མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མཉེན་ཆས་ཕྱོགས་སྒྲིག་གི་འོད་སྡེར།

བོད་ཀྱི་དུས་བབ།
༢༠༡༠/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བརྩོན་འགྲུས་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་མཐུད་ཆེད་མཉེན་ཆས་ཕྱོགས་བསྒྲིགས་ཀྱི་འོད་སྡེར་ཞིག་བཟོས་འདུག

ཉེ་ཆར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་གཞུང་པ་ཁང་ཚན་གྱི་གྲྭ་བརྩོན་འགྲུས་ལགས་ཀྱིས། གཞིས་བྱེས་གཉིས་བོད་མི་ཚོའི་འབྲེལ་མཐུད་དང་དྲ་རྒྱའི་དུས་རབས་ཀྱི་ཤེས་ཡོན་གྱི་དགོས་མཁོ། དེ་མིན་དྲ་རྒྱའི་ཤེས་ཡོན་གྱི་ཆུ་ཚད་གོང་མཐོར་གཏོང་ཆེད་ཁ་འཐོར་ཏུ་གནས་པའི་རྒྱུ་ཆ་སྣ་ཚོགས་ཕྱོགས་བསྒྲིགས་བྱས་ཏེ།  བོད་རྒྱ་དབྱིན་གསུམ་གྱི་ཚིག་མཛོད་དང་ཉེར་མཁོའི་མཉེན་ཆས་ཕྱོགས་བསྒྲིགས་ཞེས་པའི་འོད་སྡེར་ཞིག་གསར་དུ་བཏོན་སྟེ་དངོས་སུ་འགྲེམས་སྤེལ་བྱེད་ཀྱིན་ཡོད་འདུག

ཁོང་གིས་འོད་སྡེར་དེའི་ནང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ཆ་ཚང་དང་། བོད་རྒྱ་ཚིག་མཛོད་ཆེན་མོ་ཆ་ཚང། བོད་རྒྱ་དབྱིན་གསུམ་གྱི་ཐ་སྙད་གསར་བའི་སྐོར་གྱི་ཚིག་མཛོད་ཆ་ཚང། དབྱིན་བོད་དམངས་སྒྲུང་གསར་རྙིང་གཉིས་ཡོད་པའི་ཚིག་གྲུབ་བཟོ་སྟངས་དང་ཐ་སྙད་བཀོད་སྟངས་སོགས་བོད་ཀྱི་བརྡ་སྤྲོད་དང་མཐུན་པ་ཤོག་ངོས་དགུ་བརྒྱ་ཅན་ཞིག   དེ་བཞིན། གངས་ལྗོངས་མཁས་དབང་རིམ་བྱོན་གྱི་མིང་མཛོད་ཀ་མད་ཀྱི་གོ་རིམ་ལྟར་བསྒྲིགས་པ་ཞིག་དང་། དབྱིན་སྐད་ལ་མཇུག་པའི་སྒོ་དང་མཁར་སྟོད་རྡོ་རྗེ་ཚེ་རིང་གིས་བརྩམས་པའི་དུས་གསུམ་གྱི་རེའུ་མིག་ཐུ་མིའི་དགོངས་རྒྱན་སོགས་ཕྱོགས་བསྡུས་བྱས་ཡོད་པ་མ་ཟད། མཉེན་ཆས་ཀྱི་སྐོར་ནས། རྒྱལ་སྤྱིིའི་ཚད་ལྡན་ཨང་རྟགས་སྟེང་འཁོད་པའི་ཧི་མ་ལ་ཡའི་བོད་ཡིག་མཉེན་ཆས་དང་སྨོན་ལམ་ཡིག་གཟུགས་གསུམ་པ། པཎྜི་ཏ་མཉེན་ཆས།  TCRC མཉེན་ཆས། QQ མཉེན་ཆས། MRTALK མཉེན་ཆས། audpo804 ཡི་ཡིག་བསྒྱུར་མཉེན་ཆས། Adobe Reader 8 མཉེན་ཆས་སོགས་གྲངས་བརྒྱད་འདུས་ཡོད་པ་དང་། མཉེན་ཆས་ཁྲོད་ཀྱི་ Adobe Reader 8 ཞེས་པའི་མཉེན་ཆས་སྒང་གི་ཚིག་མཛོད་ཀྱི་སྐོར་ལ་ལྟ་དགོས་ཚེ་ངེས་པར་དུ་གློག་ཀླད་ནང་ནང་འཇུག་བྱ་དགོས་པའི་གསལ་བཤད་བྱས་ཡོད་འདུག

མཉེན་ཆས་དང་ཚིག་མཛོད་ཕྱོགས་བསྒྲིགས་ཀྱི་འོད་སྡེར་འདི་ནི་བོད་ཀྱི་སྐད་དང་ཡི་གེེར་དུངས་བ་ཟབ་ཅིང་། གཞན་སྐད་ལ་དོ་སྣང་ཡོད་རིགས་རྣམ་ལ་སྟབས་བདེའི་ཆེད་དུ་བཟོས་པ་ཡིན་འདུག་ལ། རིན་གོང་ཧིན་སྒོར་བརྒྱ་ཡིན་འདུག

མཆན། 19

  1. འཇམ་བཟང་། says:
    ལོ་ 10 སྔོན།

    མཉེན་ཆས་ག་རེ་དགོས་ན་ང་ལ་འབྲེལ་བ་གནང་རོགས།
    ང་ལ་ཡོད། ངས་རིན་མེད་དུ་ཕུལ་ཆོག།

    Reply
  2. ཚེ་རིང་བསྟན་འཛིན་ says:
    ལོ་ 13 སྔོན།

    i would like to say thanks so much from you are maked c d .

    Reply
  3. karma dorje says:
    ལོ་ 13 སྔོན།

    བརྩོན་འགྲུས་ལགས་ཀྱི་བརྩོན་འགྲུས་ཀྱི་གྲུབ་འབྲས་ལ་དགའ་སྤྲོ་ཆེ།

    Reply
  4. སྨར་དྷཱིཿཟེར། says:
    ལོ་ 13 སྔོན།

    བརྩོན་འགྲུས་ལགས་འཚམས་འདྲི་བཀྲིས་བདེ་ལེགས་དང་འབྲེལ། རེ་འདུན་ཞིག་ལ་ཁྱེད་ལ་འབྲེལ་གཏུགས་བྱ་ཡུལ་ཁ་པར་ཨང་གྲངས་སམ་ཡང་ན་གློག་ཕྲིན་ཁ་བྱང་ཞིག་བདག་ལ་གནང་རོགས།

    Reply
  5. འབྲི་འབྲོང་། says:
    ལོ་ 13 སྔོན།

    ང་ངོ་མ་ཉོ་རྒྱུ་ཡིན། ཁ་པར་ཨང་གྲངས་གནང་རོགས།

    Reply
  6. Bhu Nyonpa says:
    ལོ་ 13 སྔོན།

    སང་ཉིན་དེ་འདྲ་ཞིག་རག་ཐབས་ཀྱིས་གཞན་ལ་ཚོང་འགྲེམས་བྱ་གཏན་ཡིན། གོང་ཡང་ལྡབ་གཅིག་གི་མང་བ་ལེན་རྒྱུ་ཡིན། ཚོང་ལམ་འགྲོ་རྒྱག་པ་ཤོག

    Reply
  7. འབྲོག་ཁྱི། says:
    ལོ་ 13 སྔོན།

    མུན་ཁུང་ནང་དུ་མར་མེ་ཞིག། དགའ་བསུ་ཞུ།

    Reply
  8. མི་རྐང་གླིང་བུ། says:
    ལོ་ 13 སྔོན།

    སྔོན་མ་དྷི་ལི་ལ་ཟས་བཅད་ངོ་རྒོལ་བྱེད་མཁན་བརྩོན་འགྲུས་ཟེར་བའི་རྒྱག་པ་དེ་ཡིན་རྒྱུ་རེད།
    འོ་་་་་་་་་་་་་་་་་་དངོས་གནས་ཨ་ཁུ་རུས་པ་ཅན་ཞིག་རེད

    Reply
  9. རིག་འཛིན། says:
    ལོ་ 13 སྔོན།

    བརྩོན་འགྲུས་ལགས་ལ་ངས་བཅོས་མིན་ཐུགས་རྗེ་ཆེ་ཞུ་འདོད་བྱུང་།
    གང་ཅེ་ན་་་་་་་་དེང་སང་ང་ཚོའི་ཡི་གེ་འདི་རྒྱལ་སྤྱིའི་ཡིག་རིགས་བྱེད་སྤྱོད་སྟངས་སའི་གླེང་སྟེགས་སྟེང་དུ་འདྲ་མཉམ་བསླེབས་ཐུབ་པ་ཞེས་བྱེད་དགོས་ངེས་ཡིན་ལ་་་དེས་ན་ཁྱེད་ཀྱི་འོད་སྡེར་འདིས་འདྲ་མཉམ་ཡོང་བར་ཕན་ཐོག་རྒྱ་ཆེན་ཡོད་ངེས་རེད་སྙམ།

    Reply
  10. གཅེན་པོ། says:
    ལོ་ 13 སྔོན།

    ཆ་འཕྲིན་རྙིང་པ་རེད་འདུག
    མཉེན་ཆས་དེ་ཁ་སྔོན་རྡོར་གདན་དུ་སྨོན་ལམ་སྐབས་ནས་འཚོང་གི་འདུག་ལ།
    རིན་གོང་ཡང་རྒྱ་གར་སྒོར་མོ་ཉིས་བརྒྱ་རེད་འདུག
    འོད་སྡེར་དེར་རིནགོང་འདྲ་ན་ཡངདེར་ཡག་སྡུག་ཡོད་པ་འདྲ་ངས་གཅིག་དང་ངའི་རོགས་པས་གཅིག་ཉོས་པ་ཡིན་ངའི་དེར་ཕན་ཐོགས་མི་འདུག་ལ་
    རོགས་པས་ཉོས་པ་དེས་ཕན་ཐོགས་ཀྱི་འདུག
    ལྷག་བསམ་རྣམ་དག་གིས་བོད་མི་རིགས་ལ་སྨན་པའི་ཕྱག་ལས་དེར་རྗེས་སུ་ཡིད་རངས་ཡོད་ལ་སླད་མར་ཡང་ཐུགས་དགོང་མང་ཙམ་བཞེས་པར་འཚལ།།

    Reply
  11. སྟོབས་ says:
    ལོ་ 13 སྔོན།

    དངོས་པོ་གསར་སྐྲུན་གྱི་རང་བཞིན་ཡོད་ན་ཡར་རྒྱས་ཀྱི་ཞིག་རེད ། ཡིནནའང་ཕྱོགས་བསྒྲིགས་བྱས་ནས་སྟབས་བདེ་རེ་བཟོས་ནའང་དེ་ཡང་བཟང་ཀི

    Reply
  12. བསྟན་པ་ཡར་འཕེལ། says:
    ལོ་ 13 སྔོན།

    དྲྭ་གྲོགས་དོན་གོ་ལགས་ཀྱིས་གུས་པར་ལམ་སྟོན་གནང་བར་ཐུགས་རྗེ་ཆེ། སང་ཉིན་ཞོགས་པ་ཆུ་ཚོད་དགུའི་ཐོགགཙུག་ཁང་དུ་མཛད་སྒོར་འགྲོ་ཞོར་འོད་སྡེར་དེ་ཉོ་རྒྱུ་ཡིན། ད་ཡིན་ན་འགྲིག་འདུག

    Reply
  13. དོན་གོ says:
    ལོ་ 13 སྔོན།

    ད་དུང་འོད་སྡེར་དེ་དང་མཉམ་དུ་ཉེ་ཆར་རྒྱ་གཞུང་གིས་ལོ་གཅིག་དང་ཟླ་བདུན་གྱི་ཁྲིམས་ཐག་བཅད་ཟིན་པའི་སོག་ཕྲུག་གླུ་བ་བཀྲ་ཤིས་དོན་འགྲུབ་ཀྱིས་ཆེད་བསྒྲིགས་འོད་སྡེར་རྨ་ཁ་མེད་པའི་གཅར་རྡུང་ཞེས་པ་དེ་ཡང་བཙོང་གི་འདུག

    Reply
  14. རྒྱ་རྡེའུའི་དགེ་འདུན། says:
    ལོ་ 13 སྔོན།

    གྲྭ་བརྩོན་འགྲུས་ལགས་བཀའ་དྲིན་ཆེ།།།་གཅིག་ཉོ་རྒྱུ་ཡིན་

    Reply
  15. དོན་གོ says:
    ལོ་ 13 སྔོན།

    དྲ་གྲོགས་བསྟན་པ་ཡར་འཕེལ་ལགས། འོད་སྡེར་འདི་ཉེ་ཆར་རྡོར་གདན་གྱི་གསུང་ཆོས་སྐབས་སུ་འགྲེམས་སྤེལ་བྱས་ཡོད་འདུག དེ་རིང་ཡང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་བཙོང་གི་འདུག སང་ཉིན་གཙུག་ལག་ཁང་དུ་འགྲོ་ན་ཕལ་ཆེར་རག་རྒྱུ་རེད།

    Reply
  16. tibet says:
    ལོ་ 13 སྔོན།

    very good

    Reply
  17. བསྟན་པ་ཡར་འཕེལ། says:
    ལོ་ 13 སྔོན།

    འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བརྩོན་འགྲུས་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་མཐུད་ཆེད་མཉེན་ཆས་ཕྱོགས་བསྒྲིགས་ཀྱི་འོད་སྡེར་ཞིག་བཟོས་འདུག་པར་དེར་སྙིང་ནས་ཐུགས་རྗེ་ཆེ་ཞུ། འོད་སྡེར་འདི་ཉིད་གང་ནས་རག་གི་ཡོད་ན་དྲྭ་གྲོགས་ཚོས་ལམ་སྟོན་ཞིག་གནང་རོགས། ང་ལམ་སང་ཉོ་རུ་འགྲོ་རྒྱུ་ཡིན།

    Reply
  18. རུ་གསར་ཚང་། says:
    ལོ་ 13 སྔོན།

    བཟང་གི་བཟང་གི ཕྱོགས་བསྒྲིགས་དང་གསར་གཏོད་གང་ཡིན་ན་ཡང་ང་ཚོ་ལ་དངོས་ངེས་རེད།

    Reply
  19. བསྟན་པ་ཡར་འཕེལ། says:
    ལོ་ 13 སྔོན།

    འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བརྩོན་འགྲུས་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་མཐུད་ཆེད་མཉེན་ཆས་ཕྱོགས་བསྒྲིགས་ཀྱི་འོད་སྡེར་ཞིག་བཟོས་འདུག་པར་དེར་སྙིང་ནས་ཐུགས་རྗེ་ཆེ་ཞུ། འོད་སྡེར་འདི་ཉིད་གང་ནས་རག་གི་ཡོད་ན་དྲྭ་གྲོགས་ཚོས་ལམ་སྟོན་ཞིག་གནང་རོགས། ང་ལམ་སང་ཉོ་རུ་འགྲོ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist