང་”ཏཱ་ལའི་བླ་མ་” “གནམ་བདེ་སྒོ་མོ་ཆེ།” སོགས་ནི་རྒྱ་ནག་གིས་བཀག་ཡོད། རྒྱ་གར་དང་འཛམ་གླིང་ཡུལ་གྲུ་གཞན་དུ་རང་དབང་ལོངས་སུ་སྤྱོད་མཁན་བོད་རིགས་གཞོན་སྐྱེས་ཚོ་ནི་ཅིའི་ཕྱིར་དམག་མིའི་བཙན་གནོན་འོག་ཡོད་ཅིང་གནས་ཚུལ་དམ་དྲག་འོག་ཡོད་པའི་བོད་དུ་ལོག་དགོས་པ་རེད། ཁོ་ཚོས་ཐ་ན་སོ་སོའི་གྲོགས་པོར་ཐུག་སའི་ངོ་དེབ་ Facebook དྲ་རྒྱ་ཡང་ཁ་ཕྱེ་ཆོག་གི་མེད།

བོད་རིགས་མི་མང་དཀྱུས་མ་ཚོའི་འཚོ་བའི་ཁྲོད་མར་བབས་ན། ཁོ་ཚོ་སོ་སོའི་དབུ་ཁྲིད་ལ་ཧ་ཅང་དད་གུས་ཡོད། མ་ཟད་རྒྱ་ནག་དང་བོད་ནང་གི་གནས་སྟངས་ལ་རྒྱུས་ལོན་དང་དོ་སྣང་ཆེན་པོ་ཡོད། དཔེར་ན། ཉེ་ཆར་༧གོང་ས་ཏཱ་ལའི་བླ་མས་རྒྱ་གར་”སློབ་དཔོན་ཚོར་ཡིད་མོས་”ཆེར་བསྐྱེད་ཀྱིས་སྐུ་ཉིད་”རྒྱ་གར་བུ་ཕྲུག་ཅིག་”ཡིན་པར་འགྲེལ་བརྗོད་གནང་བར་ཧང་སང་ཡོད།

ཀྲུའུ་ཝེ་ཆོན་གྱིས་གསར་འགོད་གསལ་བསྒྲགས་ཀྱི་ནང་༧གོང་ས་ཏཱ་ལའི་བླ་མ་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་བར་གྱི་མཇལ་འཕྲད་ཀྱིས་”རྒྱལ་སྤྱིའི་རྩ་ཁྲིམས་ལ་གཏོར་སྐྱོན་”བཟོ་སྲིད་པ་དང༌། རྒྱ་ནག་གིས་གནད་དོན་ལ་དགོས་ངེས་ཀྱི་བྱེད་ཐབས་སྤེལ་རྒྱུའི་ཉེས་བརྡ་བཏང་ཡོད། འོན་ཀྱང་ཕོ་བྲང་དཀར་པོས་ཨོ་བྷ་མ་ནི་༧གོང་ས་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱང་སྐབས་མཇལ་འཕྲད་གནང་རྒྱུའི་འཆར་གཞི་ཡོད་པའི་ལངས་ཕྱོགས་སྲ་བརྟན་བྱས་ཟིན།

བོད་ཀྱི་སྐུ་ཚབ་རྣམས་ཀྱི་པེ་ཅིང་ནས་གང་ཡང་འཁུར་རྒྱུ་མེད་ཀྱང༌། གནད་དོན་གསལ་བོ་ཞིག་ནི་དམར་ཤོག་ཚོགས་པས་སླར་ཡང་འཚེ་མེད་ཞི་བའི་བོད་མི་ཚོ་དང་མཉམ་དུ་ཚུལ་ལྡན་གྱི་མཐུན་འབྲེལ་བྱེད་རྒྱུའི་གོ་སྐབས་ཞིག་བརླགས་པ་རེད། དྲན་གསོ་གཏང་དགོས་པ་ཞིག་ནི་ཧུའུ་ཡོ་པང་གིས་བརྗོད་དོན་དག་རེད། ཁོང་གིས་”༧གོང་ས་ཏཱ་ལའི་བླ་མས་རྒྱ་ནག་གི་གཅིག་སྒྲིལ་གོང་སྤེལ་དང། ཧན་མི་རིགས་དང་བོད་མི་རིགས་བར་མཐུན་འབྲེལ་དམ་ཟབ་བསྐྲུན་དགོས་”ཞེས་བརྗོད་ཡོད།

གལ་སྲིད་རྒྱ་མི་རྣམས་ལྷག་བསམ་ཅན་ཡིན་ན། དེང་སྐབས་ཧན་མི་རིགས་དང་བོད་མི་རིགས་བར་མཐུན་ཐབས་དཀའ་བའི་བར་སྟོང་དེ་མཐུད་ཐབས་བྱེད་མཁན་གྱི་མི་སྣ་གཅིག་རང་ཡོད་པ་ནི་༧གོང་ས་ཏཱ་ལའི་བླ་མ་རེད། ཁོང་ནི་ཐག་པ་ཡག་ཤོས་དེ་ཡིན་པ་ཤེས་དགོས། པེ་ཅིང་གིས་དངོས་ཡོད་ཀྱི་ཁེ་ཕན་འདི་ལེན་པ་ལས་སྣང་མེད་འདོར་མི་རུང༌། 

རྩོམ་ཡིག་འདི་ནི་ཁུ་ལོ་ཌེ་ ཨར་པེ་ Claude Arpi ལགས་ཀྱིས་༢༠༡༠། ༢། ༦ ཉིན་རྒྱ་གར་ཉིན་རེའི་གསར་ཤོག་ The Pioneer ཞེས་བའི་ཐོག་སྤེལ་བ་རིག་འཛིན་ལྷུན་གྲུབ་ཀྱིས་བོད་བསྒྱུར་ཞུས།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༦ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༦ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༧ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 4

  1. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    THANKS FOR TRNSLATED

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    གྲོགས་རིག་འཛིན་ལྷུན་འགྲུབ་ལགས། ཡག་པོ་བསྒྱུར་འདུག མུ་མཐུད་ནས་ཡིན་ད། ཧཧཧཧ

    Reply
  3. སྐལ་བུ་ says:
    ལོ་ 16 སྔོན།

    རྗེས་སུ་འུ་དི་འདྲའི་རེགས་རྩོམ་བསྒྱུར་གནང་བར་ཞུ།

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    རྩོམ་བསྒྱུར་གནང་བར་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese