ཕྱི་ཚེས་ ༡༣ ཉིན་ནམ། བོད་ལྕགས་སྟག་ལོའི་གནམ་གང་གི་ཉིན་དེར་བོད་རིགས་བུ་མོ་ཞིག་གིས་རྒྱ་གར་ཉེན་རྟོག་པར། ཁོ་མོར་བོད་རིགས་གཞོན་སྐྱེས་གཉིས་ཀྱིས་བཙན་གཡེམ་བྱས་སྐོར་ཞུ་གཏུགས་བྱས་སྟབས། མིང་ལ་བསྟན་འཛིན་དང་ཡོན་ཏན་འབོད་པ་གཉིས་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
ཕྱི་ཚེས་ ༡༨ ཉིན་འདི་གའི་གསར་འགོད་པས་ངྷ་ས་བདེ་དོན་ཚེ་རིང་ཕུན་ཚོགས་ལགས་སུ་གནས་ཚུལ་འདིའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། དོན་རྐྱེན་དེ་ནི་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོར་བྱུང་བ་དང་བོད་རིགས་བུ་མོ་དེས་ཉིན་དེའི་ཕྱི་ཉིན་དེར་ཉེན་རྟོག་པར་ཞུ་གཏུགས་བྱས་འདུག བུ་མོ་དེ་ངྷ་ས་ཁོར་ཡུག་ནང་ལས་ཀ་བྱེད་མཁན་གྱི་ཨ་མ་ལགས་ཅིག་ཡོད་པ་དེའི་བུ་མོ་ཡིན་པ་དང་ཁོ་མོས་དེ་སྔོན་ངྷ་སྟེང་བོད་ཁྱིམ་ནས་སློབ་གཉེར་གནང་མྱོང་ཡོད་ནའང་། དེང་སྐབས་སློབ་གྲྭར་འགྲོ་མཚམས་བཞག་ཡོད་འདུག་ཅེས་ཟེར།
ཡང་ཁོང་གིས། བུ་མོ་དེས་ཞུ་གཏུགས་བྱས་པ་ལྟར་ན། རང་ལོ་ ༣༠ ཡས་མས་དང་མིང་ལ་བསྟན་འཛིན་འབོད་པའི་བོད་རིགས་ཤིག་གསེར་བཟོ་སྐལ་བཟང་གི་མགྲོན་ཁང་དུ་བསྡད་ཡོད་པ་དང་། ཁོང་གཉིས་ཕན་ཚུན་ངོ་ཤེས་ཀྱི་ཡོད་སྟབས་དགོང་མོ་དེར་བསྟན་འཛིན་གྱིས་ཁོ་ལ་མགྲོན་པོ་ཞིག་ཡོང་གི་ཡོད་པས་སྦི་རག་ཉོ་བར་འགྲོ་ཟེར་ནས་བུ་མོ་ཉི་མ་ལྷ་མོ་རོགས་པར་ཁྲིད་འདུག་ལ། མེག་ལོར་ནས་ཁོང་གཉིས་ excite ཞབས་བྲོ་ཁང་དུ་ཕྱིན་ཏེ་བུ་མོ་དེར་སྦི་རག་བླུད་འདུག དེའི་རྗེས་བུ་མོ་དེ་ར་ཅུང་ཙམ་བཟི་རྗེས་མགྲོན་ཁང་དུ་ཁྲིད་པ་དང་། སྐབས་དེར་བསྟན་འཛིན་གྱི་རོགས་པ་ཡོན་ཏན་ཟེར་བ་དེ་ཡང་ཁོང་གཉིས་མཉམ་དུ་ཡོད་འདུག
ཡིན་ནའང་། བུ་མོ་དེས་ཕྱི་ཚེས་ ༡༣ ཉིན་ཉེན་རྟོག་པར་ཞུ་གཏུགས་སྐབས་ཁོ་མོར་ཕོ་གསར་དེ་གཉིས་ཀྱིས་བཙན་གཡེམ་བྱས་སྐོར་ཙམ་ལས། ཁོ་མོ་ཡང་ར་བཟི་བའི་རྐྱེན་གྱིས་དགོང་མོ་དེའི་ཞིབ་ཕྲའི་གནས་ཚུལ་དྲན་སོས་གི་མེད་ཚུལ་བརྗོད་ཡོད་འདུག གང་ལྟར་ཕྱི་ཉིན་དེར་བུ་མོ་དེས་ཉེན་རྟོག་པར་ཕོ་གསར་དེ་གཉིས་ཀྱིས་དགོང་མོ་དེར་ཁོ་མོར་བཙན་གཡེམ་བྱས་སྐོར་ཞུ་གཏུགས་བྱས་སྟབས། ཉིན་དེའི་ཉིན་རྒྱབ་ཉེན་རྟོག་པས་ཕོ་གསར་དེ་གཉིས་འཛིན་བཟུང་བྱས་པ་མ་ཟད། ཕྱི་དྲོའི་ཆུ་ཚོད་ ༤ ཡས་མས་ཤིག་ཏུ་ཉེན་རྟོག་པས་བུ་མོ་དེ་རྒྱ་གར་གཞུང་གི་སྨན་ཁང་ Zonal Hospital ཟེར་བའི་ནང་བརྟག་དཔྱད་བྱེད་དུ་ཁྲིད་འདུག་ནའང་། སྨན་པས་བརྟག་དཔྱད་བྱས་པའི་གྲུབ་འབྲས་ཅི་བྱུང་ད་དུང་ཤེས་རྟོགས་བྱུང་མེད། འོན་ཀྱང་། བུ་མོ་དེས་གྱོན་ཡོད་པའི་རྐང་སྣུམ་ Jeans ཞིག་ཡོད་པ་དེའི་སྟེང་ཁྲག་འགོས་ཡོད་སྟབས་ངྷ་ཤོད་ནས་ཁོ་མོར་རྐང་སྣུམ་གཞན་པ་ཞིག་ཉོས་ཏེ། རྐང་སྣུམ་དེ་ཉེན་རྟོག་པས་ཉར་ཚགས་བྱས་ཡོད་འདུག གང་ལྟར་ཉིན་དེའི་དགོང་མོའི་ཆུ་ཚོད་ ༩ ཙམ་ལ་བུ་མོ་དེ་ཕྱིར་རང་གི་ཕ་མར་རྩིས་སྤྲོད་བྱས་འདུག
དེ་མིན་བསྟན་འཛིན་ཟེར་བ་དེ་མགྲོན་ཁང་དུ་བསྡད་ཡོད་པ་དང་ཡོན་ཏན་ཟེར་དེ་ནམ་རྒྱུན་ངྷ་སར་སྡོད་མཁན་ཞིག་ཡིན་ནའང་། ཁོང་གཉིས་ཀྱིས་ཉེན་རྟོག་པར་སྐྱབས་བཅོལ་ལག་ཁྱེར་སོགས་གང་ཡང་མ་བསྟན་པར་རང་ཉིད་ཀྱི་ལོ་རྒྱུས་སོགས་ཨུ་ཚུགས་ཀྱིས་གསང་བ་བྱས་འདུག་སྟབས། ཁོང་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་ཅིང་ད་ལྟ་ཁོང་གཉིས་བཙོན་ཁང་དུ་ཡོད་པ་དང་། སང་ཉིན་ཁྲིམས་ར་འཚོགས་རྒྱུ་ཡིན་འདུག་ཅེས་གསུངས་ཡོད།
དེ་མིན་ཟླ་སྔོན་མའི་ནང་དུ་ངྷ་སའི་བོད་རིགས་གཞོན་སྐྱེས་ཚེ་རིང་ནོར་བུ་དང་ཚེ་དབང་ཟེར་བ་གཉིས་ཀྱིས་འཇར་མན་གྱི་བུད་མེད་ཅིག་ལ་བཙན་གཡེམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་དང་། འདི་ནི་ཕྱི་ལོ་ ༡༠༡༠ ལོའི་ལོ་མགོ་འདིར་ངྷ་སར་བྱུང་བའི་བཙན་གཡེམ་གྱོད་དོན་གཉིས་པ་དེ་ཆགས་ཡོད་འདུག


![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)



we can not say what happen on this time that is why both of girls and boys are so
we can not say what happen on this time that is why both of girls and boys are so
hPôÅ-GmÅ-zôh-¤ÛºÛ-ŸzÅ-ºiïm-¼P-¼ïhü
སྐབས་དེར་ཞེས་པ་༼མཚོ་སྔོན་བརྙནའཕྲིན་ནང་གི་འཆད་ཁྲིད་མུན་སེལ་སྒྲོན་མེའི་ནང་དུ་རེད།༽འདི་ལ་གོ་དགོས།
སྐབས་དེར་ཨ་ལག་དོར་ཞིས་དུང་དཀར་ཚང་གི་ལུང་འདི་༼དུང་དཀར་ཚིག་མཛོད། ཤོག་གྲངས་ 1973 ནང་ཐོན་མི་བཀའ་དྲིན་ཅན་ནས། ཉེ་རབས་ཀྱི་ལོ་ཙཱ་བ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་ལོ་ཙཱ་བ་ 700 ལྷ་ཙམ་བྱུང་། ཞེས་གསལ་འདུག༽དྲངས་ནས་རྒྱ་ནག་ལ་ད་བརལོ་ཙཱ་བ་ 200་ལྷག་ཙམ་ལས་བྱུང་མེད་པས་བོད་རྒྱའི་མི་འབོར་ཡང་དེ་ཙམ་མང་ཉུང་ཤོར་ཡང་བོད་ཀྱི་ལོ་ལོ་ཙཱ་བའི་གྲངས་འབོར་ནི་ཧ་ལསདགོས་པ་ཞིག་རེད། ཅེས་གསུངས་སོང༌།
700 ལྷ་དེ་ 700 ལྷག་ཙམ་ལ་བཅོས་རོགས།
དུང་དཀར་ཚིག་མཛོད། ཤོག་གྲངས་ 1973 ནང་བོད་དུ་ཐོན་མི་བཀའ་དྲིན་ཅན་ནས། ཉེ་རབས་ཀྱི་ལོ་ཙཱ་བ་མཁས་དབང་དགེ་འདུན་ཆོས་འཕེལ་བར་བསྡོམས་གྲངས་ལོ་ཙཱ་བ་ 700 ལྷ་ཙམ་བྱུང་། ཞེས་གསལ་འདུག
མཚོ་སྔོན་བརྙནའཕྲིན་ནང་གི་འཆད་ཁྲིད་མུན་སེལ་སྒྲོན་མེའི་ནང་དུ་རེད།
ཨ་ལག་དོར་ཞིས་མཚོ་སྔོན་བརྙན་ཕྲིན་ནང་ནས་ཉེ་སྔོན་བོད་ཀྱི་ནང་བསྟན་དང་བོད་ཀྱི་རིག་གཞུང་བར་གྱི་འབྲེལ་བ་ཞེས་པའི་སྐོར་བཀའ་སློབ་ཞིག་གནང་བཞིན་པའི་ནང་བོད་ཀྱི་ལོ་རྩ་བའི་གྲངས་འབོར་སྐོར་ཞིག་གཏན་གཏན་གསུངས་སོང༌།
མཁའ་དབུགས་གསར་ལགས་། ཁྱེད་ཀྱིས་གསུངས་པ་བདེན་པ་རེད་གསར་བུ་དེ་གཉིས་གདུད་འགྲོ་དང་གཅིག་མཚུངས་རེད། འོན་ཀྱང་ཁྱེད་ཀྱིས་གསུངས་ཁོང་གཉིས་ས་ཆ་གང་དུ་རྒྱ་གར་ནས་ཕྱིར་འབུད་བྱས་ག་ལེགས་སམ།
jeans གོས་ཐུང་ལ་ཁྲག་འགོས་ཡོད་པར་བརྟག་ན་བུ་མོ་དེ་མོ་གསར་མིན་འགྲོ། ཧཧཧཧཧཧཧཧཧ
བུ་མོས་ཆང་རག་བཏུངས་རྗེས་རྐུབ་ལ་རླིག་ལྕག་གཟེད་རྒྱུ་ཉག་ཅིག་རེད། ཧང་སངས་མ་སོང་། རྒྱ་གྲགས་བོད་གྲགས་མ་བྱས་པ་མ་གཏོགས་ཆང་གིས་བཟི་མྱོང་བའི་བུ་མོ་དེ་ཚོར་སྐད་ཆ་དྲིས་དང་། རླིག་ལྕག་གཟེད་མྱོང་མཁན་ཤ་སྟག་ཡིན་རྒྱུ་རེད། བུ་མོ་ར་བཟི་འགའ་ཤས་མཐོང་མྱོང་ལ་”དེ་”ཡང་བྱས་མྱོང་། ཆང་རག་བཏུང་བའི་སྐྱོན་རེད། ཕོ་མོ་འདྲ་མཉམ་ཡིན་མདོག་མདོག་མ་བྱེདལཱོ། སྡུག་གྱོང་སུ་ལ་རག་གི་འདུག
རོགས་ཆུང་ལོ། སྐད་ཆ་ལ་ལ་ཞིག་བཤད་སྟངས་ཤེས་ན་མཛེས་བ་རེད། སྐུ་ཉིད་ནས་ལོ་ཙཱ་བའི་གྲངས་ཚད་དེ་ད་ཡོད་བོད་ཀྱི་མཁས་དབང་ཨ་ལགས་དོར་ཞི་ལགས་ཀྱིས་གསུངས་བ་དངོས་སུ་ཐོས་མདོག་མདོག་བྱས་འདུག འདི་ལས་དགོད་བྲོ་བ་ཞིག་མི་འདུག གལ་སྲིད་སྐུ་ཉིད་ནས་དོན་དངོས་སུ་ཨ་ལགས་དོར་ཞི་མཆོག་གི་ཞབས་ལ་གཏུགས་ནས་བོད་ཀྱི་རིག་གནས་ལ་ཐོས་བསམ་སློབ་གཉཻར་བྱས་མྱོང་བ་ཡིན་ན། སྐུ་ཉིད་ཁ་སང་དེ་རིང་གི་འདི་འདྲའི་ཐབས་སྐྱོ་བོ་ཞིག་གང་ནས་ཡིན། སྐུ་ཉིད་ནས་རང་གི་བྲིས་པའི་ཡི་གེའི་དག་ཆ་དང་ཚིག་གི་སྦྱོར་བ་ལ་ཕྱིར་བལྟས་ཐེངས་ཤིག་བྱས་དང༌། སྤྱི་བཏང་བར་འདིར་སྐུ་ཉིད་ཀྱི་ལོ་རྒྱུས་གསལ་བོ་འབྲི་འདོད་བྱུང་ཡང༌། ད་ཐེངས་བྲིས་མེད། རྗེས་ཕྱོགས་བོད་ནང་གི་མཁས་དབང་ཚོ་བཞུགས་བཅུག་མ་གཏོགས་ངེད་ཀྱིས་སྐུ་ཉིད་ཀྱི་ལོ་རྒྱུས་གསལ་རྗེན་དུ་འབྲི་ཁོ་ཁག་ཡིན།
གང་ལྟར། ད་ལྟའི་དུས་བབ་ཚང་གི་ལས་ཀ་ཙམ་པོ་དེ་ཉིད་རེག་པ་སྐུ་ཉིད་བསོད་བདེ་ཆེན་པོ་རེད་ལགས། ཐུགས་རྗེ་ཆེ།
ངོ་ཚ་ཁྲེལ་མེད། བོད་སྤྱི་བའི་ཞབས་འདྲེན་དང་རུས་བཙོང་བྱེད་མཁན་འདི་ཚོ་ལ་ཁྲིམས་ཐག་ཚ་ཐག་གཅོད་ཅིག་བཅད་ན་ཅི་མ་རུང་།
སྙིང་རྗེ། རླུང་རྟ་མེད་པའི་བུ་གཉིས་བུད་མེད་ར་བཟི་ཞིག་གི་འོག་ཏུ་ཕམ་འདུག བུད་མེད་དེར་བག་སུ་ནང་རྒྱ་གར་ལྷོ་ཕྱོགས་ཀེ་ར་ལ་ནས་ཡིན་པའི་ཕོ་གསར་ཞིག་དགའ་པོ་ཡོད་འདུག དེའི་དགོང་མོ་བུད་མེད་དེ་དང་དགའ་པོ་རྒྱ་གར་བ་དེ་ཨ་རག་བཏུང་སྟེ་ར་བཟི་སྟེ། གཞི་ནས་བུད་མེད་དེས་རང་ཉིད་དགའ་སའི་གསར་འབྱོར་བ་བུ་བསྟན་འཛིན་གྱི་རྩ་ལ་ཕྱིན་འདུག ཁོང་གཉིས་ར་བཟི་འདོད་པ་སྤྱད་རྗེས། གང་འཚམས་ནས་རླུང་རྟ་མེད་པའི་གསར་འབྱོར་བ་བུ་ཡོན་ཏན་དེར་སླེབས་པས། དུས་དེ་རང་ལ་ཁོ་མོ་རྐྱེན་གང་ཞིག་གིས་བསླུས་སོང་བ་ཡིན། གང་ལྟར་ཁོ་མོས་སྐད་ངན་རྒྱག་གིན་བྲོས་ཕྱིན། དེ་དུས་ཁོང་གཉིས་ཀྱིས་ཁོ་མོའི་མཇུག་ཏུ་རྒྱུགས་ཡོད།
ད་ལྟ་ཁྲིམས་ལ་བཏུག་བཞིན་པ་རེད། རྡ་སའི་བཙན་གཡེམ་གྱི་སྐོར་འདི་ཚོ་བུད་མེད་ར་བཟི་མ་དང་མཆལ་མོ་རྐྱང་རེད། བཙན་གཡེམ་གྱི་སྐོར་ན་ཁྲིམས་ཤོར་ན་ཉུང་མཐར་ལོ་ངོ་བཅུ་བཙོན་འཇུག་རེད།
སྙིང་རྗེ་་་་་་་་་་་་མི་མདོག་ངན་མཇེ་ལངས་དེ་ཚོ།
བུ་མོས་ཆང་རག་བཏུངས་རྗེས་རྐུབ་ལ་རླིག་ལྕག་གཟེད་རྒྱུ་ཉག་ཅིག་རེད། ཧང་སངས་མ་སོང་། རྒྱ་གྲགས་བོད་གྲགས་མ་བྱས་པ་མ་གཏོགས་ཆང་གིས་བཟི་མྱོང་བའི་བུ་མོ་དེ་ཚོར་སྐད་ཆ་དྲིས་དང་། རླིག་ལྕག་གཟེད་མྱོང་མཁན་ཤ་སྟག་ཡིན་རྒྱུ་རེད། བུ་མོ་ར་བཟི་འགའ་ཤས་མཐོང་མྱོང་ལ་”དེ་”ཡང་བྱས་མྱོང་། ཆང་རག་བཏུང་བའི་སྐྱོན་རེད། ཕོ་མོ་འདྲ་མཉམ་ཡིན་མདོག་མདོག་མ་བྱེདལཱོ། སྡུག་གྱོང་སུ་ལ་རག་གི་འདུག
གཞན་གྱི་བདེ་བསྡུག་ལ་བསམ་མི་ཐུབ་པ་དུད་འགྲོ་ཁྱི་ལས་སྡུག་ག་་་་གཅིག་ཡོད་ན་མང་སོང་བ་རེད་་་་་རྒྱང་ཕུད་བཏང་ན་ཏག་ཏག་རེད་་་དངོས་ནས་ངོ་ཚ་ཡག་ཞིག་མེད་པ་རེད་་་་་་་
བཙན་གཡེམ་གྱི་སྐོར་འདི་ལ་ཚིག་གཅིག་གཉིས་ཤིག་ཞུ་འདོད་བྱུང་། ད་བར་དུ་མི་ཚངས་སྤྱོད་ཅེས་པའི་ཁྲིམས་འདིས་བཙན་གཡེམ་གྱི་ལག་ལེན་དེ་འགོག་གི་ཡོད། ད་ནི། ཁྲིམས་ཀྱི་དབང་བསྒྱུར་གྱིས་བཙན་གཡེམ་འགོག་གི་ཡོད། ནག་ཉེས་རེད། ཁྲིམས་ཆད་ཕོག་གི་རེད། དེ་ནས་ངས་བཤད་ན་འདོད་པ་ནི། ང་ཚོའི་ཕོ་གསར་ཚོས་ ༼གཉེན་སྒྲིག་ཟིན་པའང་ཚུད།༽ བུད་མེད་གཞན་བསྟེན་པའི་འཇོན་ཐང་ངོམ་སྲོལ་ཡོད་པ་དེ་རེད། ད་དུང་འཇོན་ཐང་ངོམ་མཁན་ཞིག་གིས་ངོམས། ཉན་མཁན་ཚོས་མགོ་གཡུགས་བཞིན་ “ཕོ་ཁྱོ་ག་” རང་རེད་དྲན་བཞིན་ཡོད། ལུགས་སྲོལ་འདི་དང་གོམས་གཤིས་འདི་འགོག་དགོས་པ་རེད། ཐབས་སྐྱོ་པོ་རེད། ཧ་ལམ་ཀླ་ཀློའི་བསམ་བློ་གཏོང་སྟངས་ཤིག་རེད། ཆེས་རྗེས་ལུས་ཀྱི་བསམ་བློ་གཏོང་སྟངས་ཤིག་རེད། དུས་རབས་ཉེར་གཅིག་པའི་ནང་དུ་ “སྐྱུགས་མེར་ལངས་པའི་”བྱ་སྤྱོད་ཅིག་ཆགས་ཡོད་པ་རེད། དེ་བཤད་འདོད་བྱུང་།
མཁས་དབང་ ༡༧ དེ་ནས་ལོ་ཙ་བ་ ༧༠༠ དེ་ནས་ ༢ ཀྱིས་ ༡ ལ་བཙན་གཡེམ་བྱས་འདུག
ཨ་ཁ་ ང་ནི་ཧང་མི་སང་ཡང་། བཙན་གཡེམ་ལ་རྒྱ་གར་གྱི་ཁྲིམས་ཆད་ལྕི་བར་ལོ་ ༡༤ དང་ ༡༦ དང་ ༡༨ གོ་མྱོང་བས་དེ་ཡིན་ན་གསུམ་གར་འགྱོད་པ་སྐྱེས་ཡ་གཞི་རེད། སྙིང་གཅེས་ང་ཚོའི་ན་གཞོན།
ཨ་་་ཁ་ཁ་་་་་་་་་་ཞབས་འདྲེན་ལུང་པ་གོང་བཞགས་ཚར་འདུག
ཡིན་ན་ཡང་ལོ་གསར་བའི་ནང་རེད་མི་འདུག་དེ་དོག་ཙམ་དགའ་པོ་བྱུང་།
མ་གཞི་ནས་ན་ནིང་གི་ལོ་དེ་ལོ་ནག་ཚ་ཤོས་ཤིག་ཡིན་།
དེས་རྐྱེན་པས་རེད།
བརྗོད་གཞི་མེད་ས་ན་བགྲོ་གླེང་ཀྱོག་ཀྱོག་མ་འདྲེན་ན་ཡག་ས་རེད།
དེའི་འོག་ཏུ་བཙན་གཡེམ་བཤད་ས་ན་་་་ང་ཚོའི་མཁས་པས་དེ་འདྲ་རྩ་བ་ནས་བྱེད་ཀྱི་མེད་ཟེར་བ་མིན་ནམ།
འབྲེལ་མེད་ཀྱི་གཏམ་ཉོག་མང་པོ་ཁུར་ནས་ཡོང་འདུག
དྲྭ་པ་རྣམས་ཕྱིར་སྣབས་ནས་ཕེབས་རོག
འཛམ་གླིང་ནི་ཧ་ཅང་རྒྱ་ཆེ་བས་དོན་གནད་འདྲ་མིན་འགའ་ཐོན་ཡོང་རྒྱུ་ནི་ཆོས་ཉིད་ལྟ་བུ་རེད་པས། རྦད་དེ་ཧ་ལས་ཧང་སངས་དགོས་དོན་ཅི་ཡང་ཡོད་པ་མ་རེད་བསམ་ཡོད།
འཛམ་གླིང་ནི་ཧ་ཅང་རྒྱ་ཆེ་བས་དོན་གནད་འདྲ་མིན་འགའ་ཐོན་ཡོང་རྒྱུ་ནི་ཆོས་ཉིད་ལྟ་བུ་རེད་པས། རྦད་དེ་ཧ་ལས་ཧང་སངས་དགོས་དོན་ཅི་ཡང་ཡོད་པ་མ་རེད་བསམ་ཡོད།
གལ་ཏེ་དོན་དག་འདི་དོན་དངོས་ཡིན་ན་དུད་འགྲོ་ལྟ་བུའི་གསར་བུ་དེ་གཉིས་ལ་ཁྲིམས་ཐག་ནན་མོ་གཅོད་དགོས་པ་མ་ཟད། རྒྱ་གར་ནས་ཕྱིར་འབུད་བྱས་ན་རེད།
དངོས་ནས་དུད་འགྲོ་རེད།
བོད་སིལ་བུར་འཐོར་བའི་དུས་ཚུན་ནས་ཀྱང་ལོ་ཙྭ་བ་༧༠༠ ལྷག་ཡོད། དེ་དག་གི་ཁོངས་སུ་ལོ་ཆེན་དང་ལོ་ཆུང་རྣམས་ཚུད་དགོས། ཨབ་ཕྱི་མགོ་བོ་གང་དུ་བཅུག་ནས་བསྡད་པ་ཡིན་ནམ།
བ་གོར་བཻཻ་རོ་ཙ་ན། རོགས་ཆུང་ལོ། མི་འདི་སུ་རེད་དམ། བ་གོར་ཞེས་པ་གང་རེད།
ད་ཡག་པོ་རྩོད། གཟབ་གཟབ་བྱས་ནས་རྩོད། སྒེའུ་ཁུང་ཡོད་ཚད་ནས་ལྟ་གིན་ཡོད།
བོད་ཀྱི་ལོ་ཙ་བ་ཐོག་མ་ཐོན་མི་སམ་བྷོ་ཊ་དང་། དེ་ནས་ལོ་ཙ་བ་བ་གོར་བཻ་རོ་ཙ་ན། ལྡན་མ་རྩེ་མང༌། ཁ་ཆེ་ཨཱ་ནནྟ་སྟེ་རྒན་པ་གསུམ། དེ་བཞིན་དུ་གཉགས་ཛྙཱ་ན་ཀུ་མ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་པ་གསུམ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་གསུམ་བཅས་ལོ་ཙཱ་བ་རབ་དགུ་ཅེས་མིང་དུ་གྲགས་པ་རྣམས་བྱོན་པ་དང་། དེའི་རྗེས་ནས་བཟུང་དགེ་འདུན་ཆོས་འཕེལ་གྱི་བར་དུ་བོད་ལ་ལོ་ཙ་བ་ ༧༠༠ ལྷག་བྱུང་བ་ནི་ཡོངས་གྲགས་རེད།
ངས་མཁས་ཉམས་བཏོན་པ་མིན། ཁྱོས་ཀྱིས་གོང་དུ་མཁས་པ་ ༡༥ ཞིག་གི་མཚན་དྲངས་པའི་ནང་གི་ཨ་ལགས་དོར་ཞི་ལགས་ཀྱིས་དེ་ལྟར་གསུངས་པ་དངོས་སུ་ཐོས་མྱོང་ཡོད།
རོགས་ཆུང་ལོ། ལོ་ཙཱ་བ༧༠༠ཟེར་བའི་གྲངས་ཚད་འདི་སྐུ་ཉིད་ནས་གང་ནས་གསར་དུ་རྙེད་པ་ཡིན། ཡང་ན་རང་བཟོ་ཡིན་ནམ། ཞེ་དྲག་བོད་ཀྱི་རིག་གཞུང་ལ་ཐུགས་རྒྱུས་ཡོད་མདོག་མ་སྟོན་རོགས། གང་ལྟར། གྲངས་ཚད་འདི་ཉིད་ཀྱི་ཁུངས་གསལ་བོ་ཞིག་འཇོག་མ་ཐུབ་ན་སྐུ་ཉིད་ཀྱི་ནང་མཚང་མཐོང་སོང་བ་ཡིན།
ཡིན་རྒྱུ་རེད། ཉམས་ཞིབ་པ་མང་པོ་ཞིག་གིས་ཟླ་ངོ་རེ་ཟུང་ལ་ཤོག་ངོས་གཉིས་གསུམ་ཞིག་འདོན་གྱི་ཡོད་ཚུལ་གོ་མྱོང་།
ད་དུང་ཡིག་ནོར་རེ་ཟུང་མཐོང་རྒྱུ་ཡོད་པ་འདི་ཅི་འདྲའི་བློ་ཡུལ་ལས་འདས་པ་ཞིག་རེད་མི་འདོད་པ་ནི་ཡ་མཚན་ཆེ།
གསལ་བཤད་ཤིན་ཏུ་ཐུང་ངུ༌། སྡེ་བ་གཞུང་གིས་ཡིག་ནོར་འབྲི། ཁྱོད་བདེན། སྐུ་སྒེར་ཡིག་ཚང་གིས་ཡིག་ནོར་འབྲི། འདི་ཡང་ཁྱོད་བདེན། གདན་ས་ཁག་གིས་ཡིག་ནོར་འབྲི། འདི་ཡང་ཁྱོད་བདེན། མཐོ་སློབ་ཁག་གིས་ཡིག་ནོར་འབྲི། འདི་ཡང་ཁྱོད་བདེན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་ཡིག་ནོར་འབྲི། འདི་ཡང་ཁྱོད་བདེན། རིག་གཞུང་བསྟི་གནས་ཁག་གིས་ཡིག་ནོར་འབྲི། འདི་ཡང་ཁྱོད་བདེན། ཡིན་ནའང༌། བློ་མ་འཁྱོག་པའི་ངང་ནས་གསལ་བཤད་ཞིག་བྱས་ན། ནོར་གླིང་ཞིབ་འཇུག་སྡེ་ཚན་གྱི་ནོར་ལྡེ་ཚགས་པར་དེ་ཡིག་ནོར་གཅིག་ཀྱང་མེད་དུས་མང་ལ་ཡིག་ནོར་གཅིག་གཉིས་ཡོད་དུས་རེ་ཟུང་མཐོང་རྒྱུ་ཡོད། སྤྱིའི་ཆ་ནས་ཚགས་པར་འདི་ཉིད་ཡིག་ནོར་མེད་པའི་དཔེ་མཚོན་དུ་དྲངས་ན་ཆོག་ཆོག་ཡིན། མི་བདེན་སྙམ་ན་རང་ཉིད་ནས་ནོར་ལྡེ་ཚགས་པར་ཉོས་ནས་ཞིབ་གཟིགས་མཛད་རོགས། ཐུགས་རྗེ་ཆེ།
ཁྱོད་དེ་འདྲའི་ཨུ་ཐུགས་མདོག་ལ། ཁྱོད་ཀྱིས་ག་རེ་བྱས་ནས་ཐོན་མི་སམ་བྷོ་ཊ་དང་ཀ་ཅོག་ཞང་གསུམ་སོགས་སྔར་གྱི་ལོ་ཙ་བ་ ༧༠༠ དེ་དག་གི་མཚན་མ་དྲངས་པ་ཡིན། ད་དུང་བོད་ཀྱི་བརྡ་སྤྲོད་མཁན་པོ་མང་པོ་ཞིག་གི་མིང་མ་དྲངས་པའི་རྒྱུ་མཚན་ཅི།
ཁྱོད་ཀྱིས་ག་རེ་བྱས་ནས་ད་སྐབས་གངས་སྐྱིད་ཀྱི་ར་བ་དང་། ཡང་ན། བཙན་བྱོལ་བོད་མིའི་ཤེས་ཡོན་ལས་འཛིན་གྱི་མི་སྣ་རྐང་གཅིག་གི་མིང་ནས་འབོད་མ་ཐུབ་པ་ཡིན།
འདིའི་མིང་ལ་མིག་རྒྱ་བསྐྱེད་ཟེར་གི་མ་རེད།
གཞན། སྐུ་ཉིད་ནས་སྡེ་བ་གཞུང་ཞེས་༧གོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་ཕར་ལ་བཅད་ནས། དུས་བབ་ཚང་ཟེར་ནས་འདང་ཆེ་མདོག་ལ་བསམ་ན་ཉིད་ཀྱི་ནང་གི་དེ་ཉིད་དཔགས་ཐུབ་པས་དགོངས་དག་ཐུགས་བདེ་ཞུ་འདོད་བྱུང༌།
ཡིག་ནོར་གྱི་མགོ་ཁུངས་ཟེར་ན་ངས་ཅང་མི་ཤེས། རང་གིས་ཤེས་ན་རང་གིས་དཔྱད་དོན་འཇོག་རོགས་ཞུ་རྒྱུ་ཡིན།
རོགས་ཆུང་ལོ། མིག་རྒྱ་བསྐྱེད་དང༌།
གཤམ་ན་ཡིག་ནོར་མི་འབྲི་བའི་བོད་ཕྱི་ནང་གི་མཁས་དབང་བཅོ་ལྔ་ལྷག་གི་མཚན་བྱང་བཀོད་ཡོད།
༡། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།
༢། མཁས་དབང་རྡོ་རྗེ་རྒྱལ་བོ།
༣། མཁས་དབང་དགེ་འདུན་ཆོས་འཕེལ།
༤། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ།
༥། མཁས་དབང་བྱམས་པ་འཕྲིན་ལས།
༦། མཁས་དབང་ཨ་ལགས་དམུ་དགེ།
༧ མཁས་དབང་ཨ་ལགས་ཚེ་ཏན་ཞབས་དྲུང༌།
༨། མཁས་དབང་ཨ་ལགས་དོར་ཞི།
༩། མཁས་དབང་ཨ་ལགས་བསེ་ཚང༌།
༡༠། མཁས་དབང་མཁར་རྨེའུ་བསམ་གཏན།
༡༡། མཁས་དབང་ནམ་མཁའི་ནོར་བུ།
༡༢། མཁས་དབང་རག་ར་རིན་པོ་ཆེ།
༡༣། མཁས་དབང་བསྟན་འཛིན་རྣམ་དག་རིན་པོ་ཆེ།
༡༤། མཁས་དབང་གདོང་ཐོག་རིན་པོ་ཆེ།
༡༥། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང༌།
༡༦། མཁས་དབང་མཁས་བཙུན་བཟང་པོ།
༡༧། མཁས་དབང་དོན་འགྲུབ་རྒྱལ།
དཀོན་མཆོག་དབང་འདུས་པ། ངས་བཤད་ན། བཙན་བྱོལ་བོད་པ་ཚང་ལ་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་གི་སེར་རིལ་ལྟ་བུ་ཞིག་ཡོད་པ་དུས་བབ་ཚང་རེད་ཟེར་ནའང་མི་འགྲིག་པ་མི་འདུག
ཁྱོད་ཀྱིས་སྡེ་བ་གཞུང་གི་བོད་མིའི་རང་དབང་ནས་བཟུང་ག་ས་གང་དུ་ལྟོས་དང་། ཡིག་ནོར་ངོ་མ་དེ་སུས་འབྲི་གིན་འདུག ད་དུང་གཞུང་འབྲེལ་མིན་པའི་ཚགས་ཤོག་དེ་ཚོར་ཅིག་ལྟོས་དང་། བསྡུར་དང་། དེ་ནས་སོ་སོའི་བློར་ཤར་རྒྱུ་ཞིག་ཡོད་ངེས།
སྔོན་མ་ཞིག་ལ་སྐུ་སྒེར་ཡིག་ཚང་གི་ཡིག་ནོར་སྐོར་ལ་བཤད་ཚེགས་ག་ཚོད་བྱུང་སོང་། དེ་དུས་ཁ་བཙུམས་བསྡད་ནས་ག་རེ་བྱས་པ་ཡིན།
གཞུང་འབྲེལ་མིན་པའི་ཚོགས་པ་དག་གི་ནང་དུ་ཡིག་ནོར་མེད་པའི་བོད་ཡིག་གི་བརྡ་ཁྱབ་འབྲི་ཐུབ་མཁན་ཞིག་གང་དུ་འདུག
ད་དུང་དགོས་ན། ངས་ཁྱོད་ལ་གདན་ས་ཁག་དཔེར་འཇོག མཐོ་སློབ་དག་ཀྱང་དཔེར་འཇོག རིག་གཞུང་གི་བསྟི་གནས་ཁག་ཀྱང་དཔེར་འཇོག ཁྱོད་ཀྱིས་འདི་དག་དུས་བབ་ཚང་དང་བསྡུར་ནས་ལྟོས་དང་། ཡིག་ནོར་གྱི་མགོ་ཁུངས་སུ་རེད།
ཐོག་ན་འདི་ཅི་རེད
ཇ་ཁ་ཆང་ཁ་ནས་བཙན་གཡེམ་བྱས་སོང་ཟེར་བ་དེ་བཙན་གཡེམ་ངོ་མ་ཞིག་མ་རེད་བསམ། ཡིན་ཡང་གོང་དུ་ཟིན་བྲིས་བ་འགའ་ཤས་ཀྱིས་བཤད་པ་བཞིན་གཞན་གྱིས་བཙན་གཡེམ་བྱས་ཀྱང་། ངོ་ཚ་ཁོག་ཏུ་སྦས་ནས་ལབ་མ་ཐུབ་པར་ལྷག་བསྡད་པ་གང་མང་ཞིག་ཡོད། ལྷག་པར་སློབ་གྲྭ་ཁག་ཡོད་མཁན་ཚོ། དེའི་ཕྱོགས་ལའང་བུད་མེད་ཚོགས་པས་སྔོན་འགོག་ཟབ་སྦྱོང་དང་དོན་གནད་འདི་རིགས་ལ་ཁ་གཏད་གཅོག་སྟངས་ལམ་སྟོན་བྱེད་གལ་ཆེ། དེང་སང་བོད་པའི་སྤྱི་ཚོགས་ནང་མི་རྒན་དར་གཞོན་གསུམ་ནང་བཙན་གཡེམ་བྱེད་རྒྱུར་ལོབས་འདུག་པ་འདི་ཡག་རྟགས་ཤིག་མ་རེད། གཟབ་གཟབ་བྱས་ན་མ་གཏོགས་ཡང་བོད་པར་མིང་ཆད་ངན་པ་ཞིག་འདོགས་ཉེན་ཆེ་གི
རོགས་ཆུང་ལོ། ཁྱོད་ཀྱིས་ཁ་ཡག་མདོག་གིས་ཁོག་ནག་པོ་བྱས་ན་ཕན་པ་ཅི་ཡོད། ཡིག་ནོར་གྱིས་ཕྱོགས་ནས་དུས་བབ་དྲ་ཚིགས་འདི་ཅི་འདྲ་ཡིན་མིན་འཛམ་གླིང་ཡོངས་གྲགས་རེད། ཁྱོད་ཀྱིས་དེ་འགེབས་ཐུབ་པ་ཞིག་གང་ནས་ཡིན། ཡིན་ནའང༌། སྐུ་ཉིད་ནས་ངེད་ཀྱི་ཡིག་ནོར་ཕྱོགས་ཀྱི་དུས་བབ་ཚང་གི་མི་འདང་བའི་ས་དེ་རྩོམ་སྒྲིག་ཁང་གི་ལས་བྱེད་ཡོངས་དང་བྱ་གཞག་ཡོངས་ཀྱི་སྒང་ལ་དེད་འདུག་པ་མ་ཉེས་ཁག་གཡོགས་རེད་ཅེས་གསལ་བོ་བཟོ་འདོད་བྱུང༌། དུས་བབ་རྩོམ་སྒྲིག་ཁང་ཁྱོད་དང་ང་ལྟ་བུའི་བོད་ཡིག་ཁྱ་ཁྱོར་རེ་འབྲི་ཤེས་མཁན་ཚོར་སྐུ་དྲིན་ཤིན་ཏུ་ཆེ་བ་ངས་སྔ་ནས་ཚོར་ཡོད། རྗེས་སུ་ཡིད་རངས་ཀྱང་ཞུ་དང་ཞུ་བཞིན་ཡོད། འདིའི་ཕྱོགས་ནས་སྐུ་ཉིད་ངེད་རང་ནག་པོ་བཟོ་འདོད་ན་རང་སྡུག་རང་གིས་ཉོས་པ་རེད། སེམས་ཁུར་ལྷག་མ་མ་ལེན་རོགས་ཞུ་འདོད་ཀྱང་བྱུང༌།
དཀོན་མཆོག་དབང་འདུས་ལགས། དེ་ལྟར་བཤད་རྩིས་ཡིན་ན། དུས་བབ་ཚང་གཅིག་པུ་མ་ཟེར། མ་གཞི་ནས་ཁྱོད་རང་ཉིད་ཚུད་པའི་བོད་མི་ས་ཡ་དྲུག་གི་ནང་དུ་ཡིག་ནོར་མི་འབྲི་བའི་མི་དེ་སུ་ཡིན་མིན་ཁྱོད་ཀྱིས་ང་ལ་ལན་ཞིག་གནོངས་དང་། དེ་ནས་ངེད་གཉིས་ཀྱིས་སྐད་ཆ་བཤད་ཆོག
སྐྱོན་བརྒྱག་ན་རྒྱག་སྲོལ་ལོས་ཡོད།
རོགས་ཆུང་ལོ། དྲང་མོར་བཤད་ན་མི་མི་དགའ། རྒྱུགས་པ་བསྟན་ན་ཁྱི་མི་དགའ། མེས་པོའི་གཏམ་དཔེ་འདི་ཅིས་མ་བདེན། གཏམ་དཔེ་འདི་མི་ཁྱོད་རང་འདྲ་བ་ཚོར་བཞག་པའི་མེས་པོ་གོང་མའི་སྡོམ་ཚིག་རེད། ངེད་ཀྱི་བཤད་པ་དྲང་བོ་མིན་ན་འགྲིག་འདུག ཁྱོད་ཀྱིས་སྤོབས་པ་དང་ལྡན་ཞིང་དྲང་ཚུགས་ཡོད་པའི་ཐོག་ན་ངེད་ཀྱི་དྲི་བ་འདི་ལ་ལན་ཞིག་སྟེར་རོགས།
དུས་བབ་དྲ་ཐོག་ན་ཡོད་པའི་ཟིན་བྲིས་པ་བརྒྱ་སྐོར་བོ་ལྷག་དང་རྩོམ་སྒྲིག་པ་དང་གསར་འགོད་པ། ཟིན་བྲིས་མེད་པའི་རྩོམ་འབྲི་བ་དང་མཆན་བུ་འདེབས་མཁན་ཚོའི་ནང་ནས་ཡིག་ནོར་གཏན་མི་འབྲི་མཁན་དེ་སུ་ཡིན། ཡང་ན་ཡིག་ནོར་མི་འབྲི་མཁན་ག་ཚོད་ཡོད།
བདེན་པ་བཤད་ནས་ནག་པོ་བཟོས་ཡོད་ན་ཕ་རོལ་བོ་རྫུན་པ་ཡིན་པའི་རྟགས་མཚན་གསལ་ཤོས་རེད།
མ་གཞི་བུ་མོ་དེ་མཚན་ནག་ལ་མི་དེ་ཚོའི་རྗེས་དེད་ནས་ཆང་ཁང་དང་འགྲོན་ཁང་སོགས་ལ་འགྲོ་དགོས་་ཅི་རེད། རྒྱུ་མཚན་མེད་ན་མི་དེ་འདྲ་དང་མཉམ་དུ་ཆང་བཏུང་བ་དང་མཚན་ལ་འགྲོ་བ་སོགས་བ་རང་སྡུག་རང་གིས་ཉོ་འདོད་པ་རེད།
དཀོན་མཆོག་དབང་འདུས་ཟེར་བ་འདིས་དོན་མཐུན་གྱི་སྐྱོན་བརྗོད་བྱས་མི་འདུག སྐྱོན་ཡོད་ན་བཤད་ཆོག་ཀྱང་། ཁོ་རང་གི་འདི་ལ་སྐྱོན་བརྗོད་ཟེར་གི་མ་རེད། འདི་ལ་གླེང་ཕྱོགས་བཟོས་ཟེར་སྲོལ་ཞིག་ཡོད་པ་དེ་རེད།
གླེང་ཕྱོགས་བཟོ་བ་ནི་མཐར་དེད་ན་ཕ་རོལ་བོ་ནག་པོ་བཟོ་བ་དང་། མི་གཞན་གྱི་སེམས་ངོར་དུས་བབ་ཚང་གི་ལས་བྱེད་ཚང་མ་བག་ཆགས་ངན་པ་འཇོག་པའི་ཆེད་དུ་རེད། འདིའི་རིགས་ལ་དོ་སྣང་བྱས་ན་ལེགས། དཔེར་ན། ཁོས། དུས་བབ་ཚང་ན་མགོ་རྩོམ་སྒྲིག་པ་ནས་བར་གསར་འགོད་པ། འོག་ཟིན་བྲིས་པ་ཚང་མ་ཡིག་ནོར་འབྲི་རྒྱུར་དགའ་དྲགས་ནས་སྨྱོས་ཡོད་མཁན་ཞེ་གཅིག་རེད་ཅེས་བྲིས་པ་འདིར་ཅིག་ལྟོས་དང་། འདི་འདྲ་བའི་ནག་ཉེས་ཤིག་འཁུར་དགོས་ཨེ་ཡོད་ན།
སྲ་མོ་རྡོ། ཡིག་ནོར་ཐེར་འདོན་བྱས་དང་མ་བྱས་ཡོད་པ་མ་རེད། དུས་བབ་ཚང་ན་མགོ་རྩོམ་སྒྲིག་པ་ནས་བར་གསར་འགོད་པ། འོག་ཟིན་བྲིས་པ་ཚང་མ་ཡིག་ནོར་འབྲི་རྒྱུར་དགའ་དྲགས་ནས་སྨྱོས་ཡོད་མཁན་ཞེ་གཅིག་རེད།
ད་དུང་གཡུ་དྲུག་དཀར་ནི་ས་རཱ་ཚང་གི་འཐུས་ཚབ་དུས་བབ་ནང་གི་ཡིག་ནོར་མངས་ཤོས་འབྲི་མཁན་གཅིག་རེད། ཡང་ལུང་རྟོགས་ཟེར་མཁན་ཡིག་ནོར་མཁས་དབང་ཞིག་གསར་དུ་སླེབས་འདུག་པས་ང་ཚོས་ཁོང་རྣམ་པར་ཐུགས་རྗེ་ཆེ་དང་ཡོང་བར་ཐུགས་རྗེ་ཆེ་ཞུས་ན་རེད།
ནམ་རྒྱུན་བོད་པའི་བུ་མོ་ཚོར་བཙན་གཡེམ་གྱི་གྱོད་དོན་མང་དུ་འབྱུང་གི་ཡོད་ཀྱང་། ཕལ་ཆེ་བས་གསང་བ་བྱས་བསྡད་འདུག ལྡི་ལི་མཐོ་སློབ་སོགས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་དུ་བཙན་གཡེམ་གྱི་རིགས་འདི་དར་ཁྱབ་ཆེ་བར་འདུག
ལོ་བཅུ་སྐོར་ཞིག་གི་གོང་ལ། ངྷ་སའི་མཐོ་རིམ་དཔོན་རིགས་ཤིག་གི་བཟའ་ཟླ་ལྕམ་ཆེ་གེ་མོ་ལགས། ཡུལ་མི་རྒྱ་གར་བས་བཙན་གཡེམ་བྱས་ཀྱང་། དེ་གསང་བ་བྱས་ཡོད་ཚུལ་གོ་མྱོང་།
ད་ཐེངས་བུ་མོ་འདིས་ཁྲིམས་གཏུགས་བྱས་པ་དེ་ཡག་པོ་བྱུང་འདུག དེ་མ་གཏོགས་བཙན་གཡེམ་ཁ་དར་ཏེ་སྤྱི་ཚོགས་ཟང་ཟིང་དུ་འགྱུར་ཉེན་འདུག
བཙན་པོའི་བུ།
ཁྲིམས་ཁང་ན་ཡོད་པའི་མྱི་ཞིག་ལ་སྲོག་བཅད་བཅད་ཀྱི་སྒང་ལ་རོ་བཅག་བཅག་བྱེད་རན་ཅང་མཐོང་གི་འདུག་གམ་ལགས།
ཉིད་ཀྱི་མཆན་བུ་འདི་སྐྱིད་རྒྱུ་མང་དྲགས་འདུག་པས་དོགས་འདྲི་ཆུང་ཁག་འདི་ལ་ལན་གསལ་བོ་རེ་འདེབས་རོགས།
སྤྱིར་བོད་པ་ཚང་ལ་ཁ་ཚོན་པོ་དང་ལག་ཤི་བོ་ཤིན་ཏུ་མངས། ལྷག་པར་དུ་བཙན་བྱོལ་ནང་གི་རྩོམ་ཡིག་འབྲི་མཁན་ཚོའི་གྲས་ན་ཚང་ཁ་ཤིག་ཤིག་ཡིན།
གཅིག སྐུ་ཉིད་ནས་ཁོང་གཉིས་ཡུལ་ཁྲིམས་དང་སྲིད་ཁྲིམས། རྒྱལ་སྤྱིའི་ཁྲིམས་བཅས་ལ་འགལ་བའི་ལས་བྱས་ཡོད་ཟེར། འདི་ཡང་ཁྱོད་རང་ཁ་ཚོན་པོ་ཅན་ཞིག་ཡིན་པའི་རྟགས་གསལ་ཤོས་ཤིག་རེད། རྒྱ་གར་ཡུལ་ཁྲིམས་ལ་དོན་ཚན་ག་ཚོད་ཡོད་དམ། ཁོང་གཉིས་འགལ་ཡོད་པ་དོན་ཚན་གང་རེད་དམ། ཡང་ན་དོན་ཚན་གང་གི་ནང་གསེས་གང་རེད་དམ།
གཉིས། བར་འདིར་ཁྱོད་ཀྱིས་མི་དགོས་སར་སྲིད་ཁྲིམས་ཟེར་བ་ཞིག་བཅུག་འདུག་པར་འགྲེལ་བ་ཞིག་རྩོམ་རོགས། གསལ་བཤད་ཞིག་བྱེད་རོགས།
གསུམ། ཁོང་གཉིས་འགལ་བའི་རྒྱལ་སྤྱིའི་ཁྲིམས་ཟེར་བ་གང་ལ་ཟེར་བ་ཡིན། རྒྱལ་སྤྱིའི་ཁྲིམས་ལ་དོན་ཚན་དང་ནང་གསེས་ག་ཚོད་ཡོད་པ་རེད། ཁོང་གཉིས་འགལ་ཡོད་པ་དེ་དོན་ཚན་གང་དང་ཡང་ན་ནང་གསེས་གང་རེད་དམ།
གོང་གི་དྲི་བ་འདི་ཚོ་ལ་ལན་མི་སྟེར་ན་སང་ཉིན་ནས་དྲ་ཐོག་ལ་ཡོང་ནས་འགན་མི་འཁྱེར་བའི་སྐད་ཆ་མ་བཤད། ཕྱི་རྫིག་ནང་སྟོང་གི་མཆན་བུ་མ་འདེབས། མི་ཤེས་ཤེས་མདོག་གི་རང་མདོག་མ་ངོམ་ཨ། ཐུགས་རྗེ་ཆེ།
ལུང་རྟོགས།
བརྩན་བྱོལ
མི་རིག་
བསྐད་ཡིག
ཤུག་ཆེར་
རིག་བཞུང་།
ཡ་རབ
དོ་བསྣང
གོམ་གཤིས་
ད་བལྟ
མཇེ་གཅོད་རྒྱུ་དེ་གཉིས་ཚེ་གང་བོར་བཙོན་གྲོལ་མ་ཡོང་ན་ཏག་ཏག་རེད།
མཇེ་གཅོད་རྒྱུ་དེ་གཉིས་ཚེ་བཙོན་བྱས་ན་ཏག་ཏག་རེད། འོན་ཀྱང་བུ་མོ་དེ་ཡང་ར་བཟི་བར་མ་ཟད་བསྟན་འཛིན་ཟེར་བ་དེའི་མགྲོན་ཁང་དུ་སོང་ཡོད་ན། བཙན་གཡེམ་བྱས་ཟེར་བ་དེ་ཡང་ཅུང་ཟད་དགོད་བྲོ་བ་ཞིག་རེད། གང་ལྟར་དངོས་གནས་བཙན་གཡེམ་བྱས་ཡོད་ཚེ་སྙིང་རྗེ།
འདི་ནི་ད་ལྟའི་བར་དུ་ང་ཚོ་བརྩན་བྱོལ་བ་ཚོས་གཉིས་བསྐྱུར་གསར་བསུ་བྱས་ཏེ། རང་མི་རིག་གི་བསྐད་ཡིག་དང་། རིག་བཞུང་། ཡ་རབ་བཟང་སྤྱོད་སོགས་ལ་དོ་བསྣང་མ་བྱས་པར། ཕྱིའི་བསྐད་ཡིག་དང་རིག་བཞུང་སོགས་ལ་དོ་སྣང་ཤུག་ཆེར་བྱས་པའི་དབང་གི་བོད་མི་རིག་ཀྱི་ཀུན་སྤྱོད་ཉམ་རྒུད་འགྲོ་བཞིན་ཡོད་པའི་བརྟག་རེད། ངས་གསར་པ་མི་དགོས་ལབ་པ་མིན་ཀྱང་ ང་ཚོ་གསར་པ་ལ་དགའ་དྲག་ནས་སོ་སོའི་རིན་ཐང་ཡོད་པའི་རིག་བཞུང་དང་གོམ་གཤིས་སོགས་ལ་དོ་བསྣང་མ་བྱས་ན་ད་བལྟའི་གནས་ཚུལ་འདི་ལྟ་བུ་མུ་མཐུད་ནས་ཡོང་ངེས་རེད།
གལ་ཏེ་ཕོ་སར་དེ་གཉིས་ཀྱིས་བུ་མོ་དེར་བཙན་གཡེམ་བྱས་ཡོད་པ་བདེན་ན། ཁོ་གཉིས་ངེས་པར་དུ་ཁྲིམས་ཐོག་ནས་ཐག་གཅོད་བྱས་པ་ཙམ་མ་ཡིན་པར་ཚེ་བཙོན་དང་། ཡང་ན་ཁྲིམས་གཅོད་ནན་མོ་བྱ་དགོས་ལ། རྒྱུ་མཚན་ནི་ཁོང་གཉིས་ཀྱིས་ཡུལ་ཁྲིམས་དང་། སྲིད་ཁྲིམས། རྒྱལ་སྤྱིའི་ཁྲིམས་བཅས་ལ་འགལ་བའི་ལས་བྱས་ཡོད་པ་མ་ཟད། དེ་བཞིན་མི་རིགས་ཀྱི་བླ་བཙོང་ནས་ནང་ཁུལ་ལ་གཉའ་གནོན་བྱས་ཡོད་པ། དེ་བས་ཀྱང་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་རྡོག་རོལ་བཏང་ཡོད་པ་སོགས་བྱས་ཉེས་མང་བོ་ཞིག་བསགས་ཡོད་འདུག།
ལོ་རྙིང་ལ་ཡང་བཙན་གཡབ་བྱས་སོང་ཟེར། ལོ་གསར་ལ་ཡང་བཙན་གཡབ་བྱས་སོང་ཟེར། ད་བྱས་ན་རྡ་རམ་ས་ལའི་ས་བཅུད་ཅུང་ཉམས་བཞིན་པའི་རྟགས་ཤིག་ཡིན་པ་འདྲ།
བུ་མོ་དེ་ཡང་བློ་ཁོག་ཆུང་རྒྱུ་རང་མེད་ཚོད་འདུག