མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྭ་རྒྱའི་གྲྭ་བ་འགའ་ད་དུང་གར་ཡོད་མ་ཤེས་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཞིས་བཞུགས་བོད་མི་ཞིག་གིས་ལོ་སྔོན་མར་མདོ་སྨད་རྭ་རྒྱ་ཁུལ་དུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ནང་ཞུགས་མཁན། གྲྭ་འོད་ཟེར་བཟང་བོ་དང་ངག་བཟང་གཉིས་ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཏེ། གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་དང་། ལོ་སྔོན་མའི་ཟླ་ ༡༠ ནང་མན་ངག་རྡོ་རྗེ་ལ་ལོ་གསུམ་དང་བློ་དར་ལ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་གསུངས་ཡོད།

བོད་ལྕགས་སྟག་ལོའི་ལོ་མགོ་འདིར་ངས་གཞིས་བཞུགས་སྤུན་ཟླ་ཞིག་དང་དྲ་རྒྱ་བརྒྱུད་གླེང་མོལ་བྱས། ཁོང་མདོ་སྨད་རྭ་རྒྱ་ཁུལ་དུ་ཡོད་ཅིང་ངེད་གཉིས་ཀྱིས་ཡུན་རིང་ལ་གླེང་མོལ་བྱས་མཐར། ༢༠༠༨ ལོའི་ཞི་རྒོལ་ཆེན་མོ་ནས་སྔར་ལོའི་རྭ་རྒྱ་ཁུལ་གྱི་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱས་པའི་བར་གྱི་བོད་ནང་གི་ཞི་རྒོལ་ཁག་ཅིག་གི་སྟེང་དུ་བབས། ལྷག་པར་དུ་ཁོང་ལ་ལོ་སྔོན་མར་བྱུང་བའི་རྭ་རྒྱ་ཁུལ་གྱི་ཞི་བའི་ངོ་རྒོལ་ཐད་གནས་ཚུལ་ཁག་ཅིག་གསལ་བོ་གསུངས་རྒྱུ་འདུག ཁོང་གིས་ང་ལ་འདི་ལྟར་གསུངས། ལོ་སྔོན་མར་རྭ་རྒྱའི་གྲྭ་བཀྲ་ཤིས་བཟང་བོ་ལགས་ཆུར་མཆོང་བ་ནས་རྒྱ་ནག་གིས་ད་ལྟའི་བར་མདོ་སྨད་རྭ་རྒྱའི་དགོན་པར་དམ་དྲག་ཤུགས་ཆེར་བྱས་ཤིང་། སྐབས་དེར་ཆབ་སྲིད་ཀྱི་ནག་ཉེས་ཆེན་པོ་ཡོད་པའི་དོགས་གཞི་ཅན་གྱི་གྲྭ་པ་སྐོར་ཞིག་ད་དུང་ཡང་ཉིན་ལྟར་རྭ་རྒྱ་དགོན་པར་བསྡད་ཡོད་པའི་ཉེན་རྟོག་ལས་ཁུངས་སུ་ཐོ་འགོད་བྱེད་དུ་འགྲོ་དགོས་ཀྱི་འདུག གྲྭ་བཀྲ་ཤིས་བཟང་བོ་ཆུར་མཆོང་བའི་སྐབས་དེར། ཚོགས་ཆེན་དགེ་བསྐོས་གཙོས་སེར་སྐྱ་མང་ཚོགས་ཉེན་རྟོག་ཁང་དུ་སོང་སྟེ། ད་ལྟ་ཁྲིམས་ཐག་བཅད་ཟིན་པའི་འཇམ་དབྱངས་མཁས་གྲུབ་དང་མན་ངག་རྡོ་རྗེ་སོགས་རྒྱ་ཡིག་ཤེས་མཁན་ཁག་ཅིག་གིས། ཉེན་རྟོག་པར་ཁྱེད་ཅག་གིས་བཀྲ་ཤིས་བཟང་བོའི་འགན་ཁུར་མ་ཐེག་པ་རེད། དེར་བརྟེན་བཀྲ་ཤིས་བཟང་བོ་གསོད་མཁན་གྱི་ལག་དམར་བ་ང་ཚོ་ཡིན་ཞེས་ཡི་གེ་འབྲི་དགོས་པ་དང་། དེའི་རྗེས་དྲན་གྱི་ཕྱིར་དུ་རྭ་རྒྱ་དགོན་པའི་འདུ་ཁང་སྟེང་ནས་འཕྲོག་པའི་བོད་ཀྱི་རྒྱལ་དར་ཕྱིར་སེར་སྐྱ་མང་ཚོགས་ཀྱི་ལག་ཏུ་བཞག་ནས་ཁྲོམ་སྐོར་བྱེད་དུ་འཇུག་པའི་ཆོག་མཆན་ཡི་གེ་འབྲི་དགོས་ཞེས་བརྗོད་པར། ཁོང་ཚོས་ཡི་གེ་བྲིས་ཏེ་བོད་ཀྱི་རྒྱལ་དར་འཕྱར་བ་དང་ཁྲོམ་སྐོར་སོགས་བྱེད་དུ་བཅུགས་ནའང་། དེའི་རྗེས་ནས་བཟུང་ཉེན་རྟོག་པ་དང་དྲག་ཆས་དམག་མི་འཕར་སྣོན་བྱས་པ་དང་། དགུང་མོ་དེར་ཚོགས་ཆེན་དགེ་བསྐོས་སོགས་སྐབས་དེར་བརྙན་འཕྲིན་ཏུ་བླངས་པ་གཞིར་བཟུང་གཏུག་བཤེར་བྱེད་དུ་འགྲོ་མཁན་གྱི་མི་ཚང་མ་འཛིན་བཟུང་བཀག་ཉར་བྱེད་མགོ་བརྩམས་པ་རེད་ཅེས་གསུངས།

ཁོང་གིས་མུ་མཐུད་དེ། དེ་ལྟར་རིམ་གྱིས་ནག་ཉེས་ཆེས་ཆེ་བའི་མི་དགུ་ཙམ་མགོ་ལོག་དགའ་བདེར་ཁྲིད་ནས་ལོ་དང་ཟླ་བ་མི་འདྲ་བའི་ཁྲིམས་ཐག་བཅད་པ་རེད། དེ་བཞིན་དུས་འཁོར་གྲྭ་ཚང་གི་གྲྭ་བློ་གྲོས་དང་བློ་དར། མན་ངག ཡར་འཕེལ་སོགས་གསང་བའི་སྒོ་ནས་འཇུ་བཟུང་བཙན་ཁྲིད་ཀྱིས་ཞིང་ཆེན་སོགས་སུ་ཁྲིད་དེ་ཟླ་གཅིག་གཉིས་རིང་བཀག་ཉར་བྱས་པ་རེད། ཁོང་ཚོ་མཉམ་དུ་འོད་ཟེར་བཟང་བོ་དང་ངག་བཟང་གཉིས་ཡོད་པ་ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཏེ། གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད།
ལོ་སྔོན་མའི་ཟླ་ ༡༠ ནང་མན་ངག་རྡོ་རྗེ་ལ་ལོ་གསུམ་དང་བློ་དར་ལ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

དོན་རྐྱེན་བྱུང་རྗེས་ཟླ་གཉིས་ལྷག་གི་རིང་ཉེན་རྟོག་པ་དང་དམག་མིས་རྭ་རྒྱ་དགོན་པའི་ནང་དུ་དམག་སྒར་བརྒྱབས་ཏེ་བསྡད་པ་མ་ཟད། གྲྭ་པ་ཚང་མའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་བྲིས་པ་དང་ཁ་སྣའི་དབྱིབས་དང་ཚུགས་ཀ རྐང་ལག་གི་ཆེ་ཆུང་དང་ལུས་ཀྱི་ལྗིད་ཚད་སོགས་ཚང་མ་ཚིག་ཐོར་བཀོད་པ་དང་། ཡིག་ཆ་གསར་དུ་བཟོས་པ། དགོན་པའི་བཅའ་ཡིག་ནང་དུའང་བསྐྱར་དུ་བཟོ་བཅོས་བརྒྱབས་པ་སོགས་བྱས་པ་མ་ཟད། ཉིན་ལྟར་ཚོགས་འདུ་འཚོགས་པ་རེད། སྐབས་དེར་རྒྱལ་གཅེས་ཆོས་གཅེས་དང་ཁ་བྲལ་རིང་ལུགས་པར་ངོ་རྒོལ་རྒྱག་དགོས་པ་སོགས་ཀྱི་སློབ་གསོ་སྤེལ་བ་དང་། སློབ་གསོའི་ནང་དུ་ཆོས་ཚིག་ལྟ་བུ་བསྲེས་ཏེ་རྒྱུགས་བླངས་པ། འཛིན་གྲྭ་ལོགས་སུ་བགོས་ཏེ་འཛིན་གྲྭ་རེ་རེ་བཞིན་དུ་འཛིན་བདག་བཞག་པ་མ་ཟད། ཡིག་རྒྱུགས་རྩེར་ཕུད་སོན་པ་རྣམས་ལ་བྱ་དགའ་བྱིན་པ་རེད། 

སྐབས་དེ་དུས་དོགས་གཞི་ཡོད་པའི་མི་ཚང་མ་མཚན་མོར་གསང་སྟབས་ཀྱིས་ཁྲིད་དེ་འདྲི་རྩད་དང་ཉེས་རྡུང་སྣ་ཚོགས་བཏང་རྗེས། ཕྱིར་རང་ཤག་ཏུ་མཚན་མོར་ཁྲིད་ཡོང་གི་ཡོད་ནའང་། གློད་གྲོལ་སྐབས་འཇིགས་སྐུལ་སྣ་ཚོགས་བྱས་པར་བརྟེན་མང་བོ་ཞིག་ཕྱིར་རང་ཤག་ཏུ་འབྱོར་རྗེས་མི་གཞན་ལ་གནས་ཚུལ་ཅི་བྱུང་གི་སྐོར་བརྗོད་ཐུབ་ཀྱི་ཡོད་པ་མ་རེད། དེ་བཞིན་དོགས་གཞི་ཅན་གྱི་མི་མང་བོ་ཞིག་ཁ་སང་དེ་རིང་ད་དུང་མུ་མཐུད་དེ་ཉིན་ལྟར་ཞིང་མི་དམངས་སྲིད་གཞུང་ནང་ཐོ་འགོད་བྱེད་དུ་འགྲོ་དགོས་ཀྱིན་འདུག

མདོ་སྨད་རྭ་རྒྱར་དོན་རྐྱེན་བྱུང་བའི་སྐབས་དེར་རྒྱ་ནག་གིས་དྲག་ཆས་དམག་མིའམ། ཡང་ན་ཐད་ཀར་མི་གསོད་ཆོག་ཅིང་གྱོན་པ་ནག་པོ་གྱོན་པའི་སྡེ་ཁག་གིས་ལམ་གྱི་གཡས་གཡོན་ནས་དཔུང་བསྒྲིགས་ཏེ་གཤར་བ་དང་། རླངས་འཁོར་ནང་མེ་མདའི་མཆུ་མང་ཚོགས་ལ་གཏད་དེ་ཡར་བསྐྱོད་མར་བསྐྱོད་བྱེད་པ། དགོན་འདབས་སུ་འཐབ་ར་བཙུགས་ཏེ་མེ་མདའི་ཁ་དགོན་པའི་ནང་གཏད་ནས་བཞག་པ་སོགས་འཇིགས་སྐུལ་སྣ་ཚོགས་བྱས་ཡོད་པ་རེད། དེ་ནི་བལ་ཡུལ་རྒྱལ་ས་སོགས་སུ་ཉིན་མཚན་མེད་པར་དམག་གིས་སྲུང་སྲུང་བར་སྡོད་བཞིན་པ་དང་གཅིག་མཚུངས་རེད་ཅེས་བརྗོད་ཡོད།
དེ་བཞིན་ཁོང་གིས་ལོ་སྔོན་མའི་དོན་རྐྱེན་དེ་བྱུང་སྐབས་གསུམ་པའི་སྒྲུབ་མཆོད་ཀྱང་འཚོགས་བཅུགས་ཡོད་པ་མ་རེད། ནམ་རྒྱུན་ལྟར་ན་གསུམ་པའི་སྒྲུབ་མཆོད་སྐབས་སེར་སྐྱ་མང་ཚོགས་ཆིག་ཁྲི་ལྷག་མཉམ་དུ་འཛོམས་ཀྱིན་ཡོད་ནའང་། ལོ་སྔོན་མར་མི་མང་བརྒྱ་ལྷག་མ་གཏོགས་ཡོང་བཅུགས་མེད།

གཞན་ཡང་ལོ་ལྟར་ཟླ་བརྒྱད་པའི་ཚེས་བདུན་ཉིན་རྭ་རྒྱ་དགོན་དང་རེབ་གོང་དགོན་ཆེན། གཙང་དགོན་པ། གསེར་རྟ་དགོན། ཀླུ་ཚང་དགོན། ཆབ་ཆའི་དགོན་པ་སོ་མ། གསེར་ལག་དགོན་སོགས་བསྡོམས་པས་དགོན་སྡེ་ ༤༠ ཙམ་གྱིས་གྲྭ་པ་ ༥༠༠ ལྷག་མཉམ་དུ་འཛོམས་ཏེ་འཇང་དགུན་ཆོས་འཚོགས་ཀྱིན་ཡོད་ཅིང་། བརྒྱད་པའི་ཚེས་ ༡༥ བར་དུ་འཚོགས་དགོས་ཀྱི་ཡོད་ནའང་། ལོ་སྔོན་མར་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དང་མཉམ་དུ་འཁེལ་ཡོད་སྟབས། འཇང་དགུན་ཆོས་གྲོལ་རྒྱུར་ཉིན་བཞི་ལྔ་ལས་མེད་སྐབས་དམག་མི་སླེབས་ཏེ་བཙན་གྱིས་གྲོལ་བཅུག་སོང་། འདི་ལྟར་མདོ་སྨད་ཁུལ་གྱི་དགོན་པ་ཁག་ཅིག་གིས་མཉམ་དུ་འཇང་དགུན་ཆོས་འཚོགས་རྒྱུ་ནི་ ༡༩༩༦ ཡས་མས་ཤིག་ཏུ་དབུས་གཙང་གི་དགེ་བཤེས་ཟླ་གྲགས་ཚང་མར་ཕེབས་ཏེ། རྭ་རྒྱ་དགོན་དང་རེབ་གོབང་དགོན། གཙང་དགོན་པ་གསུམ་མཉམ་དུ་འཛོམས་ནས་འཇང་དགུན་ཆོས་འཚོགས་རྒྱུའི་སྲོལ་བཏོད་པ་ནས་བཟུང་བྱུང་བ་དང་། ད་ལྟའི་བར་འཇང་དགུན་ཆོས་ཐེངས་ ༡༤ བར་དུ་མཉམ་དུ་འཚོགས་ཐུབ་པ་བྱུང་ཡོད། ཡིན་ནའང་། ལོ་སྔོན་མར་མཇུག་བསྡུ་ལ་རན་པའི་འཇང་དགུན་ཆོས་དེ་མཇུག་སྐྱོང་གི་བཅུག་མེད་སྟབས་གྲྭ་མང་ལ་ཧ་ཅང་གི་བློ་ཕམ་བྱུང་ཡོད་ནའང་། བྱེད་ཐབས་གང་ཡང་བྱུང་མེད་པ་རེད། འདི་ལོར་དུས་ཆེན་གཉིས་ལ་བཀག་འགོག་བྱས་པ་ནི་གསུམ་པའི་སྒྲུབ་མཆོད་དང་འཇང་དགུན་ཆོས་གཉིས་ཀ་རེད་ཅེས་སོགས་གསུངས་ཡོད།
གསར་འགོད་པ་ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༣ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 11

  1. རྨ་ ཉག་ཕྲན། says:
    ལོ་ 16 སྔོན།

    ད་བོད་ནང་དུ་བོད་པ་ཚོས་སུམ་ཅུའི་དུས་དྲན་རྩི་བསྲུང་བྱེད་མི་དགོས་པར་རྒྱ་གཞུང་གིས་རྩི་བསྲུང་བྱེད་ཀྱིན་འདུག།

    Reply
  2. རྐང་གསུམ། says:
    ལོ་ 16 སྔོན།

    འདི་ལྟར་བོད་ཀྱི་མི་བུ་རྣམས་ཤི་བཞིན་ཡོད་ལ་འཆུ་དགོས་ངེས་ཤིག་ཀྱང་ཡིན་
    ཡིན་ན་འང་འདི་ནི་བོད་གཅིག་བུ་ལས་བཙན་བྱོལ་ནང་དུ་འདི་ལྟར་བྱེད་ནི་མེད་དོན་ཅི་ཞིག་ཡིན་ནམ། ངའི་འདི་དང་འདིའི་སྐོར་ལ་བསམ་ཚུལ་རེ་བྲི་འདོན་ནི་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་ཡིན།
    དེ་མིན་བཙན་བྱོལ་དུ་ཡོད་པའི་བོད་རིགས་རྣམས་ཀྱིས་འདི་དང་འདིའི་སྐོར་ལ་བསམ་ཚུལ་ཙམ་ཡང་འབྲི་མཁན་མེད་ནོ་ཁོང་ཚོ་བོད་རིགས་ལ་མ་དུང་བ་དང་བོད་རིགས་ལ་མ་དགའ་བ་ཞིག་རེད་དམ།
    ཞེས་ན་རྩ་བ་ནས་མ་རེད།
    འོ་ན་འདིའི་གནད་དོན་ཅི་ཞིག་ལ་ཐིག་ཡོད་ཅེས་ན་འདི་ནི་རང་ཉིད་སམ་པ་དང་རང་ཉིད་འདོར་མ་ཐུབ་པའི་སྐྱེན་བྱས་པ་རེད།

    Reply
  3. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཧ་ཧ་སྟོབས་འདི་ངོ་མ་གླན་པ་ལུག་རང་རེད་་་་་མགོ་ལ་རྡོ་མ་ཞུས་ན་མི་གོ་ནི་ཞིག་རེད་ལ་་་་་ངའི་སྒེར་དོན་རེ་ཡོད་ན་ཟེར་བ་ལས་གཞན་གང་ཡང་མེད་་ཨ་རོ་་སྐྱེས་ཕོ་རབ་ཁོག་ལ་མདའ་ཤོང་མདོང་ཤོང་ཟེར་་་ང་ཁ་རྩོད་བྱེད་ན་མི་འདོད་གི་་་བསམ་ཚུལ་བཤད་པ་ཙམ་ཡིན་་་་་་ཁྱེད་ཀྱི་བཅོས་རོགས་ཞེས་བས་རེ་བསྐུལ་དེ་བཤད་སྟང་ཚ་དྲགས་འདུག་པས་་་དེས་ན་ངའི་ཅང་བསམ་ཚུལ་ཅུང་ཚ་བ་བཤད་པ་ཡིན་་་་་ད་ཨེ་གོ་ཐ་་ང་སུ་ལ་མི་སྐྲག་གླེན་པ་ལ་སྐྲག་་་་་་ཧ་ཧ་ཧ་

    Reply
  4. སྟོབས་ says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུནཀླེན་ཕྲུག སྤྱིར་ཡིན་ན་ངས་ཁྱེད་ལ་རྩོད་རྒྱག་འདོད་མི་འདུག་མོད ། ཁྱེད་ཀྱི་ངའི་ ཚིག་འདི་སྒེར་དོན་ཡིན་པ་གང་གིས་ཐག་ཆོད་ཡོད་བྱས་ཡོད ། ལན་གསལ་པོ་ཞིག་འདེབས་རོགས ། མི་སྐྱོན་བཤད་ནས་བཅོས་དགོས། ཤིང་སྐྱོན་གཞོགས་ནས་ལྟ་དགོས་ཟེར་བ་གོ་ཨེ་མྱོང་ ། དངོས་གནས་ཁྱེད་ཀྱིལུས་སྟེང་ན་དྲི་ངན་འཐིམ་འདུག སྐྱ་སེར་གང་ཡིན་རུང་ལམ་ཁ་གུ་དོག་མོ་ཞིག་ལ་འགྲོ་ཟེརམཁན་ཡིད་ཆེས་མེད ། འདི་ཚོ་ལ་གཟབ་གཟབ་བྱེད་དགོས་ཡིག་སྐྱོན་ལས་གནད་འགག་ཚ་པོ་དང་ཆེས་གཟབ་དགོས་ས་འདི་ཚོ་རེད

    Reply
  5. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ལུས་དང་ཤེས་སྟོབས་གང་འདྲ་ཡིན་་་་་་་ཁ་སྟོབས་ཆེ་དྲགས་འདུག་་་་་་་་མི་སྐྱོན་མེད་དང་ཤིང་འཛེར་མེད་དཀོན་ནི་རེད་་་་་་་་ནོར་བ་ལས་བཅོས་བ་མ་རེད་་་་་་་མཐུན་བསྒྲིལ་བྱེད་རྒྱུ་ལས་ཁ་སྣ་རྩོད་བྱེད་ན་དགོས་མེད་རེད་་་་སྒེར་དོན་རེ་ཡོད་ན་འགྲུལ་བཞུད་ཀྱི་ལམ་ཁ་སྟབས་བདེ་ཡིན་པས་གདོང་དང་གདོང་ཐུག་ནས་ཐག་བཅད་ན་མ་རེད་དམ་་་་་་་་་ཧ་ཧ་ཧ་་་་་འཁོར་ཡུག་འདིའི་ནང་དུ་དྲི་ངད་མ་བྱུག་རོགས་་་་་་

    Reply
  6. སྟོབས་ says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས གཟབ་གཟབ་བྱེད་རོགས ་བཀྲ་ཤིས་བཟང་པོ་མིང་ལ་ཡི་ཤེས་བཟང་པོ་ཞེས་མིང་འདོགས་དོན་ཅི་ཡིན ། བསམ་པ་རྣམ་དག་ཞིག་ཡིན་ན །འདས་ཟིན་པའི་རྒྱལ་གཅེས་དཔའ་པོཚོའི་ལོ་རྒྱས་ལ་ནག་སིབ་མ་བྱེད་རོགས །

    Reply
  7. karma dorje says:
    ལོ་ 16 སྔོན།

    ཡུལ་གཞན་དུ་གྱར་དང། སྐོག་བཟུང་བྱས་ནས་བཞག་པའམ། རྒྱ་གཞུང་གིས་སྐོག་བསད་བཏང་བ་གསུམ་དུ་ངེས་པས་ཚང་མས་རྩད་གཅོད་ལ་འགན་འཁུར་གནང་དགོས།

    Reply
  8. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གསར་འགོད་པའི་གཟབ་མནན་མ་བྱས་པའི་སྐྱོན་འདུག གོང་དུ་གྲྭ་ཡེ་ཤེས་བཟང་བོ་ཟེར་བ་དེ་ནོར་བ་རེད། བཀྲ་ཤིས་བཟང་བོ་ཟེར་བ་རེད།

    Reply
  9. Khamrin says:
    ལོ་ 16 སྔོན།

    དངོས་གནས་ཡིན་ཚེ་གུས་འདུན་ཞུ་་་་

    Reply
  10. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    རྭ་རྒྱ་དགོན་པ་ཟེར་བ་ལས་་་ལ་རྒྱ་དགོན་ཞེས་མཚན་གསོལ་ན་མི་ལེགས་བསམ་་་་་

    Reply
  11. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    རྒྱལ་གཅེས་པ་ཚང་མ་སེམས་སྟེང་ནས་གུས་འདུད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese