མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཚེས་ ༡༨ ཉིན་གྱི་དགའ་སྟོན།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཨོ་བྷ་མ་རྣམ་གཉིས་ཨ་རིའི་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་གནང་གིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། རྔ་པ་སྒོ་མང་དགོན་པའི་དགེ་འདུན་པ་ཚོ་འདུ་འཛོམས་རྒྱས་སྤྲོས་ཆེན་པོ་བྱས་ཤིང་། ཉིོན་དེའི་དགོང་མོ་རྒྱ་སྒོར་བཞི་ཁྲི་ ༤༠༠༠༠ ལྷག་གི་ཤོག་སྦག་སྒྲོན་སྒྲོན་ཡོད་འདུག དེ་མིན་རྔ་པ་སྒོ་མང་དགོན་པའི་དགེ་འདུན་པ་རྣམས་གཙོས་པའི་རྔ་པ་ས་ཁུལ་གྱི་དགོན་གྲོང་མང་པོ་ཞིག་གིས་ད་ལོའི་ལོ་གསར་ལ་རྒྱས་སྤྲོས་འདུ་འཛོམས་གང་ཡང་མེད་པར་ཉམས་ཆུང་གི་ལོ་གསར་སྟབས་བདེ་རེ་བྱས་ཏེ། ་རྐང་བཙུགས་ནས་ལོ་གསར་གྱི་ཚེ་བཞི་ཉིན་དེ་༧གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་བྱེད་པའི་ཉིན་མོ་དང་སྟབས་བསྟུན་ཏེ། ཤོག་སྦག་སྒྲོན་པ་སོགས་ཀྱི་དགའ་སྤྲོའི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་འདུག ཉིན་དེར་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་མང་པོ་དགོན་གྲོང་གཉིས་གཙོས་པའི་ས་ཚིགས་མང་པོར་འགྲེམས་འཇོག་བྱས་ཏེ་དམ་དྲག་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

ཆུ་ཚོད་ ༣ སྔོན་ལ།
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༢༢ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༢༢ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༢༢ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༢༣ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣

མཆན། 17

  1. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དུས་བབ་ནང་གི་དྲ་གྲོགས་ཚང་མ་ཁ་བརྡའི་ནང་དུ་བོད་རང་བཙན་གྱི་ཆེན་དུ་འོས་ཤོག་བླུགས་པར་ཕེབས་རོགས། དྲ་ཐག་འདི་ཡིན།
    http://www.khabdha.org/?p=6688&cpage=1#comment-23383

    དྲ་གྲོགས་ཚོ། མགྱོགས་པོར་འོས་བླུགས་པར་ཕེབས་རོགས། གོང་གི་དྲ་ཐག་ནང་དུ་དྲ་ཤར་གསུམ་ཡོད་པའི་དཀྱིལ་མ་དེ་ལས་དབྱིན་ཡིག་གི་Quick Vote ཞེས་པ་ལས་yes སྟེང་གནོན་དགོས་པ་ཡིན།
    རྒྱ་གར་གྱི་ཉིན་གུང་དུས་ཚོད་༡།༤༥་ཐོག་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཆའི་༩་དང་། ཁ་གཏད་བརྒྱ་ཆའི་༩༡་རེད་འདུག འགྱོགས་པོར་འོས་བླུགས་པར་ཕེབས་རོགས། ཕན་ཚུན་ལ་བརྡ་ལན་སྤྲོད་རོགས།

    Reply
  2. འཇམ་དབྱངས says:
    ལོ་ 16 སྔོན།

    རྗེས་རངས་ཡོད་། ་གོ་སྐབས་དེ་འདྲ་བླངས་སྟེ་ལས་འགུལ་སྤེལ་པར་བོད་མིའི་ལྷག་བསམ་དང་སྙིང་སྟོབས་ཕྱིར་བསྟན་པ་རེད། ངོ་མས་ཐུགས་རྗེ་ཆེ

    Reply
  3. karma dorje says:
    ལོ་ 16 སྔོན།

    ཤོག་སྦག་འཚེ་མེད་ཞི་བའི་འགུལ་ལ་བེད་སྤྱད་པ་ནི། ཤིན་ཏུ་འོས་ཤིང་འཚམ་ལ་རང་གི་སྙིང་སྟོབས་འོད་དང་སྒྲས་གཟུགས་སུ་ཤར་བ་རེད། བཀའ་དྲིན་རྗེས་དྲན་ཞུ་འོས་སོ། །

    Reply
  4. གཡག་རྒོད says:
    ལོ་ 16 སྔོན།

    འོས་ལངས་དང་སྨར་ངྷི་གཉིས་ལ་སེམས་ཤུགས་ཡོད་པ་ལས། དོན་གྱི་གནད་གོ་ཐུབ་པའི་མི་བུ་གཉིས་མ་རེད་འདུག།

    དགེ་འདུན་ཆོས་འཕེལ་གྱིས།
    སྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བར྄ྩི།
    གསར་བ་ཐམས་ཅད་བདུད་ཀྱི་འཕྲུལ་དུ་སེམས། འདི་ལ་བསམ་བློ་ཞིག་གཏོང་རོགས།

    ཤོག་སྤག་རྒྱག་པ་གནའ་སྲོལ་མ་ཡིན་པ་བདེན་མོད། གནའ་སྔ་མོར་བོད་ལ་ཤོག་སྤག་མེད་པས་རེད། བསང་གསོལ་གཏོང་སྐབས་མེ་མདའི་ཁ་གནམ་ལ་གཏད་ནས་འཕེན་སྲོལ་ཡོད་པ་དེ་ཁྱེད་གཉིས་ཀྱིས་ལོས་ཤེས།

    ཤོག་སྤག་རྒྱག་སྲོལ་དེ་དེངས་རབས་སྔོན་ཐོན་མི་རིགས་ཀྱི་སྲོལ་རེད། འདི་ནི་བོད་ནང་དུ་ཡོད་པའི་བོད་མིའི་བསམ་བློ་སྔོན་ཐོན་ཡིན་པའི་རྟགས་མཚན་རེད། དུས་ཉེར་གཅིག་པའི་ནང་དུ་སླེབ་ཡོད་མ་བརྗེད་རོགས།

    ཤོག་སྤག་གི་མེ་ལྕེ་མ་རེད།
    སྙིང་སྟོབས་ཀྱི་འོད་སྣང་རེད།
    ཤོག་སྤག་གི་སྡུར་སྒྲ་མ་རེད།
    སེམས་ཤུགས་ཀྱི་འཕར་སྒྲ་རེད།

    སྐྲག་མི་དགོས་ས་ཤིག་ལ་བསྡད་ནས་ཁ་རྒྱག་པ་བཤད་རྒྱུ་དེ་ལས་སླ་བོ་མ་རེད་དམ།

    Reply
  5. སྟོབས་ says:
    ལོ་ 16 སྔོན།

    རྒྱ་རྡེའུ་དགེ་འདུན་ལགས ཁ་སང་ཀྱི་ཟུར་ཟའི་ཚིག་ཅིག་གི་ཁྱེད་ལ་བློ་བསྐྱེད་ཡག་པོ་ཞིག་རྙེད་ཡོད་པ་འདྲ
    ལམ་ཁ་གུ་དོག་མོ་ཞིག་ལ་འགྲོ་ཟེར་མཁན་ལ་སྐྱ་སེར་གང་ཡིན་རུང་ཡིད་ཆེས་མེད་ཞེས་པའི་ཚིག་འདི་ལ་གོ་བ་གཏིང་ཟབ་ས་ནས་རྙེད་འདུག ངོ་མ་དགའ་ཡོད ། སེམས་ཅན་དགའ་ན་དགེ་བ་ཡིན་ཞེས་པ་ལྟར བདག་གི་དཀའ་ལས་ཆུང་ཆུང་ཞིག་གིས་དགེ་བ་རླབ་ཆེན་ཞིག་བསགས་སོང་

    Reply
  6. སྟོབས་ says:
    ལོ་ 16 སྔོན།

    རྒྱ་རྡེའུའི་དགེ་འདུན།
    བོད་ནང་ཀི་ལས་འགུལ་ལ་རྗེས་སུ་ཡིད་རིང་ཡོད ། མ་ཎི་འདོན་པ་དང་ཤོག་སྤག་བསྒྲོན་པ་རང་ཁྱིམ་དང་མཆོད་བཤམས་སོགས་གཙང་སྦྲ་བྱི་དོར་བྱེད་པ་ནི་དུས་ཚོད་ངེས་ཅན་ཞིག་ལ་ཁེལ་ན་བོད་ཀྱི་འཐམ་རྩོད་ཀྱི་ངོ་རྒོལ་ཤུགས་ཤིག་རེད །
    ངོ་རྒོལ་དེས་རྒྱ་ནག་གི་སྲིད་ཇུས་གཏིང་ཟབ་ས་ནས་སྤྲུག་གིན་འདུག

    Reply
  7. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    ཆོག་གི་ཆོག་གི་་་་མི་རབ་སྔ་མ་དག་གི་བྱེད་ལུགས་སོགས་པྱི་རབ་པའི་རྒྱུན་སྲང་བྱེད་རྒྱུ་གལ་ཆེན་རེད་་འོན་ཀྱང་མིའི་ཡ་རབ་སྤྱོད་བཟང་སོགས་མདོར་ན་དགོས་ངེས་ཀྱི་ལུགས་སྲོལ་དང་ལྷན་དུ་དུས་རབ་འདིའི་རྗེས་སུ་བསྐྱོད་རྒྱུ་ལས་་་མི་རབ་སྔ་མ་ཚོའི་ཡོད་ཚད་ལ་འཇུས་བདད་ན་བཟང་ནི་མ་རེད་ཡ་་་་་་དཔེར་ན་རང་ཉིད་ལ་ཡོད་པའི་བཅའ་དངོས་ཕན་ཡོད་ཕན་མེད་ཚང་མ་རང་ཉིད་ཀྱི་བཅའ་དངོས་ཡིན་པ་རྒྱུ་མཚན་དུ་བྱས་ནས་ཉལ་ཚག་བྱས་བ་དང་གཅིག་མཚུངས་རེད་་་་་

    Reply
  8. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དྲྭ་གྲོགས་སེམས་ཁྲལ་སོགས་ལ་གསལ་བཤད་ཞུས་རྒྱུ་ཞིག་ལ།
    ཡོད་ཚད་དེང་རབས་ཀྱི་ཕྱོགས་སུ་བསྐོར་མི་དགོས་ལ་སྲོལ་རྒྱན་གྱི་ལུགས་སྲོལ་ཡིན་ན་དེང་སང་བླང་མི་རུང་པ་གཏན་ནས་མིན། བོད་རང་གི་ངོ་བོ་དང་ཁྱད་ཆོས་མཚོན་པའི་དགའ་སྤྲོའི་རྣམ་པ་འདྲ་མིན་ཡོད་པ་ཁྱེད་ཚོ་ཤེས་ཀྱི་མེད་དམ་གལ་སྲིད་ཁྱེད་ཅག་མ་མཁྱེན་ཚེ་ངས་རིམ་པ་གཤམ་དུ་
    གསལ་འདེབས་ཞུས་ཆོག

    Reply
  9. སེམས་ཁྲེལ། says:
    ལོ་ 16 སྔོན།

    འོས་ལངས་དང་སྨར་སྡྰི་གཉིས་ཀྱི་བཤད་སྟངས་དེ་ལས་རྒྱུ་འབྲས་དང་ཆེས་འགལ་བའི་བློ་ཕམ་རེད། ཤོག་སྦག་བརྒྱབ་ནས་དགའ་སྟོན་བྱེད་པ་རྒྱལ་སྤྱི་ཐོག་གི་བྱེད་སྟངས་ཞིག་ཡིན་པ་ལས། རྒྱ་ནག་ཙམ་གྱི་མ་རེད། སྔ་མོ་བོད་པས་བསང་གསོལ་སོགས་ཀྱི་སྐད་ཆེན་པོས་ཀུ་འདེབས་པ་དང་ལྷ་རྒྱལ་འཐེན་སྲོལ་ཡོད་པ་རེད། དེ་ནས་ཀུ་སྒྲ་ལས་ཀྱང་སྐད་སྒྲ་ཆེ་བའི་མེ་མདའ་དང་ཤོག་སྦག་སོགས་བརྒྱག་སྲོལ་དར་བ་རེད། ཤོག་སྦག་བརྒྱག་པ་དེ་བོད་ཀྱི་གནའ་སྲོལ་མ་རེད་དེ། དེ་ནི་དེང་དུས་ཀྱི་རྒྱལ་སྤྱི་གོམས་སྲོལ་དང་མཐུན་པའི་བོད་པའི་གོམས་སྲོལ་གསར་བ་ཞིག་རེད། གོམས་གཤིས་གསར་བ་རྣམས་སྔར་མེད་པས་བོད་སྲོལ་མ་རེད་ཟེར་ན། ད་ཡོད་ཀྱི་བོད་པའི་ཕྲུ་གུ་གསར་དུ་སྐྱེས་པ་རྣམས། སྔ་མོའི་བོད་ཀྱི་མི་འབོར་ནང་མེད་པར་གསར་དུ་སྐྱེས་ཡོད་སྟོབས། ཕྲུ་གུ་འདི་ཚོ་གནའ་བོའི་བོད་མིའི་གྲངས་འབོར་ནང་མེད་པས་བོད་མི་མ་རེད་ཟེར་འདོད་དམ། གོམས་སྲོལ་གསར་བ་དང་རྙིང་བའི་ཁྱད་པར་ཙམ་མི་དབྱེ་བར་བླུན་གཏམ་བཤད་མཁན་འོས་ལངས་སོགས་སྙིང་རྗེ།

    Reply
  10. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    སྙིང་སྟོབས་མཚོན་པའི་ཤོག་སྦག་ཡིན་གྱི་རྒྱ་ཕྲུག་དགའ་བའི་དགའ་སྟོན་མིན༎
    ནང་སེམས་མཚོན་པའི་ཤོག་སྦག་ཡིན་གྱི་ཅོལ་ཆུང་གཞན་རྗེས་འབྲང་བ་མིན༎
    གཉེན་གྲོགས་དགའ་སྐྱེད་ཤོག་སྦག་ཡིན་གྱི་མགོན་ལ་རྒྱབ་གཏོད་བྱས་པ་མིན༎
    དགྲ་བོ་སྐྱེང་པའི་ཤོག་སྦག་ཡིན་གྱི་འདོ་མེད་ཕོ་ཡི་གཏོང་འཕོད་མིན༎
    དུས་ལ་བབས་པའི་ཤོག་སྦག་ཡིན་པས་ཀུན་ནས་སྤོར་ཞིག་དཔའ་རྒོད་ཚོ༎

    Reply
  11. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    དགག་བྱ་ཆེ་ཡང་དགོས་པ་གཙོ༎ བོད་ལ་ཤོག་སྦག་བཀྲིས་ཤོག།

    Reply
  12. པ་སངས། says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས། དཔེ་ཡག་པོ་རེད། བསྔགས་བརྗོད་ཡོད།

    Reply
  13. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 16 སྔོན།

    གཡག་རྒོད་ནི་བོད་ཀྱི་གཡག་རྒོད་རང་རེད་་་གསུང་བ་བདེན་ཡ་་་་་་་་འགའ་ཞིག་གི་བོད་ཀྱི་ལུགས་སྲོལ་མ་བྱས་པ་དང་ཡང་རྒྱའི་ལུགས་བྱས་ནས་བླུན་པོ་དང་བློ་ཕམ་ཡོད་ཚུར་་བཤད་པ་དེ་་ངོ་མ་ནང་སྐྱོན་བཤད་རྒྱུ་རྫོགས་སོང་བ་རེད་་ཧ་ཧ་ཧ་ཧ་དགོད་རྒྱུ་ཡོང་གི་ཡ་་་་་་་རྒྱའི་ལུགས་སྲོལ་བོད་པས་བེད་སྤྱོད་བྱེད་མི་ཆོག་པ་མིན་ལ་བོད་ཀྱི་ལུགས་སྲོལ་མིན་པས་ངེས་བ་ཡང་མེད་འདོད་་་་ཡང་གཅོག་བཤད་ན་་་་གང་ཞིག་བོད་པའི་བེད་སྤྱོད་གཏོང་དགོས་ངེས་ཀྱི་བྱ་དངོས་གསར་བ་རེ་ཐོན་ཚེ་འདི་བོད་ཀྱི་གནའ་སྔ་མོའི་ལུགས་སྲོལ་ལ་མེད་ཟེར་ནས་དུས་ཐོག་གྱི་བེད་སྤྱོད་མ་བྱས་ན་་་་་ཧ་ཧ་་་ད་དུང་ཤེས་དགོས་བ་ཞིག་ལ་་གནའ་སྔ་མི་ནས་བསང་གསོལ་སོགས་གཏོང་སྐབས་མེ་མདའ་སོགས་བེད་སྤྱོད་བྱེད་སྲོལ་ཡོད་པས་ཤོག་སྤག་ཡང་དེའི་རིགས་ཅིག་ལ་དངོས་འཛིན་བྱས་ན་རེད་་་་་་ད་དུང་ངེའི་བསམ་ན་བྱེད་ལས་དེ་ཤིན་ཏུ་བཟང་གི་འདོད་་་རྒྱུ་མཚན་་ནམ་འགྱུར་འདི་རྒྱ་ལ་བལྟན་དགོས་བས་ཤོག་སྤག་བེད་བྱེད་དེ་དགའ་སྟོན་བྱས་བ་དེས་དམིགས་བསལ་གྱི་ཁོང་ཚོ་ལ་ཚོལ་བ་ཞིག་སྤྲོད་ཐུབ་ཡོད་འདོད་་་་་་

    Reply
  14. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དམིགས་གསལ་བཀྲ་ཤིས་བདེ་ལེགས་ཞུ། ཡིན་ནའང་དགའ་སྤྲོའི་རྣམ་པ་དེ་བོད་རང་གི་མཐུན་མིན་གྱི་ལུགས་སྲོལ་ཐོག་ནས་མ་བྱེད་པ་བློ་ཕམ་བྱུང་།

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྔ་བའི་སེར་སྐྱ་མི་དམངས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ཁྱོད་ཚོའི་མཛད་རྗེས་ལ་བསྔགས་བརྗོད་ཞུ། བོད་རྒྱལ་གྱུར་ཅིག རྔ་བ་སེར་སྐྱ་མི་དམངས་རྒྱལ་གྱུར་ཅིག

    Reply
  16. འོས་ལངས། says:
    ལོ་ 16 སྔོན།

    གོ་ཐོས་ལ། རྔ་ཡུལ་མི་མང་གིས་ལོ་གསར་སྐབས་ལོ་གསར་གྱི་དུས་སྟོན་མ་བྱས་པ་དེར་རྗེས་སུ་ཡི་རངས་ཞུས་ཡོད། ཡིན་ན་ཡང་། གོང་ས་མཆོག་དང་ཨོ་སྦ་མ་གཉིས་ཀྱི་མཇལ་འཕྲད་དེའི་ཆེད་དུ་རྒྱ་ལུགས་ཀྱི་ཤོག་སྦག་མང་པོ་སྒྲོན་ཏེ་དགའ་ཉམས་བསྟན་པ་ནི། བླུན་པོ་འཕྱུག་ན་འདོམ་གང་གི་དཔེ་ལྟར་སོང་འདུག་བསམ།

    Reply
  17. གཡག་རྒོད says:
    ལོ་ 16 སྔོན།

    ༄༅། ཕ་ཡུལ་མི་མང་གི་སྙིང་སྟོབས་དང་སེམས་ཤུགས་ལ་དོ་ཟླ་བྲལ། བར་སྣང་འཕྱུར་བའི་མེ་འོད་དེ་ནི། གཞིས་བཞུགས་བོད་མའི་སེམས་ཤུགས་ཀྱི་མེ་ལྕེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese